CLOSE WINDOW

GT2564: 'phags pa rmugs 'dzin la bstod pa
Wyliee-texts produced with BDRC’s OCR application

བསྒྱུརྱ་ཏེ་གཏན་ལ་བབ་པའོ།། སླད་ཀྱིས་པཎྜི་ཏཱ་མ་ཧཱ་བཾ་བྷཱུ་ཏཱི་ཙིན་དྲ་དང་། ཚིགྲྀ་ལོདྦྷ་བ་དགེ་སློང་ཆོས་རྗེ་དཔལ་གྱིས་བསྒྱུར་ཙོང་དག་པར་བགྱིསོ།། །། རྒྱ་གར་སྐད་དུ། ཨརྱ་ཛ་བྷཱ་ལ་སྟོད་ཏྲ། བོད་སྐདདུ། འཕགས་པ་རྨུགས་འཛིན་ལ་བསྟོད་པ།། བཅོམ ་ལྡན་འདས་ཛཾ་བྷ་ལ་ལ་ཕྱག་འཚལོ།། མཆོད་སྦྱིན་བརྒྱ་པ་མེ་ལྷ་གདོང་བཞི་དང་།། སེང་གེ་འཕྲོག་བྱེད་ཉིན་མོར་བྱེད་རྣམས་ཀྱིས།། ཞབས་གཉིས་ལ་བཏུང་བཅོམ་ལྡན་སྡུག་བསྔལ་བ།། བདག་ལ་པད་ལྟར་ཡངས་པའི་སྤྱན་རས་གཟིགས།། བཅོམ་ལྡན་ཆབ ་ཁྱིཁྱེར་གང་གིས་མཉེས་འགྱུར་ན།། ཐུགས་རྗེ་མངའ་བ་གཞན་གང་ལགས་པ་གསུངས།། དེ་ཕྱིར་མཆོད་པ་བཤམས་ལ་མོ་རྩི་ཞིང་།། ཁྱོད་དང་འདྲ་བ་ཕལ་ཆེར་སྙེད་པ་དཀའ།། བརྩེ་བས་འབད་པའི་སྒོ་ནས་བཙལ་བཙལ་ནས།། ཕོངས་པར་གྱུར་པ་དག་ལ་བདེ ་མཛད་ནས། ཁོ་བོ་མཆི་མ་དག་གིས་གདོང་སྦགས་པ།། སྤྱན་སྔར་མཆིས་ཀྱང་ཅི་སྟེ་གཟིགས་མ་ལགས།། ཨེ་མ་ཧོ་རབ་ཏུ་རྒྱས་པ་ཐུགས་རྗེ་ཡི།། གཟུ་མོ་མངའ་ག་ཁྱོད་ལྟ་བཞུགས་གྱུར་ཀྱང་།། སྐྱོ་ཚོགས་བཟློག་དཀརའ་སྡུག་བསྔལ་ཆོམ་རྐུན་གྱི།། སྡེ་ཡིས་རྣམ་པར ་འཇོམས་པ་ཇི་ལྟར་ལགས།། སེམས་ཅན་སྨན་སླད་ནོར་བུ་རིན་པོ་ཆེ།། རྣམ་པ་སྣ་ཚོགས་དགུང་འཆར་འབེབས་གྲགས་ན།། ཁོ་བོ་ཁྱོད་ཉིད་གཅིག་པུའི་མཐར་ཐུག་པ།། ཅི་སྟེ་ཐིགས་སྤངས་ཡང་ནི་འབབས་མ་ལགས།། ཁྱོད་བཞུགས་བཞིན་དུ་མེ་ཡིས་འབར་བལྟར།། ་ཁོ་བོ་ཕོངས་པས་ཤིན་ཏུ་ཆེར་སྲེག་ནང་།། ཁྱོད་ཀྱི་ལྟ་ཞིག་ཐུགས་རྗེ་འཇོ་བའི་བ།། ས་གསུམ་ཁུར་དུ་ཁུར་བ་གང་དུ་ཐལ།། བུམ་པ་དཔག་བསམ་ཤིང་དང་ཡིད་བཞིན་གྱི།། ནོར་བུ་སེམས་པ་དང་ལྡན་མ་ལགས་པ།། དེ་དག་གིས་ཀྱང་སེམས་ཅན་ཕན་བགྱིད8།། ཐུགས་རྗེའི། ་བདག་ཅན་བཅོམ་ལྡན་སྨོས་ཅི་འཚལ། གང་ཞིག་རྨུགས་འཛིན་ཆུ་ཡི་བདག་པོ་ཞེས།། སྐད་ཅིག་ཀྱང་ནི་ཁྱོད་ཀྱི་མཚན་སྨོས་པ།། དེ་ལ་པདྨའི་འབྱུང་གནས་ལེགས་བཞིན་དུ།། པད་རྒྱས་དཔལ་ནི་འཇུག་པར་བགྱིས་པ་ལགས།། དེ་ལྟར་བཅོམ་ལན་སྲེད་འཇེམས་ཁྱོད་སྤྱ ་སྔ་། ཆོངས་བཏབ་ནས་བསོད་ནམས་འབྱམ་ཀླས་པ།། གང་ཡང་དེ་ཡིས་སྐྱེ་བོ་ཁྱོད་བཞིན་དུ།། མངོན་པར་འདོད་པའི་འབྲས་བུ་འབྱིན་པར་ཤོག། བཅོམ་ལྡན་འདས་ཛཾ་བྷ་ལ་བསྟོད་པ།། སློབ་དཔོན་ཆེན་པོ་བཙུན་པ་ཟླ་བས་མཛད་པ་རྫོགསྟེ།། ར་གྱི་མཁན་པ་མཱི་ཏེ། ་ཤྲཱི་ཛྙཱ་ནའི་ཞལ་སྔ་ནས། བོད་ཀྱི་ལོ་ཙཱ་བ་པ་ཚ་བ་ཉི་མ་གྲགས་ཀྱིས་ལེགས་པར་བསྒྱུར་བའོ།། །། ན་མོ་ཨུ་ཙུཤྨ་ཛཾ་བྷ་ལ་བ་ཨོཾ་ཨཱ་ཞེས་བྱ་བས་སྤྱན་དྲངས་ལ།། རང་གི་སྙིང་ཁུར་ཨཱ་ཡིག་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་ཁོར་གྱི་དབུས་སུ།། དེ་ཡིག ་