| Wylie | e-texts produced with BDRC’s OCR application |
མཛད་པ། ལས་དང་པོ་པའི་དམ་ཚིག་མདོར་བསྡུས་པ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་ཀ་མ་ལ་གུ་བྷ་དང་། ལོ་ཙ་བ་བསོད་ནམས་རྒྱལ་བས་བསྒྱུར་བའོ།། #།། རྒྱ་གར་སྐད་དུ། ཏྲི་སམྦ་ར་པྲ་བྷཱུ་མཱ་ལཱ་ནཱ་མཱ ་དྱོ་སྐང་དུ།། སྣམ་གསུས་ཡང་ཀྱི་བྱུང་བ་ཞེས་བྷག་བླ་མ་དང་འདམ་པའི་སྤྱ་སྩལ་ཕྱག་འཚལ་ལོ།། རྣམ་དག་ཟབ་ཡངས་ཤེས་བྱན་རྒྱ་མཚལས།། བསྐྲུན་པའི་སྐུ་དང་བདག་བློའི་དང་དཔོན་གྱིས།། མཁྱེན་པའི་དང་འབྱར་བརྩ་བར ་རླུང་བསྐྱོད་ནས།། སྡོམ་གསུམ་ཡིད་བཞིན་ནོར་བུ་ཁོ་བོས་བླང་།། དེང་སང་བསྟན་པའི་གཤ་མོ་འདི་རུ།། སྡོམ་པ་གསུམ་གྱི་རྣམ་གཞག་ལ།། མཁས་པའི་རྒྱུ་སྐར་འགའ་ཞིག་གིས།། ཕྱོགས་རེའི་ཚྭ་ཙམ་རྟོགས་འགྱུར་མོད།། སོ་སོར་ཐར་དང་བྱང་ཆུབ ་སེམས། རིག་འཛིན་སྔགས་ཀྱི་སྡོམ་པ་ལ།། འཐོབ་ཚུལ་གནས་ཚུལ་གཏོང་བའི་ཚུལ།། གཉིས་ལྡན་གསུམ་ལྡན་འབྱུང་པའི་གཞུང་།། ཉེས་པ་ཕན་ཡོན་རིམ་པ་དག། བདག་བློ་ཉི་མའི་འོད་ཟེར་གྱིས།། ཕྱོགས་ལས་རྒྱལ་བར་བྱས ་དགོད།། གླིང་གསུམ་སྐྱེས་པ་བུད་མེད་ཀྱིས།། རང་ཉིད་འཁོར་བ་བསྒྲལ་དོན་དུ།། མཁན་སློབ་ཆོ་ག་ཚད་ལྡན་ལས།། ཇི་སྲིད་འཚོ་ཡི་བར་དག་ཏུ།། གནོད་པ་གཞི་དང་བཅས་པ་ལས།། གཙོ་ཆེར་ལུས་ངག་སྡོམ་པ་དེ།། ཉན་ཐོས་བྱེ་བྲག་སྨྲ ་བའི་སྡོམ། གང་ཟག་གླང་བུ་འདྲ་བ་ལ།། སྡོམ་པ་ཁལ་དང་འདྲ་བ་ཞིག། ཐོབ་པའི་ཐག་པས་སྦྲེལ་བར་གནས།། སོ་སོར་ཐར་པའི་གནས་ཚུལ་ཡིན།། བསླབ་པ་ཕུལ་དང་ཤི་འཕྲོས་དང་།། མཚན་ཉིད་དག་ནི་བྱུང་བ་དང་།། རྩ་བ་ཆད ་དདང་མཚན་འདས་ལས།། སོ་སོར་ཐར་པའི་འདུལ་བ་གཏོང་།། གསུངས་སོ་ཕམ་པ་སྤྱད་པས་ཀྱང་།། སོ་སོར་ཐར་པའི་ཚུལ་ཡིན་ནོ།། ལྷ་མི་ལ་སོགས་གང་རུང་གིས།། འགྲོ་བ་མ་ལུས་སྐྱོབ་པའི་ཕྱིར།། སློབ་དཔོན་ཆོ་ག་ཚད་ལྡན་ལས།། ཇི ་སྲིད་བྱང་ཆུབ་སྙིང་པོའི་བར།། སྨོན་དང་འཇུག་པའི་བདག་ཉིད་ཅན།། ལུས་ངག་ཡིད་གསུམ་རང་དོན་དང་།། གཞན་དོན་ཐབས་མ་ཡིན་ལས་སྡོམ།། ཀུན་རྫོབ་བྱང་ཆུབ་སེམས་ཀྱིའོ།། དེ་ཉིད་སྣང་ལ་རང་བཞིན་མེད།། འཇིག་སོགས་བཞིན་དུ་གོམས་པ་ལས།། ཡུལ ་དང་ཡུལ་ཅན་གཉིས་ལས་གྲོལ།། དོན་དམ་བྱང་ཆུབ་སེམས་ཡིན་ནོ།། སེམས་དང་སེམས་བྱུང་སེམས་བསྐྱེད་གཉིས།། རང་དོན་གཟའ་དང་བྲལ་བས་ན།། ཉི་མ་དང་ནི་འོད་ཟེར་བཞིན།། དེ་དག་གནས་པའི་ཚུལ་ཡིན་ནོ།། རང་དོན་བླངས་དང་ནག་པོ་ཡི།། ཆོས་བཞི ་ལ་སོགས་ཞུགས་པ་དང་།། འབྲས་བུ་དག་ནི་ཐོབ་པ་ན།། ཚ་གྲང་གྲུ་བཞིན་སེམས་བསྐྱེད་གཏོང་།། རིགས་བཞི་ལ་སོགས་བསོད་ནམས་ལྡན།། རང་གཞན་དགོས་འདོད་ཕུན་ཚོགས་དོན།། བླ་མཆོ་ག་ཚད་ལྡན་ལས།། ནམ་མཁའ་ཇི་སྲིད་གནས་བར་དུ།། ལྷན ་སྐྱེས་ཡེ་ཤེས་བརྡ་དོན་སྤྱོད།། རྣམ་རྟོག་དྲི་མ་ཀུན་ལས་སྡོམ།། རིག་འཛིན་སྔགས་ཀྱི་སྡོམ་པའོ།། སྐུ་གསུང་ཐུགས་ཀྱི་རྒྱལ་མཚན་ལ།། རིམ་གཉིས་ཡིད་བཞིན་ནོར་གྱིས་སྨྲས།། འདོད་ཡོན་ལྔ་ཡིས་ཀུན་ནས་མཆོད།། དགོས་འདོད་ཀུན་གྱི་འབྱུང ་གོནས་དང་རིག་འཛིན་སྡོམ་པའི་གནས་ཚུལ་ཡིན།། དགོས་འདོད་མེད་དོ་སྐྱོན་རྣམས་འབྱུང་།། དཔག་བསམ་ཤིང་བུ་འགྱེལ་པ་ལྟར།། རྩ་བའི་ལྟུང་བ་བྱུང་བ་ན།། རིག་པ་འཛིན་པའི་སྡོམ་པ་གཏོང་།། རྒྱུད་ནི་སུམ་བརྒྱ་པ་ལས་ནི།། འཁོར་བཞི་པོ་ལ་རྗེས་སུ ་གནང་རང་རང་གི་བསླབ་པ་དང་ཡང་ལྡན།། དགེ་སློང་རྡོ་རྗེ་འཛིན་པ་བྱ།། གསུངས་སོ་དུས་ཀྱི་འཁོར་ལོ་ལས།། རྟེན་ནི་གསུམ་ལས་དགེ་སློང་མཆོག། འབྲིང་ནི་དགེ་ཚུལ་ཡིན་པར་འདོད།། གཞན་ཡང་རྡོ་རྗེ་རྩེ་མོ་ལས།། གལ་ཏེ་དེ་ནི་རབ་བྱུང་ན།། སྡོམ་པ ་སྡོམ་པ་གསུམ་དང་ཡང་དག་ལྡན།། སོ་སོ་ཐར་དང་བྱང་ཆུབ་སེམས།། རིག་འཛིན་སྔགས་ཀྱི་སྡོམ་པའོ།། གཞུང་འབུམ་པ་ལས་འདི་སྐད་དུ།། རྡོ་ཡི་རིགས་ཀྱི་བྱེ་བྲག་བ་ནུ།། ལྕགས་དང་ཟངས་དང་དངུལ་དུ་འབྱུང་།། གསེར་འགྱུར་རྩི་ཡི་དངོས་པོ ་ཡིས།། ཀུན་ཀྱང་གསེར་དུ་འགྱུར་བ་བཞིནི།། རིགས་ཅན་གསུམ་གྱི་སྡོམ་པ་ཡང་།། དཀྱིལ་འཁོར་ཆེན་པོ་འདིར་ཞུགས་ན།། རྡོ་རྗེ་འཛིན་པ་ཞེས་བྱའོ།། གསུངས་པའི་དོན་ལ་འགའ་ཞིག་ནི།། སྡོམ་གསུམ་གནས་གྱུར་ངོ་བོ་གཅིག། གོང་མའི་རྩ་ལྟུང ་བྱུང་བ་ན།། འོག་མ་གཏོང་ཞེས་སྒྲོགས་པ་ཡོད།། དེ་ལ་ཅུང་ཞིག་བརྟག་པར་བྱ།། གསུམ་ལྡན་གསུངས་པའི་དགོངས་པའི་དོན།། གཅིག་ལྡན་སྤོང་བའི་དགོངས་པ་མིན།། རིགས་པས་ཀྱང་ནི་ཤིན་ཏུ་གནོད།། བུད་མེད་ལ་སྨོད་ལྟུང་བ་ཡིས།། རེག་སྲུང་སྡོམ་པ ་པ་གཏོང་ངམ་ཅི།། གལ་ཏེ་གཏོང་ན་ཧ་ཅང་ཐལ།། མཁའ་ལ་སྤྲིན་ཆེན་འཁྲིག་པོ་ཡིས།། ས་ཡི་ལོ་ཏོག་སྐམ་ཞེས་བསྒྲེ།། གཞན་ཡང་སྡོམ་པ་གཏོང་ཐོབ་རྒྱུ།། སངས་རྒྱས་གསུང་ལས་གཞན་པ་ཡི།། ཆོ་ག་མཁན་དུ་བྱེད་རིགས་སམ།། གཞན་ཡང་འགལ ་བལྟག་སྤོང་ལ།། གནས་གྱུར་རྩི་བ་རིགས་མ་ཡིན།། རིགས་ནི་ཉི་མའི་དཀྱིལ་འཁོར་འདི།། གངྒཱའི་ཆུ་ལས་གྱུར་ཞེས་པསྟེ།། དྷེནྱ་རང་གིས་བརྟགས་ལ་བླང་།། སྡོམ་གསུམ་ལྡན་ཞེས་གསུངས་པ་དེ།། ཤེས་རྒྱར་གཅིག་ལ་ཎྜི་ན་ནི།། གཅིག་ཏུ་འདོད ་ཀྱང་གསུམ་དུ་འགྱུར།། ལྡན་ཆོས་རྫས་གཞན་ཐ་དད་ཕྱིར།། འོན་ཏེ་སྔ་ཕྱི་ལ་རྩིན།། གསུམ་ལྡན་ཞེས་པའི་སྒྲ་དོན་མོང་།། འོན་ཏེ་སྡོམ་གསུམ་རྫས་གཅིག་ཏུ།། ཤོས་སྐྱེད་གཅིག་ལ་ལྡན་ཞེ་ན།། གཏོང་ཐོབ་ཆོ་ག་གཅིག་ཏུ་འགྱུརརོ།། དེས་ན་རྩེ ་སོར་ཐར་ལྡན་པས།། བྱང་ཆུབ་མཆོག་གི་སེམས་བླངས་ན།། དང་པོ་དེ་ནི་ཀུན་གཞི་ལ།། བག་ལ་ཉལ་བའི་ཚུལ་དུ་གནས།། རིག་འཛིན་སྡོམ་པ་ཐོབ་པ་ན།། འོག་མ་གཉིས་ཀ་བག་ལ་ཉལ།། དཔེར་ན་མཁའ་ལ་སྐར་མ་ཤར།། ཅུང་ཟད་སྣང་བར་བྱས་གྱུར ་མོ་དང་ཟླ་བའི་དཀྱིལ་འཁོར་ཤར་བྱའི་ཚེ།། སྐར་འོད་ཉམས་མོད་འཇིག་རྟེན་གསལ།། རྟ་བདུན་ཚ་ཟེར་བྱུང་བ་ན།། ཟླ་བའི་འོད་ཉམས་འཇིག་རྟེན་གསལ།། གལ་ཏེ་རིག་པ་འཛིན་པ་ཡིས།། གདུལ་བྱ་གང་ལ་གང་དོན་དུ།། འོག་མའི་སྡོམ་པ་བླངས ་པ་ན།། གོང་མ་ཟིལ་གྱིས་མི་ནོན་མོང་།། སྡོམ་པ་ཆོ་གས་འཐོབ་པ་ཡིན།། མཁའ་ལ་ཉི་མ་གནས་གྱུར་མེད།། རྒྱུ་སྐར་འཆར་བ་བཀག་པ་མེད།། དེས་ཐོབ་ཚུལ་དང་གཏོང་བའི་ཚུལ།། རང་རང་ཆོ་ག་བཞིན་དུ་གནས།། ཀུན་གཞི་བག་ཆགས་མང་པོ་ཅན ་ཡིན་ཡང་ཤེས་རྒྱུད་ཐ་དད་མེད།། འོག་མའི་ལྟུང་བ་བྱུང་གྱུར་མོད།། གོང་མ་ཇི་སྲིད་གནས་ཀྱི་བར།། རྣམ་པར་སྨིན་པས་གོས་པ་མེད།། དཔེར་ན་ཟླ་སྐེར་ནུབ་གྱུར་མོང་།། ཉི་མ་མཁའ་ལ་གནས་ཀྱི་བར།། ཅུང་ཟད་འགྲིབ་པར་བྱས་པ་མེད།། གོང་མི ་ལྟུང་བ་བྱུང་བ་ན།། འོག་མ་ཇི་ལྟར་གནས་གྱུར་ཀྱང་།། ཅུང་ཟད་ཕན་གྱི་སྐྱོབ་མི་ནུས།། རྩཝ་བདུན་ཚ་ཟེར་བྱུང་བ་ན།། ཟླ་སྐར་གནས་ཀྱང་མུན་པའི་བག། གསེར་འགྱུར་རྩི་ཞེས་གསུངས་པའི་དོན།། ཟིལ་གནོན་ཡོན་ཏན་མཆོག་ལ་དགོངས།། ཟླ་སྐར་གཉིས ་ཀྱི་འོད་ཟེར་ཡང་།། ཉི་མའི་དཀྱིལ་འཁོར་གནས་ཀྱི་བར།། ཉི་མའི་འོད་ཅེས་ཀུན་གྱིས་སྒྲོགས།། གཞན་ཡང་ཁ་ཅིག་སྡོམ་པ་གསུམ།། ས་ཆུ་གྲུ་འདྲ་གཞི་རྟེན་དུ།། འདོད་ཅེས་སྒྲོགས་པ་འཁྲུལ་པ་ཡིན།། དེ་ཡི་འཁྲུལ་གཞི་ཁོ་བོས་བསྟན།། མཁས ་པ་ཆེན་པོ་རྟ་དབྱངས་དང་།། སློབ་དཔོན་སྒེག་པ་རྡོ་རྗེ་སོགས།། སྡོམ་གསུམ་དེ་ཉིད་རིག་པ་ཡིས།། དོན་དེ་ལྡོག་པ་དུ་མས་ཕྱེ།། ཁྱབ་བྱ་ཁྱབ་བྱེད་གསུངས་པ་ལ།། རྟེན་དང་བརྟེན་པར་བྱེད་ན་འཁྲུལ།། བྱང་སེམས་སྡོམ་པའི་དོན་གཅིག་ལ།། ཕན་སྤྱད ་སྒྲུབ་པའི་ལྡོག་པ་དང་།། གནོད་སྤོང་དགག་པ་གཉིས་འདུག་མོད།། ཕན་སྒྲུབ་ངོ་བོ་གང་ཡིན་ལ།། གནོད་པ་སྤོང་བ་ཁྱབ་པས་ན།། ཁྱད་བྱ་ཁྱབ་བྱེད་རྫས་གཅིག་ཏུ།། བ་ལང་རྫིས་ཀྱང་མི་གོ་འམ།། དེས་ན་རིག་འཛིན་གཅིག་པུ་ལ།། གསུམ་ལྡན་སྦྱོར་བ་འཐད ་མོ་ཡིན་དེ་གལ་ཏེ་འཐད་ན་འོག་མ་གཉིས།། ཆོ་ག་མི་དགོས་སྐྱེ་བར་འགྱུར།། སྡོམ་གསུམ་ཆོ་ག་ཐུན་མོང་དུ།། ཐུབ་པ་ཆེན་པོས་གསུངས་པ་མེད།། ཕྲག་དོག་ནོར་འདོད་གཏི་མུག་ཅན།། རང་གཟོ་བྱེད་པ་སུ་ཡིས་ཁེགས།། མདོ་རྒྱུད་སྤངས་ཀྱང་ཕྱོགས ་འཕེན།། སྒྲ་ཚད་བྱུང་ན་གཏམ་གཞན་སྦྱར།། བསྟན་པའི་བྱི་དོར་ཇི་ལྟར་བྱ།། རིག་འཛིན་སྡོམ་པ་ཁོ་ན་བས།། གསུམ་ལྡན་བསྔགས་པའི་དགོངས་པ་ནི།། འབྲས་བུའི་སྒོ་ནས་མ་ཡིན་ཏེ།། ཡིན་ན་ཀུན་མཁྱེན་མཆོག་དམན་འགྱུར།། དེས་ན་ལམ་དུས ་གདུལ་བྱིའི་དོན།། གཅིག་དང་གསུམ་གྱི་ཁྱད་པར་དང་།། སྡོམ་པ་རྫས་ཆོས་གཞན་ཉམས་མོད།། གཞན་ཡོད་པ་ཡི་ཁྱད་པར་ཡིན།། སྡོམ་གསུམ་གང་ཡང་མི་ལྡན་ན།། ལྷ་མིའི་ལུས་ཀྱང་རྙེད་པར་དཀའ།། ཉམས་ན་མཐོང་ཆོས་རྣམ་སྨིན་གྱི། ་རིམ་པ་གཉིས་ཀྱིས་བསྟན་པར་བྱ།། དེ་ལས་སོ་ཐར་ཉམས་གྱུར་ན།། རང་གིས་རང་བསླུས་གནོད་པ་ཉུང་།། རྒྱལ་དང་དེ་སྲས་ཐམས་ཅད་ཀྱིས།། ཅུང་ཟད་ཁྲེལ་གྱི་ཤིན་ཏུ་མིན།། ཕམ་པ་ལྕི་ཡང་བྱེ་བྲག་གིས།། ལོ་གྲངས་ངན་སོང་གསུམ་དུ་གན ་བྱང་སེམས་ཉམས་ན་འགྲོ་བ་ཀུན།། བསླུས་པས་གནོད་པ་ཤིན་ཏུ་མང་།། རྒྱལ་དང་དེ་སྲས་ཐམས་ཅད་དང་།། འགྲོ་བ་ཀུན་གྱིས་ཤིན་ཏུ་ཁྲེལ།། ཕམ་པ་ལྕི་ཡང་བྱེ་བྲག་གིས།། བསྐལ་པའི་གྲངས་ཀྱིས་དམྱལ་བར་གནས།། རིག་འཛིན་སྡོམ་པ་ཉམས ་པས་ནི་དང་ཡིད་དུ་མི་འོང་སྣ་ཚོགས་ཅན།། རྒྱལ་དང་དེ་སྲས་ཀུན་བརྙས་པས་མི་འཇིག་མནར་མེད་གནས་དག་ཏུ།། སྡུག་བསྔལ་ཆེན་པོ་དེ་ཡིས་མྱོང་།། རྩ་བ་ཀུན་ཉམས་ཕྱལ་པ་དག། གསོལ་ཉེ་བར་མི་བརྩོན་ན།། རྡོ་རྗེ་དམྱལ་བར་དེ་ལྟུང་སྟེ།། དམྱལ་བ་ཕན ་པཔ་ཐམས་ཅད་ཀྱིས།། སྡུག་བསྔལ་གཅིག་ཏུ་བསྡོམས་པ་བས།། དེ་ཡི་འབུམ་གྱི་ཆར་མི་ཕོད།། འཇིག་རྟེན་འཇིག་ནི་གཞན་དུ་འཕོ།། སེ་གོལ་གཅིག་གིས་ཕྱིན་པར་བྱེད།། སངས་རྒྱས་སྟོང་གིས་འོད་ཟེར་དང་།། བྱང་ཆུབ་སེམས་དཔའི་ཕྲིན་ལས་ཀུན།། ། ་རྒྱུན་དུ་མཛད་ཀྱང་ཕན་མི་འགྱུར།། བསྐལ་པ་ཐེར་འབུམ་ལ་སོགས་སུ།། དེ་ནི་ཐོན་པར་མ་གསུངས་སོ།། སོ་སོར་ཐར་པའི་ཕན་ཡོན་ནི།། གནས་སྐབས་ལྷོ་མི་མཐ་ཐུག་ནི།། དགྲ་བཅོམ་འབྲས་བུ་ངེས་པར་འཐོབ།། བྱང་ཆུབ་སེམས་ཀྱི་ཕན་ཡོན་ནི།། གནྡ ་སྐབས་བདེ་མང་རིང་མོ་ན།། སངས་རྒྱས་ཉིད་དུ་ངེས་པར་འགྲུབ།། རྒྱས་པར་མདོ་སྡེ་བལྟ་བར་བྱོས།། རིག་འཛིན་སྡོམ་པའི་ཕན་ཡོན་ནི།། གནས་སྐབས་ཀུན་མཁྱེན་བདེ་ལོངས་སྤྱོད།། གལ་ཏེ་བསྒོམ་པ་དང་བཅས་ན།། ཚེ་འདི་ཉིད་ལ་སངས་རྒྱས་འགྱུར།། མ ་བསྒོམས་གྱུར་ཀྱང་ལྟུང་མེད་ན།། སྐྱོ་བ་བཅུ་དྲུག་ཉིད་ནའོ།། མཁྱེན་བརྩེ་དུང་ཕྱུར་ལྡན་པ་ཡི།། པཎ་ཆེན་བློ་ཡི་རྒྱ་མཚོ་ལས།། སྡོམ་གསུམ་ནོར་བུའི་ཕྲེང་བ་བླངས།། བདག་གཞན་འགྲོ་བ་མ་ལུས་ཀྱི།། བློ་གྲོས་གཙུག་ལག་ལེགས་གནས་ཏེ།། ཀུན་མཁྱེན ་དགོས་འདོད་སྤྱོད་པར་ཤོག། རྒྱ་གཱང་ཤར་ཕྱོགས་ཛཱ་ག་ཏ་ལའི་བཎྜི་ཏ་ཆེན་པོ་བི་བྷཱུ་ཏི་ཙནྡྲས་མཛད་དེ་རང་འགྱུར་དུ་མཛད་པ་རྫོགས་སོ།། ། རྒྱ་གར་སྐད་དུ། བཛྲཱ་ཡཱ་ན་མཱ་ལཱ་པཏྟི་ཀརྨ། ་