| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཀརྨ་པྲ་མ་ཐ་ས་མ་ཡ་སཱུ་ཏྲཱ་སཾ་གྲཱ་ཧ། བོད་སྐད་དུ། ལས་དང་པོ་པའི་དམ་ཚིག་མདོར་བསྡུས་པ། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ།། གསང་སྔགས་ཀྱི་རྣམ་པར་ཐར་པའི་སྒོར་ཞུགས ་བའི་ལས་དང་པོ་རྣམས་ཀྱི་དམ་ཚིག་མདོར་བསྟན་པ། ཧཱུཾ་རྡོར་ལས་བྱུང་མཐོང་ཀའི་མདོག་འདྲ་བའི།། དཔལ་ལྡན་རྡོ་རྗེ་འཛིན་ལ་ཕྱག་འཚལ་ནས།། སྔགས་འཆང་རྣམས་ཀྱི་བསྲུང་བའི་དམ་ཚིག་ནི།། མདོར་བསྡུས་བརྩེ་བའི་ཡིད་ཀྱིས་བཤད ་པར་བྱ། སྡུག་བསྔལ་ཚོགས་ཀྱིས་བསྲེགས་པའི་སེམས་ཅན་ལ།། སྙིང་རྗེར་ལྡན་པའི་ཡོངས་ལ་ཁྱབ་པ་དང་།། གཡོ་དང་མི་གཡོའི་ཆོས་རྣམས་མ་སྐྱེས་པར།། རྟོགས་པའི་ཤེས་རབ་སྙིང་རྗེའི་གཞིར་བྱའོ།། རྟག་ཏུ་དང་དང་བརྩོན་འགྲུས་དྲན་པ ་དང་ཤོས་བཞིན་ཏིང་འཛིན་མཆོག་ལ་གནས་པར་བྱ།། དང་པོར་སྔགས་པས་སྲོག་གཅོད་རྐུ་བ་དང་།། འཁྲིག་དང་རྫུན་སྨྲ་ཆང་འཐུང་ལ་སོགས་པའི།། ཚུལ་ཁྲིམས་སྔགས་ཀྱི་རྩ་བར་སངས་རྒྱས་གསུངས།། དེ་བས་སྲོག་བཞིན ་བསླབ་པ་བསྲུང་བར་བྱ།། ཞེས་སོ།། ཡུལ་གངས་རིའི་རྩེ་ན་གནས་པའི་སློབ་དཔོན་ཛྙཱ་ན་ས་ཏྭས་མཛད་པའི་གསང་ཆེན་སྒྲོན་མའི་དམ་ཚིག་ལས།། ཉན་ཐོས་ཚུལ་ཁྲིམས་ཐེག་ཆེན་སྡོམ་པ་དང་།། ས་བདག་ཁྲིམས་ལས་འདའ་བར་མི ་བྱའོ།། ཞེའོ། རྡོ་རྗེ་རྩེ་མའི་རྒྱུད་ལས། བྱང་ཆུབ་སེམས་འཛིན་གྱུར་ནས་ནི།། ལྷ་གཞན་དག་ལ་མི་མོས་དང་།། དཀོན་མཆོག་གསུམ་ལ་དད་པ་དང་།། དེ་ལ་གཞོལ་ཞིང་འབབ་པ་ཡིས།། གསོད་དང་རྐུ་དང་འཁྲིག་པ་དང་།། ་བརྫུན་དང་ཆང་ནི་རྣམ་པར་སྤང་།། ཁྱིམ་པའི་ཚུལ་དུ་གནས་ནས་ནི།། རིག་སྔགས་རྒྱལ་པོ་བསྒྲུབ་པར་བྱ།། ། གལ་ཏེ་དེ་ནི་རབ་བྱུང་ན།། སྡོམ་པ་གསུམ་ལ་གནས་པར་བྱ།། སོ་སོ་ཐར་དང་བྱང་ཆུབ་སེམས།། རིག ་འཛིན་སྔགས་ཀྱི་སྡོམ་པའོ།། ཞེས་འབྱུང་བས་སྡོམ་པ་དང་དམ་ཚིག་མཐའ་དག་ལ་གནས་པར་བྱའོ།། དེ་ལྟ་བས་ན་རྣལ་འབྱོར་པས་ཐོག་མར་རིག་སྔགས་པ་རུང་བའི་དམ་ཚིག་ལ་གནས་པར་བྱའོ།། ཇི་ལྟར་དུས་གསུམ་མགོན་པོ་རྣམས ་བྱང་ཆུབ་ཏུ་ནི་ངེས་མཛད་པའི།། བྱང་ཆུབ་སེམས་ནི་བླ་མེད་པ།། དམ་པ་བདག་གིས་བསྐྱེད་པར་བགྱི།། ཚུལ་ཁྲིམས་ཀྱི་ནི་སྡོམ་པ་དང་།། དགེ་བའི་ཆོས་ནི་སྡུད་པ་དང་།། སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ།། དེ་བཞིན་བརྟན་པོར་བཟུང་བར་བགྱི།། སངས ་རྒྱས་ཆོས་དང་དགེ་འདུན་ཏེ།། བླ་ན་མེད་པའི་དཀོན་མཆོག་གསུམ།། སངས་རྒྱས་རྣལ་འབྱོར་ལས་སྐྱེས་པའི།། སྡོམ་པ་དེང་ནས་གཟུང་བར་བགྱི།། རྡོ་རྗེ་རིགས་མཆོག་ཆེན་པོ་ཡིས།། སློབ་དཔོན་ཉིད་ཀྱང་གཟུ་བར་བགྱི།། རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་།། ་ཡང་དག་ཉིད་དུ་གཟུང་བར་བགྱི།། རིན་ཆེན་རིགས་མཆོག་ཆེན་པོ་ལས།། དམ་ཚིག་ཡིད་དུ་འོང་པོ་ལ།། ཉིན་རེ་བཞིན་དུ་ལན་དྲུག་ཏུ།། སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན།། བྱང་ཆུབ་ཆེན་པོ་ལས་བྱུང་བའི།། པདྨའི་རིགས་མཆོག་དག་པ་ལས།། ཕྱི་ནང ་གསང་བའི་ཐེག་པ་གསུམ།། དམ་པའི་ཆོས་ཀྱང་གཟུང་བར་བགྱི།། ལས་ཀྱི་རིགས་མཆོག་ཆེན་པོ་ལས།། སྡོམ་པ་ཐམས་ཅད་ལྡན་པར་ནི།། ཡང་དག་ཉིད་དུ་གཟུང་པོར་བགྱི།། མཆོད་པའི་ལས་ཀྱང་ཅི་ནུས་བགྱི།། བླ་ན་མེད་པའི་བྱང་ཆུབ་སེམས།། ་དམ་པ་བདག་གིས་བསྐྱེད་པར་བགྱི།། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར།། བདག་གིས་སྡོམ་པ་མ་ལུས་གཟུང་།། མ་བསྒྲལ་པ་རྣམས་བདག་གིས་བསྐུལ།། མ་གྲོལ་བ་ནི་བདག་གིས་དགྲོལ།། དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང་།། མྱ་ངན་འདས་ལ་སེམས ་ཅན་དགོད།། དུས་འདི་ནས་ནི་བཟུང་ནས་ནི།། ཇི་སྲིད་བྱང་ཆུབ་སྙིང་པོའི་བར།། བདག་ནི་རབ་ཏུ་གནས་པར་བགྱི།། ལུས་དང་ངག་དང་ཡིད་དག་གི། མི་དགེ་བ་ནི་རྣམ་བཅུ་དང་།། བག་མེད་པ་ཡི་གནས་བྱུང་བ།། འབྲུ་ཆང་བཅོས་པའི་ཆང་དག་དང་།། ཐེག་པ་དམན་ལ ་འདོད་པ་དང་།། དེ་བཞིན་ལྷ་དང་ལྷ་མིན་དང་།། གསང་བ་པ་རྣམས་བརྙས་པ་དང་།། ཕྱག་རྒྱ་མཚན་མ་གཞོམ་པ་དང་།། མཚོན་ཆ་ལ་སོགས་འགོམ་པ་རྣམས།། དུས་འདི་ཉིད་ནས་གཟུང་ནས་ནི།། ཇི་སྲིད་བྱང་ཆུབ་སྙིང་པོའི་བར།། བདག་ནི་རབ་ཏུ་ལྡོག་པར ་བགྱིའོ།། ཞེའོ།། གལ་ཏེ་རིག་སྔགས་གཟུང་བ་ཉིད་དུ་ངེས་པས་ནི། སྡོམ་པ་དང་དམ་ཚིག་ཚུལ་བཞིན་དུ་མ་བསྲུངས་ན། འཕགས་པ་རྣམས་བསླུས་པ། བདག་ཉིད་ལ་འཁུ་བར་བྱེད་པ། དངོས་གྲུབ་ཆེན་པོ་ལ་རྒྱབ་ཀྱིས་ཕྱོགས་པ། དེ་ནི་གཡོན་ཅན་ཤིང ་རུལ་པ་ལྟ་བུ་ཡིན་ནོ།། དམ་ཚིག་ལ་མི་གནས་པར་གསང་སྔགས་ཚིག་ཙམ་གྱིས། བདག་དང་གཞན་གྱི་དོན་དུ་ལས་སྣ་ཚོགས་བྱེད་པའོ།། དཔེར་ན་མཛེ་ཅན་ནང་ན་འབུས་རྙིངས་པ་ལ་ཕྱི་རོལ་གྱི་གོས་དང་རྒྱན་གྱིས་བཀབ་པ་ལྟ་བུ་ཡིན་ནོ།། དེས་ནི་བདག ་གི་དོན་ཡང་བྱ་བར་མི་ནུས་ན་གཞན་གྱི་དོན་ལྟ་ཅི་སྨོས། དེ་ནི་ལྷ་དང་བཅས་པའི་འཇིག་རྟེན་གྱིས་སྨོད་ཅིང་བཤུད་པ་ཡིན་ནོ།། གསང་སྔགས་ཀྱི་དངོས་གྲུབ་སྒྲུབ་པ་དང་གཞན་གྱིས་དོན་དུ་དཀྱིལ་འཁོར་ལ་སོགས་པའི་ལས་བྱེད་པ་ནི། དུས་ཡུན་རིང་པོར ་བདག་གི་སེམས་ཀྱི་རྒྱུད་སྦྱངས་པ་དང་། སྡོམ་པ་དང་དམ་ཚིག་ལ་སྔགས་སྤྱོད་པའི་ཡོན་ཏན་དང་ལྡན་པས། དབེན་པར་ཚུལ་བཞིན་དུ་ལས་བྱས་ན་དངོས་གྲུབ་ཏུ་ཡང་འགྱུར་ལ་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཡང་འགྲུབ་བོ།། དམ་ཚིག ་སྤངས་ཏེ་གཟུ་ལུམ་སུ་གསང་སྔགས་དགོངས་པས་བཤད་པའི་དོན། སྒྲ་ཇི་བཞིན་དུ་བཟུང་ནས་སྣོད་མིན་པའི་སློབ་མ་དང་། གྲོང་ལ་སོགས་པར་ལོག་པར་སྤྱད་ན་ནི། དེ་བཞིན་གཤེགས་པའི་བཀའ་རྒྱུད་ཁྱད་དུ་བསད་པས་སློབ་དཔོན་འཕགས་པ་ཀླུ་སྒྲུབ་དང་། ཨིནྡྲ ་བོ་དྷི་ལ་སོགས་པའི་ཞལ་སྔ་ནས་ཀྱི་ཚིག་གི་བདུད་རྩི་སྤངས་པ་ཡིན་པས་བདག་ལེགས་སུ་འདོད་པའི་མཁས་པ་རྣམས་ཀྱི་ཟས་དུག་དང་བཅས་པ་བཞིན་དུ་སྤང་བར་བྱའོ།། དེ་བས་ན་དངོས་གྲུབ་ཀྱི་སྣོད་དུ་རུང་བའི་སྒྲུབ་པ་པོས། དང་པོར་དམ་ཚིག་མནོས་པ་ཉིད་ནས ་ཟུང་ནས་བྱང་ཆུབ་ཀྱི་སྙིང་པོའི་བར་དུ་མི་ཉམས་པར་བྱའོ།། ཕྱིར་མི་ལྡོག་པའི་དབང་ཐོབ་པས་ནི་དམ་ཚིག་གཉིས་བསྲུང་སྟེ། བཟའ་བའི་དམ་ཚིག་དང་། བསྲུང་བའི་དམ་ཚིག་གོ།། དེ་ལ་བཟའ་བའི་དམ་ཚིག་ནི། ག་བུར་མཚལ་དང་བི་པི་ལིང་།། ཙན་དན ་དམར་དང་གུར་གུམ་སོགས།། མན་ངག་བཞིན་དུ་སྒྲུབ་པ་པོས།། རྟག་ཏུ་བསྟེན་ཅིང་བཟའ་བར་བགྱི།། བསྲུང་བ་དག་གི་དམ་ཚིག་ནི།། རང་ལུས་ཕྱག་རྒྱ་ཉིད་བསྒོམས་ལ།། མ་ལུས་འགྲོ་བའི་ཚོགས་བསམ་བྱ།། རྡོ་རྗེ་སློབ་དཔོན་རྡོ་རྗེ་རྣམས།། རྡོ་རྗེ ་དེ་ནི་སྤྱན་རྣམས་ལ།། གཙོ་དང་སེམས་དཔའ་བསྐྱེད་པར་བྱ།། འདི་ནི་སྐུ་ཡི་དམ་ཚིག་སྟེ།། ཚུལ་ཁྲིམས་བསྲུང་ལ་བརྩོན་པར་བྱ།། སྲེད་འབྱུང་དག་གི་སྐྱོན་སྤངས་ཏེ།། རིགས་སྔགས་ལྷ་ཡི་སྙིང་པོ་དང་།། རྡོ་རྗེ་ཕྲ་སོགས་རྩེ་གཅིག་པས།། རྒྱུན་མི་འཆདང ་པར་བཟླས་པར་བྱ།། དེ་ནི་གསུང་གི་དམ་ཚིག་དེ།། རྟག་ཏུ་འདི་ལས་འདའ་མི་བྱ།། རྒྱུན་དུ་ཏིང་འཛིན་གཉིས་པོ་དང་།། སྤྱོད་བཞིན་དྲན་པས་ཟིན་པར་བྱ།། ཐུན་མོང་མ་ཡིན་གསང་ཆེན་དང་།། མན་ངག་གཞན་དུ་མི་སྤེལ་ལོ།། ལྷ་དང་སྤྱོད་དང་ལྷ་དག་དང་།། ་སློབ་དཔོན་མཆོག་གཉིས་གསང་བ་སྟེ།། འདི་དག་གསང་ཆེན་གཞན་དུ་མིན།། འདི་དག་ཐུགས་ཀྱི་དམ་ཚིག་གོ།། སྐུ་གསུང་ཐུགས་ཀྱི་གསང་བ་འདི།། སྲོག་གི་ཕྱིར་ཡང་མི་གཏོང་ངོ་།། རྒྱལ་བས་དགོངས་ཏེ་གསུངས་པ་ཡི།། དམ་ཚིག་བཞི་ལ ་གནས་པར་བྱ།། ཇི་བཞིན་དོན་ལྡན་བཅུ་བཞི་ནི།། ཕས་ཕམ་པར་ནི་རབ་ཏུ་བསྒྲགས།། སྤང་ཞིང་འདོར་བར་མི་བྱ་སྟེ།། རྩ་བའི་ལྟུང་བར་ཤེས་པར་བྱ།། སློབ་དཔོན་ལ་ནི་བརྙས་པ་དང་།། བདེར་གཤེགས་བཀའ་ལས་འདས་པ་དང་།། སྣང་བས་སྤུན ་གྱི་བསྔགས་མིན་སྨྲ།། བྱམས་པ་ཆེན་པོ་རྣམ་སྤོང་དང་།། བྱང་ཆུབ་སེམས་ནི་འདོར་བ་དང་།། ཐེག་པ་གསུམ་ལ་སྨོད་པ་དང་།། སྐལ་མིན་གསང་བ་སྒྲོགས་པ་དང་།། རྒྱལ་བའི་བདག་ཉིད་ཕུང་པོ་སྨོད།། དམ་པའི་ཆོས་ལ་ཡིད་གཉིས་ཟ།། གདུས ་ལ་བྱ་མེས་དང་ཆགས་བྲལ་དང་།། ཆོས་ལ་གཉིས་སུ་འབྱེད་པ་དང་།། དད་པའི་སེམས་ལ་རབ་ཏུ་སྨོད།། དམ་ཚིག་བསྟེན་པ་ཇི་སྙེད་པ།། བརྟགས་པའི་རིག་མ་སྨོད་པ་སྟེ།། རྩ་བའི་ལྟུང་བར་འགྱུར་བ་དེས།། སྔགས་པའི་དམ་ཚིག་ཟད་པར་འགྱུར། ་ཉིན་དང་མཚན་མོ་ལན་གསུམ་དུ།། ཉིན་རེ་བཞིན་ནི་བཟླ་བར་བྱ།། གལ་ཏེ་ཉམས་གྱུར་རྣལ་འབྱོར་པ།། ཁ་ན་མ་ཐོ་སྦོམ་པོར་འགྱུར།། དམ་ཚིག་དང་ནི་མི་ལྡན་པའི།། རིག་མ་བསྟེན་པར་དགའ་བ་དང་།། ཚོགས་ཀྱི་འཁོར་ལོར་རྩོད་པ་དང་།། ་གསང་བའི་ཆོས་ནི་སྟོན་པ་དང་།། སེམས་ཅན་དད་དང་ལྡན་པ་ལ།། དམ་ཆོས་གཞན་དུ་སྟོན་པ་དང་།། ཉན་ཐོས་དག་ཏུ་རློམ་བྱེད་པའི།། ནང་དུ་ཞག་བདུན་འཇུག་པ་དང་།། སྦྱོར་བ་ངེས་པར་མ་བྱས་པའི།། སྣོད་མིན་གསང་བ་སྟོན ་པ་རྣམས།། ཁ་ན་མ་ཐོབཅས་འགྱུར་ཏེ།། སྔགས་པ་དེ་ཡི་དམ་ཚིག་ཟང་།། ཟད་པས་འགྲུབ་པར་མི་འགྱུར་ཞིང་།། བདུད་དང་སྡུག་བསྔལ་རབ་ཏུ་འཕེལ་ཞེའོ།། ཕྱིར་མི་ལྡོག་པའི་དབང་ཐོབ་པས་ཀྱང་དམ་ཚིག་རྣམས། དང་པོ་ཐིབ་པ་ཉིད་ནས་བྱང ་ཆུབ་ཆེན་པོའི་བར་དུ་ཡང་དག་པར་གཟུང་ངོ་།། གལ་ཏེ་ཉམས་པར་བྱས་ན་དོན་དམ་པར་བསྲུང་དུ་མེད་པ་དང་། དགོངས་པའི་དོན་གྱི་ཚིག་གི་གཟུགས་བརྙན་ལ་བརྟེན་ནས། དམ་ཚིག་མི་སྲུང་བར་གཟུ་ལུམས་སུ་དཀྱིལ་འཁོར་ལ་སོགས་པ ་བྱེད་པ་ནི་འཕགས་པ་དང་འགྲོ་བ་ཀུན་བསླུས་པ་སྟེ། ཡོན་ཏན་དེ་གསང་སྔགས་སིདྡྷོ་འོ་མ་ལྟ་བུ་སྤྱི་བོ་སྣོད་དང་མི་ལྡན་པའི་མི་ལ་བསྟན་པ་དང་། དཀྱིལ་འཁོར་ལ་སོགས་པའི་ལས་བྱས་པས་སེམས་ཅན་དམྱལ་བ་ལ་སོགས་པའི་འགྲོ་བའི ་སྐྱེ་བ་དང་། བདག་དང་གཞན་རླག་པར་བྱེད་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་རྒྱབ་ཀྱིས་ཕྱོགས་པ། དེ་ནམ་དུ་ཡང་དངོས་གྲུབ་ཀྱི་སྣོད་དུ་མི་འགྱུར་བ་ཡིན་ནོ།། དེ་ལྟ་བས་ན་དམ་ཚིག་རྣམས་ལུས་དང་སྲོག་ལ་ལྟོས་པ་མེད་པར ་བསྲུང་བར་བྱའོ།། དམ་ཚིག་ཉམས་པ་གསོ་བ་ནི་གནང་སྟེ། ཐུན་མཚམས་སྦྱོར་བ་ལས་གྱུར་ན།། བདེ་གཤེགས་ལས་རིགས་བསམ་གཏན་གྱིམི།། དེ་ཡི་ཉེས་པ་བསལ་བར་བྱ།། གསེར་སྦྱངས་དྲི་མེད་ལྟ་བུར་འགྱུར།། སྦྱོར་བའི་ཡན་ལག ་སྦོསྒོམ་ཉམས་ན།། མཆོད་པ་ལ་སོགས་ཚུལ་བཞིན་བྱ།། འཕགས་ལ་བཟོད་གསོལ་དམ་བཅས་ན།། ཕྱིན་ཆད་བསྡམས་ཏེ་གུས་པར་བླང་།། རྩ་བའི་དམ་ཚིག་ཉམས་གྱུར་ན།། རྡོ་རྗེ་སློབ་དཔོན་བདག་ཉིད་ལས།། དང་པོར་རིགས་བདག་དཀྱིལ་འཁོར་དུ།། ་ཚུལ་བཞིན་ཡང་དག་བླང་བར་བྱས་དེ་ལྟར་མ་བཤགས་པར་བླངས་པས་ཉམས་པ་ཁྱད་དུ་གསོད་ཅིང་དེའི་ཉེས་པ་འཕེལ་བ་དང་བཅས་པར་གྱུར་ན་སྐྱོན་ཆེ་སྟེ། གསང་བ་འདུས་པ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ལས། སངས་རྒྱས་རྡོ་རྗེ་སེམས ་དགའ་དང་།། དེ་བཞིན་ཆོས་ཀྱི་སེམས་དཔའ་དང་།། རྨོངས་པ་འགལ་བར་བྱས་ན་ནི།། ཚལ་བར་འགས་པར་གདོན་མི་ཟ་ཞེའོ།། དེ་ལྟ་བས་ན་སངས་རྒྱས་དབུ་འགས་ན་མི་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཏེ། དམ་ཚིག་ཉམས་པས་ནི་བདག་ཉིད་དང་། གཞན ་ཕྱོགས་སུ་ཡང་ཉེས་པ་སྣ་ཚོགས་སུ་འབྱུང་ལ། ཕྱི་མར་ཡང་བསྐལ་པ་གསུམ་ལ་སོགས་པར་ངན་འགྲོར་འགྲོའོ།། དཔལ་འཁོར་ལོ་སྡོམ་པ་ཞེས་བྱ་བ་ཤེས་རབ་ཀྱི་རྒྱུད་ཆེན་པོ་ལས། དམ་ཚིག་མེད་ཅིང་དུན་སྤྱོད་པ།། བསླུས་འགྱུར་ངན་པའི་མཚན་ཉིད་དེ། ་མཁའ་འགྲོ་མ་ཡིས་ཟོས་ནས་ཀྱང་།། དེ་ལས་ད་ནི་སྐྱོབ་མི་བྱེད།། གསང་བ་པའི་ནང་ནས་ནི།། སྒྲུབ་པ་པོ་དེ་ཕྱུགས་དང་འདྲ་ཞེའོ།། བླ་མ་ལྔ་བཅུ་པ་ལས་ཀྱང་།། སློབ་ད་པོན་ལ་ནི་སྨོད་པ་དེ།། ཡམས་དང་འཚེ་བོའི་ནང་རྣམས་དང་།། གདོན་དང་རིམས་དང ་དྲུག་རྣམས་ཀྱིས།། རྨོངས་ཆེན་དེ་ནི་འཆི་བར་འགྱུརརོ།། རྒྱལ་པོ་མེ་དང་སྦྲུལ་གདུག་དང་།། ཆུ་དང་མཁའ་འགྲོ་རྐུན་པོ་དང་།། གདོན་དང་ལོག་འདྲེན་རྣམས་ཀྱིས་ཀྱང་།། བསད་ནས་སེམས་ཅན་དམྱལ་བར་འགྲོ། ནམ་ཡང་སློབ་དཔོན་དག་གི་ནི།། ་ཀུན་ཏུ་སེམས་དཀྲུགས་མི་བྱ་སྟེ།། གལ་ཏེ་རྨོངས་པས་བྱེད་འགྱུར་ན།། དམྱལ་བར་ངེས་པར་འཚེད་པར་ངེས།། མནར་མེད་ལ་སོགས་འཇིགས་རུང་བའི།། དམྱལ་བ་བསྟན་པ་གང་ཡིན་པ།། སློབ་དཔོན་ལ་ནི་སྨོད་པ་དག། དེར་ནི་གནས་པར་ཡང ་དག་བཤད།། ཟླ་གསང་ཐིག་ལེའི་རྒྱུད་ལས་ཀྱང་།། དམ་ཚིག་སྡོམ་པ་ཉམས་པ་ལས།། སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས།། བྱིན་གྱིས་བརླབས་པར་མི་མཛད་དེ།། སྤོས་དང་མེ་ཏོག་ལ་སོགས་པ།། ཕུལ་ཡང་བཞེས་པར་མི་འགྱུར་ཏེ།། ་ནངད་དང་དུག་དང་དགྲ་རྣམས་ཀྱིས།། བསད་ནས་སེམས་ཅན་དམྱལ་བར་འགྲོ་ཞེའོ།། སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ་མཁའ་འགྲོ་མ་སྒྱུ་མ་བདེ་མཆོག་ལས་ཀྱང་།། དམ་ཚིག་འདི་ལས་འདས་གྱུར་ན།། ཇི་སྙེད་སངས་རྒྱས་ཐམས་ཅད ་དངདང་དུ་བྱང་ཆུབ་སེམས་དཔའ་རྡོ་རྗེ་འཛིན།། ལྷ་རྣམས་དང་ནི་མི་ངག་དང་།། སྒྲུབ་པ་པོ་དང་རྣལ་འབྱོར་བཅས།། དེ་དག་ལས་ནི་སྙིང་རིང་ནས།། སྙིང་ནས་ཁྲག་ཆེན་དྲངས་ནས་འཐུང་ཞེའོ།། ཡང་དེ་ཉིད་ལས། དཀྱིལ་འཁོར་དུ་ནི་མ་ཞུགས་དང་། ་དམ་ཚིག་རྣམ་པར་སྤངས་པ་དང་།། གསང་བ་ཡང་དག་མི་ཤེས་པས།། བསྐྱོད་ཀྱང་ཅི་ཡང་མི་འགྲུབ་པོ་ཞེའོ།། ཕྱག་ན་རྡོ་རྗེ་དབང་བསྐུར་བ་ཞེས་བྱ་བ་སྤྱོད་པའི་རྒྱུད་ལས། དམ་ཚིག་འདི་ལས་སུ་འདའ་དང་།། སྡང་སེམས་ལྡན་པ་དེ་དག་ནི།། མགོ ་ནི་དཔལ་ལྡན་རྡོ་རྗེ་འཆང་།། རྡོ་རྗེ་རྣམས་ཀྱིས་རྟག་ཏུ་འགེམས་ཞེའོ།། ཡང་མཚོམས་མེད་ལྔ་བྱས་པའི་སྡིག་པ་ནེ་བུའི། གསེང་སྔགས་ལོག་པོར་སྤྱོད་པ་ནི་དེ་ལྟ་མ་ཡིན་ནོ།། གཞན་ལས་ནི། དམ་ཚིག་འདི་ལས་སུ་འདའ་ལེ།། བསྐལ་པ་གྲངས ་མེད་གསུམ་དུ་ནི།། མནར་མེད་ཤིན་ཏུ་མི་བཟང་སོགས།། བཅུ་དྲུག་དམྱལ་བར་སྐྱེ་བར་འགྱུར་ཞེའོ།། ཡེ་ཤེས་གྲུབ་པ་ལས་བབས་ནི། དམ་ཚིག་ཉམས་ལ་སྡུག་བསྔལ་ཞིང་།། ལུས་དང་དེ་བཞིན་ཡིད་དང་ནི།། དེའི་ཡོན་ཏན་ཉམས་འགྱུར་ཞིང་།། མྱུར་བ་ཉིད་དུ་འཆི་བར ་འགྱུར། ཤི་ནས་དམྱལ་བའི་སྡུག་བསྔལ་ནི།། བསྐལ་པ་བྱེ་བ་བརྒྱ་ཕྲག་ཏཱ།། མྱོང་ནས་གནས་ལས་འཕོ་འགྱུར་བས།། གདོལ་པ་འམ་དམན་པའི་རིགས་སུ་སྐྱེ།། ལྐུགས་པར་སྐྱེ་འམ་ཡང་ན་འོན་པར་སྐྱེ་ཞེའོ།། དེ་ཁོ་ན་ཉིད་བསྡུས་པའི་རྒྱུ་ལས།། འདི་ནི་ཁྱོད་ཀྱི་དམྱལ ་བའི་ཆུང་དམ་ཚིག་ཉམས་ན་སྲེག་པར་བྱེད་ཅེའོ།། དཔལ་མཆོག་དང་པོའི་རྒྱུད་ལས་ཀྱང་།། དྲག་པོའི་དམ་ཚིག་མདུང་རྩེ་དངམ་མོ་རྣམས་ཀྱིས་རྒྱས་འདེབས་པས།། གལ་ཏེ་འོངས་ན་ཁྱོད་ཀྱི་སྙིང་།། རྟོག་ཏུ་འཇིགས་པར་བྱེད་པར་འགྱུར་ཞེའོ།། གལ་ཏེ་དམ་ཚིག ་འདི་ལས་འདས་གྱུར་ན།། ཕ་གསོད་འགྲོ་བ་ཡིན་པ་དང་།། མ་གསོད་པ་ཡི་འགྲོ་བ་གང་།། འགྲོ་བ་དེར་ནི་འགྲོ་བར་འགྱུར།། ཞེས་བྱ་བ་ལ་སོགས་པ་གསུངས་པས། དམ་ཚིག་ཉམས་ན་སྐྱོན་ཆེ་བས་ན་ལུས་དང་སྲོག་གི་ཕྱིར་ཡང་མི་བཏང་བར་བསྲུང་བར་བྱའོ།། ་སྡོམ་པ་དང་དམ་ཚིག་ཚུལ་བཞིན་དུ་བསྲུང་བ་ཡང་དོན་ཆེ་སྟེ།། དཔལ་འཁོར་ལོ་སྡོམ་པ་ཞེས་བྱ་བའི་རྒྱུད་ལས་ཀྱང་།། འགྲོ་བའི་དོན་དང་དེ་དོན་དུ།། དམ་ཚིག་སྡོམ་པ་བསྲུང་བྱས་ནས།། བསོད་ནམས་གཙང་སྦྲ་ལས་བྱུང་ས། བསྒྲུབ་པའི་ཡོན་ཏན་རྒྱ་ཆེན་པོ།། ་སྟོང་ཕྲག་བརྒྱ་ཡི་ཁ་མིན་པར།། ཁ་ཅིག་གིས་ཀྱང་བརྗོད་པར་མི་ནུས་ཤེའོ།། གནན་ལས་ནི།། དམ་ཚིག་སྡོམ་པ་འདི་རྣམས་ཀུན།། ཚུལ་བཞིན་བསྲུང་དང་སྒྲུབ་པ་ཡིས།། རྒྱལ་བ་ཐམས་ཅད་མཉེས་གྱུར་ནས།། དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར་ཞེའོ།། ་དམ་ཚིག་རྣམས་ནི་རྡོ་རྗེ་སྟེ།། སངས་རྒྱས་ཀུན་གྱི་བདག་ཉིད་ཡིན་ཞེའོ།། ཕྱག་ན་རྡོ་རྗེ་དབང་བསྐུར་བ་ཞེས་བྱ་བ་སྤྱོད་པའི་རྒྱུད་ལས་ཀྱང་།། རྫོགས་པའི་སངས་རྒྱས་བཅས་པ་ཡིས།། བརྟུལ་ཞུགས་དང་ནི་ཚུལ་ཁྲིམས་དང་།། སྤྱོད་པ ་བཟླས་པའི་གཞི་རྣམས་ལ།། གལ་ཏེ་གནས་ན་དེ་ཡི་ཚེ།། སྔགས་པས་འདི་ལྟར་སྔགས་བསྒྲུབ་པ་ཞེའོ།། སློབ་དཔོན་རྡོ་རྗེ་གཞད་པའི་སྒྲུབ་ཐབས་ལས།། སྔགས་པས་རྣམ་པ་འདི་དག་གིས།། དམ་ཚིག་སྡོམ་པ་བསྲུང་བྱས་ན།། ཚེ་འདི་ཉིད་ལ་དངོས་གྲུབ་ཀྱིས ་རྡོརྗེ་གསུང་ཉིད་ཐོབ་པར་འགྱུར་ཞེའོ།། གསང་བ་འདུས་པ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ལས་ཀྱང་། གངྒཱའི་བྱེ་མ་སྙེད་ཀྱི་བསྐལ་པར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འབད་ཅིང་བཙལ་ཡང་བྱང་ཆུབ་སེམས་དཔར་མི་འགྱུར་ཏེ། གསང་བ་འདུས་པ ་ལ་དགའ་ཞིང་དེའི་དམ་ཚིག་ལ་གནས་ཤིང་བསྒྲུབས་ན་ཚེ་འདི་ཉིད་ལ་མངོན་པར་འཚང་རྒྱའོ།། རྣམ་པར་སྣང་མཛད་སྒྱུ་འཕྲུལ་དྲ་བ་ཞེས་བྱ་བའི་རྣལ་འབྱོར་ཆེན་པོའི་རྒྱུད་ལས།། དབང་པོ་གཉིས་ནི་ཉམ་སྦྱོར་ཏེ།། ལུས་དང་ངག་དང་སེམས་བསྡུས་ནས།། ་ང་ཡི་སྙམ་པའི་གཟི་བསྐྱེད་གཟུགས།། རྣམ་པ་ཀུན་གྱིས་རྣམ་བརྒྱན་ན།། རྣལ་འབྱོར་ལྡན་པོ་ཆེ་དེ་ལ།། ཡེ་ཤེས་རྫོགས་པ་ཉིད་དུ་འགྱུར་ཞེའོ།། གཞུང་གཞན་ལས་ཐབས་ཀྱི་དམ་ཚིག་ཐམས་ཅད་ལ་སྤྱོད་ཅིང་མི་ཉམས་པར་བསྲུངས་ལ། ཤེས་རབ ་ཀྱིས་བསྲུང་དུ་མེད་པར་ཤེས་པ་ནི་རྣལ་འབྱོར་པ་མཆོག་ཅེས་བྱའོ།། གསང་བ་འདུས་པ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ལས། རྣམ་པར་མི་རྟོག་ལས་བྱུང་བའི།། འདོད་ཆགས་ཞེ་སྡང་གཏི་མུག་རིག་སོ།། ཐེག་པ་མཆོག་འདི་བླ་མེད་པ།། མཆོག་ཏུ་བླང ་གྱུར་སྒྲུབ་པར་བྱེད།། རིགས་ད་རྨེ་ཤ་ཅན་ལ་སོགས།། གསོད་པདོན་དུ་གཉེར་བ་རྣམས།། ཐེག་པ་བླ་ན་མེད་པ་ཡི།། ཐེག་མཆོག་འདི་ལ་འགྲུབ་པར་འགྱུར།། མཚམས་མེད་པ་ལ་སོགས་པ་ཡིས།། སེམས་ཅན་དག་གིས་བསྒྲུབས་ན་འགྲུབ།། སྲོག་གཅོད་པའི་སེམས ་ཅན་རྣམས།། བརྫུན་དུ་སྨྲ་བར་དད་པ་དང་།། གཞན་གྱི་ནོར་ལ་ཆགས་པ་དང་།། རྟག་ཏུ་འདོད་ལ་སྤྱོད་པ་དག། དེ་དག་བསྒྲུབ་པའི་སྣོད་དུ་འགྱུར་ཞེའོ།། ཡེ་ཤེས་གྲུབ་པ་ལས། དེ་ལྟར་གནས་པའི་རྣལ་འབྱོར་པ།། ཡར་ངོའི་ཟླ་བ་ཇི་བཞིན་དུ།། རིམས་ཀྱིས་ཡང ་དག་འཕེལ་འགྱུར་གྱིས།། ནམ་ཡང་འགྲིབ་པར་མི་འགྱུར་རོ།། བརྩོན་འགྲུས་དམན་པ་ལ་ལ་ཞིག། སངས་རྒྱས་ཐོབ་པར་མ་གྱུར་ཀྱང་།། འཁོར་ལོས་སྒྱུར་རྒྱལ་བདེ་བ་ནི།། སྐྱེ་བ་ཀུན་ཏུ་ཐོབ་པར་འགྱུར།། སངས་རྒྱས་ཀུན་གྱི་བསོད་ནམས་ནི།། ཕྱོགས་སུ ་དུས་གསུམ་ཡོད་པ་རྣམས།། དེ་ཡི་བ་སྤུའི་ཁུང་བུ་ཞེས།། རྒྱལ་བ་མཆོག་གི་རབ་ཏུ་གསུངས།། ཞེའོ།། ལེའུ་བརྒྱད་པ་ལས། སེམས་ཅན་ཀུན་གྱི་གཉིད་གཅིག་པས།། རྣམ་པ་སླུ་བ་མེད་པའི་སེམས།། དེ་བས་བརྟན་པ་བསྐྱེད་པར་བྱ།། འདི་བྱས་པ་ཡིས ་རྫོགས་སངས་རྒྱས།། དགྱེས་པའི་བདག་ཉིད་ཅན་ཀུན་མཉེས།། བདུད་དང་བགེགས་ལ་སོགས་པ་ཡང་།། གླགས་སྐབས་ཚོལ་བར་མི་བྱེད་ཅིང་།། ཕྱུག་ན་རྡོ་རྗེ་ལ་སོགས་པ།། དགྱེས་པས་རྟག་ཏུ་བསྲུང་བར་མཛད་ཅེའོ།། གཞན་ལས་ནི།། སྟོང་ཆེན་པོའི ་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ་འཕགས་པ་རྣམས་ལ་ཕུལ་བ་བས། གང་གིས་དམ་ཚིག་ལ་ཡང་དག་པར་གནས་ཏེ་འདུ་འཛི་སྤངས་ཏེ་དགོན་པ་ལ་གནས་ནས། སྐད་ཅིག་ཙམ་ཏིང་ངེ་འཛིན་གཉིས་ཀྱི་མཉམ་པར་གཞག་ན་དེ ་གཉིས་ལས་མཉམ་པར་གཞག་པ་དེ་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་འཐོབ་པར་འགྱུར་བ་དང་། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཚན་གྱིས་བརྒྱན་པ་ནི་གླིང་བཞི་ལ་དབང་བའི་མཐུ་ཡོད་ཅིང་ཆོས་ཀྱི་འཁོར་ལོར་སྒྱུ ་ཏོ་དེ་བཞིན་དུ་རྒྱལ་བའི་སྲས་དམ་ཚིག་དང་སྡོམ་པ་ལ་ཡང་དག་པར་གནས་པའི་མཚན་གྱིས་བརྒྱན་པ་ནི་རིང་པོར་མི་ཐོག་པར་སྐྱེ་བ་བདུན་ལ་སོགས་པས་འཚང་རྒྱ་ཞིང་། སངས་རྒྱས་ཀྱི་མཛད་པ་ཐམས་ཅད་བྱེད་པ་ཡིན་ནོ།། ཡང་ཡིད་བཞིན་གྱི ་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་ནི་སུའི་སྤྱི་གཙུག་ན་ཡོད་པ་ལ་འགྲོ་བ་གང་གིས་ཀྱང་བར་མི་ཆད་དོ།། དེ་བཞིན་དུ་སྔགས་པ་གང་ཞིག་སྡོམ་པ་དང་དམ་ཚིག་གིས་ནོར་བུས་སྒོ་གསུམ་བརྒྱན་པ་ལ་བདུད་ལ་སོགས་པ་གང་གིས་ཀྱང་བར་དུ་མི་ཆོད་དོ།། ཡང ་སྐྱེས་བུ་མིག་དང་རྐང་པར་ལྡན་པ་ནི་གང་འགྲོ་བའི་གནས་སུ་ཕྱིན་ཅིང་དགོས་པ་ཐམས་ཅད་སྒྲུབ་པར་བྱེད་དོ།། མཉམ་པའི་དམ་ཚིག་མིག་དང་འདྲ་བ་དང་སྤྱོད་པའི་དམ་ཚིག་རྐང་པ་དང་འདྲ་བ་ལ་བརྟེན་ཏེ་ཡེ་ཤེས་ཀྱི་ལམ་སྲང་དུ་ཞུགས་པས་ཐམས་ཅད ་མཁྱེན་པའི་ནོར་བུ་བླངས་ཏེ། བདག་དང་གཞན་གྱི་དོན་ལྷུན་གྱིས་འགྲུབ་པར་བྱེད་པར་འགྱུར་རོ།། ཡང་དཔེར་ན་རིའི་རྒྱལ་པོ་གངས་ལ་སྨན་འབྲལ་བར་དཀའོ་བ་ཞེས་བྱ་བ་ཡོད་དེ། དེ་གང་གིས་རྙེད་པ་དེ་ནི་དུག་དང་ནད་ལ་སོགས་པ་རྩ་བ་ནས་འབྱིན་ཅིང་ཚེ ་རིང་བ་ཡང་འགྲུབ་བོ།། དེ་བཞིན་དུ་རྡོ་རྗེ་སློབ་དཔོན་གྱི་ཐུགས་ནོར་བུ་རིན་པོ་ཆེའི་ནོར་བུ་བླངས་ཏེ། ལས་དང་སྐལ་བ་དང་ལྡན་པ་གང་ཞིག་དམ་ཚིག་རྣམས་ཀྱི་སྨན་ཐོབ་པོས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་བག་ཆགས་དང་ཉོན་མོངས་པའི་ནང ་ཐམས་ཅད་ཞི་ཞིང་བྱང་ལ་བླ་ན་མེད་པའི་བྱང་ཆུབ་མ་ཐོབ་ཀྱི་བར་དུ་མི་འཆི་བའི་ཚེ་ཡང་འཐོབ་བོ།། དཔེར་ན་དེད་དཔོན་བསོད་ནམས་ཀྱི་གཟི་བརྗིད་དང་ཐབས་དང་ལྡན་པས་རྒྱ་མཚོ་ཆེན་པོར་ཞུགས་ཏེ། རིན་པོ་ཆེའི་གླིང་དུ་ཕྱིན་ཏེ་ནོར་བུ་རིན་པོ་ཆེ་བླངས་ནས་བདག ་དང་གཞན་ལ་ཕན་འདོགས་སོ།། དེ་བཞིན་དུ་དགེ་བའི་བཤེས་གཉེན་འགྲོ་བ་འཁོར་བ་ལས་འདོན་པའི་དེད་དཔོན་ལ་བརྟེན་ཏེ། ཚུལ་ཁྲིམས་དང་དམ་ཚིག་ཏུ་སྦྱར་ནས་ཐབས་ལ་མཁས་པ་དང་། བརྩོན་འགྲུས་ཀྱི་སྐྱབ་བསྐྱོད་ནས། འཁོར་བའི་རྒྱ་མཚོ ་ལས་བསྒྲལ་ཏེ། དངོས་གྲུབ་རྣམ་པ་གསུམ་གྱི་ནོར་བུ་བླངས་ཏེ། བདག་དང་གཞན་ལ་ཕན་འདོགས་སོ།། དེ་ལྟ་བས་རྣལ་འབྱོར་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བསྒྲུབ་པར་འདོད་པ་དག་གིས་དམ་ཚིག་དང་སྡོམ་པ་མཐའ་དག་ཚུལ་བཞིན་བསྲུང་སྟེ། ་ལང་རྒྱུད་དང་སྒྲུབ་ཐབས་དང་མཐུན་པར་དགོངས་པའི་གནསུ། ནམ་ལྷུན་གྱིས་གྲུབ་པའི་བར་དུ། རྡོ་ཤིང་ངམ་རི་དགྲས་ཤི་བའི་རོ་བཞིན་དུ་གནས་ཏེ་བསྒྲུབ་པར་བྱའོ།། བདག་ཉིད་དྲན་གསོ་རྣལ་འབྱོར་པ་ལ་ཕན་གདགས་ཕྱིར།། རྒྱུད་དང་སྒྲུབ་ཐབས ་དག་ལས་དམ་ཚིག་མདོར་བསྡུས་པས།། འཕགས་དང་མཁའ་འགྲོའི་ཚོགས་ལ་གནོད་སྟེ་བཟོད་པར་གསོལ།། དེས་ནི་འཇིག་རྟེན་གསུམ་བཅས་རྡོ་རྗེ་འཛིན་ཐོབ་ཤོག། དབང་པོས་མཚན་མའི་ཡུལ་གྱིས་རྩ་ན་གནས་པའི་སློབ་དཔོན་ཛྙཱ་ན་བོ་དྷིས ་མཛད་པ། ལས་དང་པོ་པའི་དམ་ཚིག་མདོར་བསྡུས་པ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་ཀ་མ་ལ་གུ་བྷ་དང་། ལོ་ཙ་བ་བསོད་ནམས་རྒྱལ་བས་བསྒྱུར་བའོ།། #།། རྒྱ་གར་སྐད་དུ། ཏྲི་སམྦ་ར་པྲ་བྷཱུ་མཱ་ལཱ་ནཱ་མཱ ་