| Wylie | e-texts produced with BDRC’s OCR application |
རྒྱ་ཀར་སྐད་དུ། བྱཱཛྲ་ཡོ་གི་ནི་སཱ་དྷ་ན། བོད་སྐད་དུ། རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་པའི་ཐབས། རྣལ་འབྱོར་དཀྱིལ་འཁོར་ནང་ནམ་ཉིད་གཙོ།། ཁྱོད་ནི་འཇིག་རྟེན་གསུམ་གྱི་ཐིག་ལེ་སྟེ།། ཁྱོད་ནི་སེམས་ཅན་ཀུན་ལ་ཕན་པར་བྱ། ་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལོ།། ཨོཾ་ཨཱདྡྷ་ཧཱུཾ། དྲང་པོར་རེ་ཞིག་སྟེགས་པས་ས་ཕྱོགས་གང་ཡང་རུང་བར་བསྟན་གང་ཡང་རུང་བར་འདུག་ནས་རྡོ་རྗེ་རྣལ་འབྱོར་མ་བསྒོམ་པ་ལ་བརྩོན་པར་བྱ་སྟེ།། དེ་ལ་རང་གིས་ལྟེ་བར་པདྨ་དམར་པོ་ཁ་བྱེ ་བར་བསྒོམས་ལ།། དེའི་སྟེང་དུ་ཤིན་ཏུ་དམར་བའི་ཉི་མའི་དཀྱིལ་འཁོར་བསྒོམ་པར་བྱའོ།། དེའི་སྟེང་དུ་ལི་ཁྲིའི་མདོག་ལྟ་བུའི་དབུས་སུ་ཡི་གེ་ཧྲིཾ་ཧྲིཾ་གནས་པའི་ཆོས་ཀྱི་འབྱུང་གནས་བསྒོམ་མོ།། དེ་ལ་གནས་པའི་ཡི་གེ་ཧྲི་ཡོངས་སུ་གྱུར་པ ་ལས། དེའི་སྟེང་དུ་རྗེ་བཙུན་རྣལ་འབྱོར་མ་སྐུ་མདོག་སེར་པོ།། རང་གི་གྲི་གུག་གིས་རང་གི་མགོ་བཅང་ནས།། རང་གི་ལག་པ་གཡོན་པས་གྱེན་དུ་བརྐྱང་སྟེ་བཟུང་བ། ཕྱག་གཡས་པ་གྲི་གུག་དང་བཅས་པ་འོག་ཏུ་བརྐྱང་བ། གཅེར་བུ ་ཞབས་གཡས་པ་བརྐྱང་བ།། གཡོན་བསྐུམ་པ་བསྒོམ་པའོ།། མགྲིན་པ་བཅང་འཕྲོ་ནས་ཁྲག་གིས་རྒྱུན་འཛག་པ། རང་གི་ཞལ་དུ་འཇུག་ཅིང་། གཞན་གཉིས་གྱེན་ལ་ལོག་ནས་གནས་པ། རྣལ་འབྱོར་གཉིས་ཀྱི་ཞལ་དུ་འབབ་པ་བསྒོམ ་པར་བྱའོ།། གཡས་དང་གཡོན་པའི་ལོགས་ན་གནས་པའི་ཁ་དོག་སྔོ་བསངས་མ་བཛྲ་ཝ་ཌཱ་ནི་མ་དང་། ཁ་དོག་སེར་མོ་རྡོ་རྗེ་རྣམ་པར་སྣང་མཛད་མའོ།། གཡོན་དང་གཡས་ཀྱི་ཕྱག་གི་གྲི་གུག་དང་བཅས་པ་དང་གཡོན་པ་དང་གཡས་པའི ་ཕྱག་ཐོད་པ་དང་བཅས་པའོ།། གཡས་ཕྱོགས་ཀྱི་ཞབས་གཡས་པ་བརྐྱང་བ། གཡོན་ཕྱོགས་ཀྱི་གཡོན་པ་བརྐྱང་བ། ཞབས་གཞན་བསྐུམ་པ། ཐོད་པ་དང་མགོ་བོས་བརྒྱན་པ་ཡན་ལག་རྒྱན་ཀུན་གྱིས་བརྒྱན་པ། སྐྲ་གྲོལ་བ་བསམ ་པར་བྱའོ།། ལོགས་གཉིས་ཀྱི་དབུས་མའི་རྣལ་འབྱོར་མ་ཤིན་ཏུ་འཇིགས་པ་བསྒོམ་པར་བྱའོ།། དེ་ནི་བསྒོམ་པའོ།། མཆོད་པ་བརྗོད་པར་བྱ་སྟེ། མཎྜལ་བྱས་ནས་ཉི་མའི་གཞི་ལ་གནས་པའི་ཆོས་ཀྱི་འབྱུང་གནས་བྲིས་པ་ན་ཡི་གེ་ཧྲིཿདང་བཅས ་པའོ།། དེ་ནས་སྔོན་དུ་བསྟན་པའི་བསྒོམས་པས་རྗེ་བཙུན་མ་དབུས་སུ་བསམ་པར་བྱ་སྟེ། ཨོཾ་སརྦ་བུདྷ་ཌཱ་ཀི་ནི་ཡེ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱིས་ཆོས་ཀྱི་འབྱུང་གནས་ཀྱི་དབུས་སུ་མཆོད་པར་བྱའོ།། ཕྱི་ནས་ཨརྠ་དང་། མེ་ཏོག་དང་། ་བྱདུག་སྤྲོས་དང་། དྲི་ལ་སོགས་པ་རྣམས་ཨོཾ་སརྦྦ་བུདྡྷ་ཌཱ་ཀི་ནཱི་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱིས་མཆོད་པར་བྱའོ།། ཕྱི་ནས་གཡོན་ཕྱོགས་སུ་ཨོཾ་བཛྲ་ཝཪྵ་ནཱ་ཡེ་ཧཱུཾ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱིས་སོ།། དེ་ནས་གཡས་ཕྱོགས་སུ ་ཨོཾ་བཛྲ་བ་རོ་ཙ་ནཱི་ཡེ་ཧཱུཾ་སྭཱ་ཧཱ། ཞེས་བྱ་བ་འདིས་སོ།། དེ་ནས་གཞིན་ཡང་། ཨོཾ་དི་ཡ་ནཱ་སུ་ལ། གཽ་རི་ཀ་མ་ཀ་ཤི་རི་ཧ་ཏི་ཞེས་བྱ་བའི་སྔགས་ཀྱིས་ཀྱང་མཆོད་པར་བྱའོ།། གཞན་ཡང་དྷརྨཱ་སཾ་བྷོ་ག། ནིརྨ་མ་ཧཱ་སུ་ཁ་ཞེས་བྱ་བའི་སྔགས་ཀྱིས ་ཀྱང་མཆོད་པར་བྱའོ།། ཨོཾ་སརྦ་བུདྷ་ཌཱ་ཀི་ནཱི་ཡེ། ཨོཾ་བཛྲ་ཝརྞ་ནཱི་ཡེ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ཞེས་བྱ་བའི་སྔོན་དུ་བསྙེན་པ་འབུམོ་ཕྲག་གཅིག་བཟླས་པ་བྱེས་ན་བགེགས་ཐམས་ཅད་སྐྲོད་པར་འགྱུར་རོ།། ་མ་ཐགགས་ས་ན་ཟད་རྒྱུ་སྒྱུ་།། ལས་བན་བཟླས་ང་ས་ཀླུང་པལ་གྱུར།། ལས་བྱག་པས་ཐས་ནག་ང་རྒྱུ་བར་བྱེད་།། མྦྷ་མ་ཡ། ང་ང། གཙུག་ན ་འད་། མ་མོ་དང་པ་འམ། ར་བསྒྲུམ་པར་བྱའོ།། གྲོལ་གྱི། འཾ། དགས་པ་ཅད་སྨྲས་སྒྲུབ་བརྒྱང་ལ་བཞིས་པ་ར།། ཨོཾ་ལཊ་ཊ་རྡཱ་རྣག་།། ཨོཾ་ཙ་ནཱ~ཾ་ཡ~ཾ། ཨོཾ་བརྗེ་ཟེར་ཙམ ་ནྡྲེ། པུཥྤེ། བ་ལཾ་གྲྀ་བྷྲ་མ་མ་རཀྵ་རཏྣ་ཧཱུ~ཾ་ཧཱ་ཧཱུ~ཾ་ཕཊ་པ་ཊི་ཕཊ། དཔལ་ལྕེ་ལུམ་ལེགས་སྨིན་ཀ་རས་མཛད་པའི་རྣལ་འབྱོར་མའི་ཐུབས་ཐབས་རྫོགས་སོ།། ་