CLOSE WINDOW

GT2560: rgyal po chen po rnam thos sras kyi rtog pa bde byed cho ga sna tshogs pa'i mdzod ces bya ba
Wyliee-texts produced with BDRC’s OCR application

འདི་དག་དགོངས་ཤིང་འགྲོ་བར་གྱུར་ནས་ཀྱང་།། སྔོན་གྱི་ཐུགས་དམ་འཕྲིན་ལས་མ་བསྙེལ་བར།། བདག་གི་འཕྲིན་ལས་འབྲས་བུ་མཛོད།། ། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ།། དེ་ནས་གསང་བ་བཤད་པར་བྱ།། ཟླ་བ ་ཡར་ངོའི་བཅཝ་ལྔ་ལ།། དམ་ཚིག་ལྡན་པའི་རྣལ་འབྱོར་པས།། ཐུན་མོང་མ་ཡིན་མཆོད་པ་སྟེ།། གང་གིས་བདུག་པ་ཙམ་གྱིས་ནི།། དངོས་གྲུབ་མྱུར་དུ་ཐོབ་བྱེད་པའི།། སྒྲུབ་བོས་བདུག་སྤོས་བདུག་པ་ནི།། བརྟུལ་ཤུགས་འཛིན་པས་འདི་ལྟར་བྱ། འབྲས ་དཀར་བཏགས་པའི་ཕྱེ་མ་ནི།། སརྫེ་ར་རྫ་དག་དང་ནི།། ག་པུར་ཙཱན་དཀར་དམར་དང་།། ཆ་མ་ཉམས་ནས་ནི་དེ་དག་བསྲེས།། ཨ་ཀ་རུ་ནག་གིས་བསྒོས་ནས།། འབེ་ཏི་དཀར་མོའི་ཆར་རྒྱན་གྱིས།། རྣམ་པར་སྤྲས་ནས་རབ་སྔགས་ཏེ།། རྩ་བའི་རིག་པ ་གང་དེ་ལ། དབབ་པའི་གསང་སྔགས་རབ་ཏུ་སྦྱར།། སྟོང་རྩ་བརྒྱད་དུ་བཟླས་ནས་ནི།། དངོས་གྲུབ་ཕྱིར་ནི་རྫས་དེ་ཡིས།། དེ་ནས་མཁས་པས་རི་ལུ་བྱ།། གང་ཞིག་མཆོད་པའི་དུས་སུ་ནི།། སེམས་ཀྱི་དབང་ཕྱུག་ཏིང་འཛིན་གྱིས།། རྣམ་པར་སྦྱངས་པའི་ས ་གཞི་ལ་རྟེན་སོགས་དགྲམ་པར་བྱས་ནས་ནི།། ཚོ་གས་གཏེར་བདག་མདུན་བཀུག་ནས།། རྡོ་རྗེ་ཅན་གྱི་བདུག་པ་དབུལ།། སེར་སྒོ་མཛེས་པའི་སྣོད་དུ་ནི།། ཙན་དན་ལ་སོགས་འདག་མེ་ལ།། སྔར་བཤད་པའི་རི་ལུ་བསྲེག། དེས་ནི་རྟེན་ལ་འདུས་པར་བྱ།། ་སྦྱོར་དེས་སྐྱོབ་པ་མཉེས་གྱུར་ནས། གཏེར་རྣམས་དེའི་མོད་ལ་སྟེར།། གལ་ཏེ་དེ་ལྟར་མ་གྱུར་ན།། གཏེར་བདག་ཉམས་པར་གདོན་མི་ཟ།། འདི་ནི་རབ་ཏུ་གསང་བ་སྟེ།། གསང་བའི་གནས་སུ་སྤྱད་པར་བྱ།། བདུག་སྤོས་ཀྱི་སྦྱོར་བའོ།། དེ་ནས་དམ་ཚིག ་བཤད་བྱ་བ།། རྟུག་པར་ཁྲུས་དང་གཙང་སྦྲ་བྱ།། རྒྱལ་དྲིལ་ལ་སོགས་རོལ་མོའི་སྒྲ།། ཙཱནྡོ་གཱ་མ་ཏོས་རྗེ་ལྡན་དང་།། སྣ་ཚོགས་འབྲུའི་ཆན་དང་བཤོས།། མཛེས་པའི་ངར་སྣས་བཏགས་མཆོད་བྱ།། ཆང་རྣམས་དབུལ་བར་མི་བྱ་སྟེ།། ཤ་ནི་བརྟགས་ཏེ་དབུལ་བར ་བྱ་རྟག་ཏུ་སྔོན་པོའི་གོས་འཆང་ཞིང་།། ལུང་ཐང་འབྲས་བུའི་བགྲང་ཕྲེང་བགྲང་།། མྱུར་འགྲོ་ཤ་ཡ་བཟའ་བ་སྤང་།། ཉམས་ཤིང་ཆག་པའི་སྣོད་མི་བཟའ།། རྩུབ་ཅིང་ནག་པོའི་སྟན་མི་འདུག། གཟའ་བྲལ་མས་བསྟབ་བཟའ་བཏུང ་རྣམས་རྣམ་པ་ཀུན་དུ་མི་སྤྱད་དོ།། སྲོག་བྲལ་བ་ལ་རེག་པ་སྤང་། བསྲུང་བར་བྱ་བའི་དམ་ཚིག་གོ།། དེ་ནས་རྟེན་ནི་བཤད་པར་བྱ། བྱི་ནང་གསང་བའི་བྱེ་བྲག་གིས།། གཏེར་བདག་རྟེན་པའི་རྟེན་ཡང་ནི།། རྣམ་པ་གསུམ་དུ་མཁས ་པས་བརྟག། ཕྱི་རྟེན་རྒྱ་མཆོག་རབ་སྔོལ།། མཛེས་པའི་རྒྱན་བརྟགས་མགོན་ལ་དམིགས།། རྟག་ཏུ་ཡང་ནི་བནང་བར་བྱ།། ཡང་ན་གཟུགས་ལེགས་རབ་ཏུ་འཟུང་།། གསང་རྟེན་གྲོ་གའི་ཤུན་སོགས་ལ།། ཀུར་ཀུམ་དྲི་བཟངས་རབ ་སེར་བས།། བཱཾ་ཡིག་བྲིས་ལ་སྔགས་ཀྱིས་བསྐོར།། རིན་ཆེན་དང་བཅས་རིན་ཆེན་གཟུགས།། འབྲུ་མཆོག་བཏགས་ནས་བསྣོས་བྱས་ལ། མཁས་པས་བྱས་ཏེ་སྙིང་པོ་གཞུག། ཚོན་བྱུགས་ནས་ནི་མདུན་བཞག་གོ།། གཉིས་པ་བྲམ་ཟེའི་རིག་དག ་གམ།། གཞོན་ནུ་མ་ཡིས་ལེགས་བཀལ་བའི།། རས་ལ་དྲི་ཡིས་རབ་བསྐོར་ནས།། གཏེར་བདག་སྐུ་མདོག་ཕྱག་ཆར་ལྡན་ལགས་ནས་འབྱུང་བའི་རིམ་པ་ཡིས།། དམ་ཚིག་ལྡན་པས་མྱུར་བྲིས་ལ།། ཕྱི་རོལ་ཤིང་སོགས་རྒྱན་གྱིས་མཛེས།། ་སྔགས་རིགས་པས་ནི་མདུན་དགྲམ་བྱ།། རྟེན་གཟུགས་པའི་རིམ་པའོ།། དེ་ནས་གསང་བ་བཤད་བྱ་སྟེ།། སྒྲུབ་པོ་གསང་མེད་པོ་ཕྱོགས་ལྟས་ཏེ། གཏོར་མའང་དེ་ཉིད་ཕྱོགས་བྱིན།། གསང་རྟེན་ནེའུ་ལེའི་གླུ་དབུར་གཞུག། སྔོན་དམར་ཁ་སྤྲོ་རྒྱུན ་འཆང་ཞིང་།། འབྲས་སོགས་འབྲུ་རྣམས་འདོར་གཞུག་བྱ།། གཞན་གྱིས་མཐོང་ན་དངོས་གྲུབ་ཉམས།། གཏོར་སྒྲིབ་པ་ལ་གསང་བ་ཤེས།། ཆོ་གའི་སྦྱོར་བ་འདི་ཡིས་ནི།། ནམཁའི་མཛོད་ལ་རྣམ་པར་རོལ།། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱི་རྟོག་པ ་བདེ་བྱེད་ཀྱི་ཆོ་ག་སྣ་ཚོགས་པའི་མཛོད་ཅེས་བྱ་བ་རྫོགསྷོ།། པནྡི་ཏ་ཏེ་ཛ་དེ་བ་དང་། ལོཙྪ་བ་འཕགས་པ་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་པའོ།། ་