CLOSE WINDOW

GT2554: rgyal po chen po rnam thos sras kyi sgrub thabs
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། མཧཱ་རརཱ་ཛ་བེ་ཤྲ་བ་ན་སཱ་དྷ་ན། བོད་སྐད་དུ། རྒྱལ་པོ་ཆེན་པོ་རྣམ་ཐོས་སྨྲས་ཀྱི་སྒྲུབ་ཐབས།། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ།། ནོར་གྱི་དབང་ཕྱུག་རིན་ཆེན་གཏེར་མངའ་བ།། གནོད་སྦྱིན་ཀུན་གྱི་ནོར་འཆང་ཀུན་གྱི་རྗེ། ་བྱང་ཕྱོགས་སྐྱོང་བའི་རྒྱལ་པོ་རྣམ་ཐོས་སྲས།། དངོས་གྲུབ་མཆོག་སྣོལ་མཛད་ལ་ཕྱག་འཚལ་ལོ།། ངལ་སོ་དགེ་བ་སྟོབས་པོ་ཆེ།། སྦོམ་ཞིང་སེང་གེའི་གདན་ལ་བཞུགས།། ཕྱག་གཉིས་བེ་ཅོན་ནེའུ་ལེ་བསྣམས།། དེ་སློབ་ཆོ་ག་བཤད་པར་བྱ།། ག་པུར་ལ ་སོགས་ལྕི་བོ་ཡིས།། སྔགས་བརྗོད་ས་གཞི་ལེགས་པར་བྱུག། ཚོམ་བུ་དགུར་ནི་མེ་ཏོག་དགོད།། དམ་ཚིག་བདུན་དང་ལྡན་པ་ཡིས།། རྒྱལ་པོའི་རྟེན་གསུམ་གཟུགས་པར་བྱ།། བདག་ཉིད་ཆོ་ག་རྫོགས་བྱས་ལ།། སྡིགས་བརྒྱ་བཅུ་གསུམ་པ་བཟླས་པ། ཕྱོགས། ་མཚམས་ཀུན་དུ་བསང་གཏོར་བྱ།། སྙིང་ཁར་ས་བོན་བསམ་པ་ལས།། བྱང་ཕྱོགས་འོད་ཟེར་རབ་སྤྲོས་ཏེ།། གནོད་སྦྱིན་བྱེ་བ་འབུམ་གྱི་གཙོ།། རྒྱལ་པོ་རྣམ་ཐོས་སྤྱན་དྲང་ཏེ།། མདུན་དུ་ལེགས་པར་བཞུགས་པ་བསམ།། དེ་ལ་བསང་གཏོར་ནས་བརྩམས ་ཏེངརྒྱལ་པོ་འཁོར་བཅས་ལེགས་པར་མཆོད།། ཨོཾ་ཨ་མྲི་ཏ་ཀུཎ་ཌ་ལི་ཧཱ་ན་ཧ་ན་ཧཱུཾ་ཕཊ། དེ་ལ་མཆོད་པའི་ཡི་གེ་ལ།། ཡི་གེ་གསུམ་དང་ལྡན་པ་ཡིས།། སོ་སོར་ལེགས་པར་སྦྱར་ཏེ་དབུལ།། སྤྱི་གཙུག་ལྐོག་མ་སྙིང་ཁ་ཡི།། ཨོཾ་ཨཱ་ཧཱུཾ་གིས་འོད་ཟེར་གྱིས། ་རྒྱལ་པོ་འཁོར་དང་བཅས་པ་རྣམས།། འོད་ཞུ་སྟོང་པའི་རང་བཞིན་བྱ།། དེ་ནས་མདུན་དུ་བུམ་ལས་ནི།། རིན་ཆེན་ཁང་པ་བརྩེགས་པར་བསྒོམ།། ཟུར་བཞི་རིམ་གསུམ་ཁང་བརྩེགས་པ།། དབུས་མོའི་ཕོ་བྲང་གསུམ་བརྩེགས་ཏེ།། རྩེ་མོ་རིན་ཆེན་ནོར་བུས་བརྒྱན ་དྲ་བ་དྲ་བ་བྱེད་པས་བསྐོར།། ཤར་སོགས་ཤེལ་དང་བཻ་ཌཱུརྱ།། པདྨ་ར་གཱ་གསེར་གྱི་ནི།། ཀ་བ་སྟོང་ཕྲག་བཅུ་ཡིས་བརྒྱན།། དེའི་ཕྱི་རོལ་ཕྱོགས་མཚམས་སུ།། བུམ་པ་བཟང་པོ་དཔག་བསམ་ཤིང་།། རིན་ཆེན་རྫིང་བུ་འདོད་འཇོ་བ།། བརྒྱད་བརྒྱད་ལྔ་ཡིས ་རབ་ཏུ་མཛེས།། རིན་ཆེན་འབར་བས་ཡོངས་སུ་བསྐོར།། དབུས་སུ་ས་བོན་ཡི་གེ་ལས།། འོད་ཟེར་སྣ་ཚོགས་རབ་འཕྲོས་ནས།། དོན་བྱས་སླར་འདུས་བཻ་ལ་ཐོམ།། དེ་ལས་རྒྱལ་ཆེན་འཁོར་བཅས་རྫོགས།། རིན་ཆེན་ཕོ་བྲང་དམ་པ་དང་།། མི་འཇིགས་སེང་གེའི་གདན་སྟེང་ན ་བཾ་ལས་བྱུང་བའི་མགོན་པོ་ནི།། ངས་སོ་དགེ་བ་སྟོབས་པོ་ཆེ།། གཡས་ན་རིན་ཆེན་རྒྱལ་མཚན་འཛིན།། གཡོན་ན་གཏེར་གྱི་ནེ་ལེ་བསྣམས།། སྐུ་ནི་གསེར་གྱི་འོད་པས་མཛེས།། ཞལ་ནས་རིན་ཆེན་ཆར་པ་འབེབས།། ཐུགས་རྗེས་ཕོངས་པ་ལས་སྒྲོལ་མཛད།། སྐུ་ལ་རིན་ཆེན ་རྒྱན་གྱིས་སྤྲས།། ཕྲག་གོང་གཡས་གཡོན་ཉི་ཟླས་རྒྱན།། ཉི་མ་འབུམ་གྱིས་གཟི་མདངས་ཅན།། དབུལ་རིན་ཆེན་རྒྱན་གྱིས་སྤྲས།། གནོད་སྦྱིན་བྱེ་བའི་འཁོར་རྣམས་དང་། ན་མཁའི་སྤྲིན་ཚོགས་བཞིན་དུ་བསམ།། ནམ་པའི་མཛོད་ལ་མངའ་མཉེས་པ།། སེམས་དཔའི ་སྐྱིལ་མོ་ཀྲུང་གིས་བཞུགས།། དེ་ནས་རྒྱལ་པོ་སྤྱན་དྲངས་ཏེ།། མགོན་པོ་ཀུན་གཤེགས་དམ་ཚིག་ཅན།། ད་ལྟ་སྙིགས་མ་ལྔ་ཡི་དུས།། མཚམས་མེད་ལྔ་ནི་ཀུན་སྤྱོད་ཅིང་།། ཐམས་ཅད་ཉོན་མོངས་འདམ་འབྱིངས་སར།། གཟིགས་ཤིང་གཤེགས་པའི་གནས་ངན་ཡང ་ཤཱཀྱ་སེང་གེའི་སྦྱར་སྔར་ཁྱོད།། ཐུགས་དམ་གང་བཞེས་དེ་དགོངས་ལ།། འདྲེན་པའི་བསྟན་པ་བསྲུང་བ་དང་།། སེམས་ཅན་ཀུན་ལ་སྨན་སླད་དུ།། བྱང་ཕྱོགས་གནས་ན་བཞུགས་པ་རྣམས།། སེམས་ཅན་དོན་ཕྱིར་གཤེགསུ་གསོལ།། ཕྱག་ན་རྡོ་རྗེ་ཐུགས་གནས ་པའི། ཧཱུཾ་ལས་སྤྲོས་པའི་འོད་རྣམས་ཀྱིས།། རང་བཞིན་རྒྱལ་པོ་རྣམ་ཐོས་སྲས།། གནོད་སྦྱིན་འབུམ་བཅས་བཀུག་ནས་ནི།། ནོར་བུའི་གྲོང་ཁྱེར་དེ་དབུས་སུ།། མདུན་གནས་རྒྱལ་པོ་དེ་ལ་བཞུགས།། རིན་ཆེན་དབང་བསྐུར་བྱིན་བརླབས་ནས།། དེ་ནས་བསང་གཏོར་ནས ་བརྩམས་ཏེ།། རིན་ཆེན་བདུན་དང་བཀྲ་ཤིས་བརྒྱད།། འདོད་པའི་ཡོན་ཏན་ལྔ་ཡིས་མཆོད། གུ་གུལ་དུད་པ་དབུལ་ཞིང་བསྟོད།། དེ་ནས་ཐུགས་ཁའི་ཟླ་བ་ལ།། ས་བོན་སྔགས་ཀྱིས་ཡོངས་བསྐོར་ཏེ།། ལྕེ་རྡོ་རྗེ་སྦུ་གུར་བསམ། སྔགས་ཀྱི་བཟླས་པ་སྤྲོ་བསྡུ་ནི། ་སོ་སོའི་ཐུགས་ཀཱར་དམིགས་ལ་ཟླས།། ཏད་ཡ་ཐཱ་ཨོཾ་ཧི་ལི་མ་ཎི་བྷ་དྲ་ཧི་ལི་ཧི་ལི་མ་ཎི་བྷ་དྲ་འི་ག་ཎྜཱི་བྲ་ག་ལ་གི་ལི་མ་ཥྚིཿ། ཀུ་རུ་མ་ཎི་བྷ་དྲ། ཀུ་རུ་ཀུ་རུ་མཱ་ཎཾ་བྷ་དྲ། དྷ་རུ་མ་ཎི་བྷ་དྲ། ཏུ་རུ་ཏྱ་རུ་མ་ཎི་བྷ་དྲ། སུ་རུ་མ་ཎི་བྷ་དྲཱ། སུ་རུ་སུ་རུ་མ་ཎི་བྷཱ་དྲེ། ཙུ་རུ་མ་ཎི་བྷ་དྲ། ཙུ་རུ་ཙཽ་རུ་མ་ཎི ་བྷ་དྲ། ཨོཾ་ཨ་ཧྱ་ཧྲི་ཏིཥྛ་ཏིཥྛ་ཨ་བ་ཏ་ར་ཏི་ཥཱ་མེ་ཙ་ཡ། ཏད་ཡ་ཐཱ་བུད་དྷ་ནི་སུ་ཏེ་ནེ། སུ་ར་མེ་ནེ། སུ་པ་དེ་རེ། སུ་སུ་ཤྱེ། ཧི་ལི་མི་ལི་སྭཱ་ཧཱ། ཧཱུཾ་བཻ་ཤྲ་མ་ན་ཡེ་སྭཱ་ཧཱ། འདི་བརྗོད་བསྙེན་པ་འབུམ་ཕྲག་བཅུ།། ཟླ་བ་ཡར་ངོའི་བཅཝ་ལྔ་ལ།། ཙན་དན་དཀར་པོའི་དཀྱིལ་འཁོར ་བྱས་དེར་ནི་རྒྱལ་པོ་ལ་དམིགས་ནས།། ཨ་ཀ་རུ་བསྲེགས་སྔགས་བཟླས་བྱ།། འདིར་ནི་བརྒྱ་དང་རྩ་བརྒྱད་བཟླས།། ཉིན་དང་མཚན་མོ་ལན་དྲུག་ཏུ།། རྒྱལ་པོ་ལ་དམིགས་སྔགས་བཟླས་ན།། རྟག་ཏུ་རྗེསུ་འབྲང་བར་བགྱིད།། དཔག་ཆད་བརྒྱ་ནི་ཚུན་ཆད་དུ།། ་གནོད་སྦྱིན་རྣམས་ཀྱིས་བསྲུང་བར་བྱེད།། བསམ་པ་ཐམས་ཅད་ཡོངས་རྫོགས་ཤིང་།། ཁ་ན་མ་ཐོ་མེད་པ་ཡི།། ཟས་དང་སྐོམ་དང་བཅའ་བ་དང་།། ནོར་བུ་དབྱིག་དང་གསེར་གསལ་བགྱིད།། རིན་པོ་ཆེའི་གཏེར་ལ་སོགས།། བསོད་ནམས་ཚད་མེད་འགྲུབ ་བར་འགྱུར།། ཕུན་སུམ་ཚོགས་པ་ཐམས་ཅད་འགྲུབ། དེ་ལ་སོགས་པ་མ་ལུས་འགྲུབ།། ངལ་བར་གྱུར་ན་གཤེགས་སུ་གསོལ།། མཆོད་བསྟོད་བཟོད་པར་གསོལ་བ་དང་།། དཀར་གཏོར་གཏང་ལ་ཕྲིན་ལས་བཅོལ།། བྲུམ་ལ་སོགས ་པའི་སྣོད་བསྐྱེད་ལ།། ཁཾ་ལས་ཞལ་ཟས་བསྐྱེད་པར་བྱ།། ཨོཾ་ཨ་ཀ་རོ་མུ་ཁཾ་སཛ་དྷརྨ་ནི་ཨདྱ་བན་ནཱ་ཏྲང་ཨོཾ་ཨཱ་ཧཱུཾ།། སངས་རྒྱས་གྱིས་སྤེལ་བྱས་ལ།། སྔགས་རྒྱལ་བཅུ་གསུམ་པ་བཟླས་བྱ། ཧཱུཾ་བཾ་ཤྲ་མ་ཎ་ལ་ཨི་དམ་པ་ལི་མ་གྲི་ཧ་དུ་ས་མ ་ཡ་རཀྵན་ཏུ་མཱ་མ་སི་ཏི་པྲ་ཡང་ཚང་།། མ་མ་སརྦ་ཀརྨཱ་སཱ་དྷུ་ཨ་མོ་གྷ་སྭཱ་ཧཱཿསོ་སོའི་སྔགས་ལ་བཏགས་ལ་དབུལ། ཧཱུཾ་བྱང་ཕྱོགས་སྐྱོང་བའི་རྒྱལ་ཚོན་རྣམ་ཐོས་སྲས།། གཏོར་མ་ཕུལ་བ་འདི་དགེ་བཞེས་ནས་ཀྱང་།། བདག་ཅག་འཁོར་དང་བཅས་པ ་ལར་བུ་སྡུག་བཞིན་དུ་བསྐྱང་བར་མཛོད།། བདག་ལ་གནོད་པར་སེམས་པ་ཡི།། ལོག་པར་ཞུགས་པའི་སེམས་ཅན་ཀུན།། དེའི་ཕྲུ་མོ་གཞོམ་པ་དང་།། གཏན་ནས་བརླག་པའི་ཕྲིན་ལས་མཛོད།། བཾ་ཡིག་སུམ་ཅུ་རྩ་གཉིས་བསྲིང་།། སྙིང་ཁའི་ལྕགས ་ཀྱུ་བཀྲོལ་ལ་གཤེགས།། ཨོཾ་ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛད།། རྗེསུ་འཐུན་པའི་དངོས་གྲུབ་གསོལ།། བྱང་ཕྱོགས་གནས་སུ་གཤེགས་ནས་ཀྱང་།། སླར་ཡང་བྱིན་པར་མཛད་དུ་གསོལ།། དམ་ཚིག་སེམས་དཔའ་འོད་དུ་བྱ།། རྒྱལ་པོའི་གཟུ ་བརྙན་བྱས་པ་ལ།། རང་བཞིན་རྒྱལ་པོ་བཀུག་ལ་བསྟིམ། ཞབས་ཀྱིས་མནན་ལ་དབང་དུ་བསྡུ།། ཧཱུ~ཾ་བཾ་ཤྲ་མ་ནེ་ཡེ་ཨ་ནུ་ར་ཙ་ཀྵུ་རུ་ཧཱུཾ།། དེ་ལྟར་རྫོགས་པར་བྱས་གྱུར་ན།། རྒྱལ་པོ་རྣམ་ཐོས་སྲས་བཅས་ཀྱིས།། འདོད་པ་ཐམས་ཅད་བསྐོང་པར་བྱེད།། ་ན་མཁའ་མཛོད་ལ་མངའ་བརྙེས་འགྱུར།། སློབ་དཔོན་ཆེན་པོ་འགྲོ་བཟང་སྙིང་པོས་མཛད་པའི་རྣམ་ཐོས་སྲས་ཀྱིས་བདེ་བྱེད་ཀྱི་རྟོག་པ་རྫོགས་སྷོ།། རྒྱ་གར་གྱི་མཁན་པོ་པཎྜི་ཏ་དེ་ཙ་བ་དང་བོད་ཀྱི་ལོ་ཙཱ་བ་དགེ་སློང་འཕགས་པའི་ཤེས་རབ་ཀྱིས་བསྒྱུར ་ཅིང་ཞུས་པའོ།། །། རྒྱ་གར་སྐད་དུ། མ་ཧཱ་རཱ་ཛ་བི་རུ་ཏ་ཀ་ཀ་ར་མ་ཀ་ལ་སཱ་དྷ་ན། བོད་སྐད་དུ། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱི་ལས་བརྟག་པའི་སྒྲུབ་པའི་ཐབས།། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ།། ཐུགས་གཙོ་ཕྱག་ན་རྡོ་རྗེ ་