| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། མ་ཧཱ་རཱ་ཛཱ་དྷརྨཱ་མཱ་ལ་བྷྲཱུཾ་ཤྲ་བ་ཎ་སྟོད་ཏྲ། བོད་སྐད་དུ། ཆོས་སྐྱོང་བའི་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ལ་སྟོད་པ།། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ།། དབང་ཕྱུག་ཆེན་པོ་འཇིག་རྟེན་སྐྱོང་བའི་ལྷ།། བསྐལ་པ ་མང་པོར་རྒྱལ་བའི་ལམ་སྒྲུབས་ནས།། སྲིད་ཤིང་དྲུང་ཕྱུང་ཉེས་བརྒྱ་རྩད་བཅད་དེ།། འཇིག་རྟེན་འདས་པའི་ཕུན་ཚོགས་ཀུན་བརྙེས་ཀྱང་།། སྨོན་ལམ་སྟོབས་ཀྱིས་གནོད་སྦྱིན་ཚུལ་འཛིན་པ།། ། དྲང་སྲོང་རྣམ་མདོ་ཐོས་པ་སྲས་གྱུར་ནས།། ་ཕོངས་པའི་ངལ་བསོ་དབུལ་བ་དབུགས་འབྱིན་པ།། སྟོབས་ཚན་རྒྱལ་བའི་སྲས་ལ་ཕྱག་འཚལ་ལོ།། ལྷ་དབང་དྲང་སྲོང་ཚོགས་དང་གྲུབ་པ་དང་།། འཇིག་རྟེན་མེས་པོ་སེང་གེ་འཕྱོག་བྱེད་དང་།། སྣང་བྱེད་ལ་སོགས་ལྷ་ཚོགས་ཐམས་ཅད ་ཀྱང་།། འཇིག་རྟེན་བླ་མ་ཁྱོད་ཞབས་རྟག་ཏུ་བདུད།། ལྷ་ཡུལ་དང་ནི་ས་སྟེངས་ཐམས་ཅད་ཏུ།། ལྷའི་ལྷ་ཁྱོད་བསྟོད་པ་མང་མོད་ཀྱང་།། བདག་ཀྱང་མགོན་པོ་ཁྱོད་ལ་ཀླས་པ་ཡིས།། ཡོན་ཏན་ཕྱོགས་ཙམ་བསྟོད་ཅིང་གསོལ་འདེབས་ན།། གཞན ་དོན་ལྷུར་ལེན་སྦྱོ་ལ་མེད་པ་ཡི།། སྒྲིབ་མེད་ཡེ་ཤེས་སྙུན་གྱིས་གསན་དུ་གསོལ།། གནས་རབས་ལྕང་ལོ་ཅན་གྱི་ཕོ་བྲང་ན།། རྒྱལ་ཆེན་རྣམ་ཐོས་སྲས་དེ་གསེར་གྱི་མདོག། དཔལ་ལྡན་རྣམ་མང་གཏོར་ཚོགས་ཟུ་ས་པ་ག། ཐུབ་མཆོག་བསྡུ ་བ་སྐྱོང་ལ་ཕྱག་འཚལ་ལོ།། ཁྱོད་སྐུ་གསེར་སོགས་རིན་ཆེན་རྒྱན་གྱིས་ཕྱོག།། བཞིན་འཛུམ་སྤྱན་ཙུ་ཊག་འདྲ་ག།། སེང་གེའི་གདན་བཞུགས་མཚན་དང་དཔེ་བྱད་རྫོགས།། ལཟི་བརྗིད་མཐའ་ཡས་སྐུ་ལ་ཕྱག་འཚལ་ལོ།། ཉོན་མོངས་ལ ་དང་སྡུག་བསྔལ་བུད་ཤིང་རྣམས།། དྲང་སྲོང་མཆོག་གི་སྔགས་ཀྱིས་སྲེག་པར་བྱེད། ཐེག་ཆེན་གསུང་རབ་སེང་གེའི་སྒྲ་དབྱངས་སྒྲོགས།། བདག་མེད་གཉིས་སྟོན་གསུང་ལ་ཕྱག་འཚལ་ལོ།། ལྟ་བ་ངན་པའི་ཁྲི་ཤིང་དྲ་བ་རྣམས།། དྲི་མེད་ཡེ ་ཤེས་བློ་གྲོས་རྡོ་རྗེ་ཡིས།། སྤྲོས་པ་ཀུན་བཅང་ཤེས་བྱ་ཀུན་རྟོགས་པའི།། ཆགས་ཐོགས་མི་མངའི་ཐུགས་ལ་ཕྱག་འཚལ་ལོ།། གནོད་སྦྱིན་དབང་པོའི་ཕྱག་གོང་གཡས་གཡོན་ནོ།། ཐབས་དང་ཤེས་རབ་ཉི་ཟླའི་འོད་ཤར་བས།། འཇིག་རྟེན་གསུམ ་དང་དུས་གསུམ་ས་ལེར་གཟིགས།། ཤེས་རབ་སྤྱན་ལྡན་ཁྱོད་ལ་ཕྱག་འཚལ་ལོ།། རྒྱལ་སྲིད་འཁོར་ལོས་སྒྱུར་བའི་དབུ་རྒྱན་མཐོ།། ཐམས་ཅད་ཟིལ་གནོན་མཛེས་པའི་དར་དབྱངས་འཛིན།། ཡོན་ཏན་རྒྱས་མཛད་ན་བཟའ་སེར་ཁྭ་གསོལ།། ཆོས་ཀྱི ་རྒྱལ་སྲིད་བརྙེས་ལ་ཕྱག་འཚལ་ལོ།། ཕྱག་ཡས་རིན་ཆེན་དབྱུག་པས་དབུལ་བ་འཇོམས།། དགོས་པ་ཀུན་བསྒྲིབ་གཡོ་ནེའུ་ལེ་འཛིན།། སྤྱི་གཙུག་ནོར་བུས་ནོར་གྱི་ཆར་འབེབས་པ།། དཔལ་ལྡན་བཀྲ་ཤིས་ཁྱོད་ལ་ཕྱག་འཚལ་ལོ།། འཇིག་རྟེན ་འས་ཀྱཔརའཇིག་རྟེན་ཚུལ་སྟོན་པ།། གནོད་སྦྱིན་དབང་པོ་འཁོར་ལོ་སྒྱུར་བའི་གཟུགས།། ཏིང་འཛིན་ན་མཁའི་མཛོད་ཀྱིས་འགྲོ་བ་ཀུན།། ཅི་འདོད་རོ་བསྐོད་ལ་ཕྱག་འཚལ་ལོ།། འགྲོ་བ་གཅིག་ཀྱང་ཡེལ་བར་མི་འདོར་མོད་།། ནད་ཀྱིས་ཉེན་པའི་བུ་སྡུག་མ ་དམན་ལ་རྗེས་བརྩི་འདོད་པའི་དངོས་གྲུབ་སྟེར།། ཕོངས་པོ་བཟློག་མཛད་ཁྱོད་ལ་ཕྱག་འཚལ་ལོ།། སྲིང་ན་བདག་ཅག་ཉོན་མོངས་ཆོམ་རྐུན་གྱིས།། བཅོམ་ནས་འཕགས་ནོར་ཕྲོགས་ཏེ་སྡུག་བསྔལ་བ།། མགོན་པོ་ཁྱོད་དྲན་ཙམ་གྱིས་ནི ་བྱེད་པ། ཕ་རོལ་དཔུང་འཇོམས་ཁྱོད་ལ་ཕྱག་འཚལ་ལོ།། རྣམ་མྱང་ཡོན་ཏན་ལྡན་པའི་སྲས་རྣམས་དང་།། ཕེཾ་ཉ་ལས་མཁན་སྤྲུལྟ་པའི་ཚོགས་རྣམས་ནོ།། སྣ་ཚོགས་གཟུགས་ལྡན་སྣ་ཚོགས་མཚན་མ་འཛིན།། སྣ་ཚོགས་འཕྲིན་ལས་མཛད་ལ། ་ཕྱག་འཚལ་ལོ།། མགོན་པོ་ཡོན་ཏན་དྲན་ཙམ་གྱིས་མཉེས་པ།། ཁྱོད་ལྟར་གཞན་ལ་བརྩེ་བ་འདི་ན་མེད།། དེ་ཕྱིར་བསོད་ནམས་མི་ལྡན་རབ་བཀྲེན་པ།། བདག་གིས་སྒོ་གསུམ་སྤྱོད་པ་གཞན་སྤངས་ནས།། བཅོམ་ལྡན་འབད་པའི་སྒོ་ནས་བཙལ ་བཙལ་ནས།། སྒོ་གསུམ་དང་བས་རྟག་ཏུ་དྲན་བྱེད་ཅིང་།། མཆོད་པ་སྦྱར་བས་ལུས་ཀྱང་དུས་པ་དང་།། རྟག་པར་དག་ཏུ་ཁྱོད་སྔགས་བརྩོན་པར་ཟླས།། སྐད་ཅིག་ཀྱང་ནི་ཁྱོད་སུ་བརྗེད་མི་འགྱུར།། སྡོམ་གནས་དམ་ཚིག་ཚོགས་དང་འགལ ་མ་བགྱིས།། དེ་ལྟར་བྱང་ཆུབ་གྲོགས་སུ་ཁྱོད་བསྟེན་ན།། ཚེ་རབས་ཀུན་དུ་ཐུགས་རྗེས་བཟུང་དུ་གསོལ།། བདག་བཀྲེན་འབད་པས་མཆོད་པ་བཤམས་བྱས་པས།། བདག་གི་དོན་སླད་འདི་དག་མི་བེཞེས་སམ།། མགོན་པོའི་ཐུགས་དང ་འགལ་བ་བཤགས་བགྱིད་ན།། ཐུགས་རྗེ་ཅན་ཁྱོད་ཚད་པ་མི་སྩོལ་ལམ།། ཁོ་བོ་དབུལ་ཕོངས་སྡུག་བསྔལ་གྱིས་གདུངས་པ།། པད་ལྟར་ཡངས་པའི་སྤྱན་གྱིས་མི་གཟིགས་སམ།། ཕོངས་པས་འོ་དོད་འབོད་ཅིང་གསོལ་འདེབས་ན། ་ཀུན་མཁྱེན་སྒྲིབ་མེད་སྙན་གྱིས་མི་གསན་ནམ།། བདག་གདོང་མཚམས་གཡོགས་ཤིང་སྡུག་བསྔལ་བ།། བརྩེར་ལྗོན་ཤེས་རབ་སྤྱན་གྱིས་མི་གཟིགས་སམ།། སྡུག་བསྔལ་སྣ་ཚོགས་མེ་ཡིས་རྒྱུད་བསྲེགས་པ།། སྦྲོན་བྲལ་དས། ་པའི་ཐུགས་ཀྱིས་མ་དགོངས་སམ།། བར་ཆང་བགེགས་དང་དགྲ་ཚོགས་འདི་དག་ཀུན།། བདེ་ཆེན་དཔའ་བའི་སྟོབས་ཀྱིས་མི་འཇོམས་སམྦྷ།། བྱང་ཆུབ་སྒྲུབ་པའི་ཕྱོགས་སུ་གསོལ་འདབས་ན།། ཐར་ལུམཱ་དྲེན་པའི་དྲིད་དཔོ ་མི་མཛད་དམ།། ཚུལ་བཞིན་བསྒྲུབས་ཀྱང་གྲུབ་པ་མི་སྟེར་ན།། སྔོན་གྱི་དམ་བཅུས་བློ་དེ་མ་ཉམས་སམ།། གལ་ཏེ་མགོན་ཁྱོད་ཚེ་འདིར་འགྲུབ་གྱུར་པ་འི། བདག་ལ་སྔོན་གྱི་སྨོན་ལམ་འབྲེལ་མེད་པས།། དེ་ཕྱིར་ཉིད་ཀྱིས་བདག་ལ་མི ་དགོངས་ན།། ཐུགས་རྗེས་དགོངས་པའི་ལྷ་གཞན་གང་ལ་སྨོས།། ཀྱེ་མའོ་བཅོམ་ལྡན་སྲིད་འཇོམས་ཐུགས་རྗེ་ཡི།། སྤྲིན་ཆེན་མངའ་བ་ཁྱོད་ལ་རྟེན་གྱུར་ཀྱང་།། སྡུག་ཕོངས་བཟོད་དཀའི་ཚ་བས་གདུངས་གྱུར་ཀྱང་།། ཞི་མ་གྱུར་ན་འདི ་རྒྱུ་ཅི་ཞིག་ལགས།། སེམས་ཅན་རྣམ་པ་སྣ་ཚོགས་གང་དང་གང་།། དེ་ཀུན་སྨན་སླདདེ་ནོར་བུ་རིན་པོ་ཆེ།། སྣ་ཚོགས་གཏེར་གྱི་ཆར་པ་འབེབས་ཞེས་ཀྱང་།། ཕོངས་པ་བདག་ལ་ཐིགས་ཙམ་བབ་མ་མྱོང་།། ཉི་མའི་འོད་དང་ལྷན་ཅིག ་མུན་འཁྱམས་བཞིན།། ཐུགས་རྗེའི་བདག་ཉིད་མགོན་ཁྱོད་བརྟེན་བཞིན་དུ།། སྡུག་ཕོངས་མེ་ཡིས་བདག་གི་རྒྱུད་གདུངས་ན།། ཁྱོད་ཀྱི་ཐུགས་རྗེ་ཆེ་བ་གང་དུ་ཐལ།། འཇིག་རྟེན་སྐྱོང་བ་ཁྱོད་ཞལ་བལྟོ་འདོད་པས།། འཁོར་བཅས་རྟག ་བར་མངོན་དུ་བསྒོམས་བྱས་ཀྱང་།། ཁྱོད་སྐུ་ཕྱོགས་གཅིག་ཀྱང་ནི་མངོན་མ་གྱུར།། འགྲོ་དོན་མཛད་པའི་སྐུ་མཆོག་མིང་དམ་ཅི།། བུམི་བཟོང་ཡིད་བཞིན་ནོར་དང་དཔག་བསམས་ཤིང་།། དེ་དག་གིས་ཀྱང་འགྲོ་བའི་རེ་སྐོང་ན། ་ལ་པ་མང་བར་སྨྲད་སྤྱ་པ།། གཞན་ད་རྒྱམས་ནྱ་དག་དྷཱ་ལ།། ཇིག་རྟེན་སྐྱོང་བ་དབང་ཕྱུག་ནམ་ཐོས་རྦ།། ད་ས་དག་པའི་བྱས་ཞེས། ད་བརྙན།། དས་བྷསམྦྷ་མྦྷམ་སྐད་ཅིག་དྷཱན་པས་ཀྱང་།། ས་བཀུན ་བོད་དཔལ་རྒྱས་འགྱུར་ནི།། བདག་གིས་ཡུནྟ་རིང་ཁྱོད་མཚན་བརྗོད་བྱས་ཀྱང་།། མངོན་པར་འདོད་པའི་འབྲས་ཀྱི་ཐོབ་མ་གྱུར།། གང་ཚེ་བདག་ཅག་འདོད་ལྡན་ཉོན་མྱོ་སྭཱ་བཱཿས།། དེ་ཕྱིར་ཁྱོད་ཀྱིས་གྲུབ་པ་མ~ཾ་སྟུ་ན།། ཉོན་མོངས་པ ་ཚེ་ལོངས་སྤྱོད་ཅི་ཞིག་གོས།། ཀུན་མཁྱེན་ཐོབ་ན་གཞན་ལ་གསོལ་ཅི་འཚལ།། གལ་ཏེ་བདག་མཐུས་དབུལ་ཕོངས་འདོར་ནུས་ན།། བཅོམ་ལྡན་སྙན་ལ་བཟན་བགྱིད་མི་རིགས་མོད།། བདག་ལ་ཡུས་མེད་མགོན་ཁྱོད་སྐྱོན་བྲལ་བས།། ་འཁྲུག་མེད་སྙིང་རྗེའི་སྟོབས་ལ་གསོལ་བ་འདེབས།། ནད་ཀྱིས་དལ་གྱུར་ཕོངས་པས་སེམས་བརྒྱལ་ནས།། རྨི་ལམ་ཙམ་དུ་མགོན་པོས་ཅིང་ཞིག་བསྟེན།། རབ་ཏུ་སྐྱོ་བས་བླ་བཅོལ་འདི་དག་རྡོལ།། བཅོམ་ལྡན་ཐུགས་རྗེས་ཞིགས་བས་གཟུང ་དུ་གསོལ།། བདག་ཅག་རྩོད་ལྡན་སེམས་ཅན་སྐྱོན་མྱང་བས།། སྐྱོན་བྲལ་ཁྱོད་ལ་སྨྲ་བར་མི་རིགས་ཀྱང་།། སྐྱབས་སུ་ཆགས་སྡང་བྲལ་དང་མགོན་ཁྱོད་ལ།། ཉམས་ཐག་དུས་ན་འབོད་ཅིང་གནས་མེ་མཆོས།། བྲེལ་ཞིང་ཕོངས ་པས་ཆོ་ངས་བཏབ་བྱས་ཀྱང་།། འདི་ན་བདག་ལོ་གདོང་སྡེབས་གའ་རོ་མ་མཆིས།། སྡུག་ཕོངས་དུས་ན་མགོན་པོ་ཁྱོད་འབོད་ན།། སྔོན་གྱི་དམ་བཅས་བློ་དེ་རྗེས་དྲན་ནས།། མ་བྱམས་བུ་སྡུག་བཞིན་དུ་འདིར་གཤེགས་ལ།། མཛེས་པའི ་སྐུ་མཆོག་བདག་ལ་བསྟན་དུ་གསོལ།། དབུལ་ཕོངས་སྡུག་བསྔལ་ཉེས་པའི་བུད་ཤིང་རྣམས།། ཁྱོད་སྔགས་བཟླས་པའི་མེས་ནི་བསྲེག་པར་མཛོད།། རྩེ་གཅིག་ཐུགས་རྗེས་བརྩེ་གདུང་ཤུགས་ཕྱུང་སྟེ།། ནོར་གྱི ་དབང་ཕྱུག་གཏེར་གྱི་དངོས་གྲུབ་སྩོལ།། བསོད་ནམས་བར་དུ་གཅོད་པའི་བགེགས་རྣམས་དང་།། རྣམ་པར་སྣང་བས་ཡོག་ཞུགས་དགྲ་ཚོགས་ཀུན།། སྡེ་ཆེན་འཁོར་མང་གཡོག་དང་པོ་ཉར་བཅས།། གནོད་སྦྱིན་དབང་པོའི་སྟོབས་ཀྱིས་བཟློག་ཏུ་གསོལ།། ་དེ་ལྟར་མགོན་པོ་ཉེས་པའི་ཚོགས་འཇོམས་ལྔ།། བསྟོད་ཅིང་གསོལ་བ་བཏབ་པའི་བསོད་ནམས་དེས།། གནོད་པའི་རྐྱེན་བྲལ་འདོད་པའི་འབྲས་སྨིན་ནས།། ཁྱོད་བཞིན་ཕུན་སུམ་ཚོགས་པའི་གནས་ཐོབ་ཤོག། ཆོས་སྐྱོང་བའི་རྒྱལ་པོ་རྣམ་ཐོས ་སྲས་ལ་བསྟོད་ཅིང་གནང་ནཱ་བསྐུལ་བའི་ཚིགས་སུ་བཅད་པ་ཐུགས་རྗེའི་བ་འཇོ་ཞེས་བྱ་བའི་སྙན་སྔགས་ཀྱི་ཕྲེང་བ་སློབ་དཔོན་ནག་པོ་ཞབས་ཀྱི་མཛད་པ་རྫོགས་སྷོ།། ་པཎྜི་ཏཱ་ཏེ་ཛ་དེ་བ་དང་། ལོ་ཙཱ་བ་འཕགས་པ་ཤེས་རབ་ཀྱིས་བསྒྱུར་ཅིང་གཏན་ལ་ཕབ་པའོ།། ། ་