CLOSE WINDOW

GT2548: tshul khrims dang sdom pa dang dam tshig mi 'gal pa zhes bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཤཱི་ལ་སམྦ་ར་ས་མ་ཡཱ་བི་རུདྷཱ་ནཱ་མ། བོད་སྐད་དུ། ཚུལ་ཁྲིམས་དང་སྡོམ་པ་དང་དམ་ཚིག་མི་འགལ་བ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། དཔལ་ཚོགས་ཀུན་མཁྱེན་དམ། ་པའི་དབང་ཕྱུག་སྙིང་རྗེའི་མཆོག་གི་བདུད་རྩིས་བརླན་པའི་བློ་གྲོས་ཅན།། གཞན་དོན་ཡོན་ཏན་དྲི་མེད་བདེན་པའི་རིན་ཆེན་རིན་ཐང་མེད་པ་མང་པོ་འཐོབ་པའི་མཆོག། འགྲོ་བ་ཉོན་མོངས་ཧ་ལ་ཧ་ལའི་དུག་ཟོས་རྣམས་ལ་ཆོས་ཀྱི་བདུད་རྩིའི་ཆར་པ་ཡིས།། ་མྱ་ངན་འདས་པ་དམ་པའི་དོན་བྱེད་པ་ཡི་དཔལ་ལྡན་གང་ཡིན་ཁྱེད་ཀྱིས་རྟག་ཏུ་བསྲུངས།། དགེ་བའི་བཤེས་གཉེན་དང་བྲལ་ཞིང་།། བདེ་གཤེགས་བྱིན་བརླབས་མེད་པ་དང་། མང་དུ་ཐོས་པ་དང་བྲལ་ཞིང་།། ཐོས་པ་ཉུང་ངུས་ཆོ་ག་ཤེས་པ།། མཁས ་པཉིད་དུ་རློམ་བྱེད་རྣམས།། རྒྱུད་དང་སྔགངང་ཕྱུག་རྒྱ་སོགས།། སྤྲིན་ལ་སོགས་དང་སངས་རྒྱུ་སྣ་ཡུམ།། ལུང་ནོད་ཇི་བཞིན་མ་རྟོགས་པས།། དཔལ་ལྡན་སངས་རྒྱས་ཀྱིས་བསྟན་པའོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྡོམ།། དང་པོར་བཟུང་ནས་དེ ་འོག་ཏུ་ས་རབ་ཏུ་བྱུང་ནས་དགེ་སློང་ངམ།། དང་པོར་རབ་ཏུ་བྱུང་བརྟེན་ནས།། སྔགས་དང་ཕ་རོལ་ཕྱིན་ལམ་གནས།། ཕྱི་ནས་དེ་རྣམས་རྨོངས་སོགས་ཀྱི།། འདུལ་བ་ཡི་ནི་བསྟན་བཅོས་ལས།། ཉན་ཐོས་ལ་སོགས་སྡོམ་གནས་པ།། སོ་སོར་ཐར་དང ་ལོ་དྲིར་གནས།། དེར་བསྟན་པ་ཡི་བསླབ་པ་རྣམས།། ཕལ་ཆེར་བསྲུང་བར་མ་ནུས་པས།། བྱང་ཆུབ་སེམས་དཔའི་སྡོམ་པ་དང་།། འགལ་བ་ཉིད་དུ་གནས་བཟུང་ནས།། དེ་ལྟར་དེ་སྤངས་རྣམ་པར་གནས།། དེ་དགེ་མི་ཤེས་བསལ་ཕྱིར་དང་།། བསྟན ་པ་འཁྲུལ་བཟློག་པའི་ཕྱིར།། རིགས་འཛིན་གྱི་ནི་དམ་ཚིག་རྣམས།། བྱང་ཆུབ་སེམས་དཔའི་བསླབ་པ་དང་།། སོ་སོར་ཐར་གསུངས་སྡོམ་པ་ནི།། རྒྱུ་འབྲས་ལྟོས་འབྲེལ་གྲུབ་རྣམས་ལ།། མི་འགལ་འབྲེལ་པ་གསལ་བར་བྱ།། སྒྲུབ ་བ་ལུང་བཞིན་བྱ་བ་ནི།། དཔལ་ལྡན་བླ་མའི་ཞལ་སྣུ་ནས།། ཡང་དག་ཤེས་རབ་ཕ་རོལ་ཕྱིན།། མངོན་པར་རྟོགས་པ་བརྒྱད་རྣམས་དང་།། དམ་ཚིག་དབང་བསྐུར་ཐིབ་པ་ཡིས།། ཤིན་ཏུ་མན་ངག་དང་ལྡན་པས།། དཔལ་ལྡན་འདུས་སོགས་རྒྱུད་ཀྱི་དོན། ་པ་གཉིས་ནི་རྣམ་དབྱེ་བ།། ཐོབ་པ་དེས་བསམ་སྙིང་རྗེ་ཡིས།། བདག་དང་གཞན་གྱི་བྱང་ཆུབ་ཕྱིར།། བྱང་ཆུབ་ཏུ་ནི་སེམས་བསྐྱེད་དེ།། ཀུན་ལས་ཕྱིར་མི་ལྡོག་བརྟན་བྱ།། ཐབས་ཀྱི་རང་བཞིན་བྱ་བ་འམ།། སྒོམ་པ་ཡི་ནི་ལམ་དག་སྟེ།། སྦྱིན་ལ་སོགས ་པའི་བསླབ་པ་ལ།། ཡང་ན་སྔགས་སྤྱོད་རིམ་པ་ལས།། རྟག་ཏུ་དགེ་བའི་བཤེས་གཉེན་ནི།། བསྟེན་པ་ཡོངས་སུ་བཏང་མི་བྱ།། མདོ་སྡེ་ཆོས་མངོན་འདུལ་བ་ཡི།། གཙུག་ལག་གི་ནི་བསྟན་བཅོས་དང་།། གཙུག་ལག་མ་ཡིན་ལོ་དྲྀ་སོགས།། སློབ་དང ་རང་སངས་རྒྱས་རྣམས་དང་།། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི།། སོ་སོར་ཐར་སོགས་སྡོམ་པ་ནི།། དགེ་སློང་བློ་དང་ལྡན་པ་ཡི།། བྱང་ཆུབ་སེམས་དཔའ་ཡང་དག་བསྟེན།། བདག་དང་གཞན་གྱི་བྱང་ཆུབ་དང་།། དཔལ་ལྡན་འཆི་བདག་ལས་རྒྱལ ་བའི།། བསྟན་པ་ཡང་ནི་བསྲུང་ཕྱིར་དང་།། དེ་བཞིན་འཇིག་རྟེན་གསུམ་གནས་པའི།། མི་དང་ལྷ་སོགས་འཇིག་རྟེན་རྣམས།། སེམས་སུན་འབྱིན་པ་གཞོམ་ཕྱིར་རོ།། སྡོམ་པའི་རྣམ་པར་དབྱེ་བ་ནི།། དཔལ་ལྡན་རྒྱལ་བས་གང་གསུངས་པ།། ཕན ་ཚུན་འགལ་བ་དག་ཏུ་ནི།། གང་ཡང་ནམ་དུའང་གནས་མ་ཡིན།། ཆོས་འདུལ་ལས་ནི་བཅོམ་ལྡན་གྱིས།། སོ་སོར་ཐར་པའི་སྡོམ་པ་ནི།། རྣམ་པ་བརྒྱད་གསུངས་འདི་ལྟ་སྟེ།། དགེ་སློང་དང་ནི་དགེ་སློང་མ།། དགེ་སློང་དགེ་ཚུལ་དགེ་ཚུལ་མ།། དེ་བཞི ་དགེ་བསྙེན་དགེ་བསྙེན་མ།། བསྙེན་གནས་ལ་ནི་གནས་པའོ།། དེ་རྣམས་བསླབ་པའང་རྣམ་དབྱེ་བ་དཔལ་ལྡན་ཐུབ་པའི་དབང་ཆེན་པོ།། སྙིང་རྗེ་ལྡན་པས་གསུངས་པ་ནི།། དགེ་བསྙེན་ཕོ་མོ་དག་གི་སྡོམ།། རྣམ་པ་ལྔ་རུ་རབ་བསྟན་ཏེ།། འདི་ལྟར་སྲོག་གཅོད་སྤྱོད ་བ་ནས་ད་མྱོས་འགྱུར་ཆང་མི་འཐུང་བའི་བར།། དགེ་ཚུལ་ཕོ་མོའི་སྡོམ་དག་ནི།། དགོན་པོས་རྣམ་པ་བཅུར་གསུངས་ཏེ།། སྲོག་གཅོད་པ་ལ་སོགས་པ་ནས།། ཇི་སྲིད་གསེར་དངུལ་ལ་སོགས་པ།། ལེན་པ་སྤོང་བའི་བར་དུའོ།། དེ་བཞིན་གཞན་ནི་བར་སློབ ་མའིང་འདུལ་ལས་བཅུ་གཉིས་ཉིད་ཡིན་ཏེ།། ཆོས་དང་རྗེསུ་མཐུན་པ་རྣམས།། ཐར་པའི་ལམ་ནི་དག་ཕྱིར་གསུངས།། ཐུབ་པ་ཐུགས་རྗེ་ཆེན་པོ་ཡིས།། སྤང་བྱ་ཐམས་ཅད་སྤངས་པ་ནི།། དགེ་སློང་དགེ་སློང་མ་རྣམས་ཀྱི།། སྡོམ་པ་ཡིན་པར་གསུངས་པ་ཡིན།། ་ཐུབ་པ་ཐུགས་རྗེ་ཆེན་པོ་ཡིས།། གླུ་དང་གར་སོགས་ཕྲེང་བ་སོགས།། གཅིག་བྱས་ཕྱེད་དང་དུས་མིན་ཟས།། བར་གྱི་སྤང་བྱ་བརྒྱད་སྤངས་པ།། བསྙེན་གནས་ཀྱི་ནི་སྡོམ་པར་གསུངས།། སྤྲིན་ལ་སོགས་པའི་སངས་རྒྱས་ཆོས།། བྱ་བ་ཐབས་ཀྱི་བདག་ཉིད་གནས། ་ཤེས་རབ་ཕ་རོལ་ཕྱིན་པ་རུ།། བསྟན་པ་རྒྱལ་བའི་དབང་པོ་ཡིས།། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི།། སྡོམ་པ་ཉིད་དུ་གསུངས་པ་ཡིན།། ཕྱག་རྒྱ་སྔགས་སོགས་རྣལ་འབྱོར་གྱི།། རིམ་པ་གཉིས་ལ་བརྟེན་པ་ལས།། རྡོ་རྗེ་ཡེ་ཤེས་ལུས་ངག་གི། ལྷའི ་རྣམ་པར་རབ་བསྒོམས་པ།། ཐབས་དང་ལྡན་པར་སྒྲུབ་པ་ནི།། བྱང་ཆུབ་སེམས་དཔའི་བསླབ་འགྲུབ་པས།། སོ་སོར་ཐར་སྡོམ་གྱིས་དེ་འགྲུབ།། གསང་སྔགས་སྦྱིན་སོགས་དབྱེ་བ་ལས།། རྒྱུ་དང་འབྲས་བུའི་དབྱེ་བ་ཡིས།། དགེ་སློང་ལ་སོགས ་དབྱེ་བྱ་སྟེ།། དགེ་སློང་སྲོགས་སྡོམ་དབྱེ་བ་མེད།། དགེ་སློང་ཉིད་སྡོམ་གཅིག་ཡིན་ཏེ།། དེ་བཞིན་ལེན་དང་སྒྲུབ་པའང་གཅིག། རབ་བྱུང་སྡོམ་པ་བཏིང་ནས་ནི།། སྔགས་ཀྱི་སྡོམ་དེང་སྦྱིན་སོགས་ཀྱི།། སྡོམ་པ་ཡང་ནི་གཟུང་མི་བྱ།། གསང་སྔགས་ཀྱི་ནི་སྡོམ་པ་དང་།། ་སྦྱིན་སོགས་སྡོམ་པས་བསྡམས་པ་དང་།། རྙེད་དང་བཀུར་སྟིའི་རྒྱུ་ཡིས་སམ།། གནས་ཀྱི་འཚོ་བ་འགྲུབ་དོན་དུ།། རབ་བྱུང་སྡོམ་པ་ལེན་འདོད་ན།། དགེ་སློང་མིན་པས་སྡོམ་མི་བྱ།། གསང་སྔགས་སྦྱིན་སོགས་ལྡན་པ་ནི།། རབ་