| Wylie | e-texts produced with BDRC’s OCR application |
སྒྲུབ་ཐབས་སྔོན་པོ་དགའ་རབ་རྡོ་རྗེས་མཛད་པ་རྫོག་སྷོ།། རྒྱ་གར་སྐད་དུ། མ་ཧཱ་རཱ་ཛ་ཀུ་བཻ་ར་སཱ་དྷ་ན་ནཱ་མ། བོད་སྐད་དུ། རྒྱལ་པོ་ཆེན་པོ་ལུས་ངན་པོའི་སྒྲུབ་ཐབས་ཞེས་བྱ་བ། ངས་སོས་རྒྱལ་པོ་ལ་ཕྱག་འཚལ་ལོ།། དང་པོར་སྣོད ་ལྗོན་གང་ཟག་གིས།། གནས་རྣམས་ཤིན་ཏུ་དབེན་པ་རུ།། རྡོ་རྗེ་འཆང་བ་བསྒྲུབ་པར་བྱ།། དེ་ནས་ལས་རྣམས་མྱུར་འདོད་ནས།། བཀའ་ཡི་ཕོ་ཉ་བསྒྲུབ་པར་བྱ།། དེ་ཡང་རང་རྒྱུད་དག་དང་ནི།། གཙོ་བོ་འཁོར་དུ་གནས་པའོ།། ཐབས་ནི་ཆོག ་བསགས་ཚད་མེད་བསྒོམ།། བསྲུང་བ་སྟོང་ཉིད་དང་ནས་བྱཱ། པདྨའི་གདན་སྟེང་ཧཱུ~ཾ་ལས་ནི་མཆོད་རྟེན་ལ་ནི་སྐུ་བསྐྱེད་དོ།། ལྗང་གུས་ལ་གཅིག་ཕྱག་གཉིས་པ།། གཡས་ན་མཆོད་རྟེན་གདུག་པ་སེལ།། གཡོན་ན་ནོར་ལྡན་མེའུ་ལེ་འཛིན།། ་རང་བཞིན་གནས་པ་སྤྱན་དྲངས་ལ།། དབང་སྒྱུར་བྱིན་བརླབས་ཚུལ་བཞིན་བྱ།། མཆོད་པ་རྣམ་ལྔ་ཕུལ་ནས་ནི།། བསྟོད་པ་འདི་དག་བརྗོད་པར་བྱ།། བསྟན་བསྲུངས་རྒྱལ་པོ་ཆེན་པོ་ནི།། མཆོད་རྟེན་གྱིས་ནི་དོན་རྣམས་བསྒྲུབ།། རིན་ཆེན ་ནེའུ་ལེ་བསྣམས་ནས་ནི།། དགོས་འདོད་སྟེར་བའི་ལྗང་ཁུ་བསྟོད།། བསྐྱེད་རིམས་རྫོགས་ནས་བཟླས་པ་བྱ།། སེམས་དཔའ་སུམ་བརྩེག་ལྡན་པ་ལ།། འོད་ཟེར་སྤྲོ་བསྡུ་འཁོར་ལོའི་ཚུལ།། སྒྲུབ་པའི་དུསུ་སྤྲོ་བསྡུ་སྤང་།། དགུག་སོགས་མན་ངག་བཞིན ་དུ་བྱད། རྟགས་མ་བྱུང་བར་འཕྲོ་མི་སཅད། སྔགས་ནི་ཨོཾ་ནཱི་ལཾ་བ་ར་དྷ་རོ་བཛྲ་པཱ་ཎི་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཾ་ཤྲ་ནཱ་མ་ཡེ་ཡཀྵ་དྷི་པ་ཏ་ཡེ་སྭཱ་ཧཱ། ཨ་མུ་ཀཾ་མཱ་ར་ཡ་ཕཊ། དམ་ཚིག་བརྟན་ཞིང་གཏེར་མོ་སྦྱིན།། དེ་ནས་རང་རྒྱུད་སྒྲུབ་འདོད་ན།། གཙོ་བོ་འཁོར་དུ་བ ་བ་ཡང་།། ཚོགས་བསགས་ལ་སོགས་གོང་མ་ལྟར།། འཁོར་ལོ་ཆེན་པོའི་ལྟེ་བར་གཙོ།། མདུན་དུ་རྒྱལ་པོ་བསྐྱེད་པར་བྱ།། བཀའ་སྒོ་ལ་སོགས་ལས་དང་སྦྱར།། དགུག་དང་བསང་ལ་སོགས་པ་ཡི།། བསྒྲུབ་པ་ཅི་རིགས་ཤེས་བྱ་སྟེ།། འཁྲུལ ་འཁོར་སྦྱོར་བ་དག་ཏུ་ཤེས།། རྣལ་འབྱོར་སྒྲུབ་པར་བྱེད་འདོད་ན།། གནོད་སྦྱིན་གཡས་སུ་བསྐྱེད་བྱས་ལ་བཀའ་བསྒོ་རྒྱལ་པོས་བྱ་བར་རིགས།། ཀླུ་རྒྱལ་གཡོན་དུ་བཀོལ་བའི་ཕྱིར།། བདེ་གཤེགས་སྤྲུལ་པ་སྒྲུབ་འདོད་ན།། མདུན་ནམ་གཡོན་དུ ་པདྨ་ལ། ནི་ཆོ་ག་གསུམ་མམ་སྐད་ཅིག་ལས།། སྐུ་མདོག་དཀར་པོ་སྦྲུལ་ཞགས་ཅན།། དེ་འདྲིའོ་ཀླུ་རྒྱལ་སྤྱན་དྲངས་བསྟིམ།། མཆོད་བསྟོད་གང་འདོད་བཟླས་པ་བྱ།། དམ་ལ་མ་ཐོགས་ཀླུ་རྣམས་ནི།། སྒྲུབ་པ་པི་ལ་བར་ཆོད་བྱེད།། དང་པོ་ཞི་བས ་གདུལ་བར་བྱ།། མཉན་དྲག་པོའི་ལས་རྣམས་བརྩམ།། བསད་ན་དངོ་སུ་གཟུགས་བརྙན་གཞུག། དགུག་ལ་བསང་སྔགས་ཤེས་པར་བྱ།། ཁྲོ་བོ་འམ་ཡང་ན་མཆོད་ཆ་ཡིས།། ལུས་རྣམས་གཏུབ་ཅིང་བསད་པར་བྱ།། ཡང་ན་སྦྱིན་སྲེག་རྣམས་ཀྱང་བྱ།། 2 ་ན་འཁྲུལ་འཁོར་སྦྱོར་བར་བྱ།། ཡང་ནུ་མ་མོ་རྣམས་ཀྱང་བསྐུལ།། གནོད་ན་གྲོ་ག་རྣམས་ལ་ནི་གཟུགས་བྲི་འོད་ཟེར་རྣམས་ཀྱིས་དགུག། དེ་ནས་ཞིང་ཆེན་ནང་དུ་གཞུག། ཁ་དག་པ་མཚོན་བཅིང་ཐལ་བས་དགང་།། ཡང་ན་པོ་བོང་དུག་ལ་སོགས།། གོང ་མ་བཞིན་དུ་ཤེས་པར་བྱ།། བསྐྲད་སོགས་གཞན་ཡང་མན་དགུ་སྦྱར།། རྒྱལ་པོ་ཆེན་པོ་ལྷས་ངན་པོའི་བསྒྲུབ་ཐབས། གྲུབ་པ་བརྙེས་པའི་སློབ་དཔོན་ཆེན་པོ་དཔའ་བོ་རྡོ་རྗེས་མཛད་པ་རྫོགས་སྷོ།། ། སྨྲ་བ་ཆེན་པོ་རྒྱལ་བའི་སྙན ་ལེགས་པར་ཞུས་ཞིང་། བསྟན་བཅོས་ཀྱི་སྐད་རུང་ཟད་ཤེས་པའི་ལོ་ཙྪ་བ་ཤཱཀྱའི་དགེ་སློང་ཉི་མ་རྒྱལ་མཚན་དཔལ་བཟང་པོས་དཔལ་ཐར་པ་གླིང་གི་གཙུག་ལག་ཁང་དུ་ལེགས་པར་བསྒྱུར་བའོ།། ས་སྟེང་ཉི་ཟླ་ལྟར་གྱུར་གཅིག། ་