| Wylie | e-texts produced with BDRC’s OCR application |
རྒྱ་ག་སྨད་དུ། བདྷཱ་ཀུན་ལ་ཏན་ཏྲ་ཀཱར་མ་མ་དྷྱ་ལ་ས་ཏྭ་ཀ་མ་ཨ་དྷི་སྭཱ་ཛྙཱ་ན་ནུ་མ།། བོད་སྲུངྱས།། རྡོ་རྗེ་བཀོད་པའི་རྒྱུད་ལས་དཀྱིལ་འཁོར་བདུན་པའི་རིམ་པ་རྣམ་པ་བྱེ་བའི་སྒྲུབ་ཐབས་ཞེས་བྱ་བ།། བཅོམ་ལྡན ་འདས་དཔལ་སྒྲོལ་བྱེད་ཐུགས་རྗེའི་རྒྱལ་པོ་ཤིན་ཏུ་རྣམ་པར་གྲོལ་བ་ཉིད་དུ་ལ་ཕྱག་འ་ཚལ་ལོ།། ཧཱུཾ་ལཱ་ཁྲོས་པའི་རྒྱལ་པོ་ཡིས།། ཁྲོ་བོ་ཉེ་བར་ཞི་མཛད་པ།། དེ་བཞིན་གཤེགས་པ་ཀུན་ཞི་མཛོད།། ཁྲོ་ཞི་ཆེ་ལ་ཕྱག་འཚལ་ཏེ། ་དགོངས་པ་འདུས་པའི་རྒྱུད་དག་ལ།། དཀྱིལ་འཁོར་བདུན་པའི་རིམ་པ་དག། སེམས་ཅན་ཡེ་ཤེས་བསྐྱེད་པའི་ཕྱིར།། ལེགས་པར་བསྡུས་ཏེ་བསྟན་པར་བྱ།། སློབ་དཔོན་མཉེས་པར་མ་བྱས་ཤིང་།། དབང་རྣམས་ཐོབ་པར་མ་བྱས་ན།། ཉན ་པ་ལ་སོགས་རྩོམ་པ་རྣམས།། འབྲས་བུ་མེད་ཅིང་བརླག་པར་འགྱུར།། ཡི་གེའི་སྒྲས་བཏགས་མིང་ཚོགས་ལ།། བརྟེན་པའི་ཚིག་གིས་རབ་མཆོག་སྟེ།། ཁོངས་ནས་གབ་རྫུས་དོན་འབྱིན་པ།། སྟོན་པ་རྡོ་རྗེ་ཐུགས་ལ་གནས།། འདི་ནི་གས ་རྐྱེཆེན་ངེས་པ་ཡིན།། འབྲས་བུ་ལམ་དུ་གྱུར་པ་ཡིན།། རྒྱལ་བའི་དཀྱིལ་འཁོར་མ་ལུས་ལ།། འདི་ལས་གསང་བའི་དེས་དོན་མེད།། ཀུན་གྱིས་ཕྱག་རྒྱ་རྫོགས་ཆེན་མཆོག། སྣོད་ལྡན་དང་ཚུལ་བཟུང་ལ་སྦྱིན།། གཞན་དུ་རྣམས་ཀྱང ་སྦྱིན་མི་བྱ།། རྨོངས་ལ་འཕྱར་བས་གཞོན་དུ་མིན།། དུས་མིན་པར་ནི་སྲོག་ཟད་ནས།། བསྲེག་དང་སྒྲིབ་ལ་ཡུན་རིང་གནས།། འདས་པའི་དུས་ན་སྔོན་བྱུང་བ།། བདག་ཉིད་ཆེན་བི་རྟགེ་པ་ཡི།། དེ་བཞིན་གཤེགས་པའི་གསུང་རབ་ལ། ་འགྲོ་བའི་ཚུལ་དུ་སྔོན་འབྱུང་བ།། དྲི་ཚེ་སེམས་ཅན་ཐམས་ཅད་ནི།། སྦྱོང་ཉིད་ཐེར་ཟུག་འགོག་པ་དང་།། ཁྲོ་གཏུམ་ལོག་ལྔ་བཀམ་ཞོང་འཛུམ།། ལཱི་ལྀ་གཎྜཱི་མུག་ཆགས་སོགས་པས།། ལོག་ལྟ་དགུ་པས་དེ་མྱོས་འགྱུར། ་དེ་དག་རྣམ་པར་གྲོལ་བྱའི་ཕྱིར།། རྒྱལ་བས་དཀྱིལ་འཁོར་བདུན་དུ་གསུངས།། དེ་རྩོམ་གང་ཟག་ལྔར་འདོད་དོ།། བདུན་པ་དང་ནི་རིགས་ཆེན་བྱེད།། དབྱུགས་ཆེན་འབྱིན་དང་ལུང་ཆེན་ཐོབ།། རྩལ་ཆེན་རྫོགས་པའི་རྣལ་འབྱོར་བྲི།། ་དྲག་ཤུལ་ཅན་ཞེས་བྱ་བའི་གནས།། དགོན་པ་ཆེན་པོའི་གནས་ཚེན་ནི།། ཡོཾ་ཤེས་སྙིང་པོ་ཅན་རྣམས་ཀྱི།། ཐུབ་ཆེན་གསང་བ་འབྱུང་བས་ན།། དམ་པ་རྣམས་ཀྱིས་བསྔགས་པ་ཡིན།། དེ་གནས་ངེས་དོན་དགོད་པ་ནི།། ཇི་བཞིན་ཉིད་ཀྱི་དཀྱིལ ་འཁོར་ལས།། ཕྱག་རྒྱ་དངོས་གྲུབ་དཀྱིལ་འཁོར་དང་།། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མཆོག། བསོད་ནམས་ཚེགས་ཀྱི་དཀྱིལ་འཁོར་སྤྲིན།། བཀའ་སྟོང་ཕོ་ཉའི་དཀྱིལ་འཁོར་དྲག། འབྲུབ་ཁུང་ལས་ཀྱི་དཀྱིལ་འཁོར་ཆེ།། གཏད ་གནན་པའི་དཀྱིལ་འཁོར་རོ།། དོན་དབྱེ་བའི་སྒོ་ནས་གསུངས།། མི་བསྐྱོད་ཞིང་ཁམས་མངོན་དགའ་ན།། དགེ་སློང་ཐུབ་དཀའ་གཞོན་ནུ་ཡིས།། ཁྱིམ་བདག་ཀཽ་ཤཱི་ཀའི་བུ།། དགེ་སློང་ཐར་པ་ནག་པོ་དང་།། གཡོག་པོ་དན་འཕགས་གཉིས་པོ་ལ།། ཇི ་བཞིན་ཉིད་ཀྱི་དཀྱིལ་འཁོར་གསུངས།། ཇི་བཞིན་ཉིད་དེ་མ་བཅོས་ན།། དངོས་པོ་བཞི་ལ་གནས་སྤྱད་ཀྱང་།། ན་མཁའ་ལ་ནི་སྤྲིན་བཞིན་དུ།། འདི་ནི་རྣལ་འབྱོར་དམ་པའི་ལམ།། ཇི་བཞིན་ཉིད་ཀྱི་དཀྱིལ་འཁོར་རོ།། ཕྱག་རྒྱ་དངོས་གྲུབ་དཀྱིལ་འཁོར་ནི།། མི ་འཁྲུགས་པའི་ཞིང་ཁམས་ན།། སྒྱུ་འཕྲུལ་དྲ་བའི་རྒྱུད་དྲུག་ལས།། དྲག་པ་རྡོ་རྗེ་སེམས་དཔའ་ཡིས།། མི་འཁྲུགས་རྒྱལ་པོ་ཉིད་ལ་གསུངས།། གནས་ཆེན་དམ་པ་དག་ཏུ་ནི།། ཚུལ་དང་ལྡན་པའི་རྫས་བསོགས་ནས།། མཎྜལ་ལ་སོགས་མཛེས་བྱས་ལ།། ཁྲུན ་བྱས་སྙིང་གར་ཉི་དཀྱིལ་ཧཱུཾ།། འོད་ཀྱི་སྣང་བྱ་དཀོན་མཆོག་རྣམས།། སྤྱན་དྲངས་དཀོན་མཆོག་བསྐོར་ཕྱག་འཚལ།། དེ་ནུས་མཆོད་པ་དབུལ་བ་ནི།། ཨོཾ་ན་མཿལ་ཐཱ་ག་ཏས་ཏེ་བུ་ཁཛད་རི་མེ་ཧཱ་ཛྙཱ་ན་མཎྜལ་བཛྲ་ཨ་ཧ་ར་པཱུ་ཛ་ཧཱུཾ་སྭཱ་ཧཱ། དེ་བཞིན་དུ་བཛྲ་དྷཱུ་པ། ་པུཥྤེ་ཨཱ་ལོ།། གནྡྷེ། ནཻ་བི་དྱ་པཱུ་ཛ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། ཞེས་བྱིན་གྱིས་བརླབ། དེ་ནས་རགྣ་སྦྲེང་ཞིང་བདུད་རྩི་ཡིས་ཚོགས་མཆོད་དེ་རགྣ་ཁཱ་ཧི། ཥ་ལོ་ཧ་ཀྵ་ཧི་། ཨ་མྲི་ཏ་ཁཱ་ཧི། གཽ་རོ་ཙན་ཁཱ་ཧི། བ་སུ་ཏ་ཁཱ་ཧི། ཙི་ཏ་ཁཱ་ཧི་ཞེས་བརྗོད་དེ། ཐུགས་ཀ་ནས་བྱུང་ལྷ་མོས་མཚོ། ་རྗེས་ལས་ཧཱུཾ་བདག་འདྲ་ལོག་པའི་སྟོབས་ལྡན་པས།། ཐོག་མ་མེད་པའི་དུས་མཐའ་ནས།། སྲིད་པའོ་འཁོར་བར་འཁྱམས་པར་ངེས།། སྐྱེ་བ་མང་པོར་ལུས་བླངས་པ།། སུས་ཀྱང་མ་བྱས་རང་གི་ལས།། དེ་ཙམ་ཆ་གཅིག་དོན་སྤྱད་ན།། ང་ཙམ་དོན་གྱི་སངས་རྒྱས ་ཟིན་ན་རང་ལུས་གཏོང་བར་མ་ཕོད་ཅིང་།། ཚེགས་པའི་མཐའ་ལ་མངོན་ཞེན་པས།། ཟུག་རྔུ་ནད་ཀྱིས་ཟིན་པ་ཡིན།། སྲིད་པའི་བཙོན་རོར་ཆུད་པ་འདི།། མཁའ་ལ་འདུད་པས་ཉེས་པར་ངེས།། འཁོར་བའི་རླུང་སྒོར་ལྟུང་བ་འོང་།། ལས་ཀྱི་རླུང་གིས་ཉེས་པར་ངེས ་དུས་གསུམ་རྒྱལ་པོ་མ་ལུས་ལ།། འདི་དག་མི་འཆབ་མཐོལ་ལོ་བཤགས།། རྡོ་རྗེ་སེམས་དཔའི་དམ་ཚིག་རྗེས་སུ་སྲུང་།། ཡེ་ཤེས་སེམས་དཔའ་ཉེ་བ་ཉིད་དུ་སྤྱོན།། རིག་པའི་རྒྱལ་པོ་བདག་ལ་རྟག་པར་དགོངས།། གསང་བའི་དབང་ཕྱུག་བདག ་ལ་དགོངས་པར་གསོལ།། རྟོགས་པ་མཆོག་སྦྱིན་བདག་ལ་དགྱེས་པར་དགོངས།། འདོད་པ་ཀུན་བྱེད་བདག་ལ་ཆགས་པར་དགོངས།། དང་པོ་མཉམ་ཉིད་སངས་རྒྱས་ཐུགས་རྗེ་ཅན།། ལས་རྣམས་ཀུན་བྱེད་བདག་སེམས་དགེ་འགྱུར་བ།། དུས ་གསུམ་དགེ་བ་ཤེས་དག་དང་ཐམས་ཅད།། རྡོ་རྗེ་ཅན་དང་དམ་ཚིག་སེམས་དཔར་བསྒྲུབ།། བདག་ཀྱང་རྡོ་རྗེ་སེམས་དཔའ་གཏན་དུ་མི་སྟོང་ན།། རྡོ་རྗེ་སེམས་དཔས་གཏན་དུ་བདག་མ་བཏང་།། རྗེསུ་ཡི་རང་བསྐུལ་དང་སྐྱབས་འགྲོ་དང་།། ལམ་རྟེན་བསྔོ་དང་སེམས ་བསྐྱེད་དང་།། ཚངས་པར་གྱུར་པའི་ལས་རྣམས་ཀྱིས།། འགྲོ་བ་ཀུན་བྲལ་བཞིན་དུ་སྨོན་ཏཾ་ཀེ་མ་ཏ་ཀེ་མ་ཕཊ། ཧ་ལ་ཧ་ལ་རཾ། ཏིག་སཱུ་ཏིག་སཱུ་ཁཾ། ཀྲོ་ཏ་ཀྲོ་ཏ་ཡ་མ་ཞེས། དངོས་པོ་ཐམས་ཅད་སྟོང་པར་སྦྱངས།། ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས།། རྫོགས་པའི་སངས ་རྒྱས་ཀུན་གྱི་གསང་།། སྐྱེ་བ་མེད་ལས་ཐམས་ཅད་སྐྱེས།། སྐྱེས་པ་ཉིད་ནས་སྐྱེ་བ་མེད།། སྟོང་ཉིད་རབ་ཏུ་བསལ་བ་ཡི།། སྙིང་རྗེ་ཡུམ་ནི་བསྒོམ་པར་བྱའོ།། ངེས་པ་ལས་ནི་རྡོ་རྗེ་གུར།། བྲུཾ་བི་ཤ་ཙ་ཤུད་དེ་ཞེས་བཟླས།། དུར་ཁྲོད་ཆེན་པོ་རབ་འཇིགས་པའི ་ཁྲག་གི་རྒྱ་མཚོ་འཁྲུག་ཅིང་འཁྱིལ།། ཀེང་རུས་ཆེན་པོ་རི་རབ་ཀྱི།། སྟེང་གི་འབར་བའི་ཀློང་དཀྱིལ་ན།། ཡེ་ཤེས་འབར་བའི་གཞལ་ཡས་ཁང་།། ཕྱོགས་བཅུར་རྒྱ་ཡོངས་མ་ཆད་པ།། ཕྱི་དང་ནད་མེད་ཀུན་དུ་སྣང་།། འབར་བའི་འཁོར་ལོ་རྩིབས་བཞི་པ།། གླུ ་ཚད་བཞི་ཡིས་རྣམ་པར་བརྒྱན།། གྲུ་བཞི་སྒོ་ཁྱད་བཞི་དང་ལྡན།། འབར་བའི་བར་འཁྱམས་གཉིས་ཀྱིས་མཛེས།། ཐོད་སྦྲུལ་སྣ་ཚོགས་ཉི་མས་བརྗིད།། འབར་བའི་ཁྲོ་བོ་མང་པོ་འཁྲུག། ཁྱུ་མཆོག་མ་ཧེ་གཟིག་དང་སྟག། གཏུམ་པ་དོམ་གྱིས་ཡར་པབ་ནི།། ་དབང་ཕྱུག་ལྷ་ཆེན་ལ་སོགས་གཟུང་།། དབུས་ཀྱི་ཉི་མའི་སྙིང་པོ་ལ།། ཧཱུཾ་ལས་རི་ལུའི་སྒྲ་གྲགས་པས།། སེམས་དཔའི་སྐུ་རུ་གྱུར་པ་ཡིས།། རང་གི་ངང་ཚུལ་དེ་གཟུང་ལ།། ལྷུན་གྱིས་གྲུབ་པར་བྱ་བའི་ཕྱིར།། ཁྲོ་རྒྱལ་རྣམས་ལ་བསྐུལ་བར་བྱ།། བདག་འདྲ་སེ ་ཅན་མ་ལུས་ཀུ་ན།། མཆོག་ཉིད་སྒྲུབ་པར་སྦྱོར་བས་ན།། རྒྱལ་བ་རྒྱ་མཚོ་ཀུན་འདུས་པས།། སྐུའི་དབྱིབ་ཏུ་བདག་སྤྱོད་ཅིག། དེ་ནས་ཕྱོགས་འདུས་ཁྲོ་རྒྱལ་གྱིས།། སེམས་དཔའ་བདག་ལ་དེར་དབང་བསྐུར།། རིམ་པ་གསུམ་གྱིས་སྐུ་རུ་བསྐྱེད།། དེ་ནས ་བཅོམ་ལྡན་དགྱེས་ཆེན་པོ།། དབུ་དང་ཕྱག་ཞབས་སྟོང་ཁམས་ཀྱིས།། རྡུལ་སྙེད་མཚོན་ཆ་འཛིན་པ་སྟེ།། གཡས་དཀར་གཡོན་དམར་དབུས་མཐིང་ཞལ།། རྡོ་རྗེ་ཁ་ཊང་རྗེ་ཆུང་གཡས།། གཡོན་དྲིལ་དུང་དམར་རྒྱུ་ཞགས་འཛིན།། འབར་ཆེན་ཀློང ་དཀྱིལ་འཁོར་ལོའི་དཀྱིལ།། དབང་ཕྱུག་ཆེ་དང་དུར་ཁྲོད་ཀྱི།། སྟེང་ན་ཞབས་བཞི་བརྐྱང་བསྐུམ་བཞུགས།། དུར་ཁྲོད་རྒྱན་ཅན་གར་གྱིས་རོལ།། བདག་ཉིད་སངས་རྒྱས་ཐམས་ཅད་ཀྱིས།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་བདག། ཁྲོ་རྒྱལ་ཡེ་ནས་ཡིན་པའི་ཕྱིར ་དེ་བཞིན་ཉིད་ཀྱི་དབྱིངས་ལས་ནི།། ཁྲོ་མོ་དབང་ཕྱུག་མངོན་ཕྱུང་སྟེ། ཧེ་ཧི་དགྱེས་པའི་གཟི་མདངས་ཀྱིས།། རིན་ཆེན་པདྨ་རྒྱས་མཛད་དེ།། ཧཱུཾ་ཧཱུཾ་རོལ་པའི་འོད་ཟེར་གྱིས།། བདེ་ཆེན་ཐུགས་མཚོན་བྱིན་བརླབས་ནས།། གཉིས་མེད་དགྱེས་པ་འཁྲིལ་པས ་ཐིམད། རྡོ་རྗེ་ལམ་བྱུང་ཡུམ་གྱི་མཁའ།། ཆོས་སྤྱི་བྱང་ཆུབ་སེམསུ་གནས།། ལྷ་རྣམས་སོ་སོའི་སྙིང་པོའི་སྒྲ།། ཧཱུཾ་དང་ཧེ་ཧཾ་ཕཊ་བྱུང་ནས།། གསུང་གི་ཕྱག་རྒྱ་ཉིད་རྫོགས་ཏེ།། འོད་ཟེར་སྤྲོ་བསྡུའི་སྦྱོར་བ་ཡིས།། ཐུགས་ཀྱི་ཕྱག་རྒྱ་རབ་ཏུ་འབར།། དེ་ལས ་རྣམ་། ཨུ་བརྫུག།། ཤཱབ་རྒྱན་པ་མ་རྫོགས་ས།། ཕྱོགས་ཅུའི་རྡུལ་སྐྱེད་འཛིན་པར་འགྱུར།། སེམ་ས་ས་རྟུལ་བའི་སྲས་བྱས་ནས།། སླར་བ་མ+Wཱ་རང་གྀ་གནས་ལ་ཁྱོད་བྱ།། ས་མྦྷ་ནྡྷ་བཱ་དང། དཱུ་བྱུང་། ་པདྨ་དང་།། ལས་སུ་གྱུར་ཏེ་སོ་སོར་བཞུགས།། དེ་ཀུན་འཇིགས་བྱེང་ཆེན་པོ་ཡིས།། ཆ་ལུགས་རྔམ་པའི་ང་རོ་ཡིས།། འབར་བའི་ཀློང་ན་དབུ་གསུམ་པ།། ཕྱག་དྲུག་ཞབས་བཞིས་དྲི་ཟ་དང་།། གནོད་སྦྱིན་ཆུ་བདག་གཤིན་རྗེ་སོགས།། དྲེགས་པ་ཁྱོ ་ཤུག་སྟན་ལ་བཞུགས།། བཙུན་མོ་ཁྲུག་འཐུང་ཆེན་མོ་རྣམས།། སོ་སོའི་སྐུ་ལ་འཁྲིལ་དེ་འཁོད།། དཀར་མོ་ཚོགས་དང་རྐུན་མོ་དང་།། རྨོངས་པ་དང་ནི་ཐལ་བྱེད་མ།། ལྟོབ་མོ་དང་ནི་གཏུམ་མོ་དང་།། སྨྲྀ་ཤཱ་ཙནྡ་དང་ཙན་དྷ་ལི།། སྒོའི་ཁྱམས་ཀྱི་ནང ་དུ་འཁོད།། སེངྒེ་གདོང་ཆེན་མ་མོའི་ཚོགས།། སྟག་དང་རྩེ་དང་ཁྱི་དང་གཞང།། ཀང་ཀ་དུར་བྱ་འུག་གདོང་ཆེ།། འཁོར་བར་རྔམ་པའི་མདངས་དཀྱིལ་འཁོར།། རྡོ་རྗེ་སྲིང་འགྲོ་མ་ཚོགས་དང་།། གདོང་མི་འཇིག་རྟེན་རོ་ལངས་མའི།། སྒོ་བཞིར ་པའི་གཟུགས་ཀྱིས་གནས།། སྲིན་པོ་སྨུག་ནག་ལ་སོགས་པའི།། འཇིག་རྟེན་མ་མོ་ཉི་ཤུ་བརྒྱད།། གསང་བའི་དཀྱིལ་འཁོར་ཕྱི་རོལ་ན།། བྲན་གྱི་ཚུལ་དུ་གནས་ཤིང་འཁོད།། དེ་ལྟར་གསལ་བར་དགོད་པའི་སྔགས། ཨོཾ་སརྦ་ཏ་ཐཱ་པ ་ཏམ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་ས་དུར་ཏནྟ་ཀ་ཧ~ཾ་ན་ད་ཧ་པ་ཙ་ཧཱུ~ཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜེ་སརྦ་དུཥྚཱནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུ~ཾ་ཧཱུ~ཾ་ཕཊ། ཨོཾ་རཏྣ་མ་ཧཱ་ཤྲཱ་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་པུཥྚཱནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་པདྨ་མ་ཧཱ་ཤྲཱི་ཧེ་རུ་ཀ ་ཎཱ་སཱརྦ་དུཥྚཱནྟ་ཀཱ་ཧ་ན་དཧྞཱ་པ་ཙ་ཙྪེ་ཧཱུ~ཾ་ཧཱུ~ཾ་ཕཊ། ཨོཾ་ཀརྨྨ་མ་ཧཱ་ཤྲཱི་ཧཱུཾ་རུ་ཀ་མནྟཙྪརྞྞ་སརྦ་དུཥྚཱནྟ་ཀ་ཧ་ནུ་ད་ཧ་བ་ཙ་ནྟཾ་ཧཱུ~ཾ་ཕཱུ་ཕཊ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀྲོ་ཏི་ཤྭ་རི་སརྦ་དུཥྚཱན་ཧཱུཾ། ཨོཾ་བཛྲ་དར་མཧཱ་ཀྲྀ་ཏི་ཤྭ་རི་ཛྭ་ལ་ཧཱུཾ་ཕཊ། ཨོཾ་མནྟ་སུརྱ་རཏྣ་མཧཱརྦོ ་ཏིཤྭ་རི་བི་ད་མ་། ཨོཾ་དྷི་ཤྭ་བི་མུ་ཀ་མ་ཧཱ་ཀྲྀ་ཏི་ཀཱ་རི་ཁའི་ཧཱུཾ་ཕཊ། ཨོཾ་སརྦ་ཨ་མོ་ཀཾ་མ་ཧཱ་ཀྲོ་ཏི་ཤྭ་རི་ཧཱུཾ་ཕུཊ། བཛྲ་ཀི་རི་ཏ། བཛྲ་ཙ་རི་ཧ། བཛྲ་པྲ་མོ་ཧ། བཛྲ་པ་ཏ་ལི་ཧ། བཛྲ་པུ་ས་ཧ། བཛྲ་ཀསྨ་རི་ཧ། བཛྲ་སྨ་ཤ་ནི་ཧཾ། བཛྲ་ཙཎྜ་ལི་ཧ། བཛྲི་སིང་མུ ་ཁ་ཧེ། བཛྲ་བྱཱ་ཀྲི་མུ་ཀ་ཧེ། བཛྲ་སྲི་ལ་མུ་ཁ་ཧི། བཛྲ་ཤོ་ན་པུ་ཁཱ་ཧེ། བཛྲ་ཀྲི་ཏ་མུ་ཀ་ཧེ། བཛྲ་ཀང་ཀ་མུ་ཀ་ཧ~ཾ། བཛྲ་ཁཱ་ཁ་སུ་ཁ་ཧེ། བཛྲ་ཧུ་ལུ་མུ་ཁ་ཧེ། བཛྲ་ཨཪྻ་ཏེ་ཛ་ཏེ་ང་ཛ། བཛྲ་ཨུ་མུ་ཀ་ཧཱུ~ཾ། བཛྲ་ལོ་ཀ་པཾ། བཛྲ་པ་སྨེ་པ་ལཾ་ཡ་བ་དེ་ཧོ། བཛྲ ་མ་ནུ་རཀྐཱ་སི་བྷྱོ། པྲ་མོ་ནི་བྷྱོ། རོ་འུ་ཏྲི་བྷྲྀ། པེ་སཱ་པི་བྷྱོ། ཀོ་མ་རི་བྷྱོ། ཨོཾ་ན་ཏྲ་ཡོ་བྷྱཱཾ། བཛྲ་བིང་ག་ལཾ་བྷྱོ།། ཨ་མྲི་ཏ་བྷྱོ། སཾ་མེ་བྷྲྀ། ད་ན་ཏཾ་བྷྱོ། བག་རཀྲ་སི་བྷྱོ། བཀྲྀ་སི་བྷྲྀ། ར་ཏི་བཛྲ་ཧཾ་བྷྱོ། ཨེ་ཀ་ཙ་རེ་བྷོ། སི་ཏི་ཀ་བྷྱོ། བ་ཡ་བྷ་བྷྱོ། མ་ཧཱ་མ་ར་ན་བྷྱོ། ཨགྣེ་ཡེ ་བྷྱོཿཔ་ར་ཧེ་གྷྲྀ་ཙ་མུནྠི་བྷཱུ། པུ་ཏ་མ་བྷྱཱཾ། བ་ར་ནཱ་བྷྱོ། བཛྲཱ་མཧཱ་ཀ་ཧ་ལ་བྷྱོ། བཛྲ་ཙ་ཀྲྀ་སུས་ག་ར་ན་བྷྱོ། བཛྲ་ལཾ་པོ་ད་རོ་བྷྱོ།། དེ་དགཱཾ་གིས་ནི་དཀྱིལ་འཁོར་བསྐྱོད།། དམ་ཚིག་དཀྱིལ་འཁོར་ཡོངསུ་རྫོགས།། ད་ནི་ཡེ་ཤེས་འཁོར་ལོ་ནི།། རང་གི་སྙིང་གི་ནས ་འོད་འཕྲོས།། དབྱངས་དང་ལྡན་པའི་ལྷ་མོ་ཡིས།། ཕྱོགས་བསྡུས་དཀྱིལ་འཁོར་བདག་ཉིད་ཆེཀ། མི་དམིགས་ཐུགས་ཀྱི་དཀྱིལ་འཁོར་ནས།། དཀྱིལ་འཁོར་ཐམས་ཅད་སྤྱན་དྲང་ངོ་།། དམིགས་མེད་མཁའ་ལྟར་དག་པས་ཁྱབ་པའི་སྐུ།། ་སྤྱན་དྲངས་གཤེགས་སུ་གསོལ་པར་མི་དམིགས་ཀྱང་།། ཐུགས་རྗེའི་ངང་གིས་ཆོས་སྐུ་དག་པ་ལས།། ཡེ་ཤེས་སྒྱུ་མས་རོལ་ཅིང་གཤེགསུ་གསོལ།། རུ་རླུང་ལུ་ཧཱུཾ་ཡེ་ཧྱེ་ཧི་བཛྲ་ཛ་ཛ། བཛྲ་ཀྲོ་ཏ་ས་མ་ཡ་ཧཱུཾ་ཞེས་བརྗོད་ནས་ཕྱག ་བྱས་ཏེ། བདག་མེད་ཕྱོགས་བྲལ་དོན་དམ་ཐུགས་ཆུད་ཅིང་།། བྱམས་དང་སྙིང་རྗེས་འགྲོན་ཟུར་མི་མངའ་ཡང་།། ཐུགས་རྗེ་ཆེན་པོས་གདུག་པོ་འདུལ་མཛད་པ།། འཇིགས་མེད་ཧེ་རུ་ཀ་ལ་ཕྱག་འཚལ་ལོ།། ནཱ་མཁའི་ལུས་ཅན་གར་ཡང་ཐོགས་མེད ་ཅིང་འ་འདོད་དགུར་བསྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆེ།། མ་སྙིང་བྱམས་པའི་ཚུལ་གྱིས་གྲོགས་མཛད་མ།། ཕྱི་ནང་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ།། འཇིག་རྟེན་འཁོར་ལོས་སྒྱུར་བའི་དབང་ཕྱུག་མ།། ཅི་བགྱི་བཀའ་ཉན་ཡང ་སྦྲུལ་བསམ་མི་ཁྱབ།། བ་དུད་འདུལ་ཡེ་ཤེས་ཕོ་ཉ་དྲུག་ཅུའི་ཚོགས།། འཁོར་བཅས་རབ་འབར་ཀུན་ལ་ཕྱག་འཚལ་ལོ།། ཨ་ཏི་པུ་ཧོ་པྲ་ཏི་པུ་ཧོ་སརྦ་ཏ་ཐཱ་ག་ཏ་བྷནྡྷ་ནཾ་ཀ་རོ་མི། ཨི་དཾ་དྷཱུ་པ་པུཥྤཾ་བྷ་ལིཾ་པྲ་ཏིཙྪ་ཧོ། གྲཱི་པནཱ་ཡོ་ཀི་ནི་ཧོ། ཏ་ཀྲི ་ནོ་ཧོ་ཞེས་གུས་བྱས། ཧཱུཾ་ཁྲོ་ལ་ཁྲོས་པས་ཞི་མཛད་པ།། ཐུགས་རྗེ་ཁྲོས་པས་རྔམ་པའི་ཚོགས།། འབར་བའི་བྱིན་བརླབས་རྨད་པོ་ཆེ།། དེ་ཉིད་དུ་ནི་བདག་ལ་སྩོལ།། བཛྲི་ཀྲོ་ཏ་ས་མ་ཡ་ཧཱུ~ཾ། བཛྲ་ཀྲོ་ཏ་ས་མ་ཡ་ཕཊ། བཛྲ་ཀྲོ་ཏ་ས་མ་ཡ་ཧོ།། ་དེར་བསྟིམ་ལུས་ཀྱི་དཀྱིལ་འཁོར་རྫོགས།། སྐུ་གསུང་ཐུགས་ཀྱི་ཕྱག་རྒྱར་ལྡན།། སོ་སོ་རིགས་ཀྱི་འབྲས་བུར་འགྱུར།། སྙིང་གར་མི་སྐྱོད་རྡོ་རྗེས་མཚན།། དེ་ལས་མ་མོ་བརྒྱད་སྤྲོས་ཏེ།། ཕྱི་རོལ་མཆོད་པ་བྱིན་གྱིས་བརླབ།། དབྱངས ་དང་ལྡན་པས་དབུལ་བྱས་ཏེ།། དང་ལ་ཐུན་མོང་རྫས་ལྔས་མཆོད།། དེ་ནས་ཁྱད་པར་རྫས་ཀྱིས་མཆོད།། བདུད་རྩི་སྨན་གྱིས་མཆོད་རྗེས་ལ།། སྦྲེང་ཞིང་བརྟགས་པ་བྱ་བ་ནི།། བླ་མེད་མཆོག་གི་མཆོད་པ་དམ་པ་སྦྱར་བ་འདི།། ཡེ ་ཤེས་ལྔའི་འོད་ཟེར་རྣམ་པར་འཕྲོ།། འདོད་པའི་ཡོན་ཏན་ལྡེ་ཡིས་རབ་བརྒྱན་ཏེ།། དམ་ཚོས་གསང་བའི་མཆོད་པ་བཞིས་སུ་གསོལ།། ཧེ་རུ་ཀའི་གནས་བཅུ་དང་།། དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས།། དཔལ་ཆེན་འཁོར་བཅས་སྤྱན་དྲངས ་ཏེ་དུར་ཁྲོད་མཆོག་གི་གནས་ཆེན་འདིར།། ཞིང་ཆེན་གཡེང་གཞི་སྟི་རར་བཅས།། དམར་གྱི་ཨརྒ་རྒྱ་མཚོར་འཁྱིལ།། མཁའ་འགྲོ་འབར་བའི་ཚོགས་བཅས་ཀྱིས།། མ་ལུས་བཞེས་ནས་བསྣམས་སུ་གསོལ།། ཧཱུཾ་མཉམ་པའི་གྲུབ་རྫས ་ཆེན་པོ་འདི།། བདག་དང་མཉམ་པའི་ཚོགས་ལ་དབུལ།། བཟའ་དང་བཅའ་དང་བཏུང་དང་བགོ། ལོངས་སྤྱོད་ལྔར་ལྡན་མཆོད་པ་འདི།། དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་ཐིམ།། མཆོད་པ་དམི་པ་བཞེས་སུ་གསོལ།། ཁ་ཧི་མ་ཧཱ་མ~ཾ་ས་ཁ ་མ་ཧཱ་རག་ཏཱ་ཁ་ཧི།། དེ་ནས་འཁྲིལ་ཏེ་སྙོམས་ཞུགས་པས།། དགྱེས་མཉམ་མཆོག་གི་མཆོད་པས་རོ་ལ།། མི་དམིགས་ཐུགས་ཀྱིས་མཆོད་པ་འདི།། རྡོ་རྗེ་སེམས་དཔའ་ཉིད་ཀྱིས་དང་།། དཱ་ནས་ཕྱི་རོལ་འཐོན་པོ་ལས།། མ་མོ་རྣམས ་ཀྱིས་བསྟོད་པ་ནི།། ཧཱུཾ་གཏུམ་ཆེན་དུས་མཐའི་མེ་ལྟར་འབར།། འོད་ཟེར་ཉི་མ་འབུམ་གྱི་གཟི།། ཁྲོ་གཉེར་གློག་སྟོང་འགྱུར་བ་བཞིན།། མཆེ་བཟང་ཡང་ཟ་བྱེད་ཆེ་ཧོ།། ཧཱུཾ་རྔམ་པའི་ང་རོ་འབྲུག་སྟོང་དི་རི་རི།། ཐུགས་ཆེན་རི་རབ་འབུམ་སྙིལ་སྐད།། ་ཧ་ཧ་ཧུ་ལ་གད་རྒྱངས་ཆེ།། སྐྱུགས་པ་འཁོར་ལོ་གཡེང་བ་ཆེ་ཧོ།། ཧཱུཾ་ཁྲོ་བོ་ཤེས་རབ་འོད་པོ་ཆེ།། ཡེ་ཤེས་དཀྱིལ་འཁོར་ཀུན་ལ་གསལ།། འབར་བའི་ཡེ་ཤེས་ཀུན་ལ་འཇོམས།། སྣ་ཚོགས་ཡེ་ཤེས་ཐིག་ལེ་ཆེ་ཧོ།། ཧཱུཾ་ཁྲོ་བོ་རྒྱལ་པོ་སྤྲིན་ཆེན ་བོདོ་ཁྲོས་པའི་དཀྱིལ་འཁོར་ཆར་ཆེན་འབབས།། དཀྱིལ་འཁོར་ཡིད་བཞིན་འབྱུང་བའི་གཏར།། སྣ་ཚོགས་ཁྲོས་པའི་ཐིག་ལེ་ཆེ་ཧོ།། ཧཱུཾ་བདུད་ཀུན་གྱི་ནི་བདུད་ཆེན་པོ།། བདུད་ཀྱི་བདུད་སྟེ་བདུད་རྣམས་འཇོམས།། འཇིགས་པའི་ཚོགས་ཀྱང་འཇིགས་པར་བྱེད།། འཇིག ་བྱེད་ཆེན་པོ་ཐིག་ལེ་ཆེ་ཧོ།། ཧཱུཾ་རྡོ་རྗེ་བྲག་ཆེན་སྲ་བ་ཆེ།། རྡོ་རྗེ་ཆུ་བོ་སུད་ཆེན་པོ།། རྡོ་རྗེ་མེ་སྟེ་ཀུན་ཆར་ཚེ།། རྡོ་རྗེ་རླུང་འཐོར་གཡེང་བ་ཆེ་ཧོ། ཧཱུ~ཾ་སྒེག་པོ་དཔའོ་འཇིག་སུ་རུང་བ་དང་།། རྒོད་དང་གཤེ་དང་འཇིགས་པར་བྱེད་པ་དང་།། སྙིང་རྗེ་རྔམ་དང་ཞི་བ་ལ་སོགས་པ།། སྤུའི ་དངོས་པོ་ཤིན་ཏུ་བསྒྱུར་བ་ཡིན།། གར་གྱི་ཕྱག་རྒྱ་འབར་བའི་དབང་ཕྱུག་གནོན།། ཧྲི་མོས་བྱེད་སྟོང་པས་ལྷག་པར་འདོད་པའི་གཟུགས།། གདུལ་བའི་དབང་གིས་གཤིན་རྗེ་སྟོང་པས་ལྷག་པར་འཇིགས་ཚུལ་སྟོན།། ཞི་བའི་སྐུར་ཡང་ཚངས་པ་སྟོང་པས་ལྷག་པ ་ཐམས་ཅད་དེ་དཀྱིལ་འཁོར་གསུམ་དུ་སྣང་བར་མཛོད།། ཧྲི་རྣམ་པར་འདུལ་བའི་ངོ་མཐོན་ཐབས་ཀྱིས་ནོན་པས་གནོན།། ཧོ་ཧོ་ཧ་ཧ་ཧེ་ཧེ་ཧི་ཧི།། དགྱེས་པའི་གད་མོ་ཁོང་།། དབང་ཕྱུག་ཐམས་ཅད་རབ་བཤིག་རབ་ཏུ་བཤིག། རབ་ཀྱི་རྩལ་གྱིས་ངོ་མཚར་རྨད་བྱུང་བ ་རྟོག་པ་མང་པོ་རྒྱུད་ཀྱི་གདུལ་བྱ་མ་ལུས་པ།། ཡེ་ཤེས་སྒྱུ་མ་མ་འདྲེས་ཡོང་སུ་རྫོགས་པར་བསྟོད།། དེ་རྗེས་སྔོན་གྱི་གནས་སུ་བཞུགས་ཐིམ་ནས།། རང་གི་ཕྱག་རྒྱ་ང་རྒྱལ་ནི།། སྔོན་དུ་གསུངས་པའི་ཁྲོ་བོ་འམ།། ཡང་ན་སྤྱན་རས་གཟིགས་སྤྲུལ་པའི།། ཁྲོ་བོ་འབོར ་བདབུ་དགུ་པ།། ཕྱག་ནི་བཅོ་བརྒྱད་ལྟ་བུ་ཡི།། སྙིང་གར་དྲག་པོར་འཁོར་ལོ་བསམ།། རྱ་ལྔ་རྩ་བའི་སྔགས་དག་ནི།། འབུམ་མ་མ་བྱེ་བའི་བར་དུ་བཟླས།། ཕྱག་རྒྱ་དངོས་གྲུབ་དཀྱིལ་འཁོར་རོ།། ཐུན་མཚམས་མཉམ་པར་བཞག་པ་དང་།། རང་གི་ནོར་དུ་རིན་པོ་ཆ།། ཡོད། ་པར་མ་ཤེས་སྟོར་བར་དྲན།། ཚོལ་བར་འདོད་ན་འདི་ལྟར་བསམ།། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ནི།། ཆོས་འཛིན་རིགས་ཀྱི་གྲུབ་གནས།། ཐུགས་རྗེས་ས་ལ་མངོན་སྤྲུལ་གཤེགས།། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མཆོག། བྱམས་མགོན་དམ་པ་ཞི ་གིས་བསྟན།། ཨེ་མ་བྱེད་ཀྱིས་མ་ཤེས་སམ།། མཐུན་ཡུན་ཀུན་ཏུ་བདེ་བ་ཡིན།། སྒྲོན་མས་མུན་ཀུན་གསེར་ཚོལ་ལྟར།། གསང་བའི་སྙིང་པོ་མཛོད་བརྟོལ་ཏེ།། ཐིག་ལེ་གཅིག་གིས་ཀུན་ལ་ཁྱབ།། ཐམས་ཅད་ལུང་ཆེན་ངེས་པར་བསྟན།། འཇིག་རྟེན་གཡོ་རྡུལ ་མིའི་རང་བཞིན་རྣམས།། འབར་བ་ལྔ་བཅུའི་ཁྲོ་བྲོ་དང་དུ་སྣང་།། མྱ་ངན་འདས་དང་འཁོར་བའི་རང་བཞིན་རྣམས།། བཙལ་མེད་མ་བཅོས་དེ་ཉིད་རྣམ་དག་ནས།། ཐིག་ལེ་ཡུངས་ཀར་ཙམ་ཞིག་གསལ་བར་བསྒོམ།། དེ་ལས་འོད་ཟེར་རྡུལ་སྙེད་སྤྲོས།། མུན ་གསལ་དངོས་པོ་ཀུན་སྦྱངས་ཏེ།། ཐམས་ཅད་མ་བཅོས་སྤུ་རུ་གསལ།། སླར་འདུས་ཐིག་ལེ་ལ་ཐིམ་ནས།། འོད་དུ་ཞུ་ནས་རིམ་གྱིས་བསྡུས།། རྡོ་རྗེ་སེམས་དཔའ་སྙིང་གི་ནང་།། ཨ་གཟུགས་པདྨ་འདྲ་བ་བཞིར་གནས།། དེ་སྟེང་གསང་བ་ནང་གནས་ས་རླུང་དང་།། ་སྙིང་ག་ནང་གནས་ཆུ་རླུང་གཉིས།། རྣམ་པར་དགེ་ལས་ཟླ་བ་སྟེ།། རྡོ་རྗེ་རིན་གཉིས་རང་བཞིན།། དེ་སྟེང་རྡོ་རྗེ་སེམས་དཔའ་ནི། ཐིག་ལེ་འོད་ཟེར་ལྔ་ལྡན་པས།། དེ་སྟེང་མགྲིན་པ་གནས་མེ་རླུང་དག། མགོ་བོའི་ནང་གནས་རླུང་དཀྱིལ་གཉིས།། དག་པ ་ཉི་མའི་དཀྱིལ་འཁོར་སྟེང་།། པདྨའི་རིགས་དང་ལས་རིགས་སོ།། ཁ་སྦྱར་དབུས་སུ་ཐིག་ལེ་བསམ།། ཡང་དང་ཡང་དུ་འདྲིས་བསམས་པས།། མར་འགྲོ་མར་འགྲོ་གཉིས་འབོག་གོ།། འགོག་པ་བཞིན་དུ་མཚན་མ་སྟེ།། ལམ་སྐྱེ ་འགག་མེད་པའི་ཆོས་ཉིད་རྣམ་པར་སྣང་བའི་སྤྱིའོ།། མ་མི་ཟད་པ་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ།། པཾ་གཉིས་སྐྱོན་མེད་པ་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ།། ཏ་ཐོགས་པ་མེད་པ་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ།། མུ་བརྗོད་པ་ལས་འདས་པའི་ཆོས ་ཉིད་རྣམ་པར་སྣང་བའི་སྒོའོ།། ཧཱུཾ་མི་གཡོ་བའི་ཆོས་ཉིད་ཡོངས་སུ་སྣང་བའི་སྒོའོ།། ཨོཾ་ཅིར་ཡང་སྣང་བའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ།། ས་ནི་ཆུ་ལ་ཐིམ་པས་ནི།། ཀུན་ཏུ་མཉམ་བློས་ཟག་མེད་པའི།། ལས་ཀྱི་ཡེ་ཤེས་དང་པོར་སྐྱེ།། ཆུ་ནི་མེ་ལ་ཐིམ ་བས་ནས་སེམས་ལ་དབང་ཐོབ་དུ་བ་འདྲ།། མེ་ནི་རླུང་ལ་ཐིམ་པས་ན།། ཏིང་འཛིན་འབའ་ཞིག་ལྡན་པ་སྟེ།། རླུང་གི་རྣམ་པ་ལྟ་བུར་མིཐོང་།། རླུང་ནི་རྣམ་པར་རིག་པ་ལ།། ཐིམ་པས་འདོད་པ་རྣམ་བྲལ་ཏེ།། མར་མེ་ལྟ་བུར་མཐོང་བའོ།། རྣམ་པར་རིག་པའི་འོད ་གསལ་ལ།། ཐིམ་པ་ཐམས་ཅད་སྣང་བ་ནི།། ཕྱི་ནང་མུན་པ་ཐམས་ཅད་སྦྱངས།། ན་མཁའ་ལྟ་བུར་མཐོང་བའོ།། ཨེ་མའོ་དངོས་པོ་མེད་པ་ལས།། སྨོན་དང་སྙིང་རྗེའི་དབང་གིས་ནི།། ཇི་ལྟར་སྣང་བ་མ་བཀག་པའོ།། འདུན་པའི་དུས་ན་རིགས་ཀྱི་བུ།། ཡིད་ལ་བྱེད ་པ་ཞེས་ཐོབ་སྟེ།། སེམས་གསུམ་བསྐྱེད་ཅིང་མཐའ་བཅུ་གྲོལ།། བརྟེན་པོ་ས་གཞི་ཡིས་པར་གནས།། རིགས་ཆེན་འབྱེད་པའི་རྣལ་འབྱོར་ལ།། འབྲི་འདུ་ཅིག་པའི་ཏིང་འཛིན་ཐོབ།། སེམས་གཞི་རྫོགས་ཏེ་མཐའ་བཅུ་ཤེས།། བདག་ཉིད་ཡི་གེའི་ཕྲེང་བར་ནི ་སྣང་བའི་ལྟས་མཐོང་བསོད་ནམས་གཏེར།། དབུགས་ཆེན་འབྱིན་པའི་རྣལ་འབྱོར་ལ།། སེམས་ཅིག་རྫོགས་ཏེ་མཐའ་ཆུབ་ནས།། འཇིག་པ་ལྔ་ཡངས་ཁྱད་པར་ས།། ཡོངསུ་མི་ལྡོག་ཏིང་འཛིན་ས།། འཇིག་རྟེན་ནོར་བུ་རིན་ཆེན་གྱིས།། གང་བར་སྤྱོད་པའི་ལྟས ་མཐོང་འགྱུར།། སྒྱུམ་སྦྱོར་བའི་སྐྱེས་བུ་སྟེ།། འཁོར་ལོ་སྒྱུར་བའི་ཆ་བྱད་དུ།། རིན་ཆེན་བདུན་དང་དཔུང་ཚོགས་ཀྱིས།། དབང་སྒྱུར་ཐབས་ཀྱི་ཐེག་པ་སྟོན།། ལུང་ཆེན་ཐོབ་པའི་སྐབས་ནི།། སེང་གེ་དག་ལ་ཞོན་ནས་ནི།། ཐམས་ཅད་གནོན་པའི་ལྟོས་མཐོང་འགྱུར། ་སེམས་བདུན་རྫོགས་པའི་ས་ཕར་གནས།། འབྲས་བུ་ཉིད་ལ་ལམ་ཤེས་པས།། ལམ་གྱི་ཡན་ལག་བདེ་རྫོགས་ཏེ།། གཞན་དག་སྨིན་པར་བྱ་བའི་ཕྱིར།། ཇི་ལྟར་འདོད་ལྟར་ཐབས་མཆོག་སྦྱོར།། རྩལ་ཆེན་རྫོགས་པའི་སྐབས་སུ་ནི།། ཀུན་སྣང་ཏིང་འཛིན ་ཉིད་ཐོབ་སྟེ།། དེས་ནི་ཉི་ཟླའི་ཆད་བསྐོར་བས།། ཐབས་དང་གསལ་བར་བྱེད་ལྟས་མཐོང་།། སེམས་གསུམ་བསྐྱེད་ཅིང་མཐའ་དྲུག་ཆུབ།། གདེང་དུ་གྱུར་པའི་ངོ་བོ་ལས།། དེ་ནས་རྒྱལ་མཚན་སྐྱེས་བུ་དེ།། ཆོས་ཀྱི་རྒྱལ་པོ་གང་དེ་ཡི།། ། གདུང་འཚོ་བ་དགའ་ལྡན ་ཐེག་ཆེན་སྟོན།། མི་གནས་བཅུ་དུས་ཆོ་འཕྲུལ་སྣང་།། བཤེས་གཉེན་དམ་པས་བཀའ་སྩལ་པ།། ས་བཅུ་པ་ལ་གནས་པ་ཡང་།། ཆོས་ཉིད་དུ་འཇོག་སྤྱོད་པར་བྱེད།། མ་རྟོག་དང་དུ་མོ་གནས་ཏེ།། རྫོགས་པའི་སངས་རྒྱས་མི་བྱེད་དོ།། ཨེ་མ་སྐྱེས་བུ ་དམ་པ་གློང་།། གང་གི་ངོ་བོ་ཅི་ཕྱིར་ལགས།། སྐྱེས་བུ་དམ་པས་བཀའ་སྩལ་པ།། གསང་སྔགས་དངོས་པོ་བརྒྱད་ཀྱིས་བཅིངས།། མཉམ་པར་མ་བཞག་པར་དུ་ནི།། སངས་རྒྱས་དགོངས་པ་མྱོང་མ་ཡིན།། སྐྱེས་བུ་དམ་པ་ཁྱོད་ཅི་གུ། གང་ཞིག་མོ ་བ་སུ་ཞིག་གིས།། ཇི་ལྟར་གྲོལ་འགྱུར་ངོ་བོ་ཅི།། སྐྱེས་བུ་དམ་པས་བཀའ་སྩལ་པ།། གྲོལ་བར་འདོད་པས་བླ་མ་བསྟེན།། རིག་པ་རང་འབྱུང་རང་བཞིན་ནི།། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་རོ།། བསོད་ནམས་ཚོགས་ཀྱི་དཀྱིལ ་འཁོར་ནི།། ཞིང་ཁམས་རིན་ཆེན་ཡོད་པ་ནི།། རྒྱལ་བ་ཀུན་ཏུ་བཟང་པོ་ཡིས།། སྲས་མཆོག་འཇམ་དཔལ་ཆེན་པོ་ལ།། ཇི་ལྟར་རིམས་ཀྱིས་བརྒྱུད་པ་བཞིན།། དེ་བཞིན་འབྱོར་པའི་ཡོ་བྱད་ལ།། རྣམ་གསུམ་ཚུལ་དུ་ནན་ཏན་བྱ།། བསོད་ནམས་ཚོག ་ཀྱི་དཀྱིལ་འཁོར་རོ།། བཀའ་བསྟོད་ཕོ་ཉའི་དཀྱིལ་འཁོར་ནི།། སངས་རྒྱས་མི་བསྐྱོད་པ་ཡི་ནི།། ཞིང་ཁམས་མངོན་པར་དགའ་བ་ན།། རྒྱལ་ཚབ་སྐྱེས་བུ་ཀུན་གྱིས་གསུངས།། དེའི་གདམ་ངག་མདོར་བཀོད་པའོ།། རྟག་དང་རྟེན་ནི་གཞུང ་ལྟར་བཤམ།། དུར་ཁྲོད་ཆེན་པོ་རབ་འཇིགས་པའི།། མཚོ་ནི་རྐོང་རྐང་ཐང་དམར་ན།། རི་ནི་བྱིན་ལག་མཆོངས་ཀྱི་རྩེ།། སྟེང་ན་འདབ་ཆགས་རྒྱལ་པོ་གནས།། ཀེང་རུས་ཐོད་པ་མཁར་དུ་བརྩིགས།། རུ་ལས་ཚོགས་བདག་བསྐྱེད་ནས་ནཱི།། ཉིན ་ཀྲོ་ཏི་བུ་རི་མཾ།། རང་གི་འཁོར་ཚོགས་ལྡན་པ་བསྐྱེད།། དེ་ནས་དཔའ་བོ་ཆེན་པོའི་རུ་ལུ་ཧཱུཾ་གཱི་འོད་ཟེར་སྤྲོས།། དྲག་པོས་གནས་ནས་གདུག་པ་དགུག། ཞལ་དུ་རྔུབས་ཏེ་སྣ་ནུས་བཏོན།། གཞོན་ནུ་སྨེ་བརྩེགས་ཞེས་གྱུར་ཏེ།། བསྐྱོད་དང་གཉིས་སུ ་མེད་པར་བྱས།། དེ་ལ་མིང་དང་མཚན་བཏགས་པ།། གང་གི་རྒྱལ་པོ་ཞེས་ཀྱང་བྱ།། ལྷ་ཆེན་ལེགས་ལྡན་ནག་པོ་སྟེ།། ལྷའི་སྡེ་དཔོན་ཀ་རུ་ན་ག། ཚོགས་བདག་ཚོན་པོ་བདུད་ཀྱི་རྗེ།། དགེ་སློང་ཐར་པ་ནག་པོ་ཡིན།། ཚོགས་བདག་ཆེན་པོ་དེ་གསོལ ་ལས་དཔའ་བོ་ཆེན་པོ་གཤེགས་སུ་གསོལ།། བདག་ཅག་སྐལ་ལྡན་འདུས་པའི་ཚོགས།། སྒོ་འདིར་འཇུག་པར་འཚལ་ལགས་ན།། རྒྱལ་བའི་སྲས་སུ་བཟུང་དུ་གསོལ།། དཔའ་བོ་ཆེན་པོས་བཀའ་སྩལ་པ།། ཧཱུཾ་ཧཱུཾ་ཧཱུཾ། བྱི་ཤ་བཛྲ་ཀྲོ་ཏ། བཛྲ་ལ་མཎྜལ ་ཕཊཊཿཏ་ཀཽ་ཏ་ཀཾ་ཕཊ། ཧ་ལ་ཧ་ལཾ། ཏག་སཱུ་ཏིག་སཱ་ཁཾ། ཀྲ་ཏ་ཀྲོ་ཏ་ཡཾ།། ཨོཾ་ཧཾ་མུཾ། སྐལ་ལྡན་འདུས་པའི་ཚོགས་ཆེན་ཁྱེད་།། བདེ་བར་འོང་སོ་ལེགས་པར་འོངས།། གྲུབ་པའི་རླུང་སྒོ་གསུང་སྒོ་འདིར།། སུ་དག་འོངས་པཾ་སླར་མི་ལྡོག། ཚོགས་བདག་ཚེན་བློ ་ཡང་གསོལ་པ།། བདག་ཅག་མཐའ་ཡས་སེམས་ཅན་རྣམས།། དོན་གྱིས་སངས་རྒྱས་ཡིན་མོད་ཀྱང་།། རྟོག་པའི་དབང་གིས་འཁོར་བ་ལ།། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ།། སེམས་ཉིད་སངས་རྒྱས་ཡིན་པ་ལ།། མུན་པས་བསྒྲིབས་པས ་དེ་མི་ཤེས།། བྱང་ཆུབ་སེམས་ཀྱི་ལམ་འདི་ནས།། སངས་རྒྱས་ས་ལ་འཇུག་པར་བགྱི།། དཔའ་བོ་ཆེན་པོས་བཀའ་སྩལ་པ།། རྡོ་རྗེ་ཅན་གྱི་རྣལ་འབྱོར་ཁྱེར།། རྡོ་རྗེ་ཅན་དུ་ཅིག་ངེས་ན།། གསང་བ་གསུམ་དུ་མཉམ་པ་ཉིད།། མི་ཕྱེད་རྡོ་རྗེ་དམ་ཚིག་སྦྱིན ་མི་ཕྱེད་རྡོ་རྗེ་དམ་ཚིག་ནི།། གསང་བ་གསུམ་གྱི་དབྱིངས་ནས་བྱུང་།། དཀྱིལ་འཁོར་གསུམ་གྱི་དམ་ཚིག་ནི།། གྲུབ་ན་འཇིགས་པའི་དུས་མེད་དོ།། ནག་པོ་ཆེན་པོས་ཡང་གསོལ་པ།། ཡེ་ཤེས་རིན་ཆེན་དབུ་རྒྱན་མཆོག། གཟི་བརྗིད་ཕུང་པོ་བླ་ན་མེད།། སངས ་རྒྱས་རིན་ཆེན་ཀུན་འདུས་པ།། རྣམ་པར་རྒྱལ་ལ་ཕྱག་འཚལ་ལོ།། དབྱིག་གི་ཡེ་ཤེས་གཙོ་མཆོག་ཉིད།། རྡོ་རྗེ་དམ་པ་མཆོག་འཛིན་པའི།། ཁྱོད་ནི་དམ་ཚིག་གཙོ་ལགས་ཀྱིས།། དབང་ཕྱུག་རྒྱལ་པོས་བདག་དབང་བསྐུར།། དཔའ་བོ་ཆེན་པོ་དེས་གནང ་བས།། ཨོཾ་བཛྲ་ཨ་མྲྀ་ཏ་ཨ་ཧི་ཧ་སརྦ་མཎྜ་ལ་ཧཱུཾ། ཨེ་བེ་ཤེ་ཀ་ཧྲི་ཏ། ནག་པོ་ཆེན་པོས་ཡང་གསོལ་པ། བདག་ནི་སྐྱེས་བུ་ཁྱོད་ཀྱིས་དབང་བསྐུར་བས།། སངས་རྒྱས་ཀུན་གྱིས་དེ་ཉིད་བདག་དབང་བསྐུར།། བཅོམ་ལྡན་ཐམས་ཅད་མཆོག་ཉིད་བདས ་ལགས་ཏེ།། མཆོག་ཉིད་བསྒྲུབ་ཕྱིར་དབང་རྣམས་བླང་བར་བགྱི།། དེའི་རྗེས་སུ་འཁོར་རྣམས་ཀྱིས།། མོས་དང་སྙན་པའི་ཚིག་གསོལ་ཏེ།། སེང་གེར་སྤྲུལ་ཏེ་གདོན་དུ་ཕུལ།། ལ་ལས་ལུས་ཀྱིས་རྒྱུན་དུ་ཕུལ།། ལ་ལས་ཤམ་ཐབས་དག་ཏུ་ཕུལ།། ལ ་ལས་ཐིག་ལེར་ཕུལ་བྱས་ཤིང་།། ལ་ལས་བྱུག་པར་མཉེས་བྱས་ནས།། ལ་ལས་ཕྲེང་བར་མཛེས་པའི་རྒྱན།། ལ་ལས་ཕྱག་མཚན་ཕུལ་ཏེ་གནས།། དེ་ནས་གིང་གི་རྒྱལ་པོ་ལ།། མངའ་གསོལ་མཆོད་པའི་ཚུལ་དུ་བསྟབ།། ཉེ་བར་སྤྱོད་པ་ལྔ་ཡང་བཞིན། ་དམ་ཚིག་དམ་རྫས་བསྔོ་བ་ནི།། དཀའ་ཐུབ་ཆེན་པོ་ཚུར་གསོན་ཅིག། ལེགས་ལྡན་ནག་པོ་མ་རུངས་པ།། རང་གི་རྒྱལ་སྲིད་ལ་གནས་ཏེ།། ཁྲམ་ལ་བཏབ་པའི་དགྲ་བགེགས་རྣམས།། རོལ་ཅིག་དགོངས་ཤིག་དམ་ཚིག་གཙོ།། ཁྱེད་ཀྱི་དམ་ཚིག་དུས་ལ ་བབ་དེ་བས་བྱང་ཁྲམ་ལེ་བཏབ་པ་ཡི།། མ་དང་སྲིང་མོ་བུད་མེད་ལ།། དཔའ་བོ་ཁྱོད་ཀྱི་རོལ་མཛོད་ཅིག། དམ་ཚིག་ཆེན་པོས་མ་བཏང་ཅིག། ཞེ་སྡང་ཅན་གྱི་བདག་པོ་རྣམས།། སེམས་ཅན་ཀུན་གྱི་སྲོག་འཕྲོག་པ།། བས་བྱང་ཁྲམ་ལ་བཏབ་པ་ཡི།། ཤ་དང ་ཁྲག་ལ་ལོངས་སྤྱོད་ཀྱིས།། གནོད་སྦྱིན་ཆེན་པོ་མ་རུངས་རྣམས།། བས་བྱང་ཁྲམ་ལ་བཏབ་པ་ཡིས།། གསེར་སོགས་ཡུལ་འཁོར་བླངས་ནས་ནི།། རང་གི་འདོད་པས་ལོངས་སྤྱོད་ཀྱིས།། རྟོག་པའི་རྒྱལ་པོ་རྣམས་གསོན་ཅིག། བསེ་བྱང་ཁྲམ ་ལ་བཏབ་པ་ཡིས།། མགོ་ཐོང་བཅད་ནས་རྡུགས་རྟེན་དང་།། དགེ་མཚན་རྣལ་འབྱོར་ངས་འདོད་ན།། ཡིད་བཞིན་ལྟ་བུའི་དངོས་གྲུབ་གསོལ།། རིགས་ངན་སྒྲ་ཤ་ཅན་གྱི་ཚོགས།། བ་ལང་གི་ཤཎྜ་ཤ་དང་།། མི་ཤ་གླང་ཆེན་ཤ་སོགས་བཞེས།། སྦྱིན་མོ་ཁྲག ་འཕྲོག་མ་ལུས་ལ།། བསད་བའི་ཁྲག་ནི་དྲོན་མོ་དག། བཞེས་ཤིག་དགྲ་བོའི་ཁྲག་ལ་རོལ།། སྤྲུལ་པའི་འཕྲ་མིན་ཆེན་མོ་རྣམས།། ཐོད་རུས་རྐང་དང་འབྲུ་མར་ཁྲག། ཆང་དང་ཨ་མྲྀ་ཏར་སྦྱར་བ་ཡང་།། རྫུ་འཕྲུལ་སྒྲུབ་པའི་དམ་རྫས་བཞེས།། རིགས་ང ་ཆེན་པོ་མ་རུངས་པ།། ཤ་ཆེན་བཤང་གཅི་ཁུ་བ་ཁྲག། དམ་རྫས་འབར་བ་འདི་བཞེས་ལ།། བདོག་གི་ནང་རྣམས་བཟློག་ཏུ་གསོལ།། དམིགས་བྱ་འདི་ལ་རིམས་ནད་ཐོང་།། སྲིད་པའི་བུད་མེད་མ་རུངས་ཁྱེད།། བྲོ་གར་གླུ་ཚིག་མཆོད་པ་བཞེས།། དམིགས ་བྱ་འཇོ་ཚུལ་སྟོབས་ཀྱིས་འཕྲོགས།། ཤོར་པ་གཞོན་ནུ་བདུད་མོའི་ཚོགས།། རྣལ་འབྱོར་ཆེན་པོའི་བཀའ་འབྱུང་གིས།། སྔགས་སྒྲ་རང་གི་མཆོད་པ་བཞེས།། དམིགས་བྱའི་ཕུང་པོ་རྡུལ་དུ་རྙོགས།། ལོག་འདྲེན་ཅན་གྱི་གདོན་རྣམས་ཉོན།། ཡང་དག་ནང་དུ་ཀུན ་རིག་ན་འཚོ་ཆུབ་ལས་ནི་གང་བྱས་ཀྱང་།། གཉིས་ཀྱི་དབང་དུ་མི་འགྱུར་གྱིས།། རྣལ་འབྱོར་ངའི་ལས་འདི་སྒྲུབས།། གསང་ཚིག་སྟེན་པའི་ཚོགས་རྣམས་ཞོན།། བཤང་གཙོ་ཁྲག་དང་སྩོལ་ཁུའི་གོས།། བརྒྱའམ་སྟོང་དུ་གོན་ནས་ནི།། ལིང་ག་བཅད་ན་སངས་རྒྱས ་འཇིག་དམ་རྫས་མཆོད་པ་འདི་བཞེས་ལ།། བཅོལ་བའི་ལས་རྣམས་གྲུབ་པར་གྱིས།། མངའ་བདག་ཆེན་པོ་མ་རུངས་པ།། རྡོ་རྗེ་སེམས་དཔའི་སྤྲུལ་པ་སྟེ།། ཁྲོ་བོ་ཆེན་པོ་གིང་ཆེན་པོ།། མངའ་བདག་བདུད་ཀྱི་རྒྱལ་པོ་བཞེངས།། རྣལ་འབྱོར་ཆེན་པོ་ངས་བསྟོད ་ཅིང་འཁྱོད་ཀྱིས་མཐུན་པའི་རྫས་ཕུལ་བས།། སྔོན་གྱི་བསྐལ་པ་བཟང་པོ་ལ།། ཁས་བླངས་དམ་བཅས་མནའ་བོར་བའི།། སྔོན་དུ་རིགས་འཛིན་གོང་མས་བསྒྲུབས།། ད་ལྟ་རྣལ་འབྱོར་བདག་བསྒྲུབ་ན།། བཾ་རི་ཐོད་པ་མཁར་གྱི་རྩེར ་རུ་མཚོན་ནག་པོ་པུ་རུ་རུ།། མཚོན་ཆ་ནག་པོ་ཆར་དུ་ཕབ།། བདུད་བྱ་ནག་པོ་ལྡིང་ཞིང་འཛུམས།། དུར་ཁྲོད་མང་པོ་རྒྱན་རྣམས་རྫོགས།། མཆེ་གཙིགས་རྔམ་པའི་ཞལ་གདངས་ནས།། ཁྲོ་བོ་ཁྲོ་མོའི་སྤྲུལ་པར་ཁྱིམས།། སྲིན་པོ་སྲིན་མོ་རྐན་སྒྲ་རྡེབས།། གནོད་སྦྱིན ་ཕོ་མོ་འབྲུག་ལྟར་སྒྲོག། ཟ་བྱེད་ཕོ་མོ་གློག་ལྟར་འགྱུར།། སོ་སོ་མོས་པ་ཐ་དད་པའི།། ཡིད་བཞིན་ནོར་བུ་དམ་ཚིག་ནི།། ཡོངསུ་རྫོགས་པས་བླང་བར་བྱོས།། དེ་ལྟར་མཆོད་བསྟོད་བྱས་རྗེས་ལ།། རང་རྒྱུད་དམ་ཚིག་གིས་གནས་ཏེ།། དེ་དག་རྣམས་ལ་མཐུན ་རྫས་བསྔོ།། དེ་ནས་གོང་ཆེན་འཁོར་བཅས་ཀྱིས།། འབྱངས་སུ་མཆིའོ་བདག་ལུས་འབུལ།། འབྲངས་ལ་ནན་ཏན་མ་ཆུང་ཞིག། དེ་ནས་སླན་ཆད་བཀའ་བཞིན་དུ།། བཀའ་ལུང་བཞིན་དུ་རྗེས་སུ་བསྒྲུབས།། གལ་ཏེ་བཀའ་བཞིན་མ་བགྱིས་ན།། དམ་པའི་ལུང ་ལས་འགྲེལ་འགྱུར་བས།། བདག་ཅག་རྣམས་ཀྱི་མགོ་ལུས་སྙིང་།། རུལ་མྱགས་སྐམས་ནས་ཚིག་པར་འགྱུར།། མ་སྙིང་བུ་མོ་ཆུང་མ་རྣམས།། འབྲངསུ་དབུལ་ལོ་ཚིག་མ་ཆུང་།། དབུས་སུ་མཆིས་སྐལ་མི་ལྡན་གྱིས།། འབར་བའི་དཀྱིལ་འཁོར་མཐའ་ལ ་ཞོགང་ཕུད་ལ་འཚལ་སྐལ་མི་ལྡན་གྱིས།། ལྷག་མ་ཁལ་ཆེ་བ་བྲོན་ལ་གསོལ།། ཉེ་གནས་གདུང་མོ་མ་སྲིང་རྣམས།། དེང་ནས་རྒྱལ་བའི་འབངས་ཡིན་གྱིས།། ཁྱེད་ཀྱི་ཆེ་འགྱི་ལོས་མཁན་ཏོ།། བཀའི་ལས་བྱུང་རྟོག་པར་མྱུར་དུ་སྦུབས།། རུ་ལུ་རུ་ལུ་བྷྱོ་ཞེས་པ། ་རང་གི་སྲོག་ལ་ཚང་དུ་བཞག།། དཔའ་བོ་ཆེན་པོས་བཀའ་སྩལ་པ།། བརྩེ་བར་བྱེད་ན་མར་བྱའོ།། གདུང་བར་བྱེད་ན་སྲིང་མོ་སྟེ།། བརྩོན་པར་བྱེད་ན་བན་དུ་བྱ།། བྱང་ཆུབ་དག་ནི་བུར་བྱའོ།། བདུད་བྲལ་མེད་ན་སློབ་མར་བྱའོ།། བསྐུལ་པ་མགྱོགས་ན་ཕོ་ཉ་བྱའོ།། བཀའ ་བཞིན་བྱེད་ན་བཀའ་ལ་གདགས།། རྡོ་རྗེ་ལྗགས་ཀྱི་འོད་ཟེར་ལྔས།། རུག་ཤ་ཤྲིཾ་རི་ཧེ་རུ་ཀཱ། རུ་ཏྲ་མ་ཏྲི་ཧ་ཧཾ་ཞེས་བསྡུས་ཏེ་བཟླས་པ་བྱ།། བསྙེན་པ་བཟློས་པ་འབུམ་བྱས་ལ།། དོན་ཆེན་བརྩལ་བ་ཞེས་སུ་བཤང་།། ཐུན་མཚམས་ཀུན་ཏུ་མཆོད་པ་ཡང་།། དུད་ཆེན ་ལ་སོགས་བཏང་བར་བྱ།། དོན་ཆེན་རྙེད་པར་གྱུར་ནས་ནི།། སྣའི་བུ་གའི་ཧཱུཾ་རིངས་ལས།། ཁྲོ་བོ་གང་གི་རྒྱལ་པོ་སྟེ།། ལས་ཀྱི་རྒྱལ་པོ་སྲོག་བདག་ནི།། ལྗང་སྔོན་དྲག་པོ་གསལ་ཞིང་ཅན།། སྤྲོས་དང་གཉིས་སུ་མེད་པར་བསྟིམ།། རྒྱུ་ཞགས་ཁར་ནག་སྐུད་པའམ། ་མཐིང་ནག་དར་ཆེན་འཆར་བ་ལ།། ཕྱེ་མའི་རི་ལུ་གསུམ་སྦྲུས་ཏེ།། རང་གི་ལག་པ་གཡོན་པར་བཟུང་།། གཟུང་ཐག་བླངས་ཏེ་སྔགས་བཟླས་པ།། ཉེ་བའི་བསྙེན་པ་འབུམ་དུ་བཟླས།། དོན་ཆེན་བསྙེན་པར་གྱུར་པ་ཡི།། དེ་ནས་དོན་ལ་འཇུག་པར་བྱ།། རང་གི་ལག ་པ་གཡོན་པ་ཡི།། ཐུམ་པོ་བར་པ་ཁ་ཕྱེ་ནས།། མཁར་གྱི་ནང་དུ་ཕོ་ཉས་བསྐུལ།། འབུམ་དུ་སྒྲུབ་པ་དག་ནི་བཟླས།། དེ་ནས་ཚོགས་ཀྱི་མཆོད་པ་ནི།། གསུམ་དུ་བྱས་ཏེ་དབུལ་བྱས་ནས།། གདེང་དུ་གྱུར་པའི་གསང་སྔགས་མཆོད།། བསྒྲུབ་པ་ཆེན་པོ་འབུམ ་དུ་བཟླས།། ཕོ་ཉ་མངའ་གཞུག་བདག་དཀྱིལ་འཁོར།། འབྲུབ་ཁུང་ལས་ཀྱི་དཀྱིལ་འཁོར་ནོ།། སྟུག་པོ་བཀོད་པའི་ཞིང་ཁམས་ན།། རྣམ་དག་ལམ་གཤེགས་རྒྱལ་ལ་རྣམས།། རྐོང་རྐང་ཐང་མོར་རྒྱ་མཚོའི་དེ།། འབྲུབ་ཁུང་དྲག་ཤུལ་ཅན་གྱི་གནས།། རྫོ ་རྗེ་ཐབས་ཀྱིས་བལྟ་བའི་ཡུལ།། དུར་ཁྲོད་བདག་པོ་ཚོགས་དང་བཅས།། བདག་ནི་བཀའི་ལས་མཁན་ཏེ།། བཀའ་ཡི་ལས་ཀྱི་དུས་བྱུང་བས།། སངས་རྒྱས་ཀུན་གྱིས་གདུལ་དཀའ་བ།། དེ་དག་མ་ལུས་བདག་གིས་གདུལ།། དཀ ་ལས་དེ་དག་མདོར་བཀོང་བའོ།། ལྷོ་ཕྱོགས་ལས་ཀྱི་མཎྜལ་སུམ་རྩེག་ལ།། དང་པོ་ཐོད་པའི་ཕྲེང་བས་བརྒྱན།། དེ་འོག་མཚོན་ཆའི་ཆར་གྱིས་སྤྲས།། དེ་འོག་མོ་རེ་འབར་བས་སྤྲས། ནང་དུ་རྒྱལ་སོལ་ནག་པོས་བྱུགས།། དེའི་ནང་དུ་ལིང་ཀ་ནི།། ཇི་ལྟ་བའི ་ཚུལ་གྱིས་བཞག། ཡན་ལག་ཕྱག་རྒྱ་བཞི་ཡིས་བརྒྱང་།། ཁ་རན་དང་པོར་འཕྲ་མེན་མ།། བར་མ་ལ་ནི་མགོ་མཉན་ཏེ། ཐ་མ་ལ་ནི་སྲིན་མོ་ཚོགས།། གདུག་པའི་ཚེར་མའི་ཕུར་བུ་ལ།། མཚོན་པར་བྱས་ཏེ་རྣམ་པར་བཀོད།། མགུལ་ནས་གདགས་ཤིང ་རྟེན་ལ་འདུད་།། དེ་ནི་ལས་ལ་སྦྱར་བ་ཡི།། གཏོར་མ་ལ་སོགས་མཆོད་པ་རྣམས།། མཉེས་ཤིང་མགུ་བ་གཞུང་བཞིན་བྱ།། ཇི་སྲིད་མཚན་མ་རྙེད་ཀྱི་བར།། ལས་ལ་སྦྱོར་བ་དྲུག་པའི་སྔགས།། རྔམ་པའི་ང་རོས་གདོན་པར་བྱ།། མཉེས་ལ་སོགས་པ ་གཟུ་དབང་གསོལ།། དེ་ནས་ཕོ་ཉ་མངག་པར་བྱ།། འབར་བ་དྲག་པོ་མི་བཟང་བའི།། རྟོག་པ་མེད་པའི་རྒྱལ་པོ་ལས།། རྡོ་རྗེ་ལྕགས་ཀྱི་འོད་ཟེར་གྱིས།། བཛྲ་ཀྲོ་ཏི་ལ་ས་མ་ཡ།། ཁྲོ་བོ་རྒྱལ་པོ་སྤྲིན་ཕུང་པོ།། མངག་གཞུག་ཕོ་ཉར་སྤྲོ་བར་བྱ།། ་རག་ཤ་ཛྭ་ལ་ས་མ་ཡ། སྔོན་པོ་མངག་པའི་དྲག་སྔགས་སོ།། གནོད་སྦྱིན་རྦང་པའི་དྲག་སྔགས་སོ།། ཙིཏྟ་ཛྭ་ལ་ས་མ་ཡ།། ཟང་བྱེད་བསྐུལ་བའི་ཕོ་ཉའོ།། སྔགས་དང་མིང་དུ་སྤེལ་ནས་ནི།། ཁྲོས་པས་ཁྲི་འམ་འབུམ་དུ་བཟླས།། དུང་ཆེན་བཏང ་ལ་བསྐུལ་བ་ནི།། སྔོན་ཚེ་དཔལ་ཆེན་ཉིད་ཀྱི་བཀའ།། དེ་ནས་རྣལ་འབྱོར་རིག་རྒྱུད་བཀའ།། ད་ལྟ་རྣལ་འབྱོར་བདག་སྒྲུབ་ཀྱིས།། ཁས་བླངས་དམ་བཅས་བརྗེད་དམ་ཅི།། དམ་བཅས་བཞིན་དུ་ཕྲིན་ལས་མཛོད།། ཇི་ལྟར་མ་བྱམས་བུ་ལ་གདུང ་བ་བཞིན་དང་དམ་ཚིག་ཅན་ལ་དུང་དུང་གདུང་བར་གྱིས།། གང་དུ་སྲིད་བྱམས་མིང་ལ་གདུད་པ་བཞིན།། དམ་ཚིག་ཅན་ལ་ལྟེང་ལྟང་བརྩེ་བར་གྱིས།། མཛའ་བོ་གྲོགས་ལ་ཇི་ལྟར་གདུང་ཚུལ་བཞིན།། རྣལ་འབྱོར་ཅན་ལ་ཀྲིལ་ཀྲྀལ་བརྩེ་བར་གྱིས།། ་ཇི་ལྟར་གཡོག་བྱམས་དཔོན་ལ་སྙིང་བརྩེ་བཞིན།། དམ་པ་རྣམས་ལ་མཉེས་པར་ཉེ་བར་གྱིས།། རྒྱལ་བ་ཀུན་གྱི་ཆོས་སྐུ་པདྨའི་གདུང་།། ཆོས་རྗེ་འོད་དཔག་མེད་ལ་རྡོ་རྗེ་ཆོས།། སྤྱན་རས་གཟིགས་སྤྲུལ་ཧྲི་ལས་རྔམ་ཚུལ་སྟོན།། དག་གི ་དབང་ཕྱུག་རྟ་གདོང་ཞབས་ཀྱིས་གནོན།། འཇིགས་བྱེད་ཆེན་པོ་འབར་བ་ལ།། སྔོ་ནག་འབར་བའི་རལ་པ་ཅན།། དབུ་དགུ་ཕྱག་ནི་བཅོ་བརྒྱད་པ།། རྡོ་རྗེ་གཤོག་པས་བར་སྣང་ཁེབས།། བ་སྤུ་ལྕགས་ཀྱུ་བསྲེག་འདྲ་ཡི།། སྡོམ་དང་སྡིག་ད ་སྨིག་པ་སྤྲུལ།། འཇིགས་པའི་གཟུགས་ཀྱིས་གཞི་ཁེབས།། ཐོགས་སྐྱོབས་སྟིར་རྒྱུ་ཞགས་དང་།། ཉི་ཟླ་ཁྱུད་དང་འུག་པ་ཁྲ།། རྡོ་རྗེ་མདུང་རྩེ་གསུམ་པ་དང་།། ཟ་མ་ཏོག་དང་རྡུལ་ཡབ་རྔ།། རི་རབ་ཕྱི་བསྐོར་སྟོང་གསུམ་འཕེན།། ཀླུ་དབང ་འབུམ་གྱིས་བརྒྱན་གྱིས་ཀླུབས།། དུས་མཐའ་བསྐལ་བའི་མེ་ལྟར་འབར།། ཁྲོ་གཉེར་སྡང་མིག་འབར་བ་ནི།། ཉི་ཤུ་རྩ་བདུ་ན་སྤྱན་རས་གཟིགས།། ཞབས་ཀྱིས་འབར་བའི་ལྷ་བརྒྱད་གནོན།། རྡོ་རྗེ་སྲིན་པོ་ཁྲོ་བོར་གྱུར།། ལྷ་དང་བདུད་ལྔ ་རྣམ་པར་གྲགས།། མེ་མཆོག་ཐུགས་ཀྱི་སྤྲུལ་པ་ལས།། ལྷ་ཆེན་ནག་པོ་མི་བཟད་པ།། མཚོ་ནི་རྐོང་རྐང་ཐང་དམར་ན།། རི་བོ་བྱན་ལག་མཆོངས་ཀྱི་རྩེ།། མ་ལ་ཡའི་རྩེ་ལ་ལྕགས།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས།། སྤྲུལ་པའི་སྲས ་མཆོག་རྡོ་རྗེ་འཛིན།། གཞོན་ནུ་བྱེ་བ་ས་ཡར་མཛད།། བཻ་རི་ཐོད་པ་མཁར་གྱི་རྩ་ར།། མགོན་པོ་ཐུགས་ཀྱི་སྤྲུལ་པ་ནི།། བདུད་ཀྱི་སྤྱོད་ཡུལ་ཀུན་མཛད་དེ།། དྲག་ཏུ་མདག་ཅིང་བསྐུལ་བའི་ཚེ།། འཇིག་རྟེན་ཁམས་ཀུན་འཕུང་བར་བྱེད།། ཐམས་ཅད ་དབྱར་གྱི་སྤྲིན་ཕུང་བཞིན།། ན་མོཁའི་དབྱིངས་ཀྱི་མཐའ་ཀླས་པར།། བ་རི་ཐོད་པའི་རྩེ་ལ་ལྗགས།། མཐུན་འཇུག་ཐབས་ཀྱི་ཆ་བྱང་དུ།། བ་རི་ཐོད་པ་མཁར་གྱི་རྩར།། ཁྲག་དང་བཤང་གཅི་ཤ་ཆེན་དང་།། རྐང་དང་ཀླང་བགྲང་རྒྱས་དང་།། རྣག་དང ་ཆུ་སེར་ལ་སོགས་པའི།། འབུ་དང་ཤིན་ཏུ་འབུ་ཆེན་པོ།། སྤང་མ་སྦྲང་རྒོད་བུང་བ་དང་།། སྦྲུལ་དང་སྡིག་པ་སྡོམ་ལ་སོགས།། ཙོ་སྤྱང་སྟག་སེང་ལ་སོགས་པའི།། གདུག་པ་ཅན་གྱི་འཁོར་གྱིས་བསྐོར།། ལྷའི་སྡེ་དཔོན་ཀ་རུ་ནའི།། བུ་མོ་ཆུང་མ་མ ་སྲིང་དང་།། འཇིག་རྟེན་དབང་ཕྱུག་ལྷ་ཆེན་གྱི།། མ་སྲིང་བུ་མོ་ཆུང་མ་རྣམས།། ཕྱོགས་ནས་དབང་དུ་བྱིས་པ་རྣམས།། ཟླས་དང་བྱི་མོ་བྲན་མོའི་ཚེགས།། བཅུ་གཉིས་དང་ནི་བརྒྱད་ལ་སོགས།། མ་མོ་འཕྲ་མེན་གནོད་སྦྱིན་མ།། སྲིན་མོ་ཤ་ཟ་ཁྲག ་འཕྲོག་མ།། བདུད་ཀྱི་མིང་འཛིན་དྲི་ཀུན་མ།། དམ་འམས་འདིའི་བླ་ལ་ཡང་།། བློན་པོ་སྡེ་དཔོན་སྡེ་དཔོན་མོ།། རུ་མཚོན་ནག་པོ་ཕྱར་ནས་ནི།། རུ་དཔོན་ཕོ་ཉ་མངག་པར་བཅས།། རང་རང་སྟན་དང་ལག་ཆར་ཆས།། ཅི་བགྱི་བཀའ་ཉན་བཀའ་སྟོང་འཁོར ་སྤྱད་དང་རྡུམ་པས་དགྲ་སྙིང་ཁོས།། སྲིད་པའི་བུ་མ་དྲི་ཟ་བརྒྱད།། སྟག་སད་ཅེ་སྦྱང་བཞད་སོགས་དང་།། དུར་བྱ་རོག་པོ་འུག་པའི་ཚོགས།། བསྟོད་ཙོང་རྔམ་པའི་ཚུལ་དུ་འཁོད།། ཉམས་པ་འདིའི་སྟོང་དཀྱིལ་དུ།། ཆོ་འཕྲུལ་སྣ་ཚོགས་ཁྱེད་ལ་བསྒྲགས། ་སྲིན་མོའི་ཉེ་གནས་ཆེན་མོ་བརྒྱད།། ཀེ་རི་ཙེ་པྲ་མོ་ཧ། བེ་ཏ་ལི་དང་པུ་ཀ་སི།། གྷ་སྨ་རི་དང་སྨ་ཤི་ནི།། མཎྜལ་ལི་ལ་སོགས་པ་ཡིས།། སྲོག་ལ་ཧུར་ཐུམས་དུས་ལ་བབ།། དུར་ཁྲོད་སའི་སྒོ་སྲུངས་བཞི།། བརྩོན་མོ་གདང་མོ་གར་ལོག་མ།། དེ་བཞིན་འཇུག ་མོ་ཆེན་མོ་བཞི།། གསང་སྒོ་འཛིན་ཅིང་བཀའ་སྒོ་སྲུང་།། རྣལ་འབྱོར་འཁོར་དང་བཅས་པ་ལ།། བར་ཆང་བསྲུང་བའི་དུས་ལ་བབ།། ངམ་ཉམས་འདིའི་ཡན་ལག་ཆིངས།། དུར་ཁྲོད་བདག་མོ་གྲུབ་འདེབས་མ།། རྐམ་མ་ཤིན་ཏུ་རྐམ་མ་དང་།། ར་རོ་མ་དང ་ཁྲག་མཐུང་མ།། ཆགས་པས་མྱོས་པའི་མདངས་ཀྱིས་འཁོད།། དམ་ཉམས་འདིའི་དབུགས་ལོང་ལ།། སྨྱོ་འབོགས་བཏང་བའི་དུས་ལ་བབ།། ཉམས་སུ་མྱོང་བར་ཁྲོས་དུས་ནི།། སྔོན་དུ་སྟེན་ཕུལ་མངའ་གསོལ་བའི།། མཚོན་ཆ་ནག་པོ་ཐོགས་ནས་ནི།། སྐབས ་དེར་ཐུན་གཟེར་བརྡེག་པར་བྱ།། བདེ་གཤེགས་རྒྱལ་བ་མ་ལུས་ཀྱིས།། མར་ཀུ་ལྟ་བུའི་སྙིང་པོ་གསུངས།། དེ་འདྲའི་བསྟན་པ་དམ་པ་ལ།། སྒྲོ་སྐུར་རྣལ་འབྱོར་ཡོངས་ལ་འཚེ།། ད་ལྟ་རྣལ་འབྱོར་ང་ཡི་དགྲ། ཕོ་ཉ་མ་དག་གཞུག་མ་ལུས་ཀུན།། འདི་ལ་དམ་ཚི ་མ་གནས་ཀྱིས།། དྲག་པོ་ལས་ཀྱི་ཐུན་ལ་བབ།། རྡོ་རྗེ་གཞོན་ནུ་སྨེ་བ་བརྩེགས།། མིཐིང་ནག་ཁྲོ་གཉེར་རལ་པ་ཅན།། འབར་བ་ཆེན་པོ་གར་དགུ་མཛད།། དུར་ཁྲོད་བདག་པོ་ཇི་བཞིན་དུ།། དབུ་དང་ཕྱག་ཞབས་དེར་མཛད་དེ།། སྤྲུལ་པ་ཆེན་པོའི་དུས་ལ་བབ།། རྡོ་རྗེ་ཟླ ་རྩལ་གི་མའི་མདངས་ཅན་དང་།། རྡོ་རྗེ་སེང་གེ་ནཱམཁའ་རྡོ་རྗེ་དང་།། རྡོ་རྗེ་སྤྱང་ཀ་རྡོ་རྗེ་དུས་མཚམས་དང་།། རྡོ་རྗེ་ཕྱོགས་འདུལ་རྡོ་རྗེ་དུར་ཁྲོང་བདག། རྡོ་རྗེ་རོ་ལངས་རྡོ་རྗེ་མ་རུངས་པ།། ལེགས་ལྡན་ནག་པོ་བདུད་ཀྱི་རྗེ།། གསུང་ཤིང་རོ་དྲག་ཐ་མ་བང། ་པ་འུར་འུར་ཆེ་མཆེ་མ་དྲག་པོའི་སྒྲ་དང་ལྡན།། རབ་ཏུ་བརྩེགས་པའི་སྐུ་ནི་མི་ཟད་པ།། མགུལ་ལྡེག་རབ་གཡོས་དགྲ་ལ་ཐུན།། དཔའོ་ཁྱེད་ཀྱི་ཤེས་རབ་མ།། བ་རི་ཐོད་པ་བརྩེགས་པའི་དབུས།། གནམ་ལྕགསེ་འབར་བའི་གཟེར་ཆེན་གྱིས།། བརྟན་པར་བཏབ་པའི་ནང ་བདག་མོ་དན་ཉེ་གནས་ཀྲོ་ཏ་ཤྭ་རི་མ།། ཐོད་སྒྱོགས་ཁྲག་གིས་བཀང་བ་དང་།། འབྲུ་མར་རྫས་ལྔ་ཆང་སྦྱར་བ།། རྟག་པར་རང་གི་ལོངས་སྤྱོད་འཛིན།། ཆགས་པས་མྱོས་ཤིང་རྐམ་པ་ནས།། ཆེས་འགའ་དྲག་ཏུ་བསྐུལ་བའི་ཚེ།། སྔགས་སྒྲ་དྲག་པོ་མི་བཟད་པས།། རང ་ལ་རང་ཡང་བརྩིག་ཅིང་འདུམ།། སྲིན་པོ་སྲིན་མོའི་ཚོགས་རྣམས་ཀུན།། དྲག་པོར་སྔགས་དྲག་ངེས་བཟློས་ཤིང་།། གདུག་པའི་ལུས་ཅན་མཚོན་ཆར་བཅས།། གླད་པའི་དཀྱིལ་དུ་རྒྱབ་པ་ཡིས།། རྐང་པའི་མཐིལ་དུས་མ་ཡ།། ཨ་བི་ར་ཙའི་གནག་པ་ཡིན།། ཐུན ་འཇུག་འཁྲིད་པའི་སྦྱོར་ཐབས་ཀྱིས།། བདུད་རྩི་ལྔའི་མདངས་སྦྱོར་བས།། གཤུང་བ་ལྔ་ནི་བདུད་རྩིར་བསྒྱུར།། བྱས་ལ་མི་རྩོགས་ཕྲིན་ལས་དང་།། སྤྱོད་ལ་མ་ཆགས་ཡེ་ཤེས་ཀྱིས།། ཐམས་ཅད་སྟོང་ཞིང་རྡོ་རྗེ་སྦྱངས།། སྒྱུ་མའི་ཕུང་པོ་ལྷག་མ་ལ།། ཁྲོ་བོ་ཁྲི ་མོས་རྟ་བྲོ་བརྡུང་།། ། འདོད་ཆགས་རྡོ་རྗེ་ཞེ་སྡང་གཏི་མུག་གསུམ།། མནན་ནོ་མནན་ནོ་འོག་ཏུ་མནན།། ཤ་ཁྲག་རུས་སྤུངས་ལྷག་མ་རྣམས།། ཟ་བྱེད་ཚོགས་ཀྱི་ཞལ་དུ་བཏབ།། ལས་རྣམས་གཞན་ཡང་བསྟན་བྱའི་ཕྱིར།། དྲག་པོའི་ལས་རྣམས་སྒྲུབ་པ་ནི།། ་ནག་པོ་ཕྱོགས་ལ་སྦྱོར་གོམས་པས།། དྲག་པོ་ཡི་ནི་སྦྱིན་བསྲེག་བརྒྱད།། རྣལ་འབྱོར་ཁྲོས་པའི་སེམས་ཀྱིས་བྱས།། ལིང་ག་བཅད་ཅིང་བསྙེགས་པས་ན།། སངས་རྒྱས་ཉིད་ཀྱང་འཇིག་འགྱུར་ན།། གཞན་ལྟ་སྨོས་ཀྱང་ཅི་ཞིག་དགོས།། འབྲུག་ཁུང་ལས་ཀྱི་དཀྱི ་འཁོར་རོད། གཏད་ཁྲོམ་མནན་པའི་དཀྱིལ་འཁོར་ནི།། གདུག་འདུལ་ཞིང་ཁམས་ཆེན་པོ་ནི།། སྟོན་པ་གསང་བདག་ཉིད་ཀྱིས་གསུངས།། དེའི་གདམས་ངག་རྒྱུད་པ་ནི།། སློབ་དཔོན་ཧཱུཾ་ཀཱ་ར་ཡི་ནི།། དེའི་གདམ་ངག་མདོར་བཀོད་པའོ།། གོང་དུ་ལས་ལ་སྦྱོར་བ་ན་ཀླས ་སྣ་བདུན་གྱིས་འདག་པ་ལས།། ཚད་ལྡན་པའི་མཁར་བྱས་ལ།། སྟེང་དུ་བྱ་ཁྱུད་རྒྱལ་པོ་བྱ།། ནང་དུ་མགོན་པོ་ནག་པོ་སྟེ།། མཆེ་གཙིགས་ཞབས་ནི་བགྲད་པའི་འོག། སྦྱིན་སྲེག་བྱས་པའི་ཐལ་བ་དང་།། དྲི་མ་ལ་སོགས་རྗེས་རྣམས་ལ།། ལིང་ག་མོད་བྱུང་བྲིས ་ཏེཏེ་བཞག། ཨ་ར་མ་རུ་ཤ་དང་ནི།། ཀྲ་སྣེ་སྐུ་ར་བཞི་ཆང་ཡི།། ཐོད་པ་ཁ་སྦྱར་ཞགས་པས་གསུམ།། ཀ་རུ་ནའི་ཕྱག་རྒྱ་དང་།། གནམ་ལྕགས་འབར་བའི་གཟེར་ཆེན་གྱིས།། བླངས་ཏེ་དུར་ཁྲོད་ནག་པོའི་ཚལ།། མི་མཐུན་འདུས་པའི་སར་སོང་ལ།། གཏོར་མ ་ལ་སོགས་རྔན་པས་མཆོད།། གྲུག་སུམི་ཁྲུ་དོ་རྐོ་བྱས་ལ།། གོང་གི་མཁར་ཆེན་བཅུག་ནས་ནི།། གཡམ་པ་ནག་པོས་ཁ་བཅད་ནས།། རྡོ་རྗེ་རྒྱ་གྲམ་གྱིས་མནན་བྱ།། ཆུ་མིག་ནག་པོ་མ་རུངས་དང་།། ལྷ་ཁང་མགོན་པོའི་ཞབས་འོག་ཏུ།། མནན་པ་བྱས་ཀྱང་འགྲུབ ་པར་གསུངས།། གཏང་ཁྲམ་མནན་པའི་དཀྱིལ་འཁོར་རོ།། དེ་གཏིང་སྒྲུབ་པའི་གནས་ཕྱིན་ནས།། འཇིག་རྟེན་འདས་དང་འཇིག་རྟེན་པའི།། སྤྱན་དྲངས་ལྷ་རྣམས་མ་ལུས་ལ།། མཆོད་བསྟོད་བཤགས་པ་བྱ་བ་དང་།། བཏང་རག་ལྷག་མའི་གཏོར་མ་གཏང་།། དེ་ནས ་དབྱིང་སྨྲ་ཅི་བདེར་གཤེགས།། བསྐྱེད་པའི་ལྷ་རྣམས་ལུས་ལ་བསྡུ།། མཚམས་དང་ཕྱག་རྒྱ་ལ་སོགས་ལ།། ངོ་བོ་ཉིད་ཀྱིས་དགྲོལ་བར་བྱ།། སྨོན་ལམ་གང་བ་ཅིང་སྤྱོད་ལམ་ལ།། སྒྱུ་མའི་ཚུལ་གྱིས་ཅི་བདེར་སྤྱད།། གྲུབ་དང་ལུང་བསྟན་མ་ཐོབ་ཀྱང་།། ་བདག་པས་བློ་དམན་ཆེད་དུ་ནི། \ུ0f7fདཀྱིལ་འཁོར་བདུན་པའི་སྒྲུབ་ཐབས་ཕྱེ།། ཚད་མ་དང་ལྡན་མཁས་པ་རྣམས།། བདག་གི་བློ་ལ་མི་བྱ་ཞིང་།། མཁས་པ་རྣམས་ཀྱི་བཟོད་པ་བཞེས།། འདི་བརྩམས་འདི་ལ་མོས་པ་རྣམས།། རྡོ་རྗེ་སེམས་དཔའ་ཉིད་ཐོབ་ཤོག། སློབ ་དཔོན་ཆེན་པོ་སྤྱིར་མ་ཏིས་དགོངས་པ་ལས་རྡོ་རྗེ་བཀོད་པོའི་རྒྱུད་བསྟན་པ་བསྲུང་བ། རྣལ་འབྱོར་ཡོངས་ཀྱི་མགོན་པོ་ལེགས་ལྡན་ནག་པོའི་སྒྲུབ་ཐབས་ཀྱི་དཀྱིལ་འཁོར་བདུན་གྱི་རིམ་པ་རྣམ་པར་ཕྱེ་བ་སློབ་དཔོན་སྣང་མཛད་མྱུ་གུས་མཛད་པ་རྫོགས།། ་