བྱུང་སྡོམ་པ་བསྒྲུབ་པའོ།། ་འཕགས་པ་མགོན་པོ་བྱམས་པ་ཡིས།། འདི་ལྟར་མཁྱེན་ཏེ་གསུངས་པ་ནི།། རབ་ཏུ་བྱུང་བའི་ཕྱོགས་དག་ནི།། ཡོན་ཏན་ཚད་མེད་རྣམས་དང་ལྡན།། དེ་ལྟར་སྡོམ་བརྩོནནི་ཁྱིམ་པོ་ཡི།། བྱང་ཆུབ་སེམས་ལས་ཁྱད་པར་འཕགས།། གསེང་སོགས་ལམ་དང ་སྦྱིན་སོགས་ཀྱི།། ལམ་ཉིད་དག་ནི་དགེ་སློང་གིས།། དགེ་སློང་མཁས་ལས་བླང་བྱ་ཡི།། གཞན་ཉིད་ལས་ནི་མ་ཡིན་ནོ།། སྔགས་དང་སྦྱིན་སོགས་ལ་གནས་པའི།། བྱང་ཆུབ་སེམས་དཔའི་སྡོམ་པ་ནི།། ཚུལ་ཁྲིམས་ཕ་རོལ་ཕྱིན་རྣམ་གསུམ།། དང་པོ་སྡོམ ་པོའི་ཚུལ་ཁྲིམས་དང་།། དགེ་བ་ཆོས་སྡུད་ཚུལ་ཁྲིམས་དང་།། སེམས་ཅན་དོན་བྱེད་ཚུལ་ཁྲིམས་ཏེ།། དེས་བསྒྲུབ་འདི་འགྲུབ་ངེས་པ་ཡིན།། རྒྱལ་བས་འདུལ་བའི་སྡེ་སྣོད་ལས།། དགེ་སློང་སྡོམ་གང་གསུངས་དེ་ནི།། དགེ་སློང་བྱང་ཆུབ་སེམས་དཔའ་ཡི།། ་ཚུལ་ཁྲིམས་སྡོམ་པའི་ཆ་རུ་འགྱུར།། དཔལ་ལྡན་དེ་བཞིན་གཤེགས་པ་དང་།། དཔལ་ལྡན་རྡོ་རྗེ་སེམས་དཔའ་ཡི།། དབུགས་དབྱུང་དག་ལ་བརྟེན་ནས་ནི།། རྡོ་རྗེའི་ལམ་ནི་གཉིས་སུ་གནས།། དེ་ལ་བདེ་གཤེགས་དབུགས་དབྱུང་བ།། དགེ་སློང་རྣམས་ལ་ཞི་སེམས་ཀྱིས ་མ་ལུས་སྤྲོས་པ་དང་བྲལ་བ།། གསུངས་པ་དབང་སྤྱོད་སོགས་རིམ་བྱ།། ཕྱི་རོལ་ཤེས་རབ་སྤངས་ནས་ནི།། རྟག་ཏུ་རབ་སྣང་ཤེས་རབ་ལྡན།། དེ་ལ་འདུལ་ལས་གསུངས་པ་ཡི།། སྡོམ་པ་ཡི་ནི་བྱང་ཆུབ་སྒྲུབ།། རྡོ་རྗེའི་བདག་ཉིད་ཐོབ་པ་ཡི།། རྡོ་རྗེ་སེམས་དཔའི་རོལ་པ ་ནི། དགེ་སློང་བདག་ཉིད་གྱུར་པ་ཡི།། དཔལ་ལྡན་རྣམ་པར་སྣང་མཛོད་སོགས།། གོས་དཀར་སོགས་དང་སྙོམས་འཇིག་པ།། དོ་ཤེལ་དཔུང་རྒྱན་གདུ་བུ་ཡིས།། རྣམ་པར་བརྒྱན་ཅིང་གོས་དག་ནི།། ཤིན་ཏུ་བཟང་པོ་མནབས་པ་རུ།། དཔལ་ལྡན་འདུས་སོགས ་ལས་བྱུང་བས།། སེམས་ཅན་ཀུན་གྱི་དོན་འགྱུར་རོ།། རྡོ་རྗེ་སེམས་དཔའི་དབུགས་དབྱུང་བ།། རྟག་ཏུ་ཁྱིམ་པ་སྦྱང་བའི་ཕྱིར།། དབང་བསྐུར་ལ་སོགས་རིམ་པ་ནི།། སྤྲོས་དང་བཅས་པ་དེ་ལ་གསུངས།། སེམས་སྔོགས་འོས་སུ་གྱུར་པ་ལ།། ཕྱི་རོལ་རིག་མའི ་དང་བསྐུར་བྱ།། སྤྲོས་པ་མེད་པས་རབ་བྱུང་ལ།། དགེ་སློང་རྣམས་ཀྱིས་དེ་སྦྱིན་ཏེ།། འདུལ་ལ་སོགས་པའི་སྡོས་པ་ནི།། ཐམས་ཅད་ལྡན་པའོ་སློབ་མྦྷ་ལ།། རྟག་ཏུ་རང་སང་ཤེས་རབ་ཀྱི།། བསྒོམ་པ་གསལ་བར་བྱ་ཕྱིར་རོ།། སྦྱིན་ས་གས་སྤྱོད་དང་སྔགས་སོགས་སྤྱོད། ་རྣལ་འབྱོར་གནས་པའི་བདག་ཉིད་དག། རྫོགས་པའི་བྱང་ཆུབ་སངས་རྒྱས་ཆོས།། རང་དང་གཞན་ལ་རབ་བསྒྲུབ་པར།། རབ་ཏུ་འཇུག་པའི་དགེ་སློང་གི། དངོས་གནས་བྱང་ཆུབ་སེམས་དཔའ་དང་།། བསེ་རུ་ཉན་ཐོས་ཉིད་གནས་པའི།། ཞི་བ་འདོད་པའི་དགེ་སློང་གྲོས ་འདུལ་ལས་གསུངས་པའི་སྡོམ་པ་ཡང་།། ཕྲ་མོ་ཙམ་ཡང་གཏང་མི་བྱ།། ཁྱིམ་པའི་བྱང་ཆུབ་སེམས་དཔའ་ཡང་།། གང་ཚེ་ཚངས་སྤྱོད་ཉིད་བསྲུང་ན།། རབ་བྱུང་བྱང་ཆུབ་སེམས་དཔའ་ཡིས།། རང་གི་ཚུལ་ཁྲིམས་ཇི་ལྟར་དོར།། དཔལ་ལྡན་མགོན ་པོ་བྱམས་པ་ཡིས།། རྟག་ཏུ་ཚངས་པར་སྤྱོད་ཉིད་དང་།། འཚོ་བ་རྣམ་པར་དག་ཉིད་དུ།། བྱང་ཆུབ་སེམས་དཔའ་ལ་གསུངས་སོ།། དགེ་སློང་བྱང་ཆུབ་སེམས་དཔའ་ཡིས།། སྦྱིན་སོགས་བྱ་བའི་ལམ་གྱིས་སམ།། ཡང་ན་སྔགས་ཀྱི་སྡོམ་པ་ཡིས།། གནས་ཏེ་དེ་ཉིད་སྒྲུབ་བྱེད།། ་བསད། འདུལ་ལས་གསུངས་པའི་སྡོམ་པ་ནི།། ཇི་སྲིད་འཚོའི་བར་དུ་བསྲུང་།། དཔལ་ལྡན་ཐུབ་པའི་དབང་པོ་ནི།། ཐམས་ཅད་མཁྱེན་པ་གང་ཡིན་དེས།། ཐེག་པ་གསུམ་གྱིས་ངེས་འབྱུང་ལ།། ཐེག་པ་གཅིག་གིས་འབྲས་བུར་གནས།། ཞེས་བྱ་བར་ནི་གསུངས་པ་ཡི་ན། ་སྡོམ་པ་རྣམས་ནི་སྡོམ་པ་ཡིན།། གོང་ནས་གོང་དུ་རྗེས་འཇུག་སྟེ།། འདི་ལྟར་དགེ་བསྙེན་སྡོམ་པ་ནི།། དགེ་ཚུལ་གྱི་ནི་རྗེ་སུ་འཇུག། གང་དེ་དགེ་སློང་རྗེསུ་འཇུག། གང་དག་ཉན་ཐོས་དགེ་སློང་གི། སྡོམ་གསུངས་བྱང་ཆུབ་སེམས་དཔའ་ཡི།། རྗེསུ་འཇུག་སྟེ་ཀུན་ལྡན་པས།། ་དགེ་སློང་ཤིན་ཏུ་ཁྱད་པར་འཕགས།། བྱ་བ་ཐབས་ཀྱི་སྦྱོར་བ་ནི།། བྱང་ཆུབ་སེམས་དཔའི་སྡོམ་པ་སྟེ།། སྔགས་པས་སྦྱིན་ལ་སོགས་པ་སྟེ།། ཐམས་ཅད་དུ་ནི་འཇུག་པར་བྱ།། གལ་ཏེ་སྡོམ་པ་འགལ་གྱུར་ན།། དགེ་སློང་གི་ནི་སྡོམ་པ་རྣམས།། ཕུལ་བར་གྱུར་ན་དགེ ་ཚུལ་དང་དུ་དགེ་བསྙེན་ཡང་ནི་མི་གནོས་འགྱུར།། སེམས་ཅན་དོན་ལ་ལྟོས་པ་ཡིས།། སོ་སོར་ཐར་གསུངས་སྡོམ་གཏིང་ཞེས།། གལ་ཏེ་དེ་ལྟར་བརྗོད་བྱེད་ནི།། དེ་དག་ངེས་པར་རྨོངས་པ་ཡིན།། བློ་ལྡན་ཁྱད་པར་འཕགས་པ་ཡི།། དགེ་སློང་བྱང་ཆུབ་སེམས་དཔའ ་ནི་ཐབས་ལ་མཁས་པས་ཐམས་ཅད་དུ།། རྨི་ལམ་དུ་ཡང་འགལ་མི་བསམ།། སྦྱིན་ལ་སོགས་པ་བྱ་བ་འམ།། ཡང་ན་དེ་ཉིད་བསྒོམ་པ་ཡིན།། དགེ་སློང་སེམས་ཅན་བསྒྲུབ་པ་འམ།། བྱང་ཆུབ་སེམས་དཔའ་སྙིང་རྗེ་ཆེ།། གཞན་དོན་བྱེད་པར་འདོད་རྣམས་ཀྱིས།། འདུལ ་སོགས་པའི་དགེ་སློང་གི། བྱ་བ་ཚུལ་ཁྲིམས་ཁྱད་འཕགས་ཕྱིར།། ཚུལ་ཁྲིམས་ལྷག་པར་བརྟན་པར་བྱ།། འདུལ་བ་ལས་བརྗོད་ཚུལ་ཁྲིམས་ནི།། དགེ་སློང་ཉིད་དུ་པོསྒྲུབ་བྱའི་ཕྱིར།། ཇི་སྲིད་འཚོ་བར་བརྟེན་བྱ་བ།། སེམས་ཅན་དོན་ཡིན་བཏང་མི་བྱ།། སྔགས ་སོགས་བསྒོམ་ལ་གནས་པ་དང་།། སྦྱིན་ལ་སོགས་ལ་གནས་པ་ཡི།། དགེ་སློང་བྱང་ཆུབ་སེམས་དཔའ་ཡིས།། སོ་སོར་ཐར་གསུངས་བསྒྲུབ་པ་ནཱི།། ནམ་ཡང་བཏང་བར་མི་བྱའོ།། བཏང་ན་དམྱལ་སོགས་འགྲོ་བར་འགྱུར།། དེ་ལྟར་མ་གྱུར་རྣམ་ངེས་ན།། ཡང་དག ་བྱང་ཆུབ་བསྒྲུབ་པའི་ཕྱིར།། དགེ་སློང་སྡོམ་པ་ཡང་དག་པ།། སོ་སོར་ཐར་ལ་གནས་པར་བྱ།། རྒྱལ་དང་རྒྱལ་བའི་སྲས་ལ་གུས་པས་ལུང་དང་རིག་པ་ཡིས།། ཤིན་ཏུ་དྲི་མ་མེད་ཅིང་མི་འགལ་སྡོམ་རྣམས་བྱས་པ་ལས།། བདག་གིས་ཟླ་འོད་ལྟ་བུའི་དགེ་བ ་བསགས་པ་གང་ཡིན་དེས།། འཇིག་རྟེན་མ་ལུས་དཔལ་ལྡན་རྒྱལ་བའི་དབང་པོ་མྱུར་གྲུབ་ཤོག། ཚུལ་ཁྲིམས་དང་སྡོམ་པ་དང་དམ་ཚིག་མི་འགྲེལ་བ་ཞེས་བྱ་བ། སློབ་དཔོན་མཁས་པ་ཆེན་པོ་ཡེ་ཤེས་དཔལ་བཟང་པོའི་ཞལ་སྔ་ནས་མཛད་པ་རྫོགསོ།། ་ཁ་ཆེའི་མཁན་པོ་ཛྙཱ་ན་ཤྲཱི་བྷཱ་དྲ་དེ་ཉིད་དང་།། ཞུ་ཆེན་གྱི་ལོ་ཙེ་བ་དགེ་སློང་བློ་གྲོས་སྙིང་པོ་དང་། དགེ་སློང་རབ་ཞི་བཤེས་གཉེན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ་