| Wylie | e-texts produced with BDRC’s OCR application |
རྒྱུ་གར་གྱི་མཁན་པོ་པདྨ་ཀ་ར་ཝརྨ་དང་། ནུ་ཆེན་གྱི་ལོ་ཙ་བ་དགེ་སློང་རིན་ཆེན་པ་ཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། @#། རྡོ་རྗེ་འཛིན་ལ་ཕྱག་འཚལ་ཏེ།། དེ་ལྟར་སྟོན་པ་མཆོད་བྱས་ནས།། ལམ ་གྱི་རྣལ་འབྱོར་རྣམས་དོན་ཕྱིར།། རྒྱུད་གསུམ་ངེས་པར་གསལ་བྱེད་པའི།། དམ་ཚིག་ཆེན་པོ་མེ་དོར་བཤད་བྱ།། ལམ་གྱི་རྒྱུད་ལ་ཞུགས་རྣམས་ཀྱིས།། བསླབ་པ་གསུམ་ལ་གནས་བྱས་ནས།། དོན་གཉིས་མངོན་དུ་བྱེད་པ་ཡང་།། ནང་རིས་ལ་ལ་མུན་སྣང་བཞིན ་གཅིག་གིས་འཐད་པ་མ་ཡིན་ལ།། ལ་ལ་ཆ་མཐུན་སྤྱོད་པའི་རིགས།། གདུལ་བྱ་སྐས་ཀྱི་རིམ་སྤྱོད་པ།། སངས་རྒྱས་མཛད་པ་དེ་གསུངས་སོ།། གཉེར་འདི་ལུང་གིས་ལུས་གཞག་པ།། ངོ་བོ་རྣམ་གྲངས་བསྲུང་ཐབས་དང་།། ཉམས་རྒྱུ་སྣ་རྟགས་སྐྱོན་ཡོནི་གཉིས ་བསྐང་ཐབས་དཔེ་དང་མདོ་བཅུར་བཤད།། ངོ་བོ་རྩ་བ་བཞི་དང་ནི། ཐུན་མིན་ཐུན་མེང་ཡན་ལག་གཉིས།། རྩ་བ་ཆེན་པོ་འདོར་འབྲེལ་པའོ།། དམ་ཚིག་རྣམ་པའི་གྲངས་དག་ནི།། སེམས་ཅན་གྲངས་དང་ལོག་རྟོག་གྲངས།། སངས་རྒྱས་ཉིད་ཀྱིས་མི་མཁྱེན་ཕྱིར།། ་རྟོརྟོག་འདུལ་གཉེན་པོ་དམ་ཚིག་གྲངས།། རྒྱལ་བ་ཉིད་ཀྱིས་བརྗོད་ལས་འདས།། འོན་ཀྱང་རྨོངས་པའི་མདོ་བཟུང་ན།། བྱང་ཆུབ་སེམས་གཉིས་སློབ་དཔོན་དྲུག། མཆེད་བཞི་སྔགས་གསུམ་ཕྱག་རྒྱ་བཞི།། གསང་བཅུ་རྩ་བར་ཤེས་པར་བྱ།། སྤྱད་པ་ལྔ་དང་མི་སྤང་ལྔ།། ་དང་དུ་བྱུང་དང་སྒྲུབ་དེ་བཞིན།། ཤེས་བྱ་ལྔ་རྣམས་ཐུན་མིན་བཤད།། ཉིང་ལག་སྐབསུ་ཤེས་པར་བྱ།། ཐུན་མོང་དམ་ཚིག་མཐའ་ཡས་པ།། མདོར་བསྡུས་བདག་གཞན་དོནི་གཉིས་པོ།། རྣམ་གྲངས་སྐབས་སུ་ཤེས་པར་བྱའོ།། བསྲུང་བའི་ཐབས་ནི་འདི་ལྟ་སྟེ།། རང ་ལུས་རྒྱལ་བའི་ཕྱག་རྒྱ་ཆེར།། སེམས་ཅན་ཁམས་ཀྱང་དེར་ཤེས་ཤིང་།། སྣང་སྟོང་གཉིས་མེད་ཡེ་ཤེས་སྐུ།། བྱས་མཐོང་ཟོས་པ་ཐམས་ཅད་ལ།། སེམས་ཕྱིར་གང་ཡང་བྱས་སྣང་མེད།། དྲན་པ་ཤེས་བཞིན་སྔོན་བཏང་ལ།། དུས་གསུམ ་རྒྱུན་དུ་མ་དྲན་ནཱ།། ཐེག་ཆེན་སྔགས་པར་ཅི་སྟེ་ཚུད།། ལྷ་སྤྱོད་དམ་ཚིག་འབྲེལ་པ་ཡིས།། སྤྱི་དང་འདྲེན་དང་དམ་ཚིག་དབང་།། ཉམས་ཆགས་སྒོང་དང་ཤེས་རྒྱུད་འགྲོལ།། མན་ངག་ལུང་གི་སློབ་དཔོན་རྣམས།། ལུས་ལ་དབང་བའི་རྒྱལ་པོ་དང་།། ཁོ་བོ་མ་དང ་ཕོ་དང་མིག། སྙིང་པས་ལྷག་པའི་ཚུལ་བལྟས་ཏེ།། སྒོ་གསུམ་ཟོལ་སྒྱུ་མེད་པ་ཡི།། ཡི་དམོ་ལྷ་ལྟར་རྒྱུན་དུ་བསམ།། བསྲུང་རིམ་འཆད་པ་བཞིན་ཤེས་བྱ།། མཐའ་ཡས་སེམས་ཅན་རང་རིག་ཕྱིར།། གང་ཡང་བདག་ལས་གཞན་མེད་དང་།། བདེ་གཤེགས ་སྙིང་པོས་སྤུན་ཡིན་ཕྱིར།། མ་འོངས་སངས་རྒྱས་རང་བཞིན་ནོ།། སྤྱིའི་མཆེད་དེ་ཕ་ཚན་བཞིན།། སངས་རྒྱས་ཆོས་བཞུགས་རིང་བ་དང་།། ལྟ་སྤྱོད་མཐུན་པ་ཉེ་བར་བཤད།། ཕ་ཅིག་དམ་ཚིག་གང་འདྲེས་པའི།། ནང་ཚན་པ་སྤུན་སྤུན་པས་ཀྱང་།། ལྷག་པར་བལྟས། ་ཏེ་བསྲུང་བ་ནི།། ལུས་ཀྱི་ཟས་ནོར་མཉེས་བྱ་བ།། སྦུར་མ་ལྟ་བུར་ཕུངས་པོ་མེད།། གདན་གདིང་ཁུར་སོགས་ལས་བྱ་བ།། བྲན་བཞིན་ངེས་པར་དང་དུ་བླང་།། བླ་མའི་རིགས་འཁོར་དེ་བཞིན་ནོ།། ནོར་རྫས་བླངས་པ་རྣམ་སྨིན་ཕྱིར།། ཏིང་འབྲུ་ཙམ་ཡང་མ་འབག ་ཅིག་མལ་གོས་ཕྱགས་སོགས་འགོམ་མི་བྱ།། མཆོད་རྟེན་བཤིག་དང་འདྲ་བར་གསུངས།། བརྡེག་གསོང་རྐུ་འཕྲོག་སྔོ་བ་ནི།། དངོས་སུ་བྱ་བ་ཅི་སྨོས་ཀྱི།། རྩེད་མོའི་ལས་སུའང་བྱ་བ་མིན།། ངག་གིས་སྐྱོན་སྤངས་ཡོན་ཏན་བསྒྲགས།། ཚུལ་བརྗོད་པས ་ནི་ཉམས་པར་འགྱུར།། སྒྲོ་སྐུར་ལ་སོགས་མཚན་ཉིད་ཅན།། བྲེ་མོ་གཏམ་ཡང་ཟུར་མི་བྱ།། ཡིད་ཀྱི་གཡོ་སྒྱུ་ཕྲག་དོག་དག། ངན་སེམས་འཕྱ་སེམས་ནོར་ལ་བརྐམ།། སེ་གོལ་ཡུལ་དུའང་བྱ་བ་མིན།། ཤིན་ཏུའང་བརྩེ་ཞིང་གདུང་བར་བྱ།། སྤྱོད་ལམ་ཅིས་ཀྱང ་མཉེས་བྱེད་ཅིང་།། བཀའ་ཡི་ཟུར་ཡང་མི་བཅོག་པ།། དེ་ནི་ལྡོག་པར་མ་གསུངས་སོ།། རྩ་བ་བསྐྱེད་དང་ལས་སྔགས་ཀྱིས།། དམ་ཚིག་ལས་དང་ཆོས་དང་ནི།། སྐུ་གཉིས་ཕྱག་རྒྱ་ཆེན་པོ་བཞི།། རང་གི་སྒོ་གསུམ་ཡི་དམ་གྱི།། སྐུ་གསུང་ཐུགས་སུ་སྔོན་སྦྱར ་ལ་རརྟག་ཏུ་བཟླས་པ་བྱེད་པ་ནི།། བྱང་ཆུབ་གཟུངས་ལ་ཞུགས་པ་ཡིན།། རབ་ཀྱིས་ཆུ་བོའི་རྒྱུན་བཞིན་ནམ།། ཉིན་གསུམ་མཚན་གསུམ་གཉིས་གཅིག་ཏུ།། མ་ཡེངས་པར་ནི་གང་གིས་བཟླས།། འབྲིང་གིས་ཟླ་གཅིག་དུས་དྲུག་ཏུ།། དུས་བཞི ་བར་དུ་མི་གཅད་ཅིང་།། ཐ་མ་སྤྱད་པའི་རྣལ་འབྱོར་པས།། ཟླ་རེ་འམ་ར་བའི་དུས་དག་ཏུ།། བརྩོན་པས་འབད་དེ་མི་བྱེད་པ།། བྱང་ཆུབ་ས་བོན་རླག་པ་ཡིན།། ཚོགས་དང་གཏོར་མ་དེ་བཞིན་ཏེ།། ཐ་ན་ལོ་ཟླ་མི་བཟླའོ།། ལྷ་ཟབ་སྤྱོད་པ་གླང་པོ་དང་།། ལྷ་མིན་གཟུགས་དང་གྲུབ ་རྟགས་དང་།། སྤྱིར་གསང་རྣམ་པ་བཞིར་བཤད་དོ།། སྒྲུབ་པའི་གནས་དུས་གྲོགས་དང་རྫས།། རབ་ཏུ་གསངས་ལ་བསྒྲུབ་པར་བྱའོ།། གསང་བར་འོས་པ་མདོར་བསྡུ་ན།། ཕུད་དང་གཏོར་མ་ཚོགས་དག་དང་།། བནྡྷ་ཕུར་པ་མར་མེའི་སྣོད།། རྫས་དང་ལག་ཆ་དཀྱིལ ་འཁོར་དང་།། སྐྱེ་བོས་མཐོང་བར་ཡོངས་མི་བྱ།། དྲིལ་བུ་རྡོ་ཆུང་ལ་སོགས་སྭ།། སྐྱེ་བོས་ཐོས་པར་ཡོངས་མི་བརྡུང་།། གྲོགས་པོའི་སྤྱོད་དང་འཚང་རྣམས་དང་།། སེམས་ཅན་ཀུན་གྱི་ངན་སྤྱོད་རྣམས།། ཤིན་ཏུ་སྤངས་ན་བྱང་ཆུབ་རྒྱུ།། གཉེར་གཏད་པ་ཡི་གདམས་པ་སྟེ།། སྔར ་བཤད་སློབ་དཔོན་ཆེད་ཀྱིས་སོ།། གསང་སྔགས་སྐྱོན་ཡོམ་ཡིན་ཏེ།། སེམས་ཅན་དོན་ཕྱིར་ཤིན་ཏུ་གསང་།། གསང་ཐུབ་དངོས་གྲུབ་མི་ཡལ་བས།། གསང་ཕྱིར་གདམས་ངགྲ་སྣ་ཚོགས་གསུངས།། ངམ་ཉམས་དམ་ལས་ལོག་པ་དང་།། དམ་མེད་དཀྱིལ ་འཁོར་མ་མཐོང་ཞིང་།། འདྲེས་དང་མ་འདྲེས་ཐམས་ཅད་ལ།། སེམས་ཀྱིས་བསྟན་པར་མི་བྱ་ཞིང་།། ལུས་ཀྱིས་ཐམས་ཅད་སྦས་ལ་གཞག། ངག་གིས་རྡོ་རྗེ་ལྕེ་ཡོད་ཀྱང་།། བརྗོད་པ་དག་ཏུ་བྱ་བ་མེད།། དེ་དག་རྩ་བ་བཞིར་བཤད་དོ།། ཐུན་མིན་ཡན་ལག་བཤད་བྱ་བ།། སྦྱོར་སྒྲོལ་མ ་བྱིན་ལེན་པ་དང་།། རྫུན་སྨྲ་དག་རྩུབ་སྤྱད་པ་ལྔ།། རང་བཞིན་གྱིས་ནི་སྦྱོར་སྒྲོལ་དང་།། དབང་པོའི་ཡུལ་དུ་སྦྱོར་སྒྲོལ་དང་།། ཏིང་ངེ་འཛིན་གྱིས་སྦྱོར་སྒྲོལ་དང་།། ཐབས་ཆེན་པོ་ཡི་སྦྱོར་སྒྲོལ་དང་།། སྔོན་དུ་བྱ་བའི་སྦྱོར་སྒྲོལ་ལྔའོ།། གཉིས་ནི་ཤེས་བྱའི་ཐུན་མོང་བཤོད།། ཏིང ་ངེ་འཛིན་བསླབ་པ་ཐུན་མོང་གསུམ།། དངོས་ཕྱུང་དམ་ཚིག་ཆེན་པོ་ལ།། བྱེད་པའི་ཚིག་ལྔར་ཤེས་པར་བྱ།། ལྷ་སྤྱོད་ཏིང་ངེ་འཛིན་འབྲེལ་གོ་མོས་པས།། དཀོན་མཆོག་སློབ་དཔོན་སྐུ་དགྲ་གཉིས།། དམ་ཉམས་ལོག་དང་མེཁུས་པ་དང་།། འདུས་པར་འོངས་དང་ཡོངས་ལ་གནོད། ་དམ་དགྲ་ངན་པའི་ངང་ཚུལ་ཅན།། ངན་སོང་གསུམ་དང་བཅུ་པོ་ནི།། རྣལ་འབྱོར་ཀུན་གྱིས་དང་དུ་བླང་།། གྲངས་ནི་རྩ་བོ་བཅུ་བཞིའོ།། ཏིང་ངེ་འཛིན་སྔགས་དང་ཕྱག་རྒྱ་རྣམས།། ཤིན་ཏུ་གོམས་པས་དབང་སྒྱུར་ཏེ།། བྱང་ཆུབ་ཞིང་དུ་དགོད་པར་བྱ།། ཏིང་ངེ་འཛིན་སྔགས་རྒྱས ་བག་ཆགས་སྦྱང་།། རྣམ་ཤེས་ལྟར་བསྐྱེད་དབང་བསྐུར་འཕང་།། ཡེ་ཤེས་ཚོགས་ཀྱང་རྫོགས་པར་འགྱུར་རོ།། ཕུང་པོ་བྱིན་བརླབས་མཆོད་པ་བསྔོ།། བསོད་ནམས་མཆོག་ཏུ་འདི་འགྱུར་རོ།། དེ་ལྟར་བསྣོལ་བའི་དགོང་ཕྱེད་ཀྱང་།། བྱང་ཆུབ་སྤྱོད་འཕེལ་སེམས་ཅན་བདེ།། ལྷ ་མཉེས་བདག་གི་དམ་སྐོངས་ཤིང་།། ལས་ངན་བར་ཆད་སྡུག་ཡུན་ཐུང་།། རང་གིས་བསགས་མེད་ངན་སོང་ལ།། བདེ་ལམ་འདི་ལས་གཞན་མེད་དོ།། ཐབས་ཀྱི་སྤྱོད་པ་འཆིང་འགྱུར་ན།། བྱང་ཆུབ་སེམས་དཔའ་འདུལ་དབང་གི། རྔོན་དང་སྨད་འཚོང་སྟོན་པ་ལྟུང་།། ། ་ཁྱེ་དང་སྤྱོད་པ་དེ་མིན་ཕྱིར།། ཐབས་ཆེན་ལམ་ལ་གནས་པའི་ཕྱིར།། སྐྱེ་བོ་ཀུན་གྱིས་བྱ་བ་འབྱུང་།། ག་ཎའི་དམ་ཚིག་ཆེན་པོ་ནི།། ལོག་པར་ཆགས་ཡིད་གཡོ་སྤངས་པའི།། དོན་གཉིས་སྔོན་དུ་འདོད་པའི་མིས།། པད་ཅན་དུང་ཅན་རི་མོ་ཅན།། བ་ལང་ཅན་དང་ལྕག ་ཕྲན་མོ།། སྡོང་ཅིག་མི་རེག་ཕྱལ་བ་བརྒྱད།། གཉེན་དང་རྐེ་རིང་སྟོད་སྨོད་ཕྱེད།། ཡན་ལག་འཕྲ་འཇམ་ཚིགས་མིག་ཟླུམ།། དཔྲལ་བའི་དབྱེས་ཕྱེ་སྨིན་དཀྱུས་རིང་།། དམིག་དཔྲག་དཀྱིལ་ནཱ་ཨུཏྤལ་མདོག། ཆུ་ཞེང་གཉིས་ཀ་འབྲིང་དུ་བཤད།། ལུས་ལ་ཆུ ་ཀྲུང་ག་བུར་དྷི།། གསང་ཐུབ་ཤེས་རབ་སྤྱོད་པ་དལ།། དད་ལྡན་འགྲོགས་ཤིང་ཡིད་དང་ཆེ།། གསང་བའི་གནས་སུ་སྤྱད་པར་བྱའོ།། དབང་སྐུར་དམ་དཔོག་ཆོས་གསུམ་བཤད།། ལུས་ལ་རིགས་ལྔའི་རྡུལ་ཚོན་དགྱེ།། ཐབས་ལ་མཁས་པས་སྐབས་ཀྱིས ་སྦྱར་ར་དམ་ཚིག་རྣམ་གྲངས་བཅུ་གཉིས་ཀྱིས།། དངོས་གྲུབ་ཡོན་ཏན་བསམ་མི་ཁྱབ།། སློབ་བུ་སྨིན་ཅིང་ལས་རྣམས་འགྲུབ།། སྐྱེ་གནས་ངན་འགྲོ་རིགས་སུ་ངེས།། ཐབས་ཀྱི་ཐེག་པ་འདིར་བཤད་དོ།། མཚན་ཉིད་ཆ་དང་རྣམ་གྲངས་དང་།། ལྟོས་པའི་ཀུན་རྟག ་རྣམ་པ་གསུམ།། དངོས་པོ་དེ་ཉིད་ལས་བརྫུན་ཞེས།། ཐམས་ཅད་རང་རིག་སྣང་ཕྱིར་བདེན།། ཤེས་ནས་ཀུན་སྤུ་སྐྱེས་བུའི་ཡུལ།། དཀོན་མཆོག་གསུམ་དང་སློབ་དཔོན་མཆེད།། སེམས་ཅན་གནོད་པར་འོངས་པ་ལ།། བརྫུན་དུ་སྨྲ་བའི་ཚིག་དག་བྱ།། གང ་ལ་གསང་བར་བྱ་རྣམས་དང་།། གསང་བཅུད་ལ་འདྲི་བརྫུན་བཅུ་སྨྲ།། བསྲུང་བ་བཅུ་བདུན་ཉམས་སུ་བླང་།། ཤིང་དཱུརྒྱར་གྱུར་པའི་ནོར་བཅུ་དང་།། མཚན་ལྡན་གཟུངས་དང་བཀྲ་ཤིས་རྫས།། སྦས་ཆོས་པལ་འཆང་བྱིན་ཅན་རྫས།། བསྲུང་བ་ཡོད་དང ་མེད་པའི་གཏེར།། ཕྱུག་པོ་སེར་སྣས་བཅིངས་པའི་ནོར།། མིང་གིས་བླངས་ལ་ཚིགས་སུ་བསྔོ།། དམ་ཚིག་བཅུ་བདུན་སྤྱད་པར་བྱ།། ཞིང་བཅུར་གྱུར་པའི་སེམས་ཅན་ལ།། བརླང་ཚིག་བཅུ་ཡིས་ཞེས་བཅད་དེ།། དྲག་ཤུལ་སྤྱོད་པའི་སྔགས་དག་དང་།། གཟུངས་ལ ་བརླུང་པོའི་སྦྱོར་ཚི་གཽ་དང་།། སློབ་བུ་སྣོད་ཅེས་ཞེ་གཅོད་དང་།། འབྱུང་པོ་ཞེ་སྤྱོད་རྔམ་པའི་སྒྲ།། སྣོད་ལྡན་བུ་ལ་བླང་ཚེས་བཤད།། ངག་གི་དམ་ཚིག་བཅོ་ལྔ་བསྲུང་།། མི་སྤང་དམ་ཚིག་བཤད་པར་བྱ།། ཡང་དག་དུག་ལྔ་ལོག་དུགུ་ལྔ།། བཤད་པའི་ཐབས་མཁས ་འདོད་ཆགས་དང་།། འདོད་སྤྱོད་སེམས་ཀྱི་རྒྱན་ཤེས་ནས།། ཤིན་ཏུ་ཞེན་པའི་ལམ་དུ་གསུངས།། ཞིང་བཅུ་རླག་བྱེད་ཞེ་སྡང་གཅོད།། ལྟས་ངན་འཇོམས་པ་དེ་བཞིན་ཏེ།། ཐབས་ལ་མཁས་པས་སྤྱོད་པ་ཡིན།། མངོན་པར་མཐོ་བོའི་ལྟེ་བ་དང་།། ཏིང་འཛིན་ངེས་པར ་སྲན་ཚུགས་དང་།། ཤིན་ཏུ་རྒྱལ་བའི་མཆོག་ཏུ་གསུངས།། ལྟ་བས་ཕྱོགས་རིགས་མི་འབྱེད་པ།། སྤྱོད་པས་བླང་དོར་མི་བྱེད་པ།། ཐེག་པ་ཆེན་པོའི་གཏི་མུག་གོ།། ལྔ་སྤྱོད་དམན་ལ་ཕྲག་དོག་ཅིང་།། དམ་མ་འདྲེས་སོགས་སྤོང་བྱེད་པས།། ཕྲག་དོག་དམ་ཚིག ་བསྐྱང་བའོ།། ལོག་དུག་སེམས་ཅན་ཀུན་ལྡན་པས།། དུག་ལྔ་རང་རིག་རང་ལྡན་ཕྱིར།། དྲན་པ་ཐམས་ཅད་ཤེས་པ་ལ།། ཤེས་པ་ཐམས་ཅད་རྩོལ་བ་ཡིན།། རྩོལ་བའི་སེམས་ཕྱིར་ཐབས་མཁས་པས།། ཐབས་མཁ་ས་རང་རིག་ཡེ་ཤེས་ཏེ།། ཉི་མའི ་དཀྱིལ་ན་མུན་མེད་ལྟར།། རིག་ལ་རླུང་སྣང་མ་གཏོགས་པ།། ཉོན་མོངས་འཁོར་བ་རང་གིས་མེད།། དེ་ཤེས་ཡེ་ཤེས་རང་རིགས་ལས།། སྤང་བར་བྱ་བ་དམིགས་མི་འགྱུར།། དམ་ཚིག་བཅོ་ལྔ་གནས་པ་ཡི།། རྣལ་འབྱོར་ཆེན་པོའི་དོན་གཉིས་རྫོགས།། ཀུན ་གྱིས་བླང་བའི་དམ་ཚིག་ལྔ།། དྲི་ཆེན་དྲི་ཆུ་མངས་དང་།། ཟིལ་པ་ལྷག་པའི་སེམས་རྣམས་དང་།། གྲུབ་པ་བཞི་ཡིས་བརྒྱན་པའི་ཕྱིར།། ནད་ལྔ་བསལ་ཕྱིར་བླང་བ་དང་།། གཙང་རྨེ་རྟོག་སྐྱེད་ཕྱིར་བླང་དང་།། ཐུན་མོང་དགོས་པ་ལྔ་ཕྱིར་དང་།། རིགས་ལྔ་གྲུབ ་བའི་ཡོན་ཏན་ནོ།། སྡུག་བསྔལ་ལས་གྲོལ་དངོས་གྲུབ་ཐོབ།། བཅུད་ལྡན་ལྟུང་ལྔ་ལམ་གྱི་མཆོག། ཐབས་ཀྱི་ལུས་ལ་བརྟེན་ཤེས་ནས།། ཡོན་ཏན་བརྗོད་ལས་འདས་པར་གསུངས།། ཕྱེ་བའི་དམ་ཚིག་སུམ་ཅུ་གཉིས།། སྐབས་ཀྱིས་དྲང་དུ་བླང ་པར་བྱའོ།། བསྒྲུབ་པར་བྱ་བ་རྣམ་ལྔ་ལ།། རིགས་དང་ཡེ་ཤེས་ཡབ་ཡུམ་ལ།། གཅིག་ལའང་ལྔ་ལྔར་ཤེས་པར་བྱ།། སྐུ་དང་གསུང་ཐུགས་ཡོན་ཏན་ལ།། གཅིག་ལའང་ལྔ་ལྔར་ཕྱེ་བས་ན།། བཞི་བཅུ་རྩ་ལྔའི་བྱེ་བྲག་རྣམས།། མཚན་ཉིད་ཤེས ་ནས་སྒྲུབ་པར་བྱ།། ཤེས་པ་ལྔ་ལས་བྱེ་བྲག་ཏུ།། ཕུང་པོ་ལྔ་དང་འབྱུང་བ་ལྔ།། དབང་པོ་ཡུལ་དང་ཡན་ལག་སོང་།། ཉོན་མོངས་དམ་རྫས་ཤ་དང་ནི།། ཕྱོགས་དང་ཁ་དོག་འགྲོ་བ་དང་།། སྙིགས་མ་བགས་ཆགས་ལྔ་ལྔའོ།། བདུན་བཅུ་ལ་སོགས་འཁོར ་བའི་ཆོས།། ཡེ་ཤེས་སྐུ་རིགས་ཡབ་ཡུམ་སོགས།། རང་གཞན་གྱིས་སྐུར་དགེ་ལ།། བློ་ལ་ཉམས་སུ་ལོན་པ་ནི།། སྤྱོད་ཡུལ་ཡོངས་དག་རྣལ་འབྱོར་པའོ།། ཐུན་མོང་དམ་ཚིག་མདོར་བསྡུ་མ།། བདག་གཞན་དོན་དུ་ཤེས་པར་བྱའོ།། རྒྱན་འགྱེད་ལུས་མཛེས ་འདུ་ལྟ་དང་།། ཆང་དང་དྲེགས་སྤྱོད་ཁེངས་སེམས་དང་།། ཆེ་ངག་དགེ་སློང་སྡིག་སྤྱོད་དང་།། ལོ་ལོ་སེར་སྣ་གཉིད་གཡེངས་དང་།། ཁྭ་གཏུམ་ཡེ་ཤེས་སྔོན་མི་གཏོང་།། ཀའ་བཅོག་སྡིག་པའི་གྲོགས་སྟན་དང་།། ངག་མེད་སྤྱོད་དང་དམ་ཆོས་འདོར ་ཆོག་མི་ཤེས་དང་རྔོན་ལ་དགའ།། སྤང་བྱ་ཉི་ཤུ་གཅིག་བཟློག་པ།། བདག་དོན་མཆོག་ཏུ་གྱུར་པ་སྟེ།། ཀུན་གྱིས་བདག་ཉིད་བཀུར་བར་གྱུར།། ཕ་རོལ་ཕྱིན་དྲུག་ཆེས་སྤྱོད་བཅུ།། རྣམ་གཞལས་ཀྱི་སྤྱད་པ་དང་།། མཐུན་འཇུག་ལས་ཀྱི་སྤྱོད་པ་ནི།། ཐེག་པ་དགུ ་དང་མུ་སྟེགས་དགུ།། འགྲོ་བ་དྲུག་གི་སྦྱོང་བ་རྣམས།། འཛིན་དང་ཉམ་ང་མེད་པར་སྤྱོད།། དོན་འགྱུར་ཅི་ཡང་ཉམས་སུ་བླང་།། བཞི་བཅུ་བཞི་ལ་སོགས་པ་ཡིས།། གདུལ་བྱ་དང་ཡང་དོར་མི་བྱ།། བསྲུང་བ་དེ་དག་གྲངས་བཏབ་པ།། དྲན་དང་ཤེས་བཞིན ་གྱིས་སྤྱོད་པ།། རྣལ་འབྱོར་དབང་ཕྱུག་ཆེན་པོར་གསུངས།། ཉམས་པར་གྱུར་པའི་རྒྱུ་དག་ནི།། མི་ཆོས་བློན་པོ་ལས་བྱེད་དང་།། བདག་སྟོང་གཞན་སྨོད་གཟུང་འཛིན་མཁས།། ཁེངས་དྲེགས་གཉིས་ཕྱིར་འདུ་བ་སྟེ།། རྫས་ལ་ཆགས་སེམས་རང་ཕྱོགས ་ཆེ་འོཆང་དང་རང་མཐོང་ལྟ་སྤྱོད་སྙེམས།། ཆོས་ལ་ཕྱོགས་རིས་ངོམས་སྦྱིན་དང་།། གསང་ཆུང་ལེ་ལོ་གཙང་རྨ་ཆེ།། སྒྲོ་སྐུར་གྲོགས་ཀྱི་ཉམས་ལེན་དང་།། འཁོར་བའི་རིགས་རྒྱུད་སྤེལ་འདོད་ཅིང་།། གཅིག་པུར་མི་དགའ་འདུལ་དགའ།། ཉི་ཤུ་ཉམས་པའི་རྒྱུར ་འགྱུར་རོ།། སྔ་རྟགས་སྔོན་དུ་འབྱུང་བ་ནི།། ཉམ་ང་བའི་ནད་རྣམས་དང་།། དགྲ་བགེགས་གཉིས་ལ་བདེ་མི་འཇུག། འཁོར་དང་ལོངས་སྤྱོད་ཡིད་འོང་འབྲལ།། ཡཾ་ག་མ་ཉེས་ལ་སོགས་འབྱུང་།། བརྩམས་པའི་ལས་ལ་འབྲས་མེད་ཅིང་།། ཡིད་དུ་མི་འོངས ་ཚོགས་འབྱུང་།། གལ་ཏེ་ཉམས་ལ་རྟགས་མེད་པར།། ལེགས་པར་སྣང་ན་མི་རུང་སྟེ།། བདེ་བཟང་མེད་གཏན་དུ་སྡུག། གལ་ཏེ་ཉམས་ལ་རྟགས་བྱུང་ན།། སྔོན་གྱི་རྣམ་སྨིན་ཟད་འགྱུར་ཕྱིར།། བསྐང་བའི་ལས་རྣམས་བརྩོན་བྱས་ན།། ངན་སོང་སྡུག་བསྔལ་མྱོང་མི ་འགྱུར།། ཉམས་པར་གྱུར་པའི་སྐྱོན་བཤད་པ།། བྱང་སེམས་དམ་ཚིག་ཉམས་གྱུར་ན།། བསྐལ་པར་དགེ་བ་ཅི་བསགས་ཀྱང་།། གཞི་རྟེན་མེད་པར་གྱུར་པ་ཡིས།། འཁོར་བའི་ཁམས་གསུམ་ཟག་པར་འགྱུར།། སྐུའི་དམ་ཚིག་ཉམས་གྱུར་ན།། ཡ ་ངའི་ནང་སོགས་སྡུག་བསྔལ་འབྱུང་།། དུས་མིན་ཚེ་ཟད་བར་ཆད་མང་།། བསྐལ་པར་རྡོ་རྗེ་དམྱལ་བར་ལྟུང་།། བདེ་བས་རབ་ཏུ་བྲེལ་བར་འགྱུར།། གསུང་གི་དམ་ཚིག་ཉམས་གྱུར་ན།། བགེགས་རྣམས་ཐོགས་མེད་འོང་བ་དང་།། རྐྱེན་དང་ཡེ་འདྲོག ་མང་བ་དང་།། ཆོས་ལ་བྱིན་བརླབས་མེད་འགྱུར་ཞིང་།། བསྐལ་པ་གཉིས་སུ་དམྱལ་བར་ལྟུང་།། སྒྲུབ་པའི་དཔེ་ལས་འདས་པར་འགྱུར།། ཐུགས་ཀྱི་དམ་ཚིག་ཉམས་འགྱུར་ན།། སྤྲོ་འབྲོད་དབང་པོ་ཉམས་དང་འཚལ།། མྱོས་ཤིང་སྐུར་པའི་གནས་སུ་འགྱུར།། ་གང་ཡང་སྦུབ་ལ་རྟགས་མེད་ཅིང་།། ལྕེ་ལ་ཞིང་རྨོ་ལ་སོགས་པའི།། དམྱལ་བར་བསྐལ་པ་གསུམ་ལ་གནས།། རྩ་བ་ཀུན་ཉམས་ཕལ་པ་དག། གསོལ་ཉེ་བར་མི་བརྩོན་ན།། རྡོ་རྗེ་དམྱལ་བར་དེ་ལྟུང་སྟེ།། དམྱལ་བ་ཕལ་བ་ཐམས་ཅད་ཀྱི།། སྡུག ་བསྔལ་གཅིག་ཏུ་བསྡོམ་པས་ནི།། དེའི་འབུམ་གྱི་ཆར་མི་ཕོད།། སངས་རྒྱས་སྟོང་གི་འོད་ཟེར་དང་།། བྱང་ཆུབ་སེམས་དཔའི་འཕྲིན་ལས་ཀུན།། རྒྱུན་དུ་མཛད་ཀྱང་ཕན་མི་འགྱུར།། བསྐལ་པ་ཐེར་འབུམ་ལ་སོགས་སུ།། དེ་ནི་ཐོན་པར་མི ་འགྱུར་ཏེ།། འཇིག་རྟེན་འཇིག་ནའང་གཞན་དུ་འཕོ།། ས་གོལ་གཅིག་གིས་བྱིན་པར་བྱེད།། དེ་བས་ཤིན་ཏུ་ནན་ཏན་གྱིས།། ཡན་ལག་དམ་ཚིག་ཉམས་གྱུར་ན།། ལོངས་སྤྱོད་མང་དུ་འཕེལ་བ་མེད།། ཐེག་པ་ཆེ་ལ་འཕྱས ་འདོགས་ཤིང་།། ཐུན་མོང་མཆོག་གིས་དངོས་གྲུབ་རྣམས།། ཤིན་ཏུ་རིང་བར་གྱུར་པ་དང་།། གདུལ་བྱའི་དོན་རྣམས་ཡིལ་འགྱུར་ཞིང་།། ལྷ་སྤྱོད་ཡ་ཆར་གྱུར་པ་ཡིས།། ཐེག་པ་ཕྱིན་པོ་འདྲེས་པ་ཉིད།། བཀའི་བྱིན་ཉམས་འགྲུབ་པར་དཀའ། ་བསྲུང་བའི་ལྷ་རྣམས་གཡེལ་བ་དང་།། ཟབ་མོའི་ཆོས་ལས་རིང་འགྱུར་ཞིང་།། བསྐལ་པར་ངན་སོང་ལྟུང་བར་འགྱུར།། རྣལ་འབྱོར་སྔོ་སྐམས་ཉིད་དུ་འགྱུར།། རྣལ་འབྱོར་སྐྱེས་བུ་ཆེན་པོ་ཡིས།། དམ་ཚིག་མ་ཉམས་གཞུང་མཐུན་དང་།། ལུས་ལ ་ནད་ཉུང་མཚན་ལྡན་ཞིང་།། ཐུན་མོང་ཉེས་བྱས་དག་པར་འགྱུར།། སྲིད་པ་གསུམ་ལ་དབང་བསྒྱུར་ཞིང་།། ཐེག་ཆེན་ཟབ་མོའི་དོན་ཐོབ་གྱུར།། གསུང་གིས་ལྷ་མཉེས་རྒྱུད་འཕེལ་ཞིང་།། མཐུ་དང་བྱིན་རླབས་བསམ་མི་ཁྱབ།། ལས ་རྣམས་དུས་སུ་འགྲུབ་པར་འགྱུར།། བསམ་པ་ཐམས་ཅད་ཡོངས་སུ་རྫོགས།། ཐུགས་ཀྱི་སྐྱོ་དུབ་མེད་པ་དང་།། མན་ངག་སྣོད་འགྱུར་དངོས་གྲུབ་ཉེ།། དགོངས་ཟབ་དོན་ལ་མཁས་པ་དང་།། ལྷ་རྣམས་ཀྱིས་ནི་དབང་བསྐུར ་འགྱུར། ཡན་ལག་དམ་ཚིག་མ་ཉམས་ན།། སྐྱོན་བཟློག་པ་ཉིད་ཡོན་ཏན་འགྱུར།། བདུད་བཞི་བཅོམ་ཞིང་ངན་སོང་སྐྱོབ།། ཐེག་ཆེན་ལྟ་སྤྱོད་གཞུང་བསྲང་བས།། ལྷ་རྣམས་འགྲོ་ཞིང་བསམ་པ་འགྲུབ།། ་དོན་གཉིས་ཡོངས་སུ་རྫོགས་པར་འགྱུར།། ཐེག་ཆེན་དམ་ཚིག་ལ་གནས་ན།། འོག་མའི་འདུལ་སྡོམ་དམ་ཚིག་ཀུན།། བསྲུང་བ་མེད་པར་ཐུབ་པས་ན།། དགེ་སློང་བྱང་ཆུབ་སེམས་དཔའ་དང་།། རྣལ་འབྱོར་རྣལ་འབྱོར་ཆེན་པོ ་ཡིན། ཉམས་ན་བསྐང་བའི་ཐབས་རྣམས་ནི།། བྱང་ཆུབ་སེམས་ཀྱི་དམ་ཉམས་ན།། མཁས་ལ་གནས་ཏེ་གནས་པར་བྱ།། སྐུ་ཡིས་དམ་ཚིག་ཉམས་གྱུར་ན།། གང་ལ་ཉམས་པ་དེར་སོང་ལ།། ནོར་རྫས་མཉེས་པ ་དེར་ཕུལ་ནས།། གང་ཉེས་ཚིག་ཏུ་བཤགས་བྱས་ལ།། ཕྱིན་ཆད་སྡོམ་པ་ལེགས་པར་བཅའ།། གལ་ཏེ་གྲོངས་ཆང་གྱུར་པ་ན།། དེ་ཡི་སློབ་དཔོན་བཞུགས་པ་ལ།། དམ་ཚིག་གོང་མ་བཞིན་དུ་བཤགས།། མེད་ན་མཉམ་པ ་བརྒྱ་ལ་བཤགས།། དེ་ཡང་རྙེད་པར་མ་གྱུར་ན།། དེ་དང་མཉམ་པ་གསུམ་བཀུག་ལ།། སྦྱིན་སྲེག་མེ་ཐབ་རབ་བརྩིགས་ནས།། དཀྱིལ་འཁོར་ལྷ་ལ་མཆོད་རྗེས་སུ།། སྤྱན་དྲངས་གསང་མཚན་ལ་སོགས་མཆོད།། གོང་དུ་སྨོས་པའི་ཡོན་རྣམས ་ཀྱང་མཉམ་པོ་གསུམ་ལ་དབུལ་བར་བྱ།། གལ་ཏེ་གུས་པར་མི་ལེན་ན།། གཉིས་ཀ་རྡོ་རྗེ་དམྱལ་བར་སྐྱེ།། དེ་བས་མྱུར་དུ་ཚངས་པ་བྱ།། གསུང་གི་དམ་ཚིག་ཉམས་གྱུར་ན།། སྒོ་གསུམ་སྐུ་གསུང་ཐུགས་ཉིད་དུ།། ངེས་པར་ཤེས་ཏེ ་སྐོངས་པར་འགྱུར།། བཟླས་པ་སྔགས་ཀྱིས་བསབ་པ་དང་།། བསྒྲུབ་པ་ཆེན་པོ་གསུམ་གྱིས་བསྐང་།། ཐུགས་ཀྱི་དམ་ཚིག་ཉམས་གྱུར་ན།། འགྲོ་དྲུག་སེམས་སུ་གསལ་རྟོགས་ན།། བདག་ཉིད་བདག་ལ་གསང་བར་བྱེད།། མི་རྟོག་ཏིང ་འཛིན་རླུང་ཞུགས་ཏེ།། མ་ཡེངས་བློ་ལ་འགྲིས་པར་བྱའོ།། ཡན་ལག་དམ་ཚིག་ཉམས་གྱུར་ན།། གང་འདས་དེ་ཉིད་སོར་བཅུག་ལ།། བརྒྱ་རྩ་བརྒྱད་ཀྱི་ཚོགས་ཀྱིས་བསྐང་།། དེ་ལྟར་ཉམས་སུ་བླངས ་ན་སྐོངས།། སྔ་རྟགས་སྡུག་བསྔལ་འབྱུང་མི་འགྱུར།། དམ་ཚིག་ཆེན་པོ་དཔེས་བསྟན་པ།། ས་གཞི་ལྟ་བུའི་རང་བཞིན་པས།། ལམ་དང་འབྲས་བུའི་ཆོས་རྣམས་ཀུན།། དམ་ཚིག་མེད་པར་འབྱུང་མི་སྲིད།། སུ་མཐའི་མཁར་གྱི་རང་བཞིན ་པས།། སྲུང་བ་ཐུབ་དང་མ་ཐུབ་ལས།། ལེགས་ཉེས་སྟོབས་ཆེན་སྤྱོད་པའོ།། རིན་ཆེན་ལྟ་བུའི་རང་བཞིན་པས།། དངོས་གྲུབ་དགོས་འདོད་ཐམས་ཅད་འབྱུང་།། ནམ་མཁའ་ལྟ་བུའི་རང་བཞིན་པས།། འདི་ཡོད་ཐམས་ཅད་ཤོང་བར ་འགྱུར།། རྣོ་དཔལ་མཚོན་གྱི་རང་བཞིན་པས།། འཁོར་བའི་དྲ་བ་གཅོད་པ་ལ།། ཕ་མ་ལྟ་བུའི་རང་བཞིན་པས།། དུས་གསུམ་རྒྱལ་བ་ཐམས་ཅད་སྤྱོད།། རྒྱ་མཚོ་ལྟ་བུའི་རང་བཞིན་པས།། རླབས་ཆེན་དུས་དུས་འབྱུང་བར་བྱེད།། ་མེ་དཔུང་ལྟ་བུའི་རང་བཞིན་པས།། གངས་མཚོ་ཐམས་ཅད་ཚིག་པར་འགྱུར།། དེ་བཞིན་རྩི་སྨན་རང་བཞིན་པས།། འཁོར་བའི་གཙང་རྙིང་མ་ལུས་འབྱིན།། རྒྱལ་པོ་ལྟ་བུའི་རང་བཞིན་པས།། ཕྱོགས་འགའ་བརྟེན་ཡང་རིམས་ཀྱིས ་འཚོ།། རྒྱ་མཚོ་ནོར་ལེན་དེ་ད་དཔོན་དང་།། ཐོག་མ་ནས་མཐར་འདིས་ཕྱིན་པས།། འདི་ལ་ཤིམ་ཏུ་ནན་ཏན་བྱའོ།། དམ་ཚིག་དམ་ཚིག་ཅེས་བྱ་བ།། གུད་ན་ཡོད་པ་མ་ཡིན་ཏེ།། རང་གི་སེམས་ཉིད་དམ་ཚིག་ཡིན།། ཇི་སྙེད་སྣང ་བའི་ཆོས་རྣམས་ཀུན།། རང་རིག་རྐྱེན་བྲལ་ཉིད་སྣང་བས།། ཅིར་སྣང་ཅིར་སྲིད་རང་རིག་ཉིད།། འགྲོ་ལྡོག་སྤྱི་ཚུགས་གང་སོང་ཡང་།། སྙིང་པོའི་དོན་ལས་འདའ་མི་སྲིད།། རང་བཞིན་དམ་ཚིག་ཆེན་པོ་ཡི།། རང་བཞིན་ལྷུན་གྲུབ་དམ་ཚིག ་ལ། དེ་རིགས་པས་ཕྱིན་ཅི་མ་ལོག་ན།། མངོན་སྣང་གདགས་པའི་ཆོས་མེད་པས།། ལྟ་བའི་དམ་ཚིག་ཆེན་པོར་བཤད།། དེ་དག་བློ་ལ་འདྲིས་པ་ཡིས།། སྤྱོད་ལམ་ཀུན་ཡང་མ་ཉམས་པར།། ཏིང་འི་ཛིན་རྒྱུན་གྱི ་དམ་ཚིག་སྟེ།། སངས་རྒྱས་ཉིད་དང་སྤྱོད་ཡུལ་གཅིག། འདི་ལ་བསྲུང་བ་ཅི་ཡང་མེད།། ཉམས་པ་རྡུལ་ཙམ་འབྱུང་མི་སྲིད།། མ་འགགས་སྤྱོད་པ་འཛིན་མེད་པས།། ལྷག་པའི་དམ་ཚིག་རྣམ་བཞི་ལྡན།། བསྲུང་བྱེ་མ་ལུས ་འདིར་འདུས་ཕྱིར།། དམ་ཚིག་ཀུན་གྱི་མདོ་ཞེས་སོ།། སྒྱུ་འཕྲུལ་རྣམ་བཀོད་གཏོར་ཚོགས་རྒྱ་མཚོའི་རྒྱུད་ཆེན་ལས།། ལམ་འབྲས་སྙིང་པོ་མེ་ལོང་བཅུ་གཅིག་གིས་མ་ཚན་པ།། འཁོར་བའི་དང་མཆུས་ཚུལ ་གྱིས་སྒེག་པའི་བློས་བསྡུས་པའི།། དགེ་རྩས་ཀུན་ཀྱང་དམ་གནས་འགྲོ་ཀུན་བྱང་ཆུབ་ཤོག། སྤྱིའི་དམ་ཚིག་མདོར་བསྡུས་པ།། དཔལ་སྒེག་པའི་རྡོ་རྗེས་མཛད་པ།། དམ་ཚིག་ཆེན་པོའི་མདོ་རྫོགས་སོ།། ་