| Wylie | e-texts produced with BDRC’s OCR application |
མཆོད་གནས་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། ཆོས་ལ་འཇུག་ཐབས་དོན་འདི་བསྟན་པར་བྱ།། གང་ཞིག་བདག་གཞན་སྡུག་བསྔལ་སྤོང་འདོད་ཅིང་།། བདེ་བ་འདོད་པས་དམ་ཆོས་སྤྱད་པར་བྱ།། མི་རྟག་ཆོས་ལ ་བྱེ་བྲག་བསམ་ལས་འདས།། ཅི་ཕྱིར་འཇིག་རྟེན་འདི་དག་མི་རྟག་སྟེ།། སྣོད་ཀྱི་འཇིག་རྟེན་རི་རབ་ལྷུན་པོ་དང་།། གསེར་གྱི་རཱི་བདུན་རོལ་མཚོ་ཆེན་པོ་བདུན།། གྲྀདཱི་བ་ནཱི་གླིང་ཕྲན་ལྕགས་རཱི་མུ་ཁྱུད་ཡང་།། འཇིག་པའི་དུས་ན་བསྐལ་པའི་མེ་བྱུང་བ།། ་ཐོལ་བའི་ལྷག་མ་ཙམ་ཡང་མི་ལུས་ཏེ། ཐ་མར་ཆུ་དང་རླུང་གིས་འཇོག་པས་ན།། བརྟན་ཞིང་ངེས་པ་འདྲ་སྟེ་བརྟག་མི་བཟོད།། ལོ་ཟླ་ཚེས་གྲངས་ཤོལ་ནི་མི་ཐེབས་པསཽ།། ལོ་ཟླ་འདས་ཤིང་འཇིག་པའི་དུས་དང་ཉེ།། དུས་བཞི་འཁོར་བ ་སྣོད་པ་མེད་པས་ན།། དབྱར་དྲོ་སྐྱེ་ལ་དགུནྡ་གྲང་སྐམ་པ་དང་།། ལོ་ལེགས་ལོ་ཉེས་ཐནཱ་ཞོད་ངེས་པ་མེད།། རྩི་ཏོག་ལྗོན་ཤིང་ལོ་འདབ་རྒྱས་པ་འདྲ།། དུས་ཀྱི་དྲོང་བྲལ་རླུང་གིས་མི་རྟག་གོ།། རྟག་པ་ལྕགས་ན་ཙྭི་ཕྱིར་འགྱུར་ཞིང་འགྲོ། དེ་ལ་སོགས་པ ་མི་རྟག་དགོངས་ནས་གདའ།། བརྒྱད་ཀྱི་འཇིག་རྟེན་འདི་ཡང་མི་རྟག་སྟེ།། ཉིན་ཞག་འདས་ཤིང་ཤི་དང་ཕར་ཕར་ཉེ།། འཁོར་བའི་སྡུག་བསྔལ་གསུམ་གྱིས་རྟག་ཏུ་འཁོར།། སྐྱེ་རྒ་ནཱ་འཆི་རང་ཐག་རི་མོ་འདྲ།། འཆི་བདག་བདུད་ནཱི་སོ་བྱ་ཉ་སྡོད་འདྲ།། འཇིག ་རྟེན་འདི་ན་ཆེ་ཆུང་ཕྱག་དབུལ་ཀུན།། འཆི་བདག་བདུད་ཀྱི་ལག་ཏུ་མི་འགྲོ་མེད།། སྔ་མ་ཤི་བའི་མི་རྣམས་ཀུན་གྱིས་ཀྱང་།། རྟག་ཏུ་རེ་ཞིང་བུ་དང་ནོར་བསགས་ཀྱང་།། རང་ནི་དགེ་སྡིག་གཉིས་དང་འགྲོགས་ཏེ་འགྲོ། བུ་ནོར་ཕྱིར་ལུས་བདག་ལ་ཕན ་མེད་པས་རདེ་ཕྱིར་བུ་ནོར་ཟས་ལ་ཆགས་མི་བྱ།། ཡོད་བསྡུ་དགེ་བའི་ལས་ལ་མི་འབད་ན།། དེ་ནི་འཇིག་རྟེན་འདི་ཡི་གཏེར་བསྲུངས་ཡིན།། ཤེས་པས་དམ་པའི་ཆོས་ལ་མི་སྤྱོད་ན།། བརྟགས་པས་བནམ་བུ་དོན་མེད་གླེན་པ་ཡིན།། དེ་བས་ནོར ་མེད་དབུལ་ལོ་བསྙེན་དགའ་དང་།། བྲམ་ཟེ་ལྡན་པ་ཕུལ་བ་དག་ལ་སྤྱོད།། དེ་ནི་འཇིག་རྟེན་འདི་ཡི་གཏེར་བསྲུངས་ཡིན།། ཤེས་པས་དམ་པའི་ཆོས་ལ་མི་སྤྱོད་ན།། བརྟགས་པས་བཙམ་བུ་དོན་མེད་གླེན་པ་ཡིན།། དེ་བས་ནོར་མེད་དབུལ་ལོ་བསྙེན་དགའ་ད ་བྲམ་ཟེ་ལྡན་པ་ཕུལ་བ་དག་ལ་སྤྱོད།། འཇིག་རྟེན་འདི་ཡི་ཕ་མ་བུ་ཚེ་དང་།། ཕུ་ནུ་མཛའ་ཤེས་བྲན་ཁོལ་ནོར་རྣམས་ཀུན།། སྡུག་བསྔལ་སྐལ་ལེན་འགའོ་ཡང་མི་འོང་སྟེ།། འཆི་བའི་ཕྱིར་ནི་གཅིག་ཀྱང་མི་འོང་ངོ་།། དོན་དེ་མ་རིག་སེམས་ཅན་མང་པོ ་ཀུན་འཚེ་འདིའི་འཁོར་བའི་ཉེ་བཤོས་ཆེད་དག་ཏུ།། སྡིག་པའི་བྱེ་བྲག་རྣམ་པ་མང་པོ་སྤྱོད།། ཕན་མེད་རང་ནི་ངན་སོང་གསུམ་དུ་ལྟུང་།། དེ་ཚེ་འགྱོད་ཀྱང་ཕྲན་མེད་ཉོན་མོངས་སྔོན།། ཚེ་འདིར་ཕྲད་པའི་ལས་མཐུན་ཉེ་བཞི་རྣམས།། འགྲོན་པོ་གནས ་མཐུན་ཙམ་སྟེ་སོ་སོར་འགྲོ། སྡིག་དང་སྔོས་ནས་ཟས་དེང་ནོར་བསགས་ཀྱང་།། སྡིག་པོའི་རྣམ་སྨིན་རྨོངས་པ་བདག་གིས་ཁུར།། བསགས་པའི་ནོར་ནི་ཕྱིར་ལུས་བུ་ཚས་ཁྱེར།། སྦྲང་བུས་འབད་དེ་སྦྲང་རྩི་བསགས་པ་འདྲ།། དེ་བས་ལོངས་སྤྱོད་མེད་ཅིང ་དབུལ་བ་ཡང་།། རྒྱུ་འབྲས་མི་སླུ་ཆོས་ལ་ཡིད་ཆེས་པ།། མོས་པས་དགེ་བ་དད་པའི་ཡོན་ཕུལ་ནས།། དགེ་སློང་གསེར་འབྱིག་ལྟ་བུར་གྱུར་པ་ཡོད།། དེ་ཕྱིར་འཕགས་པའི་ནོར་བདུན་དང་དུ་བླང་། དད་ངང་ཚུལ་ཁྲིམས་གཏོང་དང་ཐོས་པ་དང་།། དྲི ་མེད་ངོ་ཚ་ཤེས་ཤིང་ཁྲེལ་ཡོད་ཤེས་རབ་ནི།། འཕགས་པའི་ནོར་བདུན་ལགས་པར་ཐུབ་པས་གསུངས།། དཔེར་ན་ནོར་གྱི་ནང་ན་ཆོག་ཤེས་པ།། རབ་མཆོག་ལགས་པར་ལྷ་མིའི་སྟོན་པས་གསུངས།། ཀུན་ཏུ་ཆོ་ག་ཤེས་མཛད་ཅིང་ཆོ་ག ་མཁྱེན་ན།། ནོར་མི་བདོག་ཀྱང་ཡང་དག་འབྱོར་པར་འགྱུར།། བདག་ལ་ཤིན་ཏུ་འཕངས་པའི་ལུས་འདི་ཡང་།། གོས་རྙིང་ལམ་དུ་བོར་བ་བཞིན་དུ་འགྲོ། ད་ལྟ་ས་སྟེངས་འདི་ན་གནས་བྱ་ཀུན།། ལོ་བརྒྱ་ཚུན་ཆད་གཅིག་ཀྱང་མི་ལུས་སོ།། བརྒྱ་ཐུག ་འབུམ་ལ་གཅིག་ཀྱང་མི་འབྱུང་ན།། བརྒྱ་ལ་སྲིད་ཀྱང་ཕལ་ཆེར་ཡེངས་འགྱུར་ཏེ།། མཚན་མོ་ཉལ་བས་བརྒྱ་ཕྱེད་གཉིད་དབང་དུ།། སོང་སྟེ་དེ་ལ་དྲན་མེད་ཤྲཱི་དང་འདྲ།། ལྷག་མ་ལྔ་བཅུ་ཡོད་དུ་ཟད་ཀྱང་ནི།། ར་རོ་ཉལ་དང་འདུ་བྱེད་རྣམས་ཀྱི་རྐྱེན།། ལྔ ་བཅུ་ཕྱེད་ནི་དེར་ཡང་ཟད་པས་ནི།། ལེགས་པར་དྲན་པ་ཉི་ཤུ་རྩ་ལྔ་ཡོད།། དེ་ཡང་རང་ལ་དབང་བྱར་མ་མཆིས་ཏེ།། དེ་རིང་དོ་ནོད་འཆི་འམ་རྟོལ་མེད་ཀྱི།། ད་ལྟ་ཉིད་དུ་བརྟུན་ཏེ་འབད་ལ་བྱའོ།། ཚེ་འདི་ཟིལ་པ་འདྲ་སྟེ་མེད་ལ་ཁང།། དབུགས་ནན་བུན ་འདྲ་སྟེ་ཡལ་ལ་ཁང་།། ལུས་ནི་སྒྱུ་མ་འདྲ་སྟེ་སྣང་ལ་མེད།། སེམས་ནི་གློག་དང་འདྲ་སྟེ་སྐད་ཅིག་མ།། ཕུང་པོ་མི་རྟག་འཆི་ཞིང་འགྱུར་བ་སྟེ།། ངར་བའི་མདོག་ནི་ཉོན་མོངས་ནད་ཀྱིས་འཕྲོག། འཆི་བའི་སྲོག་ནི་འཆི་བདག་བདུད་ཀྱིས་འཕྲོག། དཔེར་ན་ཆུ ་འགྲམ་གཡང་སའི་སྡོང་པོ་འདྲ།། རིང་པོ་མོ་ཐོགས་བྱ་ཁྱི་དུར་བ་དང་།། སྲིན་བྱ་འུག་པ་བྱ་རྒོད་ཁྭ་སྒེག་དང་།། ཁྱི་ལྟོགས་ཝ་དང་འབུ་སྤྲང་གཟན་དུ་འགྱུར།། དེ་བཞིན་སྒྱུ་མར་མི་རྟག་མི་རྟོགས་པར།། ཕུང་པོ་འདི་ཡི་ཆེད་དུ་སྡིག་སྤྱོད་པ།། མ་རིག ་གླན་པ་ཅན་མོངས་སྤྱ་ར་ནྟེ།། བསྟན་པ་ཐལ་བའི་ཡོངས་སྤྱོད་འརྫུ་རྣན་འང་།། རྨི་ལམ་ལོངས་སྤྱོ་རྙེད་དང་མཚུངས་པསྟཱཾ།། ད་ལྟར་འདུས་བྱས་ཐམས་ཅད་མིནྟག་པས།། དམ་པའི་ཆོས་ལ་མྱུར་དུ་དབང་བར་བྱའོ།། དེ་བས་ལཿ ་བའི་གཟུགས་བརྙན་མཆོད་གནས་ལ།། མོས་པའི་དད་པས་དགེ་ལ་བརྩོན་པ་ནི།། བླ་མེད་བྱང་ཆུབ་ཐོབ་པར་འགྱུར་བའི་དབྱེ།། རྒྱལ་པོ་གསལ་ཐུབ་ལྟ་བུར་གྱུར་པའོ།། དེ་ཕྱིར་མཆོད་པའི་ལས་ལ་བརྩོན་པར་བྱ།། ཅིས་ཏེ་མི་ལུས་ཐོབ་པ ་ཤིན་ཏུ་དཀའ།། ཁོམ་ལྡན་མི་ལུས་ཐོབ་པར་གྱུར་པ་ན།། ཕྱི་མའི་ཕན་པ་འདི་ལ་མ་བསྒྲུབས་ན།། ཕྱིས་ནི་མཐོ་རིས་ཐོབ་པར་གཱ་ལ་འགྱུར།། ངན་སོང་སྐྱེས་ནས་སྡུག་བསྔལ་འབྱུང་བའི་ཚེ།། ཚེ་འདིའི་བཙུན་ཕྱུག་བདེ་སྐྱིད་ཅི་ལ་ཕན།། སྣ་མཱ ་ཅི་སྦྱང་དྲན་པས་ཤིན་ཏུ་སྡུགེ། དེ་ཕྱིར་འཁོར་བའི་ཆོས་ལ་མ་ཡེངས་པར།། ཞེ་སྡང་ཆེན་པོ་མོ་ལྟར་འབར་བ་ལ།། སྙིང་རྗེ་ཆེན་པོའི་ཆུ་ཡིས་མྱུར་དུ་སོང་།། འདོད་ཆགས་སེར་སྣའི་མདུད་པ་དམ་པོ་དེ།། ཆགས་མེད་སྦྱིན་པ་ཆེན་པོའི་སེམས་ཀྱིས་ཁྲོལ།། ། ་གཏི་མུག་མུན་པ་ཆེན་པོའི་ཐབས་པ་དེ།། ཤེས་རབ་གསལ་བའི་སྒྲོན་མེ་ཆེན་པོ་ཐེག། ཉོན་མོངས་ཀུན་ལ་གཉེན་པོ་བཅུག་ནས་ནི།། འཁོར་བའི་ཆུ་བོ་ཆེན་པོ་བཞི་རྣམས་ལ།། བརྩོན་འགྲུས་གྲུ་བཙུགས་ནས་ནི་རྒལ་བར་བྱ།། ངོ་ཅིག་ཡོད་པས ་སང་ཕོང་ཡོད་པ་བཞིན།། ཚེ་འདི་ཡོད་པས་ཕྱི་མ་ཡོད་པར་ངེས།། སང་ཕོང་ལོ་དང་སྐུ་ཚེ་སླང་མ་ནི།། གང་སྔར་འོང་བ་སུ་ལའང་རྟོལ་མེད་པས།། སང་ཕོང་དོན་དུ་སོ་ནམ་འབད་པ་བཞིན།། ཕྱི་མའི་དོན་དུ་དམ་ཆོས་སྤྱད་པར་རིགས།། དེ་རིང་དོ་ནུབ་ཁོ ་ན་མི་འཆི་ཞེས།། བག་མེད་བདེ་བར་འདུག་པ་རིགས་མ་ཡིན།། ཚེ་འདི་མི་སྟོད་རི་གཟར་ཆུ་དང་འདྲ།། རིང་པོར་མི་རྟག་རྩུ་ཁའི་ཟིལ་པ་འདྲ།། ཡང་ན་སྐྱེ་ཤི་ཆུ་ཡི་ཆུ་བུར་འདྲ།། འཁོར་བར་སྐྱེ་བ་ཤིང་རྟའི་འཁོར་ལོ་འདྲ།། དེ་བས་རང་གི་ལུས་ལ་མ་ཆགས།། ་པར།། སྐྱབས་ཀྱི་སྦྱིན་པས་འགྲོ་ལ་ཕན་བཏགས་ན།། བླ་མེད་བྱང་ཆུབ་ཐོབ་པར་འགྱུར་བའི་དཔེ།། རྒྱལ་པོ་ཤི་བྱིན་ལྟ་བུར་གྱུར་པའང་ཡོད།། མི་ཡི་ཆོས་ལུགས་ལེགས་པར་སྤྱད་པས་ན།། མཐོ་རིས་ལྷ་ཡུལ་བགྲོད་པ་ཐག་མི་རིང་།། མཐོ་རིས ་ཐར་པའི་གོ་འཕང་གང་ཡིན་པ།། གཟེགས་ན་ཐར་པ་གྲམ་ན་འདུག་པས་ན།། དེ་བས་མི་དགེ་བཅུ་སྤོང་དགེ་བཅུ་སྤྱོད།། གྲགས་པ་ཉམས་པར་འགྱུར་བའི་ཆོས་དྲུག་སྤོངས།། དགེ་ལོ་མི་སྐུར་སྡིག་ལ་མི་བསྟོད་དེ།། འབྲས་བུ་གང་སྤྱོད་དེ་དང་མཉམ ་བཔར་གསུངས།། ངན་སོང་སྡུག་བསྔལ་ཤེས་ཀྱང་མི་འཇིགས་པར།། མི་རྟག་ལུས་ལ་ཆགས་ནས་སྡིག་སྤྱོད་པ།། ཨེ་མའོ་རང་གིས་རང་རླག་སྙིང་རོ་དྷཱི།། ཡི་དྭགས་བྱོལ་སོང་སྡུག་བསྔལ་སྤྱི་རེ་བུང་།། དམྱལ་ཁམས་བཅོ་བརྒྱད་སྡུག་བསྔལ་ཡ་རེ་ཆ།། ་སྐྱེརྒ་ན་འཚོའི་སྡུག་བསྔལ་རྒྱུན་རེ་ཞིང་།། ཕུང་པོ་སྒྱུ་མ་ཟས་ནོར་བརྙན་མ་ཡིན།། འཁྲུལ་པའི་གཉེན་པོ་ཤེས་འཁོར་བའི་བཤལ་ཐག་པས།། དེ་རིང་རང་དབང་ཡོད་པའི་མི་རྣམས་ཀྱིས།། རང་དང་འབྲེལ་པའི་བས་ནོར་གཉེན་བཤིས་ལེ།། སེར་སྣས ་མི་བཅིང་ཆགས་སེམས་མི་བསྐྱེད་དོ།། སེམས་ཅན་རྩོལ་ཤུགས་མེད་ལ་བསྐུལ་མི་བྱ།། ཆང་ནི་ཧ་ལའི་དུག་བཞིན་རབ་ཏུ་བསྲུང་།། གཞན་གྱི་བུད་མེད་དག་ལ་ཆགས་མི་བྱ།། རྣམ་སྨིན་མེད་པའི་སོ་ནམ་མི་བོར་ཞིང་།། གཞན་གྱི་ནོར་ལ་བརྩི་གདབ ་ཆོམ་རྐུན་སྤང་།། དོན་དུ་ལུས་ངགུ་ཡིད་གསུམ་སྤྱོད་པ་གཟབ།། མདོར་ན་མཚམས་མེད་ལྔ་དང་ཉེ་བ་ལྔ།། ལྕི་བཞི་ལོག་བརྒྱད་ཁ་ན་མ་ཐོ་གསུམ།། འདི་སྤྱོད་ངན་སོང་གསུམ་དུ་གདོན་མི་ཟ།། མི་རིག་སྡིག་པ་སྔོན་དུ་སྤྱོད་པ་ལས།། འགྱོད ་པ་དྲག་པོ་སེམས་ནི་བསྐྱེད་ནས་སུ།། སྡིག་པ་འཕྲོ་གཙང་དགེ་བ་སྤྱོད་པ་ནི།། འབྲས་བུ་མཐོ་རིས་ཐོབ་པར་གདོན་མི་ཟེ།། དེ་ཡང་ཅིས་མངོན་སྟོན་པའི་བཀའ་ལས་ནི།། དང་པོ་རྒྱལ་པོ་མ་སྐྱེས་དགྲ་ཡིས་སུ།། མཚམས་མེད་པ་ཡི་ལྡོག་པ་བྱས་པ ་ལས་ང་ནགས་ཀྱི་དྲང་སྲོང་དག་ལས་སེམས་བསྐྱེད་ནས།། འགྱོད་པའི་སེམས་ཀྱིས་འབྲས་བུ་ཐོབ་པ་འདྲའོ།། དེ་ཕྱིར་ངེས་པའི་འཕྲལ་བཤགས་དགེ་ལ་སྦྱོར།། གཞན་ཡ་དང་པོ་ཁོ་ན་མ་ཐོ་བའི།། ཚིག་གིས་སྐུར་པ་བཏབ་སྟེ་སྨད་པ་ལས།། ་མོདོ་ལ་འགྱོད་དེ་བཤགས་པ་ཕུལ་ན་ནི།། བུ་མོ་རྡོ་རྗེ་ལྟ་བུར་སྐྱེས་པའོ།། མདོར་ན་གཞན་དོན་སྤྱོད་པར་གསུངས་པ་སྟེ།། བདག་ཕྱིར་གཞན་ལ་གནོད་བྱས་བདོ་བར་འགྱུར།། མ་རིག་སྐྱེ་བོ་རང་གི་དོན་བྱེད་དང་།། སྟོན་པ་སངས་རྒྱས་གཞན་གྱི་དོན་བྱེད ་གཉིས་དང་འབྲས་བུ་ཆེ་ཆུང་ཁྱད་པར་དེ་འདྲ་བས།། སེམས་ཅན་བཀྲེས་པས་ཉེན་པར་གྱུར་པ་ལས།། བས་ནོར་ལུས་ཀྱི་སྒོནྡ་ཕན་འདོགས་པ།། རྒྱལ་པོ་ཤུང་ལོ་གར་ནི་ལྟ་བུ་སྟེ།། གཞན་དོན་སྤྱད་ན་འབྲས་བུ་ཐོབ་པར་འགྱུར།། འདི་དག་ཤེས་ནས ་དགེ་མེད་སྡིག་སྤྱོད་པ། མི་ཤེས་སྡིག་སྤྱོད་སྡིག་པ་བརྒྱ་འགྱུར་ཆེ།། དེ་བས་དོན་མེད་ལས་ལ་མ་བརྩོན་པར།། དགེ་བའི་ལས་ལ་རྟག་ཏུ་སྤྱད་པར་བྱ།། རྒྱུ་འབྲས་ཤེས་བྱེད་རྐྱེན་ནི་དགེ་བའི་བཤེས་གཉེན་པས།། དེ་ཕྱིར་དགེ་བ་ཤེས་དམ་པ ་ཙལ་བར་བྱ།། དེ་ནི་ལེགས་པ་ཀུན་སྟོན་ཉེས་པ་སྤྲོབ།། ཡང་དག་ལམ་སྟོན་འབྲས་བུ་སྐྱེད་བྱེད་པས།། ཕ་མ་ས་མཁན་དུས་ཀྱིས་དབྱར་དང་འདྲའོ།། དེ་ཕྱིར་དག་བཤེས་དམ་པ་རྟག་ཏུ་བསྟན།། ཆོས་ཀྱང་ཤེས་པས་མཆོག་སྤྱད་པ་གཅེས།། ཅི་ཡི་ཕྱིར་ན་རྨི ་ཆོས་སོ་ནམ་འདྲ།། ཆོས་ཀྱི་བདག་བཤད་བདག་གི་ཆོས་མ་བཤད།། དོན་རྟོགས་བྱ་ཕྱིར་དང་པོ་མཉན་ཡང་དགོས།། ངེས་པ་རྙེད་ནས་ཚིག་མྱང་བསླབ་མི་དགོས།། ཚིག་མི་ཟད་ཕྱིར་ཉན་པས་མཐར་ཐུག་མེད།། ཉན་ཅིང་འཆད་པ་སྤྱད་ཐབས་བཙལ ་ཕྱིར་ཡིན།། མི་སྤྱོད་ཉན་འཆད་དོན་ཆུང་ཚེ་རེ་ཆད།། གཞན་ལ་འཆད་པ་ཚིག་གི་ཐུན་པ་ཡིན།། གཞན་གྱི་ཐན་འབྱལ་རང་ལ་མི་ཕན་སྟེ། ཁྲོ་མཁན་སྦྱང་མཁན་བྲོ་སྤྱང་འཆང་པ་འདྲ།། དེ་ནི་མི་ནག་ཆོས་ཀྱི་ལོ་རྒྱུས་མཁན།། ཐོས་པས་རྒྱགས་ནས ་རང་སེམས་མ་ཐུལ་ན།། མཁས་ཀྱང་ཕན་མེད་སླར་ལ་འཁོར་བའི་རྒྱུ།། ཐོས་མང་ཚིག་ལ་མཁས་བ་ནེ་ཙོ་འདྲ།། འགྲོ་བ་གང་ཞིག་རང་ལ་མེད་པ་ཡི།། ནོར་བུ་རིན་པོ་ཆེ་ཡི་ཡོན་ཏན་དག། ཇི་སྙེད་བརྗོད་ཀྱང་རང་ལ་ཕན་མེད་འགྱུར།། དེ ་བཞིན་ཆོས་ཤེས་ཆོས་དང་མི་ལྡན་པས།། སྤྱད་ཐབས་ཆེ་བའི་ཡོན་ཏན་ཇི་སྙེད་ཅིག། བརྗོད་ཀྱང་རང་གི་དོན་ལ་ཕན་མེད་འགྱུར།། གཞན་ཡང་ཤེས་ནས་དམ་ཆོས་མ་སྤྱད་ན།། རྒྱ་མཚོའི་ནང་དུ་སྒོམ་ནས་ཤི་བ་འདྲ།། གཞན་ཡང་ཁ་ཕྱིར ་གཞན་ལ་ཆོས་འཆད་པ།། རིན་ཆེན་རྙེད་ཀྱང་སྤོང་བ་འདྲ་ཞེས་གསུངས།། དཔེར་ན་སྨན་མཁན་ནད་ལ་མ་བཏང་དང་།། དབུལ་མོས་ཕྱག་པའི་ནོར་བགྲངས་པ་དང་འདྲ།། ལམ་རྒྱུས་ཤེས་ཀྱེ་མ་ཕྱིན་འདྲ་ཞེས་གསུངས།། དེ་བས་འགྲོ་བ་ཀུན་ཀྱང་ཆོས་ལ ་གཟུང་།། ཕ་མ་བུ་ཚ་གཉེན་འདུན་ཐམས་ཅད་དང་།། འཁོར་གཡོག་ལས་ཀྱི་འབྲེལ་པ་ཐམས་ཅད་ཀུན།། གྲོས་བཏབ་གལ་གྱིས་བཅུད་དེ་དགེ་ལ་གཟུང་།། ཆོས་ལ་ཆུད་ན་བྱང་ཆུབ་སྤྱོད་པ་ཡིན།། དགེ་བ་ཉམས་ཆུང་སྡིག་པ་སྟོབས་ཆེན་དག། བླ ་མེད་བྱང་ཆུབ་སེམས་ནི་མ་བསྐྱེད་པར།། དགེ་བ་གཞན་གྱིས་ཟིལ་གྱིས་མི་ནོན་པས།། འཁོར་བའི་བརྩོན་རར་བསྡམས་ཤིང་ཉམ་ཐག་པའི།། བདག་གཞན་མི་བདེ་བསལ་བར་འདོད་པ་དེས།། བྱང་ཆུབ་སེམས་གཉིས་རྟག་ཏུ་བཏང་མི་བྱ།། སྡིག་མེད་དགེ་བ ་སེམས་དང་ལྡན་དེ་ལ།། བདེར་གཤེགས་རྣམས་ཀྱི་སྲས་སུ་དགོངས་པ་དང་།། ལྷ་མིར་དགོངས་པ་ཀུན་གྱིས་ཕྱག་བྱའི་འོས།། མདོར་ན་བྱང་ཆུབ་རྣམ་པ་གསུམ་དགོངས་ཏེ།། དང་པོར་སྨོན་དགོས་བར་དུ་འཇུག་ཀྱང་དགོས།། ཐ་མར་དོན་དེ་ཉིད་ལ་གནས་པར ་བྱད། སྨོན་ཀྱང་མ་ཞུགས་དོན་ལ་མ་གནས་ན།། ཡིད་སྨོན་བྱས་པས་འབྲས་བུ་མི་ཐོབ་པས།། བྱང་ཆུབ་སྤྱོད་པ་རླབས་ཆེན་སྤྱོད་པར་བྱ།། རྒྱུ་ནི་དཀའ་བ་དང་དུ་མ་བླངས་པར།། འབྲས་བུ་བྱང་ཆུབ་ཐོབ་པར་མི་འགྱུར་ཏེ།། གང་ལ་སྦྱིན་པར་མཆོག་ཏུ་བཏང་དགའ ་ཤདང་ཡན་ལག་ཀུན་གྱི་དང་པོ་མགོ་བོ་ཡིན།། སྦྱིན་པར་གཏོང་བ་རྒྱལ་པོ་ཟླ་འོད་ཡིན།། དེ་བཞིན་སྤྱད་ན་བྱང་ཆུབ་ཐོབ་པོར་འགྱུར།། དེ་ཕྱིར་འཁོར་བའི་ཆོས་འདི་གཏན་དུ་སྤང་།། མྱ་ངན་ལས་འདས་པའི་ལམ་ལ་འཇུག་པར་བྱ།། སྦྱིན་པའི་ཕ་རོལ ་ཕྱིན་པ་ཡོངས་རྫོགས་ན།། ས་ནི་དང་པོ་རབ་ཏུ་དགོའ་བ་ཐོབ།། ཚུལ་ཁྲིམས་ཕ་རོལ་ཕྱིན་པ་ཡོངས་རྫོགས་ན། གཉིས་པ་དྲི་མ་མེད་པའི་ས་ཡང་ཐོབ།། བཟོད་པའི་ཕ་རོལ་ཕྱིན་པ་ཡོངས་རྫོགས་ན།། གསུམ་པ་འོད་བྱེད་པ་ཡིས་ཡང་ཐོབ། ་བརྩོན་འགྲུས་ཕ་རོལ་ཕྱིན་པ་ཡོངས་རྫོགས་ན།། བཞི་པ་འོད་འཕྲོ་བ་ཡི་ས་ཡང་ཐོབ།། བསམ་གཏན་ཕ་རོལ་ཕྱིན་པ་ཡོངས་རྫོགས་ན།། ལྔ་པ་ཤིན་ཏུ་སྦྱང་དཀའི་ས་ཡང་ཐོབ།། ཤེས་རབ་ཕ་རོལ་ཕྱིན་པ་ཡོངས་རྫོགས་ན།། དྲུག་པ་མངོན ་དུ་གྱུར་པའི་ས་ཡང་ཐོབ།། ཐབས་ཀྱི་ཕ་རོལ་ཕྱིན་པ་ཡོངས་རྫོགས་ན།། བདུན་པ་རིང་དུ་སོང་བའི་ས་ཡང་ཐོབ།། སྨོན་ལམ་ཕ་རོལ་ཕྱིན་པ་ཡོངས་རྫོགས་ན།། བརྒྱད་པ་མི་གཡོ་བ་ཡིས་ཡང་ཐོབ།། སྟོབས་ཀྱི་ཕ་རོལ་ཕྱིན་པ་ཡོངས་རྫོགས ་ན་དགུ་པ་ལེགས་པའི་བློ་གྲོས་ས་ཡང་ཐོབ།། ཡེ་ཤེས་ཕ་རོལ་ཕྱིན་པ་ཡོངས་རྫོགས་ན།། བཅུ་པ་ཆོས་ཀྱི་སྤྲིན་གྱིས་ཡང་ཐོབ།། འབྲས་བུ་སྐུ་གསུམ་ལྷུན་གྱིས་གྲུབ་པར་འགྱུར།། ཇི་ལྟར་སྔོན་གྱི་བདེ་གཤེགས་རྣམས་ཀྱིས་སུ།། བྱང ་ཆུབ་མཆོག་ཏུ་ཐུགས་ནི་བསྐྱེད་པ་དང་།། བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ།། རིམ་པར་གནས་ནས་འབྲས་བུ་ཐོབ་པ་ལྟར།། དེ་བཞིན་བདག་དང་གཞན་ལ་ཕན་དོན་དུ།། སེམས་བསྐྱེད་ནས་ནི་དགེ་བ་གཞུང་དུ་སྤྱོད།། དེ་ལྟར་དམ་ཆོས ་གཞུང་དུ་སྤྱད་པ་ན།། ཉོན་མོངས་འཆི་བདག་བདུད་ནི་འཇོམས་པ་ཡི།། བདུད་རྩི་མཆོག་ཉིད་ཀྱང་ནི་དེ་ཡིན་ནོ།། དེ་ཕྱིར་དམ་ཆོས་གཞུང་བཞིན་སྤྱད་པར་བྱ།། ཆོས་གཞུང་མི་སྤྱོད་མྱོས་པའི་མིང་ཅི་ཡོད།། ཚུལ་ཁྲིམས་མི་བསྲུང་དགེ་སློང་ཅི་ལ་ཟེར།། ་དམ་ཚིག་མེད་ན་སྔགས་པ་གང་ལ་ཟེར།། སྡིག་ནི་ཆུང་ཡང་མི་བརྙས་སྤང་བར་བྱ།། དགེ་བ་ཆུང་ཡང་དང་དུ་བླང་བར་བྱ།། མདོར་ན་ཚད་མེ་དེ་བཞི་དང་བསྡུ་བ་བཞི།། གཞོན་དོན་སྤྱད་ན་བདག་དོན་ཆུད་མི་ཟ།། དེ་ཕྱིར་སྒྲིབ་གཉིས་སྤངས་ལ་ཚོགས། ་གཉིས་བསྒྲུབ།། སྟོན་པའི་བཀའ་དང་དོན་དུ་མཐུན་བྱེད་ཅིང་།། ཆགས་མེད་དགེ་བར་གཏོང་བའི་གང་ཟག་ནི།། བྱང་ཆུབ་སེམས་དཔའི་རིགས་ཅན་ཡིན་པས་ན།། དེ་ལ་ཕྲག་དོག་དབང་གིས་སྒྲོ་སྐུར་ཞིང་།། ཐབས་ཀྱིས་སྨོང་བྱེད ་འཁོར་བའི་གཡང་སར་ལྟུང་།། དགེ་བའི་དོན་ལ་ཞུགས་པའི་གང་ཟག་གིས།། ཉོན་མོངས་འདུ་འཛི་མེད་པའི་དགེ་གནས་ན།། མཚན་མོ་སྟོང་སྨད་དགེ་ལ་གནས་ནས་ནི།། གུང་ལ་ཉལ་ཚེ་དགེ་དྲན་འཔྲི་ལ་ཉལ།། དེ་ཡིས་བག་ཚིགས་དགེ ་ལ་གནས་པར་འགྱུར།། བག་ཆགས་རྟག་པར་གནས་ནྱ་དང་པོའི་དྲོང་།། ཡིན་པས་དགེ་བ་ཉམས་འོག་ཆུད་དེ་བྱ།། ཟས་ཀྱང་ཆགས་ཕྱིར་མ་ཡིན་རྒྱགས་ཕྱིར་མྱིན།། དགེ་རྟགས་བྱ་ཕྱིར་ཚོད་ནི་ཟིན་པར་བཟའ།། རྒོད་དང་འགྱོད་དང་གནོད ་སེམས་རྨུགས་པ་དང་།། གཉིས་དང་འདོད་ལ་འདུན་དང་ཐེ་ཚོམ་སྟེ།། སྒྲིབ་པ་ལྔ་པོ་འདི་དག་དགེ་བའི་ནོར།། འཕྲོག་པའི་ཆོམ་རྐུན་ལགས་པར་རིག་པར་མཛོད།། སྟོན་པའི་བཀའ་ལ་བརྫུན་པ་མི་མངའ་བས།། ཐེ་ཚོམ་ནེམ་ནུར་ཡིད་གཉིས་མི ་བྱའོ།། འདོན་ལ་སྤྱད་ཅིང་ཚིག་ཕྱིར་མི་འབྲང་སྟེ།། དོན་ནི་གསེར་འདྲ་ཚིག་ནི་སྨིན་མ་བཞིན།། གསེར་རྙེད་ནས་ནི་སྒྲོན་མ་གདེག་མི་དགོས།། དོན་ལ་སྤྱད་ཅིང་བསྒོམས་ན་རང་རིག་སྐྱེ།། ཚིག་ཕྱིར་ཉན་ཅིང་འཆད་པ་མང་བྱས་ཀྱང་།། རང་རིག ་མི་སྐྱེ་ཉོན་མོངས་འཕེལ་བའི་རྒྱུ།། མདོར་ན་ཐེག་པ་ཀུན་ལ་བློ་སྦྱངས་ཏེ།། ངེས་པ་གཅིག་ལ་ཞུགས་ཏེ་མི་སྒྲུབ་པར།། ཡེ་རྔམ་ཟོས་ནས་བྱང་ཆུབ་འཁྲུལ་པ་སྟེ།། དེས་ནི་འབྲས་བུ་ཐོབ་པར་མི་འགྱུར་རོ།། ཆོས་ཀྱང་རང་གི་ཉམས་དང ་སྤྱད་ཅིང་སྤྱད།། འབྲས་བུ་གོང་མ་ཆེ་ལ་གཏད་བྱས་ན།། ཉམས་ཀྱིས་མི་ལྕོགས་བཞིན་དུ་ཁས་ལེན་པ།། ཐང་སྟོང་སྡིག་པ་རང་གིས་བླངས་པ་ཡིན།། ཐེག་པའི་གྲངས་ནི་གཅིག་ཏུ་མ་ངེས་ལ།། ཐེག་པའི་ཁྱད་པར་ཤེས་རབ་ཆེ་ཆུང་སྟེ། ་ཉམས་འོག་ཆུད་པར་སྤྱད་ན་ཆད་མི་ཟ།། དམ་ཆོས་གཞུང་དུ་སྤྱོད་པོའི་མི་དེ་ལ། དམ་ཅན་ཀུན་ཀྱང་མ་བསྐུལ་རེང་བཞིན་འགྲོ། མཁས་པ་ཆེན་པོའི་མཐུ་ནི་ཉི་ཤུར་འདྲ།། འགྲོ་བ་ཀུན་ཀྱང་དད་ཅིང་འདུན་པས་ན།། འདུས་བྱས་འདུས་མི་བྱས ་ཀྱི་དགེ་བ་ལ།། ཐུན་མོང་དག་ཏུ་སྤོང་ལེན་མེད་པར་བྱ།། སྤོང་ལྡན་བྱས་ན་སྟོན་པའི་བཀའ་དང་འགལ།། ཐེག་ཆེན་སྒོར་ཞུགས་གང་ཟག་རྣམས་ཀྱིས་ཀྱང་།། ཤེས་རབ་སྙིང་རྗེ་གཉིས་ཀྱིས་གཞི་གཟུང་སྟེ།། ཐམས་ཅད་དབྱེར་མེད་རྟོག་པ་ཤེས་རབ ་ཡིན་དང་ཀུན་ལ་བུ་བཞིན་བྱམས་པ་སྙིང་རྗེ་ཡིན།། དེ་གཉིས་མི་ལྡན་ཐེག་ཆེན་ཁས་ཆེ་བ།། ལོང་སྤང་རྒྱལ་པོ་ཡིན་ཞེས་ཟེར་ཏེ་བརྫུན།། ད་ལྟའི་གང་ཟག་སྔགས་ཀྱི་སྒོར་ཞུགས་པས།། གསང་སྔགས་ཟབ་མོ་ནོར་རྫས་བརྙན་མར་བཙོངས།། འཁོར ་བའི་བུ་ཚ་ཕོ་མོ་ཁྱིམ་ཐབ་བྱོད།། གསང་སྔགས་ཤེས་པས་བདུག་ཕྲེད་སྙིང་རེ་རྗེ།། དེས་ནི་ཙན་དན་སོལ་བར་འཚོང་བ་དང་།། གསེར་ཕྱེ་སྤང་ཕྱིར་འཚོང་དང་འདྲ་བར་གསུངས།། གཞན་ཡང་དད་པ་ཅན་གྱི་ནོར་བླངས་ནས།། དགེ་བར་མ་སྤྱད་མི་ཆོས་ནོར་དུ་སྤྱད།། ་འབྲས་བུ་དག་ནི་རྔ་མོའི་ལུས་སུ་སྐྱེ།། དེ་ཡི་ནོར་ལ་ནོར་བདག་ལོངས་སྤྱོད་བྱ།། སྤྱོ་རེས་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར།། ལྕགས་རྡོ་ངུལ་རྡོ་བཅུ་རུ་བཏུབ་པས་ན།། དད་པ་ཅན་གྱི་ནོར་ནི་བཞུར་མི་བཏུག། ཚིག་ཙམ་མོ་ཡིན་སེམས་ཀྱིས་མ ་པ་ཉིད། རྟོགས་ནས་ཀློང་དུ་གྱུར་ཅིང་དྲོད་ལྡན་དང་།། ཆགས་མེད་དགེ་བར་སྤྱོད་པའི་གང་ཟག་གིས།། མ་བྱིན་བླངས་ནས་སྤྱད་ཀྱང་མི་སྒྲིབ་བོ།། མདོར་ན་སྔགས་ཀྱི་རྩ་བ་དམ་ཚིག་བསྲུང་།། བྱ་བའི་རྒྱུད་ཀྱི་དམ་ཚིག་བསྟན་པ་ནི།། ཐུན་མོང ་བསླབ་པ་བཞི་པོ་ཉམས་མི་བྱ།། བླ་མེད་རྣམ་གསུམ་མཆོད་ཅིང་བླ་མ་བཀུར།། གྲོགས་ལ་གདུང་ཞིང་མི་ཐུན་ཁ་ཟས་སྤང་།། མཚན་མར་བྱས་ཤིང་ལྷ་ལེ་ཕུལ་བ་ཡིས།། ཁྲུས་ལ་བརྩོན་པ་བསྐྱེད་ཅིང་ལུས་སྤྱོད་བཟང་།། མ་ཉམས་བསྲུངས་ན་རིག་གསུམ ་དངོས་གྲུབ་ཐོབ།། རྣལ་འབྱོར་ཕྱི་བའི་དམ་ཚིག་བསྟན་པ་ནི།། སྤྱི་ཡི་དམ་ཚིག་གསུམ་པོ་ཉམས་མི་བྱ།། རྩ་བའི་དམ་ཚིག་དྲུག་ནི་གཞུང་དུ་བསྲུང་།། ཡན་ལག་དམ་ཚིག་གསུམ་དང་ལྡན་པར་བྱ།། མ་ཉམས་བསྲུངས་ནི་འབྲས་བུ་ཐོབ་པར་འགྱུར།། རྣལ་འབྱོར་ནང ་པའི་དམ་ཚིག་བསྟན་པ་ནི།། དམ་ཚིག་བྱེ་བྲག་བསམ་གྱིས་མི་ཁྱབ་ཀྱང་།། མདོ་རུ་བསྡུས་ན་རྩ་བ་གསུམ་དུ་འདུས།། ལུས་སྲོག་སྐྱེད་པའི་དུས་གསུམ་ཕ་མ་དང་།། མ་རིག་སྒོ་འབྱེད་འདྲེན་སྟོན་སློབ་དཔོན་དང་།། དམ་པས་འབྲེལ་པའི་གྲོགས་མཆེད་རྣམས་ལ་ནི།། ལུས ་ངག་ཡིད་གསུམ་དོན་དང་མཐུན་པར་བསྲུང་།། ཡི་དམ་ལྷ་ཡི་ཏིང་འཛིན་གཡེལ་མི་བྱ།། དེ་ཡི་སྔགས་དང་ཕྱེ་ག་རྒྱ་རྒྱུན་མི་གཙང་།། དམ་ཚིག་ཉམས་དང་མ་འདྲེས་སྣོད་མེད་ལ།། གསང་བའི་མན་ངག་སྤེལ་བར་མི་བྱའོ།། ད་ལྟ་གང་ཟག་སྔགས་པར་ཁས་འཆས ་ནས། སྐུའི་དམ་ཚིག་གཞུང་དུ་མི་སྲུང་བར།། ཕ་མ་སྤོང་རྡུང་བླ་མ་སྨོད་མི་ལཁུར།། ཕྲག་དོག་དབང་གིས་གྲོགས་ལ་བརྩེ་གདུང་གཅད།། ངན་སོང་གན་སུ་ཐེ་ཙོམ་མེད་པར་འགྲོ།། གསུང་གི་དམ་ཚིག་གཞུང་དུ་མི་སྲུང་བར།། ཏིང་འཛིན་འདོད་སྒྲུབ་འཛབ་ཏུ་རྣ་འཆའ་ཞིང་།། ཕྱག ་རྒྱར་མ་བྱིན་པས་ནོར་ལེན་བྱེད་པའི།། སྔགས་པར་ཁཊ་འཆས་འཁོར་བའི་གཡང་སར་ལྟུང་།། གསང་སྔགས་ཟབ་མོ་དགོན་པར་མི་སྤྱོད་པར།། སྣོད་དང་མི་ལྡན་ཉན་མི་རྙེད་ཐ་ལ།། བེག་རྩེ་བཅས་ནས་མན་དག་ལྷག་པར་བཤད།། ཐུགས་ཀྱི་དམ་ཚིག་ཉམས་པ་དམྱལ་པར་སྐྱེ། ་གསང་སྔགས་གབ་པའི་དོན་རྣམས་མ་རྟོགས་པར།། དམ་མེད་མི་ནག་ཁྲལ་ཐེག་ཀུན་བསྡུས་ནས།། སྦས་པའི་གསང་བ་མངོན་སུམ་འཆོལ་པོར་སྤྱོད།། བཀའ་དང་འགལ་བས་འཁོར་བའི་གཡང་སར་ལྷུང་།། དང་པོར་དམ་ཚིག་གཞུང་དུ་མི་སྲུང་དང་ཀབར་དུ་དབང་རྣམས་རིམ་པར་མི་ནོད་དང་། ་མར་བཀའ་གཞུང་བཞིན་དུ་མི་སྒྲུབ་པར།། སྔགས་པར་ཁས་འཆེས་གང་ཟག་སྙིང་རེ་རྗེ།། བཟའ་ཤིང་རབར་དུག་གི་སྡོང་སྐྱེས་ནས།། དུག་དེས་བཟའ་ཤིང་བྱིན་ཡང་མེད་བྱེད་པས།། བདག་པོས་དུག་ངོ་ངོ་ནི་ཤེས་མ་ཐག། རྩ་ནས་ཕྱུང་སྟེ་མྱུར་དུ་མེད་བྱེད་ལྟར།། གང་ཞིག་རྩ་བ་ཉམས་བྲི ་ཕྱལ་བ་དང་།། འདྲེས་ཉམས་འགྱུར་བ་ཉེས་པ་འཕེལ་འགྱུར་བས།། དོན་རིག་ནས་ནི་མྱུར་དུ་སྤང་བར་བྱ།། དཔེར་ན་འོ་མ་ཉུང་ངུའི་ཐིག་པ་གཅིག། རུལ་པས་འོ་མ་ཀུན་ཀྱང་འདྲུལ་བ་བཞིན།། དེམ་ཉམས་སྣོད་ན་དེ་དང་མ་འདྲེས་ནི།། ཉམས་པ་དེ་དང་དེ་ནི་འདྲ་བར་གསུངས།། དེ་བས་ལུང། ་གཅིག་ཆུ་ལའང་མི་བཏུང་།། དམ་ཚིག་ས་གཞི་འདྲ་སྟེ་ཀུན་གྱི་རྟེན།། དམ་ཚིག་ནོར་བུར་འདྲ་སྟེ་འདོད་པ་འབྱུང་།། དམ་ཚིག་མཁར་དང་འདྲ་སྟེ་འཇིག་པ་སྐྱོབ།། དམ་ཚིག་གྲུ་དང་འདྲ་སྟེ་ཆུ་བོ་སྒྲོལ།། མདོར་ན་ཆོས་ཀྱི་རྩ་བ་དམ་ཚིག་གསུངས།། ཕྱི་རབས་རྣལ་འབྱོར་རྣམས་ཀྱིས་སེམས་ལ ་འཇོག་རྣམ་སྨིན་གཞན་ནི་ཁང་དང་རིམས་ཀྱིས་སྨིན།། གསང་སྔགས་ཐུན་མོང་མ་ཡིན་རྣམ་སྨིན་དྲག། རྒྱུ་མར་སྤྲུལ་ཞུགས་བཞིན་དུ་འགྲོའོ་ཞེས།། གསང་བའི་རྒྱུད་རྣམས་ཀུན་ལས་གསལ་བར་འབྱུང་།། གང་ཟག་སྔགས་པར་ཁས་ལེན་རྣམས་ཀྱིས་ནི།། རང་བཞིན་ཏིང ་འཛིན་གཟུགས་བརྙན་དཀྱིལ་འཁོར་གསུམ།། དམ་ཚིག་དབང་དང་མཆོད་པའི་སྒོར་ཞུགས་ནས།། རང་ཉིད་ཟབ་མོའི་དོན་དང་ལྡན་པར་བྱ།། ཐེག་པ་འོག་མའི་སྒོར་ཞུགས་བསྲུང་སྡོམ་དང་།། ཆོས་སྤྱོད་བྱེད་པ་མི་དགག་མི་སྨོད།། ཅི་ཕྱིར་ཆོས་ལ་སྤོང་ལེན་ཕྱོགས ་རིས་དང་། བཟང་ངན་གཉི་སུ་སྟོན་པས་མ་གསུངས་པས།། འདི་ལྟར་སྨོད་པའི་ཆོས་འདི་ཐམས་ཅད་ལ།། གཉིས་མེད་མཉམ་པ་ཆེན་པོར་རྟོགས་པ་ནི།། འབད་རྩོལ་ཅི་བྱས་དགེ་བར་གྱུར་པས་ན།། དགེ་བའི་རྩ་བ་ཕྱོགས་རིས་མེད་པར་བྱའོ།། ད་ལྟའི་གང་ཟག་ཐོག་པ ་འོག་མ་པའི།། རྒྱུ་འབྲས་དོན་ལ་ཞེན་པ་ཁ་ཅིག་ནི།། གསང་སྔགས་ཟབ་མོའི་དོན་རྣམས་མ་རྟོག་པར།། སྔགས་ཀྱི་སྟན་འགན་ཆོས་སྤྱོད་འཕྲིགས་མཐོང་ན།། བན་དེ་ལོག་ཆོས་སྤྱོད་ཅིང་རྩིང་ཆོས་བྱེད།། གསང་སྔགས་ཆོས་མིན་སྟོན་པས་མ་གསུངས་ཟེར།། མན་དག་ཟབ་མོའི་དོས ་ལ་སྐུར་བཏབ་པས།། འབྲས་བུ་མནར་མེད་དམྱལ་བའི་ཡང་གཏིང་དུ།། སྐྱེ་བར་གྱུར་པས་རྨོངས་པ་སྙིང་རེ་རྗེ།། སྟོན་པའི་ཞལ་ནས་ངེས་པོར་གསུངས་པ་ཡི།། མན་ངག་དོན་དམ་གསང་སྔགས་ཟབ་མོ་ལ།། བཀའ་སྦྲང་གཞུང་བཞིན་དང་དུ་མི་ལེན་པར།། མཚན་ཉིད་ཆོས་སྤྱོད་དག་ལ ་ཞེན་པས་ང་བསྐལ་པ་གསུམ་དུ་སངས་རྒྱས་ཞལ་མི་མཐོང་།། སྐལ་པོ་ཆུང་ཞིང་ཤེས་རབ་ཞན་པ་དང་།། བློ་ངན་དོན་ལ་རྨོངས་པའི་གང་ཟག་གིས།། ཟབ་མོའི་དོན་ལམ་ཞུགས་སྐུར་བ་བཏབ།། རྣམ་སྨིན་དཔག་གིས་མི་ལང་བརྗོད་ལས་འདས།། གསང་སྔགས་ཟབ་མོའི་དོན་ལོ་ཡིད་ཆེས ་ནསད། ལྷ་སྤྱོད་དམ་ཚིག་གཞུང་དུ་ལྡན་པ་དང་།། སྒྲུབ་ལ་ཤིན་ཏུ་བརྩོན་པའི་གང་ཟག་ནི།། སངས་རྒྱས་ས་ལ་ཐེ་ཚོམ་མེད་པར་འགྲོ།། སྐྱེ་བོ་མ་རིག་ཆོས་ལ་གཟུང་བ་དང་།། ཆོས་པོ་ཆོས་དང་མི་ལྡན་པ་རྣམས་ཀྱི།། དོན་དུ་བདག་གིས་ཡི་གེ་འདི་བརྩམས་པས།། ཀུན་ཀྱང་དད་ཅིང་དོན ་ལ་འཇུག་པར་སྨོན།། ཞེན་ལོག་སྒྲོན་མ་ཞེས་བྱ་བ། སློབ་དཔོན་མཁས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། ་