CLOSE WINDOW

GT256: dpal rdo rje rnal 'byor ma'i sngags kyi de kho na nyid kyis byin gyis brlab pa'i rim pa zhes bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཤྲཱི་བཛྲ་ཡོ་གི་ནི་མནྟ་ཏཏྟྭ། ནི་རྠེ་ཤ་སཱ་དྷེཥྛ་ན་མ། བོད་སྐད་དུ། དཔལ་རྡོ་རྗེ་རྣལ་འབྱོར་མའི་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱིས་བྱིན་གྱིས་བརླབ་པའི་རིམ་པ་ཞེས་བྱ་བ། དཔལ་རྡོ་རྗེ་རྣལ་འབྱོར་མ ་ལ་ཕྱག་འཚལ་ལོ།། སྔགས་གཟུགས་རྒྱལ་བའི་དབང་ཕྱུག་མ།། ཤཾ་ན་ཏུ་འཇིགས་ཤིང་མཆོག་སྟེར་བྱེད།། ཐིག་ལེ་ཕྲ་མོར་ཉེར་གནས་པ།། ཕྱག་འཚལ་རྡོ་རྗེ་ཕྱག་མོ་དཔལ།། ཡི་གེ་རེའི་དེ་ཁོ་ན་ཉིད།། འཕྲལ་དུ ་ཡང་དག་ཡིད་ཆེས་བྱེད།། བགེགས་རྣམས་ཐམས་ཅད་བརླག་པར་བྱེད།། གསང་སྔགས་དོན་ནི་བཤད་པར་བྱ།། བུ་ཡི་ཡི་གེའི་མདུན་དུ་བལྟ།། ཕྱག་འཚལ་ཡི་གེ་རབ་གསལ་བ།། ཆོས་ཀྱིས་ལམ་དེ་བཤད་པར་བྱ།། ་རྦ་རླབས་མེད་ཅིང་དྲི་མ་མེད།། ཉི་མ་ལྟེ་བུའི་རྣམ་པ་ཅན།། ཆེས་ཀུན་རབ་ཏུ་མི་གནས་པ།། དངོས་དང་དངོས་མེད་རྣམ་པར་སྤངས།། བློ་དང་ལྡན་པས་རྟག་ཏུ་བསྒོམ།། ཆོས་ཀྱི་སྒྲ་ནི་ཐོབ་འགྱུར་བ།། བྷྲཱུཾ་ལྡན ་འདི་ཡིས་ནི།། དེ་ལ་གོམས་པ་ཙམ་གྱིས་ནི།། འཕྲལ་དུ་ཡང་དག་ཡིད་ཆེས་འགྱུར།། རིག་བྱེད་དང་པོ་གཡོན་དུ་བསམ།། ལོངས་སུ་སྤྱོད་ལམ་ལེགས་པ་ནི།། རྟེན་ཅིང་འབྲེལ་འབྱུང ་ཡེ་ཤེས་ཏེ།། ཤིན་ཏུ་ལེགས་པའི་འོད་གསལ་བ།། འདི་ནི་ཟུང་འཇུག་ཤེས་བྱ་སྟེ།། ཇི་ལྟར་བྲག་ཆ་འདྲ་བཱ་ཡ།། ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་འགྱུར།། རང་རིག་བདེ་བའི་མཆོག་གྱུར་པ།། གཡས་པ་ཡེ་ཤེསྟེ། ་རྒྱ་མཚོ་སྟེ།། སྤྲུལ་པའི་ལམ་ནི་དྲི་མ་མེད།། སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས།། ཆུ་ཟླ་འདྲ་བར་བསམ་པར་བྱ།། སྤྲུལ་པའི་སྐུ་ནི་ཡང་དག་ཐོབ།། མེ་ལོང་གཟུགས་བརྙན་འདྲ་བ་བཞིན།། ལྷན་ཅིག་སྐྱེས་རྣམས་རྒྱུ་མཐུན་པས།། བླ ་ན་མེད་པའི་གོ་འཕྱང་ཐོབ།། ཨོཾ་ཡི་གེ་གསུམ་དང་ཡང་དག་སྦྱོར།། ཐིག་ལེ་ཡང་དྲག་བསྡུས་པ་གཅིག། དེ་ཤཾསཾ་རབ་ཏུ་མི་གནས་པ།། ཆོས་དབྱིངས་བདག་ཉིད་ངེས་པ་ཡིན།། ཡིད་ནི་དེར་སོང་སྔགས་པ་ནི།། སྣང་བ་མེད་པའི་གཽ་འ3 ་འགྲོ། བླ་ན་མེད་པའི་ལམ་སྤྱད་དེ།། ཡང་དག་རྫོགས་སངས་རྒྱས་ཀྱིས་གསུངས་ས་ཡིག་རི་བོང་ཅན་གཟུགས་གནས།། ཐིག་ལེ་ལྷན་སྐྱེས་མི་འཇིགས་པ།། ད་ནི་སྲོག་གི་རྣམ་པར་ཤེས།། བླ་མ་དམ་པའི་མུན་ངག་གིས།། མཛོད ་པུབུ་ཆེན་པོའི་སྒོ་རུ་ནི།། སྣ་ཚོགས་ཐིག་ལེ་རྣམ་པར་སྒོམ།། དངོས་གྲུབ་མ་ལུས་ཐོབ་དོན་དུ།། ཡང་དག་རྫོགས་པའི་བྱང་ཆུབ་འགྲོ། བ་ཡིག་རོ་དང་ཡང་དག་ལྡན།། ཚངས་པའི་བུ་གའི་རྣལ་འབྱོར་བྱེད།། ལེགས་པའི་འོད་ཟེར་རྣམ་པ་ལྔ། ་ཚོགས་རྡོ་རྗེ་རྣམ་དྲག་འགྲོ།། ཛ་ཡིག་ནང་དུ་ཡང་དག་བསམ།། ཇི་ལྟར་མེ་ཤེལ་ཇི་བཞིན་ནི།། གཞན་གྱི་གྲོང་དུ་འཇུག་པ་ནུས།། རྫུ་འཕྲུལ་སྣ་ཚོགས་ནུས་པར་འགྱུར།། བུད་ཡིག་ཆུ་བུར་རྣམ་པ་འདྲ།། དག་པའི་ཤེལ་དང་མཚུངས ་པ་ནི།། འགྲོ་དྲུག་རྒྱུ་ནི་བསྐྱེག་བྱས་ནས།། མངོན་ཤེས་དྲུག་གི་གོ་འཕང་ཐོབ།། སངས་རྒྱས་བྱང་ཆུབ་སེམས་དཔའ་ཉིད།། ཡུན་མི་རིང་བར་ངེས་པར་ཐོབ།། ཨོཾ་ཡིག་ལ་གནས་རྣམ་པར་བལྟ།། བླ་མེད་གྲོ་འཕང་ཡང་དག་འཐོབ།། དྷ་ཡིག ་གཉིས་མེད་དྲོ་བོ་སྟེ།། སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན།། གློག་དང་བྱུ་རུ་ཡང་དག་འདྲ།། ཨ་ཡིག་ནང་དུ་སོང་གནས་པ།། ཉིན་མཚན་དག་པར་བསྒོམས་པ་ལས།། འཕྲལ་དུ་ཡིད་ཚེས་བྱེད་པ་སྟེ།། མཁས་པས་བསྒོམས་པའི ་སྟོབས་ཀྱིས་ནི།། ཅི་ཕྱིར་ངོ་མཚར་གསྔལ་མི་འགྱུར།། ཌྷ་ཡིག་མཁའ་འགྲོ་མ་ཡི་འདྲ།། བདེ་བའི་བཞི་ནི་བླ་འོད་ཅན།། གོ་ཡིག་ནང་དུ་རྣམ་བསྒོམས་པས།། མཁའ་ལ་སྤྱོད་པ་ནུས་པར་འགྱུར།། ཀི་ཡིག་རྒྱུ་སྐྱེགས་མེ་ཏོག་མཚུངས ་འོད་ཟེར་འབར་བ་གསོལ་གྱུར་པ།། ར་ཡིག་ནང་དུ་ཡང་དག་གནས།། འོད་ཀྱི་ཕུང་པོར་རྣམ་པར་བསྒོམ།། བསྒོམས་པས་བདེ་བ་ཡང་དག་སྤྱི།། ནད་མེད་གོ་འཕང་ཐོབ་པར་འགྱུར།། ཕྱི་ནས་ཐུབ་དབང་གོ་འཕང་ནི།། བྱང་ཆུབ་མཆོག ་ནི་ཐོབ་པར་འགྱུར།། ནི་ཡི་ཡི་གྲེ་ནད་སེལ་བ།། ཨིནྡྲ་ནཱི་ལ་ལྟར་ནུས་པ།། དེ་ཡིག་སྙིང་པོར་ཡང་དག་འབྱུང་།། སྟོན་ཀའི་ཟླ་བ་ལྟ་བུར་བསྒོམ།། ཡང་དག་བླ་མའི་མན་ངག་སྟེ།། ལྷ་ཡི་མིག་གིས་བལྟ་བར་བྱ།། སྤྱན་ལྔ་པོ་ནི་ཐོབ ་འགྱུར་ཏེ།། དེ་ཚེ་སངས་རྒྱས་ཉིད་དུ་འགྱུར།། ཡི་ཡིག་མཁའ་འདྲའི་ཡེ་ཤེས་ནི།། འོད་ཟེར་ཕྲེང་བ་འཁྲུགས།། རྣལ་འབྱོར་ཆེན་པོས་ལྟ་བར་བྱེད་།། མ་ཡིག་ནང་དུ་ཡང་དག་གནས།། མཉམ་པ་ཉིད་ཀྱི་ཡིད་ཀྱིས་ནི།། ཐེ་ཚོམ ་མེད་པར་བསམ་པར་བྱ།། ནས་དང་འཆི་བ་རྣམ་པར་སྤངས།། བླ་ན་མེད་པ་རབ་ཏུ་ཐོབ།། བ་ཡིག་ཐིག་ལེ་ཟླུམ་པོ་ནི།། མཛེས་པའི་སྐར་མ་སྐར་ཆེན་འདྲ།། ཀཱ་ཡིག་བཞི་ལ་ཡང་དག་གནས།། བསྒོམ་བྱ་རང་བཞིན་ག ་མེད་པ།། འདོད་དོན་འབྲས་བུ་ཐོབ་འགྱུར་ཏོ།། ཡང་དག་རྫོགས་པའི་བྱང་ཆུབ་བྱེད།། དངོས་དང་དངོས་མེད་རྣམ་པར་གྲོལ།། ལུས་ཅན་གྱིས་ནི་མངོན་སུམ་བྱེད།། མེ་ཡི་ས་བོན་གཟི་བརྗིད་ལྡན།། འབར་གསེར་འགྱུར་ལྟ་བུའི་མེ།། ཨོཾ ་ཡིག་དབུས་སུ་བཞག་པར་བྱ།། ལེགས་པའི་བློ་ཡིས་རྟག་ཏུ་བསམས།། ནམ་མཁའ་བསྲེགས་པ་ཙམ་གྱིས་ནི།། དངོས་གྲུབ་རི་ཡི་བདུད་རྩི་འཛག། དེ་ཡིས་ཡང་དག་བྱུགས་ཙམ་གྱིས།། བྱང་ཆུབ་གསེར་འགྱུར།། ཝ་ཡིག་ཁ་དོག་སྣ་ཚོགས་པ ་གཞན་ཡང་ཡིད་བཞིན་ནོར་བུ་ལྟར།། ཏྲི་ཡིག་དབུས་སུ་ཡང་དག་གནས།། མར་ཁུའི་མེ་བཞིན་འབར་བ་ཡི།། ཉོན་མོངས་མ་ལུས་བསྲེགས་བྱས་ནས།། ཁམས་དང་དབང་པོ་ལ་སོགས་ཀྱང་།། ལེགས་ཞུ་ཧེ་རུ་ཀ་ཡཾ་མཆོག། བླ་ན་མེད་པ་མྱུར་དུ་ཐོབ། ་རྡྷ་ཡི་ཊ་དང་ཡང་དག་ལྡན།། ཡི་གེ་གསུམ་ནི་ཆེ་བར་འབར།། ཀོ་ཡི་ཡི་གེའི་ཕུག་ཏུ་བཞག། བློ་དང་ལྡན་པས་རང་སེམས་བསྒོམ།། འབྱུང་བ་མཆོག་ཏུ་དགའ་བ་སྟེ།། སྲིད་དང་མྱ་ངན་འདས་ངོ་ནཱི།། རབ་འཇུག་བྲལ་བས་དགའ་བ་སྟེ།། མྱ་ངན་འདས་པའི ་ཆོས་ནི་བསམ།། ལྷན་ཅིག་སྐྱེས་དགའ་མི་གཡོ་བ།། ལྷན་ཅིག་སྦྱོར་བས་ནང་དུ་གནས།། བསྒོམ་པ་བརྟན་པར་འགྱུར་བ་ཡིས།། བླ་ན་མེད་པའི་གོ་འཕང་འཐོབ།། ཨུཏྤལ་སྔོན་པོ་ལྟ་བུ་ཡི།། ནི་ཡིག་སྔོན་པོའི་ཐིག་ལེ་ནི།། ཀ་ལག་སྒོ་ཡི་དབུས་གནས ་བར།། མེ་ཤེལ་ལྟ་བུར་བསྒོམ་པར་བྱ།། དེ་ཡི་དབུས་སུ་སོང་བའི་སེམས།། བདེ་བ་ཆེན་པོས་ཡོངས་སུ་གང་།། སྒྱུ་མ་ལྟ་བུའི་ཏིང་འཛིན་གནས།། བླ་མེད་གོ་འཕང་འཐོབ་པར་འགྱུར།། ཡི་གེ་ཉི་མའི་གཟུགས་དང་འདྲ།། དེ་ཡི་དབུས་སུ་བདེ་མཛད་མ།། ལ་ཡིག ་ཕུག་ཏུ་ཡང་དག་གནས།། དྲི་མ་བྲལ་བ་རྟག་ཏུ་བསྒོམ།། སེམས་ནི་དེ་རུ་སོང་བ་ལ།། རང་རིག་པ་ནི་ཐོབ་པར་འགྱུར།། རང་རིག་རྣལ་འབྱོར་པ་དེ་ཡིས།། བླ་མེད་གོ་འཕང་ཐོབ་པར་འགྱུར།། བ་ཡིག་གློག་འགྱུའི་རྣམ་པ་ནི།། སྣང་བ་སྒྲ་ཡི་རྗེས་ཆགས ་སྐྱེས།། ཀཱ་ཡིག་དབུས་སུ་ཡང་དག་བལྟ།། དུས་མཚན་ཉིད་ནི་ལོག་པར་བྱེད།། རྡོ་རྗེ་ལྟ་བུའི་ཏིང་འཛིན་གནས།། ནཱ་དའི་མཐའ་ནི་ཡེ་ཤེས་ལྟར།། དེར་གནས་སེམས་ནི་ཡང་དག་འགྱུར།། ཕྱག་རྒྱ་ཆེན་པོ་མངོན་པར་ཐོབ།། མེ་ཡི་ས་བོན་ཤིང་རྟ་ཞོན།། ་ཛྷཻཾ་ཡིག་ཇི་ལྟར་འབར་བ་ནཱི། ཧྲཱི་ཡིག་ལ་གནས་གཟི་བརྗིང་ཆེ།། ཡེ་ཤེས་ལྔ་ཡྀ་རང་བཞིན་ཅན།། རྟོག་པ་མེད་པའི་སྐྱོན་སྲེག་གོས།། ཡུལ་དང་དབང་པོའི་ཚོགས་པ་རྣམས།། དཱ་ཡོས་མི་ལྷ་མཉེས་གྱུར་ནས།། དགྱེས་པར་དངོས་གྲུབ་སྟེར་བར་བྱེ ་བཱི་ཡིག་ཐིག་ལེའི་རང་བཞིན་ནི།། རྩཝ་མཁན་འཁོར་ལོ་ལྟ་བར་འཁོར།། ཀྵེ་ཡིག་རྩེ་མོར་བལྟ་བར་བྱ།། ལྷན་ཅིག་སྐྱེས་དགུའ་མི་གཡེ་བར།། སྲིང་དང་མྱང་འདས་བྲལ་བསྣ་ནི།། དྲི་མྱ་མེད་པའི་འབྲས་བུ་ཐོབ།། རྟག་ཏུ་གོམས་པའི་རྣལ་འབྱོར ་གྱིས།། སྐྱེ་བ་འདི་ལ་དངོས་གྲུབ་ཐོབ།། རོ་ཡིག་འབར་དམར་འཇིགས་པ་ཡི།། ངུ་འབོད་ལ་སོགས་འཇིགས་པར་བྱེད།། གྲི་ཡིག་བཤད་པའི་ལམ་ལ་གོནས།། འོད་ལྡན་ཐིག་ལེ་བསྒོམ་པར་བྱ།། རྣམ་པར་སྣང་མཛད་གཟི་བརྗིད་ཆེ།། བསྒྲུབ་བྱ ་ཐམས་ཅད་བསམ་པར་བྱ།། ཡུན་མི་རིང་བའི་དུས་ཀྱིས་ནི།། སངས་རྒྱས་ཆེན་པོ་ཐོབ་པར་འགྱུར།། ཟླ་བ་ཆུ་ཤེལ་ལྟ་བུའི་འདྲ།། ཙ་ཡིག་མཛེས་པར་བསམ་པར་བྱ།། སོ་ཡིག་ནང་དུ་ཡང་དག་གནས།། རྣལ་འབྱོར་པ་ཡིས་རྟག ་ཏུ་བསྒོམ།། བདེ་གཤེགས་གོ་འཕང་ཐོབ་པར་འགྱུར།། བཞི་པའི་སྐུ་ཡི་མཆོག་གི་མཆོག། རྟག་ཏུ་གོམས་པའི་རྣལ་འབྱོར་གྱིས།། རྣལ་འབྱོར་གྱིས་ནི་དངོས་གྲུབ་འགྲུབ།། ནཱི་ཡིག་དྲི་མ་མེད་པ་ཉིད།། སྤྲིན་བྲལ་ནམ་མཁའ་ལྟ་བུ་ཡི།། སུ་ཡིག་ཡི ་གེའི་ནང་གནས་པ།། ཉིནྡ་དང་མཚན་དུ་བསྒོམ་པར་བྱ།། དངོས་དང་དངོས་མེད་རྣམ་གྲོལ་བ།། མཆོག་ཏུ་ཞི་བའི་ཆ་དང་བྲལ།། བསམ་གཏན་ཙམ་གྱིས་ཡང་དག་ཐོབ།། མཁའ་སྤྱོད་གནས་སུ་ཁྲིད་པར་བྱེད།། ཡི་ཡིག་རང་བཞིན་མེད་པ་ཡི།། སྟོང་ཉིད ་ཕྲལ་རྡུལ་མེད་པ།། ནཱི་ཡིག་གནས་པའི་ཡང་དག་ལྷོ།། འོད་ལྡན་རང་བཞིན་དྲི་མ་མེད།། དེ་ཡི་དབུས་སུ་སེམས་བཞག་པ།། དངོས་དང་དངོས་མེད་རྣམ་པར་སྤངས།། སྲིད་ལས་གྲོལ་བ་བལྟ་བར་བྱ།། སངས་རྒྱས་ཉིད་ནི་གྲགས་པ་བསྟན།། ཕཊ ་ཡིག་སྡེར་པོ་ཐིག་ལ་ནི།། རྩེ་མོ་རྣམས་ལ་མཱར་ལྟ་བུས།། ས་ཡིག་ནང་དུ་བཞག་པར་བྱ།། འདོད་ལྡན་དྲང་ཞིང་བསམ་པར་བྱ།། ཉོན་མོངས་ཁམས་ནི་ཡང་དག་བསྲེགས།། ཕུང་པོ་ཁམས་ནི་ཟོད་པར་འགྲོ། ཚེ་འདི་ཉིད་ལ་ཐོབ་པར་འགྱུར།། སྐྱེ ་བ་དང་ནི་འཆི་བ་སྤངས།། ས་འདོད་རང་འདོད་རིག་མར་གྲགས།། ཡིད་ཀྱི་སྤྲུལ་པས་མཛེས་པའོ།། མ་ཡིག་གཞོན་པ་རྣམ་པོར་བལྟ།། ཡིད་ལ་སིམ་པ་ཡིད་སྙམ་བྱེད།། སྒྱུ་མ་ལྟ་བུར་ཡང་དག་གནས།། དྲི་ཟ་ཡི་ནི་གྲོང་ཁྱེར་ལྟར།། སེམས་ཀྱི ་འཇུག་པ་ཙམ་གྱིས་ནི།། དེ་ལ་གོ་འཕང་བླ་ན་མེད།། ཧ་ཡིག་ཕལ་མ་ཡང་དགྲ་གནས།། འོད་ཟེར་འཁོར་ལོ་གཡོ་ཞིང་འབྱུང་།། ཀུ་ཡི་དབུས་སུ་ཡང་དག་བལྟ།། ཐིག་ལེ་རང་བཞིན་དྲི་མ་མེད་།། བསྒོམ་བསྟན་པར་འགྱུར་བ་ཡིས།། འཆི་མེད་ཉིད་དུ་སྐྱེ་བར ་འགྱུར།། ཡུན་མྱི་རིང་བའི་དུས་ཀྱིས་ནི།། གཽ་འཕང་བླ་ན་མེད་པ་ཐོབ།། ཧི་བྲིའི་ཡི་གེའི་དབུས་སུ་ནི།། ཡིད་དུ་འོང་བའི་སངས་རྒྱས་གནས།། དྲག་པོ་གསུམ་དང་ལྡན་པ་ལ།། དེའི་དབུས་གསལ་བར་བསྒོམ་པའི།། གཡས་ན་མར་མེ་ཉི་མའི་ཆ།། སྲིད་དང ་སྙིང་རྗེ་སྤྲུལ་པའོ།། ཉིན་མེ་རབ་གསལ་ཡེ་ཤེས་གྲགས།། དུས་དང་ཐབས་ཀྱི་དུན་རྫོབ་བོ།། ལྷོ་རུ་རྒྱུ་བས་འདུ་བ་སྟེ།། རྩ་ནས་ཁྲག་ནི་འབར་བར་བྱེད།། འབྱིན་པས་ཉོན་མོངས་ངེས་པར་འཇོམས།། ལུས་ནི་མྱ་ངན་ལས་བསྒོམ་བྱ།། གཡོན་གྱི་ཧཱུཾ་གི་ཡཾ ་གེ་དཀར།། རྣམ་ཤེས་རྨི་ལམ་ཟླ་བ་ཉིད།། བྱང་དུ་འགྲོ་བ་ཤེས་རབ་བརྗོད།། སྟོང་ཉིད་མཚན་མོ་དེ་བཞིན་དུ།། འཇུག་པའི་ལམྲ་ནི་ལོངས་སྤྱོད་རྫོགས།། ཆུ་ནི་འབབ་པར་བྱེད་པའི་རྩ།། ཚངས་པ་མྱ་ངན་འདས་པར་གྲགས།། ཉེ་བའི་ཉོན་མོངས་ཟད་བྱེད ་པ། མདུན་དུ་སྔོན་པོ་དྲག་པོ་སྟེ།། སྙིང་ལ་ཨཱ་ཡིག་མི་གཡོ་བ།། གཉིས་མེད་ཡེ་ཤེས་ཞེས་བརྗོད་པ།། དམིག་མེད་དྲི་མ་མེད་པའོ།། ཆུ་ཤིང་མེ་ཏོག་ཡང་དག་འདྲ།། ཏིལ་གྱི་མར་མེ་བཞིན་དུ་འབར།། ཉོན་མོངས་ཀུན་ནི་ཟད་པར་བྱེད།། དོར ་སོང་སེམས་ནི་མྱ་ངན་འདས།། ཆོས་ཀྱིས་ལམ་ཞེས་ཡེ་ཤེས་མཆོག་གི་མཆོག། ཡུན་མི་རིང་བར་ཐོབ་འགྱུར་ཏེ།། རྡོ་རྗེ་སེམས་དབ་མཉམ་པར་འགྱུར།། སྐུ་གསུང་རང་བཞིན་ཞེས་བརྗོད་པ།། དབུས་སུ་ཐིག་ལ་གཞི་མེད་པ།། ལྷན་ཅིག་སྐྱེས ་པའི་རང་བཞིན་ཉིད།། སེམས་ཅན་ཀུན་ལ་རྣམ་པར་གནས།། དེ་ལྟར་བསྒོམས་པའི་རྣལ་འབྱོར་པས།། དངོས་གྲུབ་མྱུར་དུ་ཐོབ་འགྱུར།། རབ་ཏུ་མི་གནས་འབྲས་ཐོབ་པས།། བླ་ན་མེད་པའི་གཞི་རུ་འགྲོ། ཨཱ་ལི་ཀཱ་ལི་འགོག ་པ་ལས།། རི་མོ་དེ་ནི་ངེས་པར་སྦྱར།། རང་བཞིན་འོད་གསལ་མཆོག་གི་མཆོག། ནཱ་དའི་མཐར་ནི་འབར་བ་ཆེ།། ཕྲ་མོར་བྱས་པའི་སེམས་ཉིད་ནི།། མི་གཡོ་ཉིད་དུ་འགྲོ་བ་ཡི།། དེ་ཡི་ལོངས་སྤྱོད་བསམ་པ་ཡི།། ལྷུན་གྱིས་གྲུབ་པ་རྟག་པ ་ཉིད།། དེ་ཉིད་གུས་པས་རྒྱུན་མི་འཆད།། བསྒོམ་པ་ཡུན་རིངས་རྣམ་པར་བསམ།། ཡུན་རིངས་བསྒོམས་པའི་ཡིད་ཀྱིས་ནི།། བདེ་བ་ཆེན་པོ་ཐོབ་པར་འགྱུར།། དེ་ནི་ངོ་ཧ་ཀོ་ཥར་གསུངས།། ས་བོན་གཅིག་ལ་སྟོང་པ་གཉིས།། རྒྱུ་མཚན ་དེས་ན་འབྲས་བུ་གཅིག། དབྱེར་མེད་དེ་ནི་མངོན་བྱས་པ།། དེ་ནི་སྲིད་འདས་རྣམ་པར་གྲོལ།། སྒྱུ་འཕྲུལ་དྲ་བའི་རྒྱུད་ལས་གསུངས།། ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས།། འགྲོ་བའི་དོན་ལ་རྟོག་པ་པོ།། ཐེག་པ་གསུམ་གྱིས་ངོས ་འབྱུང་བ།། ཐེག་པ་གཅིག་གི་འབྲས་བུར་གནས།། ཉོན་མོངས་ཁམས་རྣམས་དག་པའི་བདག། ལས་ཀྱི་ཁམས་རྣམས་ཟད་བྱེད་པ།། ཆུ་བོའི་རྒྱ་མཚོ་ཀུན་ལས་བརྒྱལ།། སྦྱོར་བའི་དགོན་པ་ལས་བྱུང་བ།། ཉོན་མོངས་ཉེ་བ་ཀུན་ཉོན ་མོངས།། བག་ཆག་བཅས་པ་གཏན་སྤངས་པ།། སྙིང་རྗེ་ཆེན་པོ་ཤེས་རབ་ཐབས།། དོན་ཡོད་འགྲོ་བའི་དོན་བྱེད་པ།། འདུ་ཤེས་གསུམ་གྱིས་དོན་སྤངས་པ།། རྣམ་ཤེས་དོན་ནི་འགགས་པར་བྱེད།། སེམས་ཅན་ཀུན་ཡིད་ཡུལ་དང ་ལྡན།། སངས་རྒྱས་ཀུན་གྱི་ཐུགས་རིགས་པ།། སེམས་ཅན་ཀུན་གྱི་ཡིད་ལ་གནས།། དེ་ལྟར་དེ་ཤེས་རྣལ་འབྱོར་པས།། གང་ཞིག་བློ་ལྡན་རྟག་ཏུ་སློབ།། འགྲུབ་པར་འགྱུར་བ་ཐེ་ཚོམ་མེད།། བསོད་ནམས་དམན་པའི་མི་ཡིད་ཀྱང་།། ཐེ་ཚོམ་མེད་པར ་དེ་ཡིས་འགྲུབ།། གུས་པས་སྒྲུབ་པ་པོ་ཡིས་ནི།། གུས་བཅས་སྟོན་པ་མཆོད་བྱ་ཞིང་།། ལས་རྣམས་ཀུན་ལས་གུས་པར་བྱ།། རོ་གཅིག་གིས་བརྗོད་རྣམ་པར་རྨོངས་པའི་སེམས་ཀྱིས་བསྒོམ་པ་ཡང་དག་གསལ་དོན་དུ།། རྩ་དང་ཁམས་ནི་མཉམ་ཉིད་མཁ ་འགྲོ་མར་ལྡན་གནས་ལ་སོགས་པའི་ས་རྣམས་དང་།། དེ་ཉིད་རེ་རེའི་དབྱེ་བ་བྱས་ལས་དཔལ་ལྡན་རྡོ་རྗེ་ལྷ་མོའི་ཐུགས།། བདེ་བ་རོ་གཅིག་གང་ལ་གསང་པ་སུམ་དུ་རུ་གཉིས་དེ་ཉིད་དྲི་མ་མེད་པ་ནི།། སྔགས་དེན་ངེས་བསྟན་བྱས་པ་ལ།། བདག ་གི་དགེ་བ་གང་བསྒྲུབ་པ།། དཔལ་ལྡན་ཕྱག་རྒྱ་ཆེན་པོའི་གོ་འཕང་ནི།། དེས་ནི་འགྲོ་རྣམས་མྱུར་དུ་འགྲུབ་གྱུར་ཅིག། མཆོག་ཏུ་ཟབ་པ་དཔལ་ལྡན་རྡོ་རྗེ་རྣལ་འབྱོར་མའི་སྔགས་ཀྱི་དེ་ཁོ་ན་ཉིད་ངེས་པར་བསྟན་པ། སློབ་དཔོན་ཨིནྡྲ ་ཛཱ་ཏིས་མཛད་པ་རྫོགས་སོ།། ། ལོ་ཙྪབ་ལེ་ཤེས་རྡོ་རྗེས་གྱུར་ཅིང་ལུས་པ་གཏན་ལ་ཕ ་