| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཨརྱ་ཨཱཙྪཉྫ་ཛམྦྷ་ལ་ཀྲི་ཥཱ་སཱ་དྷ་ནི། བོད་སྐད་དུ། འཕགས་པ་རྨུགས་འཛིན་འཆོལ་པ་ནག་པོའི་སྒྲུབ་ཐབས།། རྗེ་བཙུན་ཛམྦྷ་ལའི་ཞབས་ལ་ཕྱག་འཚལ་ལོ།། དཔལ་གྱི་དབང་ཕྱུག་དབང་ཆེན་བཅུ་གནས་རིནམ ་ཆེན་རྣམ་པ་མང་ལྡན་པ།། ཐབས་མང་སྟོབས་ཆེན་དྲི་མེད་ཐུགས་རྗེ་དྲང་སྲོང་ལྷ་མོའི་སྲས་གྱུར་དེའི།། སྲས་གཅིག་མཚུངས་མེད་མ་ལུས་སྲིད་དང་ཞི་བའི་ནོར་བདག་གཏོར་ཆེན་ནི།། མིའུ་ཐུང་ཆ་བྱད་ཐོད་ཁྲག་ནེ་ལེ་འཛིན་མཛད་ཁྱོད་ཀྱིས་བདག་ལ ་བསྲུངས།། རེ་ཤི་གེ་བསྒྲུབ་པ་པོ་དམ་ཚིག་ཅན་གཞན་ལ་ཕན་པར་བརྩོན་པས་འཕགས་པ་རྨུགས་འཛིན་ལ་མི་ཕྱེད་པའི་དང་བ་ཐོབ་པས་སྐྱབས་སུ་སོང་ལ།། པད་མའི་མདབ་མ་མཆོག་གི་སྣོད་དང་།། གནོད་སྦྱིན་མོ་ཀུན་ཏུ་རྒྱུག་གི་ལུས་ལིང ་ག་ཆེན་པོའི་རྫས་དང་ལྡན་པས་ནོར་བུ་བརྩེགས་པ་ལྟ་བུའི་གནས་སུ་འདུག་སྟེ། ཐོག་མ་ཁོ་ནར་མི་བསྐྱོད་པའི་རྒྱལ་པོའི་ཆོ་གུ་ཇི་ལྟ་པོ་བཞིན་མཉེས་པར་བྱའོ།། དེའི་འོག་ཏུ་དེའི་ང་རྒྱལ་གྱིས་བདག་དང་གནས་དང་རྣལ་འབྱོར་བསྲུང་བ་བྱས ་ལ། རང་གི་སྙིང་ཁར་ཨཱ་ལས་ཟླ་བའི་དཀྱིལ་འཁོར་རྒྱས་པ་ལ་གནས་པའི་ཧཱུཾ་ཡིག་ནག་པོ་གསེར་གྱི་མདངས་ཅན་ལས་བྱུང་བའི་རྡོ་རྗེ་རྩེ་དགུ་པ་གྱེན་དུ་ལངས་ཤིང་རྣམ་པར་འགྱུར་བའི་ངང་ཚུལ་ཅན།། དབུས་ཀྱི་ར་རྩེ་རྣམ་པར་དཀར ་བོ་ནོར་བུའི་ཏོ་གྲི་མཚན་པ་དང་ར་གཞན་གནག་ཅིང་ཀུན་ནས་དགྲང་པའི་བར་བྱེད་པ་དེ་ཉིད་ཀྱི་ལྟེ་བར་དྲི་མ་མེད་པ་ལ་ཧཱུཾ་ཡིག་བཻ་ཌཱུརྱའི་འོད་འབར་བས་མཚན་པ་བལྟ་བར་བྱའོ།། ཡི་གེ་དེའི་འོད་ཀྱིས་ན་མཁའི་དབྱིངས་ཁྱབ་པར་བཀང་ནས་ཞིང ་གི་དཀྱིལ་འཁོར་ཡོངསུ་སྤྱོང་བས་དོན་གཉིས་བྱས་ཏེ།། ཚུར་འདུས་པ་ལས་རྗེ་བཙུན་རྨུགས་འཛིན་ནག་པོ་སྲས་དང་བཅས་པ་རྡུལ་ཕྲ་རབ་ཀྱི་གྲངས་མཉམ་པ་སྤྱན་དྲངས་ལ།། ཁྲུས་གསོལ་བ་སྔོན་དུ་འགྲོ་བས་མཆོད་པར ་ཡན་ལག་བཅུ་གསུམ་ཡོངསུ་རྫོགས་པར་བྱའོ།། མཉེས་པའི་འོད་ཀྱིས་ཕྲེང་བ་བདག་གི་སྙིང་ལ་ཞུག་ཏེ་བསྐུལ་བའི་ཡིད་ཀྱིས་ཚད་མེད་པ་བཞི་སྤེལ་ཞེས།། བྱང་ཆུབ་ཀྱི་སེམས་བརྟན་པ་ཡང་དག་བགོས་བསྐྱེད་པར་བྱའོ།། དེ་ནས་རྡོ་རྗེའི་འོད་ཟེར ་ཆེན་པོས་བརྟན་པ་དང་གཡོ་བའི་དངོས་པོ་མཐའ་རྣམ་པར་བཞུ་ནས་རྡོ་རྗེ་སེམས་དཔའ་ངོ་བོར་ཐིམ་པ་དང་ཡང་ཆེས་འབས་རང་གི་ལུས་ཀྱང་ཉེ་བར་བསྲེག་ནས་གཟི་བརྗིད་ཀྱི་ཕུང་པོ་སྒྱུ་མ་ལྟ་བུའི་བདག་ཉིད་དུ་བསམ་མོ།། དེའི་འོག་ཏུ་ཨོཾ་ཨཱ ་ཞེས་སྐད་གསང་སྟོང་དེ་བསྐྲུན་པས་འཆད་པར་འགྱུར་བའི་མཚན་ཉིད་ཅན་གྱི་མགོན་པོ་བྱང་ཕྱོགས་ཀྱི་མགོན་ཚེ་ལ་རྡོ་རྗེ་རི་བོའི་ཟོམ་ནས་སྤྱན་དྲངས་སྟེ།། ཀུན་ནས་དང་ཞིང་སིམ་ལ་གདུང་བའི་ཡིད་ཀྱི་རྒྱུའི་སེམས་དཔའ་འོད་ཟེར་གྱི་འཕྲེང་བ་འབར ་བཱ་ལ་བསྟིམ་པར་བྱའོ།། དེ་དག་ཡོངསུ་གྱུར་པ་ལས་བཅོམ་ལྡན་འདས་ནོར་གྱི་དབང་ཕྱུག།། ལྷ་དང་ཀླུ་དང་མིའི་ནོར་ཐམས་ཅད་འཛིན་པ་མཐིང་ནག་འཇིགས་པའི་གཟུགས་ཅན་མིའུ་ཐུང་གི་ཆ་བྱད་རིགས་ངན་གྱི་རྣམ་པ་རྣ་བ་མ་ཕུག་པ་ལྷག་མ་ཟ ་ཞིང་མི་སྲུན་པ་གསུས་པ་ཆེར་འཕྱང་ཞིང་།། རབ་ཏུ་བརྗིད་པོའི་བདག་ཉིད།། ཁྱེའུ་ལོ་དྲུག་ལོན་པའི་ནི་ཚད་ཅན།། གཅེར་བུ་མཚན་མ་འགྲེང་པ།། ཞབས་གཉིས་དོར་སྟབསུ་ཉེ་བར་གནས་པས་ནོར་འཛིན་སེར་པོ་ཁ་ནས་ནོར་བུ་སྤྱུག་པའི་མགོ། ་གཡ་སུ་རྣམ་པར་མནན་པ།། མཆེ་བ་ཅུང་ཟད་གཙིགས་ཤིང་།། ལྗགས་རྐན་ཕུགསུ་ཉེ་བར་འདྲིལ་བ་ཞལ་དང་སྤྱན་ཐ་མེའི་ཕུང་པོ་ལྟར་འབར་ཞིང་།། སྤྱན་ཀུན་ནས་ཟླ་ཞིང་ཟློག་ལ་རྣམ་པར་གྱུར་པ་ཅན། དམྱལ་བ་ལ་རིན་པོ་ཆེའི་མིག་གསུམ་པའི ་གཟུགས་ཅན་གྱི་ཁྲོ་གཉེར་གྱི་རིམ་པ་དང་ལྡན་པ་དབུ་སྐྲ་དང་སྨིན་མ་རྣམས་ཀྱི་སྐུ་ཁམ་པ་རེ་རེ་ནས་གྱེན་དུ་ལངས་ཤིང་འོད་ཟེར་འཕྲོ་བའི་མེ་སྟག་ཐུར་དུ་འཇུག་པ་ཕྱག་གཡས་དང་གཡོན་གྱིས་པད་མའི་སྣོད་རུ་ཏི་རས་བཀང་བ་དང་།། ནེའུ་ལེའི་རྐྱལ ་པ་ལྷ་དང་ཀླུ་དང་མིའི་ནོར་བུ་རིན་པོ་ཆེའི་རིགས་མི་འདྲ་བ་དུ་མས་ཁེངས་པར་བྱས་པ་ཁ་ན་རེ་ཆེན་པོའི་རྒྱན་སྣོད་སྐྱུག་པ་འཛིན་པ།། སངས་རྒྱས་མི་བསྐྱོད་པའི་ཅོད་པན་གྱི་རྒྱན་ཅན། ཀླུའི་རྒྱལ་པོ་མཐའ་ཡས་དང་།། འཇོག་པོ་དང་པདྨ་ཆེན་པོ་དང་སྟོབས ་ཀྱི་རྒྱུ་དང་རིགས་ལྡན་དང་དུང་སྐྱོང་དང་ནོར་རྒྱས་དང་པདྨ་རྣམས་ནག་པོ་དང་དཀར་པོ་དང་སེར་པོ་དང་སྔོན་པོ་དང་ཁྲ་བོ་དང་སེར་པོ་དང་དམར་པོ་རྣམ་པ་བརྒྱད་ཀྱི་གོ་རིམས་ལྟར་ཐོར་ཚུགས་དང་རྣ་བ་དང་དོ་ཤལ་དང་ཚངས་སྐུ་དང་དཔུང་པ་དང་ལག ་པ་དང་རྐེད་པ་རྐང་པ་རྣམས་ལ་བརྒྱན་པའོ།། ཐུགས་ཁོར་ཟླ་བ་ལ་ཇི་སྐད་བཤད་པའི་སྙིང་པོ་ཅན་གྱིས་མཚན་མ་བསྒོམ་པར་བྱའོ།། དེ་ནས་རྡོ་རྗེའི་ཡི་གེ་བཅུའི་གོ་ཆ་བགོ་བར་བྱ་སྟེ། དཔྲལ་བ་དང་ཞལ་དང་དཔུང་པ་གཡས་པ་དང་གཡོན་པ་དང ་ཐུགས་ཁ་དང་ཞབས་དེར་གཡས་དང་།། གཡོན་དང་ཆུ་སོ་དང་འབས་པོ་ལ་གོང་གཡས་དང་གཡོན་དང་གྲངས་བཞིན་དུ། ཨོཾ་དང་ཛ་དང་བྷ་དང་ལ་དང་ཛ་དང་ལེན་དང་དྲ་དང་ཡེ་དང་སཱ་དང་ཧཱ་རྣམས་ཀྱི་ཡིག་འབྲུ་རྣམས་ཟླ་བའི་གདན་དང་།། རྡོ་རྗེ་ཕྱེད་པ་ལ ་གནས་པ་ཉི་མའི་སྙིང་པོ་འབར་བ་འམ་གསེར་གྱི་མཆོད་སྡོང་རྣམ་པར་དག་པ་ལྟར་བསམ་པར་བྱའོ།། ཐུགས་ཀའི་མི་ཕྱེད་ཡི་གེ་ལས་འཕྲོས་ཕྱོགས་བཅུའི་འདྲེན་པ་ཀུན་མཆོད་ཅིང་།། གོ་ཆ་བཅུར་བཅས་སྐྱོབ་དབང་ཉིད་འཕྲོས་མ་ལུས་འགྲོ ་རྣམས་རང་འདྲར་བྱས།། ནེའུ་ལེ་ཀླུ་དབང་ནོར་བདག་འོད་ལྡན་ལྷ་ཀླུ་མི་ཡི་ནོར་རྣམས་བསྡུས།། ཟོས་ཅིང་ཟོས་ཏེ་འགྲངས་གྱུར་བཙིརོ་བས་དེ་སྐྱུགས་དངོས་གྲུབ་ཡང་ཡང་བླང་།། དེ་ནས་ཆུ་སྦྱིན་པར་བྱ་སྟེ།། ལག་པའི་མཐིལོ་དུ་བམ་སེར་པོ་ལས་གསེར་གྱི་བུམ་པ ་བཟང་པོ་རིན་ཆེན་སྣ་ཚོགས་སྐྱུག་པ་ཁ་ཕྱིར་བསྒྱེལ་བས་ཡི་གེ་བ་མ་དེ་ཉིད་ཀྱིས་མཚན་པ་བལྟ་བའོ།། བ་མ་གི་ནང་དུ་ཛ་ཡིག་གོ།། ཁྲིག་མ་ལ་ནི་ཨོཾ་མོ།། འཛུབ་མོ་ལ་ནི་བྷའོ།། གུང་མོ་ལ་ནཽ་ལའོ།། སྲིན་ལག་ལ་ནི་ཛའོ།། མཐེའུ་ཆུང་ལ་ལེ་ནོ།། མཐེ་བོང་ལ་དྲའོ།། ་ནོར་བུ་འཆིང་བའི་གནས་སུ་ཡེའོ།། ལགོ་མཐིལ་གྱི་ལྟོ་གཡོན་དུ་སྭཱ་དེའི་གཡས་སུ་ཧཱའོ།། ཐས་ཅད་ཀྱང་ཟླ་བ་གང་བ་གནས་ཤིང་།། གསེར་འོད་དྲི་མ་དང་བྲལ་བ་ལྷག་པར་འཚེར་བ་ལྟར། བསམ་མོ།། དེ་ནས་ཡང་ཆུ་ཁྱོར་བ་གང་ཁ་ལ་ཉེ་བར་གཏུགས ་ཨོཾ་ཨཱི་དྲ་ནི་མུ་ཁཾ་བྷཱུ་མ་རི་སྭཱ་ཧཱ་ཞེས་བྱ་བས་སོར་མོ་ལྔ་ལ་ལན་རེ་རེ་དང་།། ཁྭ་དང་ལག་པ་བྱིན་གྱིས་བརླབས་པ་ལ་གཉིས་ཏེ། བདུན་གྱིས་བྱིན་གྱིས་བརླའོ།། དེའི་འོག་ཏུ་ནག་པོ་ཆེན་པོ་མཛེས་པའི་སྐུ་ཡོངསུ་རྫོགས་པ་ཞིག་མདུན་གྱི་པདྨ་རིན་ཆེན་རྒྱན་སྣོད ་དུབཞུགས་ཏེ་རང་གི་ཐུགས་ཁེ་ནས་ཅི་འདྲི་བའི་གཟུགས་ཕྱུང་སྟེ་བསྟིམས་ལ།། རིན་པོ་ཆེའི་བུམ་པ་རྒྱན་ཐམས་ཅད་ཀྱིས་སྤྲས་པ་ཡོངསུ་གང་བ་རྒྱུན་མི་འཆད་པས་ཆུ་སྦྱིན་པར་བྱའོ།། འདི་ལྟར་བྱ་སྟེ་ཨོཾ་ཧཱུཾ་སྭཱ་ཧཱ་ཞེས་བྱ་བ་རིན་པོ་ཆེས་བརྒྱ་ནི ་པའི་ལག་པ་ནས་ཞལ་དུའོ།། ཞལ་ནས་རྡོ་རྗེ་ནོར་བུའི་རྩེ་མོ་རུའོ།། དེས་ནས་སླར་ལག་མཐིལ་དུ་འབབ་པའི་རིམ་པས་མཐར་ཆུའི་བདག་པོ་ཞལ་དུ་འཇུག་པར་བསམ་ཏེ་ཆོ་ག་དེ་ཉིད་ཀྱིས་ཁྱོར་པ་བརྒྱ་རྩ་བརྒྱད་འཁྲུལ་པ་མེད་པར་སྦྱིན་པར་བྱའོ།། དེའི་ཚེ ་ཕྱག་གིས་མཐིལ་གྱི་བུམ་པ་དང་ནེའུ་ལེ་དང་ལྟོས་འགྲོ་རྣམས་ཀྱི་ཁ་དང་སྣའི་སྒོ་ལ་སོགས་པ་བུ་གའི་རྣམ་པ་ཐབས་ཅད་ལས་རིན་པོ་ཆེའི་རིགས་མི་འདྲ་བ་སྡུག་ཅིང་ཡིད་དུ་འོང་བ་རྣམ་པ་དུ་མའི་ཆར་ཆེན་པོ་ཕབ་པས་གནས་ཁང་ལོ་སོགས་པ་མཐའ ་དག་གཡོགས་ཅིང་ནོར་པར་གྱུར་པར་བས་མོ།། དེའི་རྗེས་ལ་ཡི་གེ་བཅུ་པ་ལ་མཆོད་པ་ལྔའི་སྔགས་སྦྱར་བས་མཆོད་ཅིང་། ཐུན་མོང་དང་ཁྱད་པར་གྱི་སྒོ་ནས་བསྟོད་ངོ་།། སྔགས་དེ་དག་ཉིད་ཀྱིས་གཏོར་མ་བྱིན་གྱིས་བརླབས་ཏེ་དབུལ་བར་བྱའོ།། ན་མོ ་རད་ན་ཏྲ་ཡཱ་ཡ། ན་མོ་མ་ཎི་བྷ་དྲཱ་ཡཱ། མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ་སྭཱ་ཧཱ། ཨོཾ་ཛཾ་བྷ་ལ་ཛྭ་ལེན་ཏྲེ་ཡེ་སྭཱ་ཧཱ། ཞེས་ལན་བདུན་ནམ་བརྒྱ་རྩ་བརྒྱད་ཀྱི་བར་དུ་ཟླས་ཏེ་ཇི་ལྟར་འདོད་པའི་དོན་ལ་གསོལ་བ་གདབ་པོ།། དེ་ནས་ཡང་མཆོད་པས་གཏང་རག་ཕུལ ་ཏེ་མེ་ཏོག་དབུལ་བཞག་ནས་ཡི་གེ་བརྒྱ་པས་ལྷག་ཆུང་ཁ་བསྐངས་ལ་རྟེན་སྦྱིན་པོ་དང་ཆུའི་ཕུད་སྲིན་ལག་གིས་རེག་སྟེ་ལྕེ་ལ་བཞག་ཅིང་། ཚུལ་ཚོགས་རྒྱ་མཚོར་འཇུག་པའི་ངོངསུ་དོར་བར་བྱའོ།། དེ་ལྟར་ཟླ་བ་དྲུག་ལ་སོགས་པར་ཉིན་ལན་གསུམ ་མཚན་ལན་གསུམ་དུ་བར་མ་ཆད་པར་མུ་སྦྱིན་པ་ལ་བརྩོན་པར་བྱེད་ན། དེས་ཇི་ལྟར་མངོན་པར་འདོད་པའི་འབྱོར་པ་ཐམས་ཅད་གདོན་མི་ཟ་བར་འགྲུབ་པར་འགྱུ་རོ།། དབང་ཕྱུག་སྙིང་པོ་གཏེར་བུམ་ལས།། ལྕགས་ཀྱུས་ལྷག་བཏབ་ཟས་ནོར་སྟེར།། བྲམ་ཟེའི ་ཚངས་སྒྱོགས་ལྔ་ཚན་ལྔས།། བསྐངས་ཏེ་བཅུད་བསྡུས་དངོས་གྲུབ་ལེན།། རིན་ཆེན་སྙིང་པོ་ཉི་ཟླ་དང་།། པདྨ་རབ་སྦྱངས་པདེ་ཆེན་ཐོབ།། རིམ་བཞིན་གནོད་སྦྱིན་ནེའུ་ལེ་མོ།། ཐོང་ཁྲག་པུར་ལིང་སྦྱོར་བར་བཤད།། དབྱར་དགུན་སྟོན་ཟླ་ཐ་ཆུངས ་དང་དཔྱིད་ཟླ་འབྲིང་པོ་རྟེན་བཞེངས་ནས།། འདི་ཉིད་རྒྱལ་བའི་ཏིང་འཛིན་གྱིས།། དམ་ཚིག་ཡེ་ཤེས་མཉམ་སྦྱོར་བྱ།། རྣ་བ་མནན་དང་མདངས་འཕྲོག་དང་།། དགྲ་བོ་བྱིས་པའོ་གཟུགས་འཇིགས་པས།། རིགས་ངན་གདུག་པའི་ལས་གསུམ་བྱེད།། ཁྲོ་ཞལ་ཕྲིན ་ལས་བགེགས་སྤྱོད་ཡིན།། ཀླུ་རྒྱལ་གདོན་འགྲོལ་ཆར་འབེབས་བྱེད།། ནོར་བདག་གཟིར་བས་ནོར་རྣམས་འཕྲོག། རིག་འཛིན་དགུག་དང་གཏེར་འབྱེད་དང་།། འཇིགས་སྐྱོབ་རྐུན་པོ་བསྲུང་བ་ཉིད། བུ་སྟེར་ཚེ་ནི་བསྲིད་པ་དང་། ཕྱུགས་སྐྱོད་ཤིང་གཟུགས་པ་དང་།། ་དབང་བསྐུར་བཀྲ་ཤིས་གསོལ་བ་དང་། རིམ་བཞིན་ཨོཾ་ནས་སྭཱ་ཧཱའི་བར།། འོད་དང་ལྷན་ཅིག་རྗེས་འགྲོ་དང་།། སླར་བཟློགས་ཡི་གེ་བཅུ་ཡིས་སོ།། རྡོ་རྗེ་ཧཱུཾ་མཛད་ཁྲོས་པ་ཡིས།། ཚ་བ་དྲུག་དང་ཁྲག་སྐེ་ཚེ། མར་ཁུ་ལུས་བྱུགས་པུར་ལིང་གདུང་།། བདུན་ཕྲག ་གཅིག་གིས་དཔོགས་ན་འགྲུབ།། ཡེ་ཡ་དྷ་བམ་སྭཱ་ཧཱ། སྙིགས་དུས་སྒྲུབས་རྣམས་རབ་དབུལ་ཉེན་རྣམས་ཀྱིས།། ཕན་འདོད་བཞིན་ཡང་རང་གཞན་དོན་ཉམས་པར།། མཐོང་ནས་རྨུགས་འཛིན་ཆོ་ག་ཚུལ་བཞིན་བྲིས།། དགེ་བས་ཀུན་ལ་འདོད་སྦྱིན་གཏེར་གྱུར ་ཅིགས་དཔལ་རྨུགས་འཛིན་འཆོལ་བ་ནག་པོའི་སྒྲུབ་ཐབས།། གསང་བ་ལས་ཀྱང་ཆེས་གསང་བ་སྦས་པའི་བུམ་པ་ཞེས་བྱ་བ་སློབ་དཔོན་ནོར་སྦྱིན་གྱིས་མཛད་པ་རྫོགསྷོ།། དཔལ་ཆོས་ཀྱི་རྗེ་སའི་སྟེར་ན་འགྲན་ཟླ་དང་བྲལ་བའི་པཎྜི་ཏ་ཆེན་པོ་ཤཱཀྱ་བྷ་དྲ་དང ་བོད་ཀྱི་ལོ་ཙཱ་བ་བྱམས་པའི་དཔལ་གྱིས་བོད་ཡུལ་དབུས་ཀྱི་བསམ་ཡས་ཀྱི་གཙུག་ལག་ཁང་དུ་བསྒྱུར་བའོ།། དགེའོ།། རྒྱ་གར་སྐད་དུ། ཨཱརྱ་ཛམྦྷ་ལ་ཀྲིཥྞ་སཱདྱ་དཾ། བོད་སྐད་དུ། འཕགས་པ་ཛམྦྷ་ལ་ནག་པོའི་སྒྲུབ་པའི་ཐབས། འཕགས་པ་འཛམྦྷ་ལ་ལ ་