CLOSE WINDOW

GT2573: lha mo nor rgyun ma la bstod pa
Wyliee-texts produced with BDRC’s OCR application

སྙིང་ནས་སྨོས་ཀྱང་ད་དུང་མ་གཟིགས་ན།། ས་གསུམ་ཀུན་ལ་སྙོམས་པར་དམ་ནི་མ་བཅས་སམ།། བདག་ལ་སྐལ་བ་མེད་ཀྱང་ཐུགས་རྗེས་ཅི་མི་གཟིགས།། སེམས་ཅན་མིན་ནམ་དབུལ་བའི་སྡུག་བསྔལ ་བྲལ་བར་མཛོད།། བདག་གིས་བོས་པས་ཁྱོད་ཀྱི་ཐུགས་རྗེའི་ཞགས་པ་ཡིས།། སྲིད་འདིར་དབུལ་ཕོངས་སོལ་ལ་བདེ་ཆེན་གནསུ་དྲོངས།། འཇིགས་འཇིགས་འཇིགས་པར་མི་བྱེད་ཁྱོད་ཀྱིས་བྱིན་བརླབས་ཏེ།། འདི་དང་ཕ་རོལ་གཉིས ་ཀར་རྟག་ཏུ་སྒྲུབ་པར་མཛོད།། རྨུགས་འཛིན་འཆོལ་པའི་མན་ངག་གི་བསྟོད་པ།། བླ་མ་དྷ་བྱང་ཆུབ་སེམས་དཔས་མཛད་པ་རྫོགསྷོ།། ། ཁུ་ཙོག་སློབ་དཔོན་ཉི་མ་སྨྲས་པས་མཛད་ཞེས་ཀྱང་ཟེར་རོ།། ་རྒྱ་གར་སྐད་དུ། དེ་བི་བ་སུ་དྷ་རཱི་སྟོདྲྀ།། བོད་སྐད་དུ།། ལྷ་མོ་ནོར་རྒྱུན་མ་ལ་བསྟོད་པ།། ལྷ་མོ་ནོར་རྒྱུ་མ་ལ་ཕྱག་འཚལ་ལོ།། ཨོཾ་མི་བུམ་པ་རིན་ཆེན་གཏེར་ལྡན་སྟེ།། དེ་སྟེང་སྐྱོན་བྲལ་ཉི་མའི་དཀྱིལ་འཁོར་ལ།། གདོད་ནས ་དག་པས་སྐུ་མདོག་སེར་ལྟ་བུ།། མ་བཅོས་རང་བཞིན་བྱིས་པའི་གཟུགས་འདྲ་བ།། སྙེན་མགུར་ཕྱག་ཞབསོ་རིན་ཆེན་ཕྲེང་བས་བརྒྱན།། ཟླ་རྒྱས་ལྟར་མཛེས་འཕགས་མའི་སྐུ་ལ་འདུད།། བརྩེ་ལྡན་སྦྱིན་པ་གྲུབ་པའི་ཚུལ ་མངའ་བ། པད་མའི་ཞབས་མདའ་འགག་མེད་སེང་གེའི་སྦས།། འགྲོ་བའི་སྡུག་བསྔལ་མ་ལུས་སེལ་བྱེད་མ།། དཔལ་ལྡན་ལྷ་མོ་ཁྱོད་འདྲའི་གསུང་ལ་འདུད།། ཚོགས་གཉིས་མཐར་ཕྱིན་ས་བཅུ་རིམ་འགྲོད་ནས། ་ཐུགས་རྗེའི་དབང་གྲི་སཾ་སེམས་ཅན་རེ་འདོད་བསྐོར་།། སྤྲོས་པའི་མཐའ་བྲལ་བདེ་བ་ཆེན་པོའི་དང་།། ཡང་དག་དོན་རྟོགས་ལྷ་མོའི་ཐུགས་ལ་འདུད།། ཕྱག་གཡས་མཆོད་སྦྱིན་བི་ཛ་ཕ་ལ་ཡིས།། འཇིགས་པ་བརྒྱད་སྐྱོབ་འགྲོ་རྣམས་དབང་དུ ་བསྡུད་དབུལ་བ་སེལ་ཞིང་མཁའ་སྤྱོད་འདྲེན་མཛད་གི། གཡོན་པ་ཐུགས་ཀར་རིན་ཆེན་སྙེ་མ་འཛིན།། དགོས་འདོད་རེ་སྐོང་དཔག་བསམ་ཤིང་ལྟ་བུ།། ཡིད་བཞིན་ནོར་འདྲ་ཁྱོད་ལ་ཕྱག་འཚལ་འདུད།། བད་གིས་ཁྱོད་ལོ་རྟག་ཏུ་མཆོད་བྱེད་ཅིང་།། ་གུས་དང་བཅས་པའི་སེམས་ཀྱིས་རབ་བསྟོད་ན།། གདོང་ལ་མཚམས་རབ་ཏུ་གོས་གྱུར་ཀྱང་།། དབུལ་བའི་སྡུག་བསྔལ་སྐད་ཅིག་མ་འདོར་ན།། སྔོན་གྱི་ཐུགས་རྗེའི་སྨོན་ལམ་གང་དུ་ཐལ།། ལས་ཀྱིས་འཕྲོ་མེད་སྦྱིན་ཤུགས་ཟད་པ་ཡིན།། ཕུ ་སུམ་ཚོགས་པའི་སྐལ་བ་མེད་གྱུར་ཀྱང་།། ཚེ་འདིར་ཕོངས་པས་ལོག་འཚོ་སྤྱོང་ཙམ་གྱི།། ཐུགས་རྗེའི་ཐིགས་པ་འགའ་ཙམ་ཅེས་མི་སྦྱིན།། དུས་འདི་ནས་བཟུང་ཚེ་རབས་ཐམས་ཅད་དུ།། འཕགས་མ་ནོར་རྒྱུན་མ་ལ། མཆོད་བྱེད་ཅིང་།། ཐེག་ཆེན ་གསང་སྔགས་ཆོས་ལ་སྤྱོད་པ་དང་།། བླ་མ་རྡོ་རྗེ་འཛིན་པའི་བཀའ་ཉན་ཅིང་།། དབྱེར་མེད་ཕྱག་རྒྱ་ཆེན་པོའི་དོན་རྟོགས་ཤོག། རྟ་དང་གླང་པོ་རིན་ཆེན་གོས་རྣམས་འགྲུབ་པ་དང་།། ཁྲུས་ཀྱི་རྫིང་བུ་རིན་ཆེན་པོང་མཛོད་དང་།། འདོད་འཇོའི་བ་དང་མ་རྨོས ་འབྲུ་རྣམས་ལ།། རྟག་ཏུ་ཆོས་དང་ལྡན་པའི་ལོངས་སྤྱོད་ཤོག། པཎྜིཿཛ་མཱ་རིས་ལྷ་མོ་ནོར་རྒྱུན་མ་ལ་བསྟོད་པ་རྫོག་སྷོ།། ། རྔ་མ་རིས་རང་འགྱུརརོ།། ་