CLOSE WINDOW

GT2542: theg pa chen po'i lam gyi rim pa
Wyliee-texts produced with BDRC’s OCR application

ལ་ཕབ་པའོ།། ། རྒྱ་གར་སྐད་དུ། མ་ཧཱ་ཡཱ་ན་བཱི་ད་ཀྲ་མ། བོད་སྐད་དུ། ཐཱག་པ་ཆེན་པོའི་ལམ་གྱི་རིམ་པ། དཔལ་འཇམ་པའི་མགོན་ལ་ཕྱག་འཚལ་ལོ།། དཔལ་ལྡན་མགོན་པོ་ཀུན་རང་བཞིནི།། རྣམ་སྣང་མཛད ་ལ་ཕྱག་འཚལ་ཏེ།། སྐལ་ཆེན་དང་ལྡན་དགའོ་བའི་ཕྱིར།། ཐིག་ཆེན་ལམ་རིམ་བཤད་པར་བྱ།། གང་ཞིག་མི་ཁོམ་གནས་སྤངས་ཏེ།། ཆོས་སྤྱོད་སྐལ་པ་ལྡན་པའི་ཚེ།། བདག་ཉིད་བརྩོན་པར་མོ་བྱེད་པ།། འཆི་བའི་སྡུག་བསྔལ་གྱིས་ཉན་ཅིང ་བཞིན་གྱུར་མདངས་ཡལ་བཀྲག་བྲོས་ཚེ།། བདག་ལ་འགྱོད་པར་ཙས་མི་འགྱུར།། འཚོ་བ་ཕྲ་མོའི་ཆེར་དག་ཏུ།། སྡུག་བསྔལ་ཆེན་པོ་བཟོད་གྱུར་ན།། སྡུག་བསྔལ་ཀུན་དང་བྲལ་འདོད་པས།། བཟོད་པ་ཆེན་པོ་ཅིས་མི་བསྟེན།། དེ་བས་སྡུག་བ། ་འདོད་འདོད་རྣམས།། ཐེག་ཆེན་ལམ་ལ་བརྩོན་པ་དང་།། དགེ་བའི་བཤེས་ལ་བསྙེན་བཀུར་ཞེས།། བདག་ནི་ཕྱེད་ལ་དེ་སྐད་གདམས།། ལྔ་བརྒྱ་ཐ་མའི་དུས་ཀྱི་ཚེ།། སྙིགས་མ་ལྔ་ཡི་སེམས་ཅན་རྣམས།། ཐེག་ཆེན་སྐལ་ལྡན་ངོ་མཚར་ཆེ།། དེ་བས་ན ་སྤྲོ་བ་ཆེན་པོ་བསྐྱེད།། དེ་ལ་ཐེག་ཆེན་རྣམ་གཉིས་ཏེ།། ཕ་རོལ་ཕྱིན་སོགས་ཐེག་པ་དང་།། ཐེག་པ་ཆེན་པོ་གསང་སྔགས་ཏེ།། དེ་དོན་བསྡུས་རྒྱས་ཤིན་ཏུ་རྒྱས།། ངོ་བོ་ལ་སོགས་བརྗོད་པར་བྱ།། དང་སོགས་བཅུས་རྣམས་མཉན་པར་གྱིས།། གང ་ཞིག་ཕ་རོལ་ཕྱིན་འདོད་པས།། ཆོ་ག་ལྔ་ཡི་རིམ་པ་ཡིས།། ལམ་རྣམས་ལ་ནི་བགྲོད་བྱ་སྟེ།། ཕ་རོལ་ཕྱིན་སོགས་ལྡན་པར་རོ།། སེམས་བསྐྱེད་སྡོམ་པ་ནོད་པ་དང་།། དེ་བསྲུང་མཚན་ཉིད་ཤེས་བྱ་དང་།། སེམས་སྤྱད་སྤྱོད་པ་དགྲ་པ་སྟེ།། འདི་ནི་ཆོ་ག་ལྔན ་འདོད་དོ།། བསྔོས་པའི་ཚི་གསུ་བཅད་པའོ།། ད་ནི་དེ་ཉིད་རྒྱུས་པར་བྱ་སྟེ། དེ་ཡང་དྲང་པོ་རིགས་དང་ལྡན་པའི་གང་ཟག་གིས། ཡང་དག་པའི་དགེ་བའི་བཤེས་གཉེན་ལ། བྱང་ཆུབ་མཆོག་ཏུ་སེམས་བསྒྲེད་པར་བྱ་ཞིང་། སྡོམ་པ་ནོད་པར ་དེ་ནས་དེ་མི་ཉམས་པར་བསྐྱང་བ་ལ་འབད་པར་བྱའོ།། དེ་ལྟར་སྣོད་དུ་རུང་བ་དང་ཐོས་པའི་ཤེས་རབ་ཀྱིས་ཐེག་པ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་མཉན་ནུས། སྤང་བར་བྱ་བ་དང་། སྤོང་བྱེད་དང་། སྦྱོང་བའི་ཐབས་དང་།། ་སྤངས་པའི་འབྲས་བུ་ལ་སོགས་པའི་མཚན་ཉིད་ཤེས་པར་བྱའོ།། དེ་ནས་སེམས་སྦྱང་བར་བྱ་སྟེ། དེ་ཡང་ཡན་ལག་རྣམ་པ་ལྔའོ།། དེ་ལ་ཡན་ལག་ལྔ་ནི། ལམ་དང་ལམ་གྱི་གྲོགས་རྒྱུད་ལ་བསྐྱེད་པ་དང་། སྤང་བར་དེའི་ཡུལ་དང་། སྤང ་བར་བྱ་བ་དང་། སྤང་བའི་ཐབས་དང་། ལམ་དེས་སྤངས་པའི་འབྲས་བུའོ།། དེ་ལ་ལམ་ནི་ཚོགས་ཀྱི་ལམ་དང་། སྦྱོར་བའི་ཐ་ལམ་དང་། མཐོང་བའི་ལམ་དང་། སྒོམ་པའི་ལམ་མོ།། ལམ་གྱི་ཡན་ལག་ནི་ཞི་གནས་དང་། ་ལྷག་མཐོང་རྣམ་པ་གཉིས།། ཡུལ་ནི་འཇུག་པའི་ཡུལ་དང་། དམྱིགས་པའི་ཡུལ་རྣམ་གཉིས།། སྤང་བར་བྱ་བ་ནི་ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པའོ།། སྤང་བའི་ཐབས་ནི་ལམ་གྱི་རིམ་པ་བཞིན་དུ་བྱ་སྟེ། སྤང་བྱ་ཆེན་པོ་གཉེན ་པོ་ཆུང་ངུས་སྤོང་ལ། སྤང་བྱ་ཆུང་ངུ་གཉེན་པོ་ཆེན་པོས་སྤོང་བའོ།། སྤངས་པ་ལས་འབྲས་བུ་རྣམ་པ་གཉིས་འབྱུང་ངོ་།། སྤྱོད་པ་དག་པར་བྱ་བ་ནི་རྣམ་པ་གཉིས་ཏེ། འགྲོ་བ་ལ་སོགས་པའི་གནས་སྐབས་དང་། མཉམ་པོར་མ་བཞག་པའི་གནས ་སྐབསོ།། དེ་ལྟར་རྒྱས་པར་བསྟན་ནུས་ཤིན་ཏུ་རྒྱས་པར་བསྟན་པར་བྱ་བའི་ཕྱིར་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ངོ་བོ་ལ་སོགས་པ་བརྗོད་པར་བྱ་སྟེ། བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཡུལ་ནི་གཞན་གྱི་དོན་ནོ།། ངོ་བོ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད ་པའོ།། དབྱེ་བ་ནི་རྒྱས་པར་དབྱེ་ན་ཉི་ཤུ་དང་གཉིས་སོ།། བསྡུ་ན་རྣམ་པ་བཞིའོ།། ཤིན་ཏུ་བསྡུས་ན་རྣམ་པ་གཉིསོ།། དེ་ལ་ཉི་ཤུ་རྩ་གཉིས་ནི་ཆོས་ཐམས་ཅད་མངོན་པར་བྱང་ཆུབ་འདོད་པས། འདུན་པ་ས་ལྟ་བུ་དང་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྤྱོད་པའི་མཚན ་ཉིད་དེ་དུ་མི་འགྱུར་བར་འདོད་པས་ན་བསམ་པ་གསེར་ལྟ་བུ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ལ་སོགས་པ་དེ་དག་འཕེལ་བར་འདོད་པས། ལྷག་པའི་བསམ་པ་ཟླ་བ་ཆེས་པ་ལྟ་བུ་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་མེའི་ཁྱད་པར་དང་འདྲ་བ་རྟོགས ་པས་སྦྱོར་བ་མེ་ལྟ་བུ་དང་། སེམས་ཅན་ཚད་མེད་པའི་རྒྱུ་ཚིམ་པར་མཛད་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གཏེར་ལྟ་བུ་དང་། ཡོན་ཏན་རིན་པོ་ཆེ་རྣམས་དེ་ལས་འབྱུང་བས་ན་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རིན་པོ་ཆེའི་འབྱུང་གནས་ལྟ་བུ་དང་། མི་སྡུག ་པའི་མཚན་མ་ཐམས་ཅད་ཀྱིས་མི་བསྐྱོད་པས་ན་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་རྒྱ་མཚོ་ཆེན་པོ་ལྟ་བུ་དང་། ཡང་དག་པའི་ཤེས་པ་ལ་བརྟན་པས་མི་ཕྱེད་པའི་ཕྱིར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་ལྟ་བུ་དང་། དམིགས་པ་ཐམས་ཅད་ཀྱི་རྣམ ་པར་གཡེང་བསྡུ་བསྒྲལ་པར་མི་ནུས་བོས་ན་བསྣམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་རི་བོ་ལྟ་བུ་དང་། སྐྲོད་པ་གཉིས་ཀྱི་ནང་རབ་ཏུ་ཞི་བར་མཐོང་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྨན་ལྟ་བུ་དང་། གནས་སྐབས་ཐམས་ཅད་སེམས་ཅན་ཐམས་ཅད ་ཀྱི་དོན་ཡོངསུ་མི་སྟེང་བས་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་བླ་མ་ལྟ་བུ་དང་སྤྲིན་ལམ་ཇི་ལྟ་བུ་འབྲས་བུས་དོན་མཛད་པས་སྨོན་ལམ་གྱི་ཕ་རལ་ཏུ་ཕྱིན་པ་ཡིད་བཞིན་གྱི་ནོར་བུ་རྙེང་། གདུལ་བྱའོ་སྐྱེ་བོ་རྣམས་ཡོང་སུ་སྨིན་པར་བྱེད་པས་ན་སྟོབས་ཀྱི་ཕ་རོལ ་ཏུ་ཕྱིན་པ་ཉི་མ་ལྟ་བུ་དང་། གདུལ་བྱའི་སྐྱེ་བོ་རྣམས་ཀྱི་ཡིད་དགའ་བར་བྱེད་པའི་ཆོས་སྟོན་པས་ནི། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དབྱངས་སྙན་པ་ལྟ་བུ་དང་། མཐུ་ཐོགས་པ་མེ་པའི་མངོན་པོར་ཤེས་པ་དང་། ལྷན་ཅིག་པར་གཏོགས་པ་ནི་གཞན་གྱི་དོན་སྦྱར ་མཇེད་པས་ན་རྒྱལ་པོ་ལྟ་བུ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ལྷན་ཅིག་པར་གཏོགས་པ་ནི་མཛོད་ལྟ་བུ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དང་ལྷན་ཅིག་པར་གཏོགས་པ་ནི་འཕགས་པ་ཐམས་ཅད་ཀྱི་རྗེས་སུ་འགྲོ་ཞིང་བཞུད་པས་མི ་ཆེན་པོ་ལྟ་བུ་དང་། ཞི་གྲནས་དང་ལྷག་མཐོང་དང་ལྷན་ཅིག་པར་གཏོགས་པ་ནི་འཁོར་བ་དང་མྱ་ངན་ལས་འདྲས་པར་མི་ལྟུང་བར་བདེ་བླག་ཏུ་འགྲོ་བས་བཞོན་པ་ལྟ་བུ་དང་། གཟུངས་དང་སྤོབས་པ་དང་ལྷན་ཅིག ་པར་གཏོགས་པ་ནི་བསྟན་པ་མཐའ་ཡས་པ་འཛིན་ཅིང་མི་ཟད་པས་བཀོད་མ་ལྟ་བུ་དང་། ཆོས་ཀྱི་དབྱིངས་ལྷན་ཅིག་པར་གཏོགས་པ་ནི་ཐར་པ་འདོད་པ་རྣམས་ཀྱིས་ཐོས་ན་དགའ་བ་ཡིན་པས་སྒྲ་བརྙན་པ་ལྟ་བུ་དང་། བགྲོད་པ་གཅིག་པའི ་ལམ་དང་ལྡན་ཅིག་པར་གཏོགས་པ་ནི། ཐམས་ཅད་ཀྱི་རྒྱུ་གཅིག་པུ་ཡིན་པའི་ཕྱིར། རང་གི་ངང་གིས་འཇུག་པའི་ཕྱིར་ཆུ་བོའི་རྒྱུན་ལྟ་བུ་དང་། ཆོས་ཀྱི་སྐུ་དང་ལྷན་ཅིག་པར་གཏོགས་པ་ནི་དོན་གྱི་བྱ་བ་ཐམས་ཅད་དེ་ལ་རག་ལས་པས་སྤྲིན་ལ ་བུའོ།། དེ་ལྟར་ཉི་ཤུ་རྩ་གཉིས་པོ་དེ་ཉིད་བཞིར་བསྡུ་སྟེ། དེ་ཡང་འདུན་པ་ལ་སོགས་པ་གསུམ་ནི། ལས་དང་པོ་པའི་གནས་སྐྱབས་ཏེ། ཆུང་དང་འབྲིང་དང་ཆེན་པོའོ།། སྦྱོར་བ་ནི་ངེས་པར་འབྱེད་པའི་གནས་སྐབས་སོ།། སྦྱིན་པ་ལ་སོགས་པ་བཅུ ་ནི་རྒྱུའི་གནས་སྐབས་སོ།། མངོན་པར་ཤེས་པ་ལ་སོགས་པ་བརྒྱད་ཀྱིས་ནི་འབྲས་བུ་སྟེ། དེ་ཡང་དང་པོ་ལྔ་ནི་ཁྱད་པར་གྱི་ལམ་མོ།། འོག་མ་གསུམ་ནི་སྦྱོར་བ་དང་། དངོས་དོང་མཇུག་གི་སྒོ་ནུས་སངས་རྒྱས་ཀྱི་སས་བསྡུས་པ་སྟེ། སེམས་གང་གིས ་དང་པོའི་ལས་ལས་མངོན་པར་སྦྱོར་བ་དང་། གང་གི་ལས་རྫོགས་པར་བྱེད་པ་དང་། ལས་རྫོགས་པར་བྱས་པ་ལས་ལེགས་པར་བྱས་པས་སོ།། ཞེས་བྱ་བ་ལ་སོགས་པ་དང་གོ་རིམས་བཞིན་ནོ།། དེ་དག་ཉིད་གཉིས་སུ་བསྡུས་ཏེ། དང་པོ་གསུམ་ནི་སྨོན་པའི ་སེམས་སོ།། ལྷག་མ་བཅུ་དགུ་ནི་འཇུག་པའི་སེམས་ཏེ། དེ་ལ་སྨོན་པ་ནི་དོན་དུ་གཉེར་བའི་རྒྱུ་སྟེ། དེས་ན་འདིར་གཞན་གྱི་དོན་གྱི་ཕྱིར་སངས་རྒྱས་སུ་འགྲུབ་པར་གྱུར་ཅིག་ཅེས་གསོལ་བ་འདེབས་པ་ནི་སྨོན་པའོ།། འཇུག་པའི་སེམས་ནི་སྡོམ་པ་འཛིན་པ ་སྔོན་དུ་འགྲོ་བས་སྦྱིན་པ་ལ་སོགས་པ་ཉམ་སུ་ལེན་པ་ནི་འཇུག་པའི་དོན་ཡིན་ནོ།། དེ་ལ་སྡོམ་པའི་ངོ་བོ་ནི་སྡོམ་པའི་སེམས་པ་སྟེ། ལྔ་ཀུན་ཏུ་འགྲོ་བའི་སེམས་པ་ཉིད་དོ།། དེའི་མཚན་ཉིད་ནི་བསྟན་དུ་མེད་པའོ།། དེབྱ་བའི་བུད་མོང་སྟེ། སྲོག་གཅོད་པ་སྤོང་བ་ལ་སོག་པ་དང ་མོང་མ་ཡིན་པ་སྟེ། གནོད་སེ་མྦ་ལ་སོག་པ་སྤོང་ཞིང་གཞན་གྱི་དོན་ལ་འབད་པ་ལ་སོག་པ་།། སྡོམ་པཱི་སམས་བདྭེ་ལུས་དག་ཡིད་གསུམ་བྱ་བ་མ་ཡིན་པཱི་ལས་ལ་མི་ལསུ་བཱ་སྡོམ་པའོ།། སོས་བསྐྱེད་ཅིང་སྡོམ་པ་གདང་པ་ཡང་ཁྲོ་མ་བྱུབ་ཏུ་སེམས་བསྐྱེད་ཅིང་། སྡོམ་པ་ལ་གནབས་ཁྱ་བ་དུས་པ་དང་ལྡན་པ་ལ་ང། དེ་མེ་ད་རྒྱས་དམྱ་ཚུལ་ནོ་འདི་ལྗི་འི་ས་བྱའོ།། སུ་ཙུང་ཅི་སྔོ་བ་དོད་རྩོགའོ།། དེན་བསྲུང ་བར་བྱ་སྟེ་སྲོག་གི་ཕྱིར་ཡང་སྡོམ་པ་ཉམས་པར་མི་བྱ་སྟེ། བདག་ཉིད་ཤི་བ་ནི་བླའི་ཚེ་རབས་ཐམས་ཅད་དུ་ཤ་བསགས་ན་ནི་རི་རབ་པས་ཆེ་ལ། ཁྲག་བསགས་ན་ནི་རྒྱ་མཚོ་བས་མང་ཞིང་། རུས་པ་བསགས་པར་གྱུར་ན་ནི་རྩི་ཤིང་པས་མང་ཞིང་། དོན་མེད ་པར་འཁྱམས་ནས་ཚེ་འདིའི་བར་དུ་མི་གཙང་བའི་ཕུང་པོ་སྣ་ཚོགས་པ་བླངས་ཤིང་། འཁོར་བའི་སྡུག་བསྔལ་ཆེན་པོ་ཡང་དང་ཡང་དུ་ཉམ་སུ་མྱོང་བར་གྱུར་པས། སྡོམ་པ་ནི་ཉམས་པར་མི་བྱའོ།། སྡོམ་པ་ཡང་ཇི་ལྟར་བླ་མ་ལས་བླངས་པ་བཞིན་དུ་བསྲུང་བ ་ལ་འབད་པར་བྱའོ།། དེ་མི་ཉམས་པར་བསྲུང་བའི་ཆོ་གའོ།། དེ་ལྟར་ཐེག་པ་ཆེན་པོའོ་སྣོད་དུ་རུང་བ་དེ་ཐེག་པ་ཆེན་པོའི་གདམས་ངག་མཉན་ནས། ཐེག་པ་ཐུན་མྱོང་གི་ཆོས་དང་། ཐུན་མོང་བ་ཡིན་པའི་ཆོས་ཀྱི་སྤང་བྱ་ལ་སོགས་པའི་མཚན་ཉིད་ཐམས ་ཅང་ཤེས་པར་བྱ་སྟེ། མཚན་ཉིད་མ་ཤེས་པར་ནི་བསྒྲུབ་པར་མི་ནུས་ཏེ། དམུས་ལོང་གི་མར་ལ་སོགས་པ་བཞིན་ནོ།། དེ་བས་ན་ཐོས་པའི་ཤེས་རབ་སྔོན་དུ་སོང་བྱས་མཚན་ཉིད་ཤེས་པར་བྱའོ།། མཚན་ཉིད་ཡོངསུ་ཤེས ་པར་བྱ་བའི་ཆོ་གའོ།། དེ་ལྟར་སྣོད་དུ་རུང་ཞིང་མཚན་ཉིད་ཤེས་པར་བྱས་པ་དེས། སེམས་སྦྱང་བའི་ཕྱིར་ཏིང་ངེ་འཛིན་བསྐྱེད་པར་བྱ་སྟེ། ཐོས་པ་ཙམ་གྱིས་འགྲུབ་པར་མི་འགྱུར་རོ།། དེ་བས་ན་བསྒོམ་པའི་ཤེས་རབ་ཀྱིས་སེམས་སྦྱང་བར་བྱའོ།། དེ་ཡང་ཡན ་ལག་རྣམ་པ་ལྔ་སྟེ། རིགས་དང་ལྡན་པའི་གང་ཟག་གིས་ལམ་རྒྱུད་ལ་བསྐྱེད་པ་དང་། དེ་ཡི་ཡུལ་དང་། སྤང་བར་བྱ་བ་དང་། སྤང་བའི་ཐབས་དང་། སྤང་བའི་འབྲས་བུའོ།། ལམ་རྒྱུད་ལ་བསྐྱེད་པ་ལ་ཡང་ལམ་གྱི་གྲོགས་ཞི་གནས་དང་། ལྐོག་མཐོང་ལ་བསླབ་པ། ་དང་། དེ་ནས་ལ་མེ་དངོས་ཏེ་ཐབས་དང་ཤེས་རབ་ལ་བསླབ་པའོ།། དེ་ལ་ཞི་གནོས་ནི་དངོས་པོ་གང་ཡང་རུང་བ་ཞིག་ལ་ངེས་པར་བྱ་སྟེ། སེམས་ཀྱི་རྒྱུན་གྱི་སྐད་ཅིག་མ་དེ་ཉིད་དུ་ཡང་དང་ཡང་གཏད་པར་བྱའོ།། གང་གི་ཡུལ་དེ་ལ་སེམས་གནས་པར་གྱུར་པ་དེའི ་ཆེཚེ། ཞི་གནས་རྫོགས་པ་ཡིན་པར་ཤེས་བྱའོ།། ལྷག་མཐོང་ནི་ཞི་གནས་ཀྱི་འབྲས་བུ་ཡིན་ཏེ། དོན་དེ་ཉིད་ལ་དཔྱོད་པའོ།། ལྷག་མཐོང་གི་འབྲས་བུ་ནི་ཟུང་དུ་འབྲེལ་པ་སྟེ། ཡུལ་གང་ལ་ཡང་མི་གནས་པས་ཡུལ་དེ་ཉིད་བྱེ་བྲག་ཏུ་མཐོང་ལ། དེ་ཉིད་ཀྱི་ཚེ་སེམས ་རྩེ་གཅིག་ཏུ་གྱུར་པས་དམིགས་པ་དུ་ལ་མ་ལ་རྒྱུག་པ་རབ་ཏུ་ཞི་བར་གནས་པའོ།། གལ་ཏེ་རྣལ་འབྱོར་པ་དེ་འདོད་ཆགས་ལ་སོགས་པས་སེམས་གཡེང་བར་གྱུར་ན་འདོད་ཆགས་ཀྱི་གཉེན་པོར་ནི་མི་སྡུག་པ་སྟེ། མི་གཙང་བ་ལ་སོགས་པ་སྒོམ་པའོ།། ། ་དེ་བཞིན་དུ་ན་སྤྱ་གི་གནན་པར་ན་བྱམས་པའོ།། ག་མུག་ག་གཉེན་པ་ན་རྟེན་ཅིང་འབྲེལ་པར་འབྱུང་བའོ།། ང་རྒྱལ་གྱི་གཉེན་པོར་ན་ཁམས་ཀྱི་རབ་ཏུ་དབྱེ་བའོ།། བྱིང་བའི་གཉེན་པོར་སྣང་བའི་འདུ་ཤེས་དང་། སངས་རྒྱས་ལ་སོགས་པའི་ཡོན ་ཡིད་ལ་བྱེད་པའོ།། རྒོད་པའི་གཉེན་པོར་ནི་མི་རྟག་པ་ཡིད་ལ་བྱེད་པས་སྔོན་རྒོད་པ་དང་རྩེ་ཞིང་དགའ་བ་རྗེ་སུ་དྲན་པ་དེ་ཡང་ཞི་བར་བྱའོ།། སེམས་དེར་མ་དགོའ་བར་གྱུར་པའི་ཚེ་ནི་མི་དགའ་བའི་སྐྱོན་བསམ་ཞིང་ཏིང་འཛིན་གྱི་ཡོན་ཏན་ལ་བསམ་པས ་དེ་ཡང་ཞི་བར་བྱའོ།། བྱིང་རྒོད་ལ་སོགས་པ་དང་བྲལ་ནས་སེམས་ཆ་མཉམ་པར་འཇུག་ཅིང་གནས་པར་གྱུར་པའི་ཚེ། བསྒྲིམ་པ་གློང་ལ་བཏང་སྙོམསུ་བྱ་སྟེ། སེམས་མཉམ་པར་འཇུག་པ་ལ་བསྒྲིམ་པར་བྱས་ན་གཡེང་བར་འགྱུརརོ།། དེ་ལྟར་ཞི ་གནས་དང་། ལྐོག་མཐིང་ལ་སློབ་པའི་གང་ཟག་དེས་གོང་ནས་གོང་དུ་གྱུར་པས་ལས་ནི་མཚན་མ་མེད་པའི་ཞི་གནས་སོ་སོར་རྟོག་པའི་ཤེས་རབ་ལས་མཚན་མ་མེད་པའི་ལྷག་མཐོང་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེ་བོར་འགྱུར།། དེ་ཡང ་ལུམ་དངོས་ཏེ་ཐབས་དང་ཤེས་རབ་བསྒོམས་པས་སོ།། བསྒོམ་པ་ཡང་རྣམ་པར་དབྱེ་བས་ལྔ་སྟེ། ཚོགས་ཀྱི་ལམ་དང་། སྦྱོར་བའི་ལམ་དང་། མཐོང་བའི་ལམ་དང་། བསྒོམ་པའི་ལམ་ས་གཉིས་པ་ནས་བདུན་པ་དང་། བརྒྱད་པ་ནས་བཅུ་པ་སྟེ། མོས་པས། ་སྤྱོད་པའི་ས་གསུམ་མོ།། འདིར་མོས་པ་ཞེས་བྱ་བའི་སྒྲ་ནི། བདག་དང་གཞན་གྱི་དོན་ལ་མོས་པ་དང་། བརྩོན་པ་ཆེ་ཐང་དུ་བྱེད་པས་མོས་པ་སྟེ། སྦྱོར་བའི་ལམ་ནི་མ་ཡིན་པར་དགོངས་སོ།། ཁྱད་པར་གྱི་ལམ་སྟེ། རྡོ་རྗེ་ལྟོ་བུའི་ཏིངངེ་འཛིན་ནོ།། དེ་ལ་ཐབས ་ནི་སྦྱིན་པ་ལ་སོགས་པའི་པའི་ཕ་རོལ་ཏུ་ཕྱིན་པ་གཞན་རྣམས་དང་། ཚད་མེད་པ་དང་དགེ་བའི་ཆོས་ཐམས་ཅད་དོ།། ཤེས་རབ་ནི་ཐབས་དེ་ཕྱིན་ཅི་མ་ལོག་པར་བྱེད་པ་སྟེ། ཆོས་ཐམས་ཅད་སྐྱེ་བ་མེད་པ་སྟོང་པ་ཉིད་ཀྱི་རང ་བཞིན་ཤེས་པའོ།། དེ་ལ་ཚོགས་ཀྱི་ལམ་ཐར་པའི་ཆ་དང་མཐུན་པའི་སྐབས་སུ། ལུས་དྲན་པ་ཉེ་བར་གཞག་པ་དང་། དེ་བཞིན་དུ་ཚོར་བ་དང་། སེམས་དང་ཆོས་དྲན་པ་ཉེ་བར་གཞག་པ་བཞི་བསྒོམ་པ་སྟེ། དྲན་པ་ཉེ་བར་གཞག་པ་བཞི་དང་། མི་དགེ ་བའི་ཆོས་ཐམས་ཅད་སྐྱེས་པ་མེད་པར་བྱས་པ་དང་། མ་སྐྱེས་པ་མི་བསྐྱེད་པ་དང་དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པར་བྱ་བ་དང་། སྐྱེས་པ་རྣམས་འཕེལ་བར་བྱ་སྟེ། ཡང་དག་པར་སྤོང་བ་བཞི་དང་། འདུན་པའི་ཏིང་འཛིན་སྤོང་བའི་འདུ་བྱེད་དང་ལྡན ་འི་རྫུ་འཕྲུལ་གྱི་རྐང་པ་དང་། དེ་བཞིན་དུ་བརྩོན་འགྲུས་དང་། སེམས་དང་། དཔྱོད་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲལ་གྱི་རྐང་པ་བཞི་བསྒོམ་པར་བྱའོ།། དེ་ནས་སྦྱོར་བའི་ལམ་ངེས་པར་འབྱེད་པའི་སྐབསུ་དབང་པོ་ལྔ་དང་། སྟོབས ་ལྔ་སྟེ། དེ་ཡང་དྲོད་དང་རྩེ་མོའི་དུས་སུ་དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་འཛིན་དང་། ཤེས་རབ་ཀྱི་དབང་པོ་སྟེ་ལྔའོ།། དེའི་འོག་ཏུ་བཟོད་པ་དང་། ཆོས་ཀྱི་མཆོག་གི་དུས་སུ་དད་པ་ལ་སོགས་པ་དེ་ཉིད་སྟོབས་དང་ལྡན་པར་འགྱུར་བ་ལ་སྟོབས ་ཤེས་བྱ་སྟེ། དད་པའི་སྟོབས་ལ་སོགས་པ་བསྒོམ་པར་བྱའོ།། དེའི་འོག་ཏུ་མཐོང་བའི་ལམ་སྟེ། བྱང་ཆུབ་ཀྱི་ཡན་ལག་གིས་ཕྱེ་བའོ།། དེ་ཡང་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། དེ་བཞིན་དུ་ཆོས་རྣམ་པར་འབྱེད་པ་དང་། བརྩོན་འགྲུས་དང་། ་དགའ་བ་དང་། ཤིན་ཏུ་སྦྱངས་པ་དང་། ཏི་ངེ་འཛིན་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་སྟེ། དེ་ལ་སྡུག་བསྔལ་གྱི་བདེན་པ་དང་། ཀུན་འབྱུང་གི་བདེན་པ་དང་། འགོག་པའི་བདེན་པ་དང་། ལམ་གྱི་བདེན་པ་སྟེ་བདེན་པ་རྣམ་པ་བཞི་ཆོས ་བཅུ་དྲུག་ཏུ་དམིགས་པོ་མེད་པར་བསྒོམས་པས་ཤེས་བཟོད་བཅུ་དྲུག་ཏུ་རྟོགས་ནས་མཐོང་བའི་ལམ་ཐོབ་པའོ།། དེའི་འོག་ཏུ་བསྒོམ་པའི་ལམ་སྟེ། ལམ་གྱི་ཡན་ལག་རྣམ་སོ།། དེ་ཡང་ཡང་དག་པའི་ལྟ་བ་དང་། དེ་བཞིན་དུ་ཡང་དག་པའི ་རྟོག་པ་དང་། ངག་དང་ལས་ཀྱི་མཐའ་དང་། འཚོ་བ་དང་རྩོལ་བ་དང་དྲན་པ་དང་། ཡང་དག་པའི་ཏིང་འཛིན་ཏེ། བསྒོམ་པའི་ལམ་ས་གཉིས་ནས་ས་བཅུ་པའི་བར་དུ་རྟོག་པའོ།། དེ་དག་ཀྱང་ཀུན་རྫོབ་སྒྱུ་མ་ཙམ་དུ་དཔྱོད་པ་ནི་ཐད་སོ།། དོན་དམ་པར་དེ ་དག་ཀྱང་རང་བཞིན་མེད་པར་བསྒོམ་པ་ནི་ཤེས་རབ་བོ།། དེ་བར་ཆད་མེད་པའི་ལམ་རྡོ་རྗེ་ལྟ་བུའི་ཏིང་འཛིན་ཞེ་ནི་ཞེས་ཀྱང་བྱ། མིང་གི་རྣམ་གྲངས་གཞན་ཡང་ཀུན་ཏུ་བཟང་པོ་ཞེས་བྱ་བ་ལ་སོགས་པ་སྐྱེད་པར་བྱེད་པོའོ།། ལམ་ཞེས་བྱ་བའི་ངོ་བོ་ནི ་ཡིད་ཀྱི་རྣམ་པར་ཤེས་པ་སེམས་ལས་བྱུང་བ་དང་བཅས་པ་སྟེ། དེ་ཡང་ཤེས་རབ་ལ་སོགས་པའོ།། འཕགས་པ་ཐམས་ཅད་གཤེགས་པ་འམ། ཡང་ན་འཕགས་པའི་སྐུར་ཕྱིན་པར་བྱེད་པའི་ཕྱིར་ལམ་ཞེས་བྱའོ།། དེ་ལ་དྲན་པ་ཉེ་བར་གཞག་བྱ། ་ནི་ཤེས་རབ་ཀྱི་རང་བཞིན་ནོ།། འདི་དག་གིས་དྲན་པ་ཉེ་བར་གནས་པས་དྲན་པ་ཉེ་བར་གཞག་པའོ།། ཡང་དག་པར་སྤོང་བ་ནི་བརྩོན་འགྲུས་ཀྱི་རང་བཞི་ནོ།། མི་མཐུན་པའི་ཕྱོགས་ཡང་དོག་པར་སྤོང་བས་ན་ཡང་དག་པར་སྤོང་བ་སྟེ། འདིས་ནང་གི ་སེམས་ཡང་དག་པར་སྤོང་བ་སྟེ། སྤང་བྱའི་མིང་སྤོང་བྱེད་ལའོ།། རྫུ་འཕྲུལ་གྱི་རྐང་པ་ནི་ཏཱི་ངེ་འཛིན་གྱི་རང་བཞིན་ནོ།། རྫུ་འཕྲུལ་གྱི་རྒྱུར་གྱུར་པས་རྫུ་འཕྲུལ་གྱི་རྐང་པ་སྟེ། མངོན་པར་ཤེས་པ་ལ་སོགས་པའི་རྒྱུ་ཞེས་བྱའོ།། དེས ་བར་འབྱེད་པའི་ཆ་དང་མཐུན་པ་རྣམས་ནི། ཏིང་འཛིན་དང་ཤེས་རབ་མཚུངས་པར་ལྡན་པའི་རང་བཞི་ནོ།། ཐར་པའི་ཆུ་དང་མཐུན་པའི་དགེ་བའི་རྩེ་བ་བསྐྱེད་པ་ལ་དབང་བྱེད་པས་དབང་པོའོ།། མུ་མཐུན་པའི་ཕྱོགས་བསྲབས་པའི་ཕྱིར་དེ་དག་ཉིད་སྟོ ་སོ།། དེ་ལ་མི་མཐུན་པའི་ཕྱོགས་ནི་མི་དད་པ་དང་། ལེ་ལོ་དང་། བརྗེད་ངས་པ་དང་། རྣམ་པར་གཡེང་པ་དང་། ཤེས་བཞིན་མེད་པ་རྣམ་སོ།། དབང་པོའི་སྐབས་ནོ་མེ་བསྲབས་པས་འདྲེ་བའོ།། འདི་ནི་འདྲ་བ་མེད་པའོ།། དེ་ཡང་དད་པ་ལ་སོགས་པ་ནི་གུས ་སྟེ། ཆུང་དང་། འབྲིང་པོ་དང་། ཆེན་པོའོ།། དེ་ཡང་ཆུང་ངུ་ནཱི་དྲོད་ཀྱི་གནས་སྐབ་སྷོ།། འབྲིང་པོ་ནི་རྩེ་མོའི་དུས།། ཆེན་པོ་ཡང་བཞིར་དབྱེ་སྟེ། ཆུང་ངུ་དང་། འབྲིང་པོ་དང་། ཆེན་པོ་ནི་བཟོད་པ་ཆུ་ངུ་དང་། འབྲིང་དང་། ཆེན་པོ་དག་དང་གོ་རིམ་སུ་སྦྱ་རོ།། ཤིན་ཏུ་ཡང་ཆེན ་པ་ནི་འཇིག་རྟེན་ཆོས་ཀྱི་མཆོག། དེ་ལ་དྲོ་བར་གྱུར་པ་ནི། དཔེར་ན་གཙུབས་ཤིང་གཙུབས་ཤྲཱི་ལས་ཐེག་མར་མེའི་མཚན་མ་དྲོ་བོ་འབྱུང་།། དེ་བཞིན་དུ་འཕགས་པའི་ལམ་མེ་ལྟ་བུ་སྐྱེ་བའི་དང་པོ་ཡིན་པས་དྲོ་བ་ཞེས་བྱ་སྟེ། དཔོའི་སྐྱོ་ན་སོ།། དགེ་བའི ་རྩ་བ་རྒྱ་ཆེན་པོ་གཡོ་བའི་རྩེ་མོར་གཟོད་ཕྱིན་པས་རྩེ་མོའོ།། བདེན་པའི་དོན་ལ་བཟོད་པས་བཟོད་པའོ།། ཟག་པ་དང་བཅས་པས་འཇིག་རྟེནོ།། ཟག་པ་དང་བཅས་པ་གཞན་པས་མཆོག་ཏུ་གྱུར་པས་མཆོག་སྟེ། ད་མོ་ཐིག་ཏུ་མཐོང་བའི་ལམ་སྐྱེ ་བས་སོ།། མཐོང་བའི་ལམ་ནི་མ་དམིགས་པའི་ཏི་ངེ་འཛིན་ལ་སོགས་པ་བྱང་ཆུབ་ཀྱི་ཡན་ལག་དང་མཚུངས་པ་ཉིད་རང་བཞིན་ཏེ། དེ་ཡང་རྣམ་པར་གྲོལ་བ་ནི་བྱང་ཆུབ་བོ།། ཆོས་རྣམ་པར་འབྱེད་པ་ནི་བྱང་ཆུབ་ཀྱི་ཡན་ལག་སྟེ། བར་ཆུད་མེད་པའི ་ལམ་དུ་གཏོགས་པའོ།། དྲན་པ་ལ་སོགས་པ་དྲུག་ནི་བྱང་ཆུབ་དང་མཐུན་པའི་ཕྱིར་བྱང་ཆུབ་ཀྱི་ཡན་ལགྲོ།། དེ་ལ་དྲན་པ་ནི་གནས་ཀྱི་ཡན་ལགས། ཆོས་རྣམ་པར་འབྱེད་པ་ནི་རང་བཞིན་གྱི་ཡན་ལག། བརྩོན་འགྲུས་ནི་ངེས་པར་འབྱུང་བའི་ཡན་ལག། ་དགའ་བོ་ནི་ཕྲན་ཡོན་གྱི་ཡན་ལག། ཤིན་ཏུ་སྦྱངས་པ་ནི་ཉོན་མོངས་པ་མེད་པའི་གཞིའི་ཡན་ལག་ཏིང་ངེ་འཛིན་ནི་ཉོན་མོངས་པ་མེད་པའི་གནས་ཀྱི་ཡན་ལག། བཏང་སྙོམས་ནི་ཉོན་མོངས་པ་མེད་པའི་ངོ་བོའི་ཡན་ལག་སྟེ། གོ་རིམས་བཞིན་དུ་སྟེ། དམི ་པ་དེ་ལས་མི་གཡེང་བའི་ཕྱིར་དང་། བྱང་ཆུབ་ནི་ཤེས་པ་རྣམ་པར་གྲོལ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་དང་། སོ་སོ་སྐྱེ་བའི་ས་ལ་འདའ་བའི་ཕྱིར་དང་། ལུས་དང་སེམས་ལ་ཕན་འདོགས་པའི་ཕྱིར་དང་། ཀུན་ནས་ཉོན་མོངས་པའི་གཞིའི་གཉེན་པོར་གྱུར ་པའི་ཕྱིར་དང་། སེམས་མཉམ་པར་གཞག་ན་ཡང་དག་པ་ཇི་ལྟ་བུ་བཞིན་ཤེས་པས་ཉོན་མོངས་པ་སྤོང་བའི་ཕྱིར་དང་། བྱིང་བ་དདུ་རྒོད་པའི་གཉེན་པོ་སྟེ། སེམས་མཉམ་པ་དང་། རྣལ་དུ་འཇུག་པ་དང་། ལྷུན་གྱིས་གྲུབ་པའི་ཕྱིར་རོ།། དེ་ལ་མཐོང་བྱའི་ལམ ་སྐད་ཅིག་མ་བཅུ་དྲུ། སྟེ་ཡོན་ཏན་གྱི་སྒོ་ནས་སོ།། སྐད་ཅིག་མ་བཞི་སྟེ་ཆོས་ཙམ་གྱིས་སོ།། སྐད་ཅིག་མ་གཅིག་སྟེ་ངོ་བོ་ཉིད་ཀྱི་སྒོ་ནས་སོ།། དེ་ལ་སྐད་ཅིག་མ་བཅུ་དྲུག་ནི། སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག་པ་དང་ལམ་རྣམས་ལ་ཆོས་ཤེས ་པའི་བཟོད་པ་དང་། ཆོས་ཤེས་པ་དང་རྗེསུ་ཤེས་པའི་བཟོད་པ་དང་། རྗེསུ་ཆོས་ཤེས་པ་སྟེ། བཞི་བཞིར་བྱས་པས་བཅུ་དུའོ།། དེ་ཡང་སྡུག་བསྔལ་གྱི་ཆོས་ནི་མི་རྟག་པ་ལ་སོགས་པའོ།། ཀུན་འབྱུང་གི་ཆོས་ནི་རྒྱུ་ལ་སོགས་པ། ་འགོག་པ་ནི་ཞི་བ་ལ་སོགས་པའོ།། ལམ་གྱི་ནི་རིགས་པ་ལ་སོགས་པ་སྟེ། དེ་དག་ལ་དག་པ་དང་། མི་རྟག་པ་དང་། སྡུག་བསྔལ་དང་། སྡུག་སྔལ་དང་ཡང་མ་ཡིན་པ་དང་། སྟོང་པ་དང་། མི་སྟོང་པ་དང་། བདག་དང་བདག་མེད་པ་མ་དམིགས་པ་དང་། དེ་བཞིན་དུ ་ཀུན་འབྱུང་བ་དང་། ཀུན་འབྱུང་བ་མ་ཡིན་པ་ལ་སོགས་པ་མི་དམིགས་པའི་རྣམ་པར་ཤེས་ཤིང་བཟོད་པས་སོ།། ཆོས་ཤེས་པ་ནི་བདག་གིས་སྤང་བྱ་སྤངས་ནས་ཐོབ་བྱ་ཐོབ་སྙམ་པ་སྟེ། རྣམ་པར་གྲོལ་བ་མངོན་དུ་བྱེད་པའོ།། རྗེས་ཀྱི་བཟོད་ཤེས་གཉིས་ཀྱིས་ནི ་ཇི་ལྟར་ན་ཡུལ་མི་དམིགས་པ་བཞིན་དུ། དེ་ལ་མི་དམིགས་པའི་ཤེས་པ་ཡང་དེ་བཞིན་དུ་ཤེས་ཤིང་བཟོད་པ་དང་། ཤེས་པ་དེ་ངེས་པར་འཛིན་པ་སྟེ། བདེན་པར་རྟོགས་པའོ།། མདོར་ན་དང་པོ་གཉིས་ནི་ཡུལ་ལ་དམིགས་པའི་སྒོ་ནས་ཡུལ་མི་དམིགས་པའི་རྣམ ་པར་མཐོང་བ་དང་། དེ་ངེས་པར་འཛིན་པའོ།། རྗེས་ཀྱི་གཉིས་ཀྱིས་ནི་ཡུལ་ཇི་ལྟ་བའི་རྗེསུ་ཡུལ་ཅན་ཡང་དེ་བཞིན་དུ་རྟོགས་པ་དང་དེ་ངེས་པར་འཛིན་པའོ།། མཐོང་བའི་ལམ་སྐད་ཅིག་མ་བཞི་ནི། དག་པ་དང་། དག་པ་བསྟན་པ་དང་། གྲོལ་བ་དང་། གྲོལ་བ་འཛིན་པ་སྟེ། ཤེས ་བཟོད་བཞི་དང་གོ་རིམས་བཞིནོ།། གཅིག་ནི་ཆོས་ཀྱི་མཆོག་གི་སྐད་ཅིག་མ་གཅིག་ལ་མཐོང་བའི་ལམ་མངོན་དུ་གྱུར་པའོ།། སྤྱིར་སྦྱོར་བ་དང་། མཉམ་པར་གཞག་པ་དང་། རྗེས་ཀྱི་ཤེས་པ་འམ། ཡེ་ཤེས་ཞེས་གསུམ་དུ་ཤེས་པར་བྱའོ།། སྔོན་དུ་དེ་ཁོ་ན་ཉིད་མ ་བ་གཟོད་མཐོང་བས་སོ།། ངེས་པར་འབྱེད་པའི་གནས་སྐབས་ན་ནི་ངར་ལས་ཆོད་པ་ལྟ་བུར་བདེན་པ་རྣམས་རྟོག་སོ།། མཐོང་བའི་ལམ་གྱིས་ནི་དེ་བསལ་བ་ལྟ་བུར་རྟོག་སོ།། སྒོམ་པའི་ལམ་ནི་མི་དམིགས་པའི་ཏིང་འཛིན་ཡང་དག་པའི་ལྟ་བ་ལ་སོགས་པ་དང ་པར་བཅས་པའོ།། བསྒོམ་པའི་ལམ་ཆུང་ངུ་དང་། འབྲིང་པོ་དང་ཆེན་པོའི་དབྱེ་བས་རྣམ་པ་དགུའོ།། དེ་ཡང་ཡང་དག་པའི་ལྟ་བས་ནི་མཐོང་བའི་ལམ་གྱིས་རྟོགས་པའི་དོན་བདག་གིས་འདི་ལྟ་བུ་རྟོག་སོ།། ཞེས་དཔྱོད་ཅིང་། མཐོང་བའི་ལམ་ལ་ལྟ་བས་ཡང ་དག་པར་ལྟ་བའོ།། ཡང་དག་པའི་རྟོག་པ་ནི་ཇི་ལྟར་རྟོགས་པ་བཞིན་དུ་རྣམ་པར་འཇོག་པ་སྟེ། ཡང་དག་པའི་ངག་ཀུན་ནས་སློང་བས་གཞན་ལ་རྟོགས་པའི་དོན་དེ་ཉིད་སྟོན་པའོ།། ལུས་ཀྱི་མཐའ་ལ་སོགས་པས་ནི་སྲོག་གི་ཕྱིར་ཡང་བྱ་བ་མ་ཡིན་པ་མི་བྱེད་པ ་ཚུལ་ཁྲིམས་རྣམ་པར་དག་པ་དང་། གོས་ལ་སོགས་པ་རིགས་པ་དང་། ཚོད་ཟིན་པར་ཚོལ་བ་དང་། མི་མཐུན་པའི་གཉེན་པོར་ལམ་སྒོམ་པ་དང་། དྲན་པ་ཤིན་ཏུ་ཉེ་བར་གནས་པ་དང་། བྱིང་རྒོད་མེད་པ་དང་། མངོན་པར་ཤེས་པ་ལ་སོགས་པ་ཡོན་ཏན་གྱི་རང་བཞིན་གྱི་མི ་མཐུན་པའི་ཕྱོགས་སྤོང་བ་སྟེ། གོ་རིམས་བཞིན་ནོ།། མཐོང་བའི་དོན་དེ་ཉིད་གོང་ནས་གོང་དུ་བསྒོམ་པའོ།། ཁྱད་པར་གྱི་ལམ་ནི་སྤྱིར་ཀུན་དུ་ཡང་བརྩི་བར་བྱ་སྟེ། དེ་ཡང་སྦྱོར་བའི་ལོམ་དང་། བར་ཆད་མེད་པའི་ལམ་དང་། རྣམ་པར་གྲོལ་བའི་ལམ་དང་།། ཁྱད་པར་གྱི ་གྱི་ལམ་སྟེ་བཞིའོ།། དེ་ལ་གང་གིས་ཉོན་མོངས་པ་སྤོང་བར་སྦྱོར་བ་དང་། སྤོང་བ་ལ་བར་ཆད་མེད་པ་དང་། སྤངས་ནས་རྣམ་པར་གྲོལ་བ་མངོན་དུ་བྱེད་པ་དང་། དེ་ཉིད་སྔོན་པས་ཁྱད་པར་དུ་གྱུར་པ་ཡིན་པ་སྟེ་གོ་རིམས་བཞི་ནོ།། འོན་ཀྱང་འདི་ནི། རྡོ་རྗེ་ལྟ་བུའི་ཏིང་འཛིན ་གྱི་སྐབས་མོས་པ་སྤྱོད་པའི་ས་བཞི་པ་དང་སྦྱར་བར་བྱའོ།། ཡུལ་ནི་རྣམ་པ་གཉིས་ཏེ། འཇུག་པའི་ཡུལ་དང་། དམིགས་པའི་ཡུལ་ལོ།། དེ་ལ་འཇུག་པའི་ཡུལ་ནི་སྟོན་པའི་བྱུང་ཚུལ་ལ་སྤྱོད་པའོ།། དམིགས་པའི་ཡུལ་ཡང་རྣམ་པ་གཉིས ་ཐུནུ་མོང་སྟེ་བདྲེན་པ་བཞི་དང་། ཐུན་མང་མ་ཡིན་པ་ནི་གཉིས་ཏེ། མཚན་མཱི་ཅན་དང་། དེ་བཞིན་ཉིད་ཀྱི་ངོ་བའོ།། སྣང་བར་བྱ་བ་ནི། ཉན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་དང་། ཉོན་མོངས་པ་མང་བའོ།། དེ་ཡང་སྤྱིར་ནི་སྦྲང་བྱ་ཆེན་པོ་ལ་སོགས་པ་གཉེན་པ་ཆུ ་དུ་ལ་སོགས་པས་རིམ་པ་བཞིན་དུ་སྤངས་ནས། ཐ་མར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཆ་ཕྲ་མོའི་ཡང་ཕྲ་མོ་སྤང་སྟེ། མིང་གི་དབྱེ་བ་མདོ།། གཉིས་པ་ནི་མིང་གི་དབྱེ་བ་ཡང་ཡོད་ལ། གནས་སྐབས་ཀྱི་སྤང་བར་བྱ་བ་ཡང་ཡོད། དེ་ཡང་དྲན་པ་ཉེ་བར་གཞག་པས་ནི་ལོག་པར་ལྟ ་གཙང་བ་དང་། རྟག་པ་དང་། བདེ་བར་ལྟ་བ་ལ་སོགས་པ་སྤོངངོ་།། ཡང་དག་པར་སྤོང་བས་ནི་ལེ་ལོ་སྤོང་།། རྫུ་འཕྲུལ་གྱི་རྐང་པས་ནི་ཉེས་པ་ལྔ་སྤོང་སྟེ། ལེ་ལོ་དང་། བརྗེད་ངས་པ་དང་། བྱེང་རྒོད་དང་། སྐྱོན་བྱུང་བའི་ཚེ་མངོན་པར་དྲ་དུ་མི་བྱེད་པ་དང་། སྐྱོན་མེད་པའི་ཚེ་མངོན་པར་འདུ་བྱེད་པ་སྟེ་སྐྱོན ་བྱིང་རྒོད་གཉིས།། དེ་སྤོང་བའི་གཉེན་པོ་ནི་བརྒྱ་དེ། ལེ་ལོའི་གཉེན་པོ་ནི་བརྩོན་འགྲུ་སོ།། དེའི་གནས་ནི་འདུན་པའོ།། འདུན་པའི་རྒྱུ་ནི་དད་པའོ།། བརྩོན་འགྲུས་ཀྱི་འབྲས་བུ་ནི་ཤིན་ཏུ་སྦྱངས་པ་སྟེ། ཡིད་ཆེས་པས་ནི་འདོད་པ་སྐྱེ་ལ། འདོད་པས་ནི་བརྩོན་འགྲུས་བརྩོམས་ལ། ་བརྩོན་འགྲུས་ཀྱི་ཏིང་འཛིན་ཁྱད་པར་ཅན་བརྩམས་པས་ནི། ལུས་དང་སེམས་གཉིས་ལས་སུ་རུང་བ་སྟེ། དེ་ལྟར་བཞིའོ།། དྲན་པ་ནི་བརྗེད་ངས་པའི་འོ།། ཤེས་བཞིན་ནི་བྱིང་རྒོད་ཀྱིའོ།། སེམས་པ་ནི་འདུ་མི་བྱེད་པའིའོ།། བཏང་སྙོམས་ནི་འདུ་བྱེད་པའི་འོ།། དེ་ཡང ་དྲན་པ་ཉེ་བར་གནས་པས་ཤེས་བཞིན་དང་ལྡན་ལ། དེས་སེམས་མངོན་པར་འདུ་བྱེད་ཅིང་ཉེས་པ་མེད་ནས་བཏང་སྙོམསསུ་གནས་པ་སྟེ། གོ་རིམས་བཞིན་ནོ།། དབང་པོ་དང་སྟོབས་ཀྱིས་ནི་མ་དད་པ་ལ་སོགས་པ་ལྔའོ།། མཐོང་བའི་ལམ་ལ་སྡུག་བསྔལ་དང་།། ་ཀུན་འབྱུང་དང་། འགོག་པ་དང་། ལམ་གྱི་བདེན་པས་འདོད་ཁམས་ན་སྤང་བྱ་བཅུ་བཅུ་ཡོད་པས་བཞི་བཅུའོ།། དེ་བཞིན་དུ་ཁམས་གོང་མ་གཉིས་ན་ཁོང་ཁྲོ་བ་མེད་པས་དགུ་དགུ་སྟེ། བདུན་ཅུ་རྩ་གཉིས་ཏེ་སྤྱིར་བརྒྱ་རྩ་བཅུ་གཉིས་སྤོང་ངོ་།། བསྒོམ་པའི ་ལམ་གྱིས་ནི་འདོད་ཁམས་ན་འཇིག་ཚོགས་ལ་ལྟ་བ་དང་། མཐུར་འཛིན་པར་ལྟ་བ་ལྷན་ཅིག་སྐྱེས་པ་དང་། འདོད་ཆགས་དང་། ཁོང་ཁྲོ་བ་དང་། ང་རྒྱལ་དང་། མ་རིག་པ་དང་དྲུག་སྤོང་ངོ་།། ཁམས་གོང་མ་གཉིས་ན་ཁོང་ཁྲོ་བ་མ་གཏོགས་པ་ལྔ་སྟེ་བཅུ ་སྤོང་ངོ་།། དེ་ལྟར་མདོར་བསྡུ་ན་བསྒོམ་པས་སྤང་བར་བྱ་བ་ནི་ཉོན་མོངས་པ་བཅུ་དྲུག་གོ།། སྤང་པའི་ཐབས་ནི་གོང་དུ་བསྟན་པའི་ལམ་དེས་རིམ་པ་བཞིན་དུ་སྤོང་སྟེ། སྣང་བ་དང་མུན་པའི་ཚུལ་དུ་གཉེན་པོ་ཆུང་ངུས་སྤང་བྱ་ཆེན་པོ་སྤོང་ཞིང་། གཉེན་པོ ་ཆེན་པོས་སྤང་བྱ་ཆུང་ངུ་སྤོང་བའོ།། སྤངས་པའི་འབྲས་བུ་ནི། དེ་ལྟར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བག་ཆགས་ཆ་ཕྲ་མོ་སྤངས་པའི་སྐད་ཅིག་མ་གཉིས་པ་ལ་ནི་སངས་རྒྱས་ཞེས་བྱའོ།། དེ་ནས་སྐད་ཅག་མ་གསུམ་པ་ལ་ཡང་དག་པར་རྫོགས་པའི་སངས ་རྒྱས་ཤེས་བྱ་སྟེ། ཆོས་ཀྱི་སྐུ་ཡོན་ཏན་ཐམས་ཅད་ནི་རྫོགས་པ་ནུས་པ་ཐམས་ཅད་དང་ལྡན་པར་འགྱུར་རོ།། དེ་ལས་སྔོན་གྱི་སྨོན་ལམ་དང་ཐུགས་རྗེས་གཟུགས་སྐུ་རྣམ་པ་གཉིས་སུ་བྱུང་། དེ་ཡང་འོག་མིན་གྱི་གནས་སྟུག་པ་བཀོད་པའི་ཞིང་ཁམས ་ན། ལོངས་སྤྱོད་རྫོགས་པའི་སྐུ་བསྟན་པ་དང་། སྤྲུལ་པའི་སྐུ་ཅི་ལ་ཅི་ལས་འདུལ་བ་བཞིན་དུ་རྣམ་པ་སྣ་ཚོགས་པའི་སྐུ་བསྟན་པ་སྟེ། དེ་ལ་སྔ་མ་ནི་འཁོར་ཉེ་བ་ལ་དགོངས་པའོ།། ཕྱི་མ་ནི་རིང་བ་ལ་དགོངས་པ ་སྤྱོད་པ་དག་པར་བྱ་བ་ན་གཉིས་ཏེ། འགྲོ་བྱ་ལ་སོགས་པའི་དུས་སུ་དྲན་བཞིན་དུ་འགྲོ་བ་ལ་སོགས་པ་དང་། གནས་སྐབས་སུ་བྱ་བའི་ཆོ་ག་ཕྱག་འཚལ་བ་ལ་སོགས་པ་དང་། བསྐོར་བ་བྱ་བ་དང་། མཎྜ་ལཱ་ལ་སོགསུ་པ་བྱ་བའོ།། ་ཐོག་པ་ཆེན་པོ་ལོམ་གྱི་རིམ་པ་ལས། ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་རིམ་པའི་ལིཉྩ་ཕྱེ་བ་སྟེ། དང་པའོ།། །། ཕ་རོལ་ཕྱིན་པའི་ཐེག་པ་ཡི།། ལམ་གྱི་རིམ་པོ་བསྟན ་བྱས་ནས།། གསང་སྔགས་ཐེག་པའི་ལམ་གྱི་ནི།། རིམ་པ་ཡང་དག་བཤད་པར་བྱ།། དེ་ལ་ཐོག་ཆེན་གསང་སྔགས་ནི།། ཁྱད་པར་གྱུར་ཕྱིར་ཁྱད་པར་ཏེ།། ཐབས་མང་དཀའ་བ་མེད་པ་དང་།། དབང་པོ་རྣོན་པོ་མཆོག་གྱུར་དང་།། དོན་གཅིག་ཕྱིར་ནའང་མ ་རྨོངས་པས།། སྔགས་ཀྱི་བསྟན་བཅོས་ཁྱད་པར་འཕགས།། དེ་ཕྱིར་དམ་ཚིག་སོགས་ལྡན་གཞུག། དམ་ཚིག་མི་ལྡན་སྦྱང་བར་བྱ།། དམ་ཚིག་དང་ལྡན་བཟློག་པ་ནི།། མཁའ་འགྲོ་མ་ཡིས་འཆི་བ་དང་།། དུས་མ་ཡིན་པར་འཆི་བ་དང་། ཤི་ནས་དམྱལ་བ ་འགྲོ་བའོ།། དམ་ཚིག་མ་ལྡན་བཅུག་པ་ཡོང་།། ཚུལ་དེ་ཉིད་དུ་ཤེས་པར་བྱ།། ཐེག་ཆེན་སྔགས་ཀྱི་སྤྱོད་པ་ལ།། སྐྱོན་འདོགས་སྨོད་པར་བྱེད་པ་ནི།། མཁའ་འགྲོ་མ་ཡིས་མྱུར་དུ་གསོད།། དེ་ནས་དམྱལ་བར་སྐྱེ་བར་འགྱུར།། དེ་བས་ཟབ་མོའི་སྤྱོད་པ་ལ།། སྐྱོན ་འའདོགས་སྨོད་པ་སྤང་བྱ་སྟེ།། སྒྲལ་བ་དང་ལྡན་གང་ཟག་གིས།། བླ་མ་དམ་པར་གྱུར་པ།། སེམས་བསྐྱེད་སྡོམ་བླང་དབང་ནོད་ཅིང་།། དེ་ཉིད་བསྲུང་དང་མཚན་ཉིད་ཤེས།། སེམས་སྦྱང་སྤྱོད་པ་དག་པ་དང་།། ཆོ་ག་ལྔ་ཡི་མཚན་ཉིད།། ཐེག་པ་དམན་ལའང་ཡོད་པ་སྟེ།། སྐབས་མ་ཡིན་པས ་འདི་མི་བརྗོད།། བསྡུས་པའི་ཚིགསུ་བཅད་པའོ།། ད་ནི་དེ་ཉིད་རྒྱས་པར་བསྟན་པར་བྱ་སྟེ། དེ་ཡང་དང་པོར་སྐལ་པ་དང་ལྡན་པའི་གང་ཟག་གིས། བླ་མ་དམ་པ་ཐེག་པ་མཐའ་དག་གིས་གྲུབ་པའི་མཐའ་ལམ་རྨོངས་ཤིང་རྒྱུད་ཀྱི་དགོངས་པ་ཤེས་པ་དང་། དཀྱིལ་འཁོར་གྱི་ཆོ་ག ་ལ་སོགས་པ་ལ་མཁས་ཤིང་། སྙིང་རྗེ་ཆེན་པོ་དང་ལྡན་པ་བླ་མའི་བཀའ་ཐོབ་པ་ལ་ཚོགས་ཀྱི་དགའ་སྟོན་བྱ་སྟེ། ཡིན་ཕུལ་ནས་གསོལ་བ་གདུབ་པར་བྱའོ།། དེ་ལྟར་གསོལ་བ་བཏབ་པ་དང་། བླ་མས་ཀྱང་བསྙེན་པ་དང་། སའི་ཆོ་ག་དང་། ལྷག་པར་གནས་པའི་ཆོ་ག་དང ་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པ་དང་། འཇུག་པ་དང་། དབང་བསྐུར་བ་དང་། ཡོན་བསླང་བར་བྱའོ།། དེ་ནས་བསྲུང་བ་ལ་འབད་པར་བྱ་སྟེ། བསྲུངས་པའི་ཡོན་ཏན་དོང་། མ་བསྲུངས་པའི་སྐྱོན་ནི་བཞན་ལས་བསལ་བས་བདག་གིས་མ་བརྗོད།། དེ་ལྟར་སྣོ་དུ་རུང་བ་དང་། བླ་མ་དཱམ་པ་ལླ ་སྔགས་ཀྱི་མཚན་ཉིད་ཤེས་པར་བྱའོ།། དེ་ཤེས་ནས་སེམས་སྦྱང་བར་བྱ་སྟེ། སེམས་མ་སྦྱངས་པར་ནི་བྱང་ཆུབ་མི་འགྲུབ་ལ། དེ་མ་གྲུབ་པར་ནི་གཞན་གྱི་དོན་མི་འགྲུབ་པས་སེམས་སྦྱ་བར་བྱའོ།། དེ་ཡང་ཡན་ལག་རྣམ་པ་ལྔ་སྟེ། ལམ་རྒྱུད་ལ་བསྐྱེད་པ་དང་། དེའི་ཡུལ ་སྤང་བར་བྱ་བ་དང་། སྤང་བའི་ཐབས་དང་། སྤངས་པའི་འབྲས་བུའོ།། དེ་ལ་ལམ་ལ་རྣམ་པོ་གསུམ་སྟེ། ལམ་དངོས་དང་། དེའི་གྲོགས་དང་། ཉེ་བའི་གྲོག་སོ།། དེ་ལ་ལམ་དངོས་ནི་བྱ་བའི་རྨད་དོང་། སྤྱོད་པའི་རྒྱུད་དང་། རྣལ་འབྱོར་གྱི་རྒྱུད་ཀྱིས་ནི་མཚོན་མ་དང་བཅས་པའི། ་སྒྲུབ་པའི་ཐབས་དང་། མཚན་མ་མེད་པའི་སྒྲུབ་པའི་ཐབས་ཤེས་བྱ་བར་གསུངས་སོ།། རྣལ་འབྱོར་ཆེན་པོས་ནི་བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པ་ཞེས་བྱ་སྟེ། དེ་ཉིད་ནི་ལམ་མོ།། གྲོགས་ནི་ལྔ་སྟེ། བདག་དང་གཞན་དུ། ་བར་ཆད་ཉེ་བར་ཞི་བར་བྱ་བའི་ཕྱིར་གཏོར་མའི་ཆོ་ག་དང་། ལྷ་ཚིམ་ཞིང་བགེགས་ལ་སོགས་དེའི་ཕྱིར་སྦྱིན་བསྲེག་གི་ཆོ་ག་དང་། དངོས་གྲུབ་མྱུར་ཞིང་ལྷ་ལ་སོགས་པ་ཁྱད་པར་དུ་བྱ་བའི་ཕྱིར་རབ་གནས་ཀྱི་ཆོ་ག་དང་། བསོད་ནམས་ཁྱད་པར་ཅན་བསག ་པའི་ཕྱིར་ཚ་ཚྭའི་ཆོ་ག་དོང་། བག་ཆགས་སྦྱང་བ་དང་། དབང་བསྐུར་བའི་ཕྱིར་བུམ་པའི་ཆོ་ག་བྱའོ།། ཉེ་བོའི་གྲོགས་ཀྱང་། སྒྲུབ་པའི་གནས་དང་། ཤིས་པའི་དུས་དང་། མཚན་དང་ལྡན་པའི་གྲོགས་དང་། གཞུང་དང་མཐུན་པའི་རྫས། ཆོས་དང་མཐུན་པའི ་པའི་འཚོ་བའི་ཡོ་བྱད་དང་ལྟའོ།། རྫས་ལ་གསུམ་སྟེ། མཆོད་རྫས་དང་། སྔགས་རྫས་དང་། སྒྲུབ་རྫས་སོ།། ཡུལ་ནི་རྣམ་པ་གཉིས་ཏེ། འཇུག་པའི་ཡུལ་དང་། དམིགས་པའི་ཡུལ་ལོ།། དེ་ལ་འཇུག་པའི་ནི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་ནོ།། དམིགས་པའི ་ཡུལ་ནི་རྣམ་པ་གཉིས་ཏེ། ཡི་གེ་ལ་སོགས་པ་མཚན་མ་ཅན་དང་། མཚན་མ་མེད་པ་སྟེ། སྟོང་པ་ཉིད་ཀྱི་རང་བཞིན་ལ་དམིགས་པ་མེད་པའི་ཚུལ་གྱིས་དམིགས་པའོ།། སྦྱང་བར་བྱ་བ་ནི་རྣམ་པ་གཉིས་ཏེ། དོན་རྟོག་དང་། བཟེང་རྟོག་གོ།། སྨྱུང་བའི ་ཐབས་ནི་ངན་རྟག་ནི་བཟང་རྟོག་གིས་སྤོང་ལ། བཟང་རྟོག་ནི་མི་རྟོག་པས་སྤང་བར་བྱའོ།། སྤངས་པའི་འབྲས་བུ་ནི་རྣམ་པ་གཉིས་ཏེ། ཐུན་མོང་དང་། ཐུན་མོང་མ་ཡིན་པའོ།། དེ་ལ་ཐུན་མོང་བ་ནི་མངོན་པར་ཤེས་པ་ལ་སོགས་པའོ།། ཐུན་མོང་མ་ཡིན ་བ་ལ་གཉིས་ཏེ། མཐར་ཐུག་སྟེ་སྐུ་གསུམ་དང་མཐར་ཐུག་མ་ཡིན་པ་སྟེ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྟེ། མཐོང་བའི་ལམ་སྐྱེས་པའོ།། སྤྱོད་པ་ནི་གཉིས་ཏེ་འགྲོ་བ་ལ་སོགས་པའི་དུས་ལྷའི་རྣམ་པར་བྱ་བ་དང་། གནས་སྐབསུ་བྱ་བའོ།། ལྷའི ་རྣམ་པར་བྱ་བ་ལ་ཡང་། ལྷག་པོའི་ལྷ་འམ། རིགས་གསུམ་མམ། ལྔ་འམོ། གཟུགས་ཀྱི་རྡོ་རྗེ་མ་ལ་སོགས་པར་བྱ་བའོ།། གནོས་སྐབས་སུ་བྱ་བ་ནི།། ཁྲུས་བྱས་ནས་ཕྱག་འཚལ་བ་ལ་སོགས་པ་དང་། བསྐོར་བ་དང་། མཎྜལ་དབུལ་བ་དང་། ་དམ་བཀླག་པ་ལ་སྩོགས་པ་བྱ་བའོ།། དེ་ལྟར་རྒྱས་པར་བཤད་ནས་ཤིན་ཏུ་རྒྱས་པར་བྱ་བའི་ཕྱིར། ཆོ་གའི་རིམ་པ་དང་། དོན་གྱི་རིམ་པ་དང་། དགོས་པའི་རིམ་པ་དང་། ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་ལ་སོགས་པ་བཤད་པར་བྱ་སྟེ། དེ་ཡང་དང་པོར ་བླ་མ་དམ་པ་ལས་སྡོམ་པ་ལ་སོགས་པ་ཐོབ་པ་དེས་བསྲུང་ལ་འབད་ཅིང་། གདམས་ངག་མཉན་པར་བྱའོ།། དེ་ནས་གནས་ཡང་དུ་འོང་བར་གྲོགས་ཆོས་དང་མཐུན་པ་འམ། བདག་ཉིད་གཅིག་པུ་དུས་ཚིགས་བཟང་པོ་ལ་འདུག་ལ། གཏོར་མ་བྱ་བ ་བ་དང་། ས་ཚ་གདབ་པ་དང་། སྦྱིན་བསྲེག་དང་། ཡི་དམ་བཀླག་པ་ཡང་བྱའོ།། དེ་ནས་ཁྲུས་བྱས་ནས། མཽཎྜལ་བྱས་ལ་མེ་ཏོག་བཀྲམ་ནས་བསྲུང་བའི་འཁོར་ལྀ་བསྒོམ་པར་བྱའོ།། དེ་ནས་སྙིང་རྗེ་བསྒོམ་པར་བྱའོ།། སེམས་ཅན་ཐམས་ཅད་སྡུག ་བསྔལ་དང་བྲལ་བར་འདོད་པའི།། དེ་ནས་བྱམས་པ་སྟེ། སེམས་ཅན་ཐམས་ཅད་བདེ་བ་དང་ལྗོན་པར་འདོད་པའོ།། དེ་ནས་དགའ་བ་སྟེ། བདག་གིས་བྱང་ཆུབ་ཆེན་པོ་ཐོབ་པར་བྱས་ལ། སེམས་ཅན་གྱི་དོན་བྱའོ་ཞེས་སྤྲོ་བར་བྱའོ།། དེ་ནས་བཏང་སྙོམས། ་ཏེ། དེ་གསུམ་མི་དམིགས་པར་བསྒོམ་པའོ།། དེ་ཡང་སྙིང་རྗེ་ནི་རྩ་བ་ལྟ་བུའོ།། བྱམས་པ་ནི་སྔོ་པ་ལྟ་བུའོ།། དགའ་བ་ནི་ཡུལ་ག་ལྟ་བུའོ།། ཚེ་ག་གཉིས་ནི་ལོ་མ་ལྟ་བའོ།། རྣལ་འབྱོར་གཞན་རྣམས་ནི་མེ་ཏོག་ལྟ་བུའོ།། རྣམ ་འབྱོར་པ་རྒྱུད་ཡོངས་སུ་སྨིན་པ་ནི་འབྲས་བུ་ལྟ་བུ་སྟེ། རྩ་བ་མེད་པར་སྡོང་བུ་ལ་སོགས་པ་མི་འབྱུང་བ་དང་འདྲ་བར་སྙིང་རྗེ་མེད་པར་བྱམས་པ་ལ་སོགས་མི་འབྱུང་ངོ་།། དེ་ནས་ལྷ་དང་བླ་མ་སྤྲུལ་པ་ལོ་ཕྱག་འཚལ་བ་ལ་སོགས་པ་བྱ་སྟེ། བསོད ་ནུམས་ཀྱི་ཚོགས་སོ།། དེ་ནས་སྟོང་པ་ཉིད་ཀྱི་སྔགས་བརྗོད་པའི་སྒོ་ནས་སྟོང་པ་ཉིད་ཀྱི་རང་བཞིན་མངོན་དུ་བྱེ་བ་སྟེ། ཡེ་ཤེས་ཀྱི་ཚིགས་སོ།། དེ་ནས་སོ་སོའི་གཞུང་བཞིན་དུ་བདག་དམ་ཚིག་སེམས་དཔར་བསྐྱེད་པ་དང་། མདུན་དུ་དམ་ཚིག ་སེམས་དཔའ་སྤྲུལ་པ་དང་། ཡེ་ཤེས་སེམས་དཔའ་སྤྱན་དྲང་བ་ལ་སོགས་པ་བྱས་ནས། མཆོད་པ་དང་བསྟོད་པ་བྱས་ལ། ཡི་གེ་འམ། ཕྱག་མཚན་ནམ། སྐུ་འམ། ཐིག་ལེ་དང་། ཕྲ་མོ་འམ། སྤྲོ་བསྡུ་ལ་སོགས་པོ་ལ་དམིགས་ནས་བསྒོམ་པར ་བྱའོ།། སྐྱོ་བར་གྱུར་ན་ངག་གིས་བཟླས་པ་བྱའོ།། ཤིན་ཏུ་སྐྱོ་བར་གྱུར་ན་ལྷ་མོ་ལ་སོགས་པས་མཆོད་པ་ལ་སོགས་པ་བྱས་ནས་སྤྱན་དྲངས་པ་ནི་གཤེགས་སུ་གསོལ་བར་བྱའོ།། སྤྲུལ་པ་རྣམས་ནི་བསྡུ་བར་བྱའོ།། ཡང་ན་བདག་ཉིད་ལྷུར་བསྐྱེད་ལ ་འཁོར་གྱི་དཀྱིལ་འཁོར་སྤྲུལ་ནས་མར་མེའི་འོད་གྱིས་པའི་ཚུལ་དུ་གཉིས་སུ་བྱས་ལ། གཅིག་དཀྱིལ་འཁོར་གྱི་གཙོ་བོར་སྣང་ལ། གཅིག་ལས་ཀྱི་ལྷར་བྱས་ལ་མཆོད་པ་ལ་སོགས་པ་དེ་བཞིན་དུ་ཐམས་ཅད་བྱའོ།། ཡང་ན་བདོག་ལྷར ་བྱས་ནས་ཡེ་ཤེས་སེམས་དཔའ་སྤྱན་དྲང་བ་ལ་སོགས་པ་བདག་ཉིད་ལ་བྱས་ལ། བདག་གི་སྙིང་ཁ་ནས་ལྷ་མོ་སྤྲུལ་པ་འམ། འཁོར་གྱི་ལྷ་མོས་བདག་ལ་མཆོད་བསྟོད་བྱས་ནས། ཡང་བདག་གི་སྙིང་ཁ་འམ། སྐུ་ལ་བསྡུས་ལ་གོང་དུ་བསྟན་པ་ལྟར ་བྱའོ།། བཟླས་པའི་དུས་སུ་ཐབས་ནི། མགལ་མེ་བསྐོར་བ་ལྟ་བུ་འམ། བག་མདུང་འཕེན་པ་ལྟ་བུ་འམ། སྒོའི་ཚུན་པོ་ལྟ་བུ་འམ། ཐི་གུ་བསྒྲིལ་བ་ལྟ་བུ་འམ། ལྕགས་སྒྲོག་སྦྲེལ་བ་ལྟ་བུ་བྱ་སྟེ་སྐབས་ཀྱི་སྟོབས་ཀྱིས་ཤེས་པར་བྱའོ།། དེ་ལྟར་བསྒོམས ་བྱ་ལས་མཚན་མ་བརྟན་པོ་འབྱུང་བར་འགྱུར་རོ།། མཚན་མ་ཐོབ་ནས་མཚན་མ་མེད་པར་བསྒོམ་པའོ།། མཚན་མ་མེད་པ་མངོན་དུ་གྱུར་པ་ལ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཅེས་བྱའོ།། དེ་ཡན་ཆད་ནི་ལམ་ཐུན་མོང་སྟེ་གཉིས་སུ་མེད་དོ།། ཚི་གའི་རིམ་པའི ་དོན་གྱི་རིམ་པ་ནི། དེ་བཞིན་གཤེགས་པས་ཚད་མེད་པ་བསྒོམས་པ་དང་། ཚོགས་གཉིས་བསགས་པ་དང་། བདུད་ཐམས་ཅད་བཏུལ་བ་དང་། ཐམས་ཅད་ལ་མ་ཆགས་པ་དང་། སྔ་ཕྱིར་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། ཐོས་པའི་ཤེས་རབ ་བསམས་པའི་ཤེས་རབ་དང་། བསྒོམས་པའི་ཤེས་རབ་མཐར་ཕྱིན་པ་རྣམས་བྱིན་གྱིས་བརླབས་ནས། གོ་རོམས་བཞིན་དུ་ཚད་མེད་པ་དང་། ཚོགས་གཉི་། སྲུང་བའི་ང། པདྨ་དང་། ཟླ་བ་དང་། ཡི་གེ་དང་། ཕྱག་མཚན་དང་། སྐུར་གྱུར་པ་བསྟན ་ཏོ།། ཡང་དེ་བཞིན་གཤེགས་པས་ཚེགས་ཀྱི་ལམ་དང་། སྦྱོར་བའི་ཡོམ་དང་། མཐོང་བའི་ལམ་དང་། བསྒོམ་པའི་ལམ་བསྒོམས་པ་དང་། མི་སློབ་པའི་ལམ་དང་། གཞན་གྱི་དོན་དུ་གཟུགས་རྣམ་པ་གཉིས་བྱུང་བ་དེ་ཉིད་བྱིན་གྱིས་བརླབས ་ནས་རིམ་པ་བཞིན་དུ་བསོད་ནམས་ཀྱིས་ཚོགས་བསགས་པ་དང་། ཡེ་ཤེས་ཀྱི་ཚོགས་བསགས་པ་དང་། ཡི་གེ་འམ་ཟླ་བ་ཆེས་པ་འམ་ཟླ་བ་རྒྱས་པ་འམ། ཡི་གེའི་འཕྲོ་འདུ་འམ། ་ཟླ་བ་འམ་ཟླ་བ་གཉིས་པ་དང་། ཕྱག་མཚན་དང་། སྐུ་དག་ཏུ་བསྟན་ཏོ།། དེ་བཞིན་གཤེགས་པའི་འདུ་བ་མཛད་པ་ནི་སྤྲོ་བ་དང་། སྡུ་བ་དང་། བྱིན་གྱིས་བརླབ་པར་བསྟན་ཏོ།། དོན་གྱི་རིམ་པའོ།། དགོས་པའི་རིམ་པ་ནི། ་དང་པོར་དེ་བཞིན་གཤེགས་པས་བདེན་པ་གཉིས་ལམ་བཞིན་བཞིར་བསྒོམས་ཤིང་། ཚོགས་བསགས་པས་སྐུ་གསུམ་ཐོབ་པ་དེ་བཞིན་དུ། ད་ལྟར་རྣལ་འབྱོར་པས་ཐུན་གཅིག་ལ་བསྒོམས་པས་ཀྱང་ཚུལ་དེ་བཞིན ་དུ་སྣང་ལ། གོམས་པ་ལས་ཕྱིས་དེ་བཞིན་དུ་འགྲུབ་པར་འགྱུར་ཏེ། དེ་བས་ན་ཐབས་ཁྱད་པར་ཅན་འབྲས་བུ་ལམ་དུ་གྱུར་པ་ཞེས་བྱའོ།། དགོས་པའི་རིམ་པའི་རིམ་པའོ།། དགོས་པའི་རིམ་པའོ།། དེ་ནི་སྔགས ་ལ་སོགས་པའི་རིམ་རང་གི་ངོ་བོ་ལ་སོགས་པ་བརྗོད་པར་བྱ་སྟེ། དེ་ལ་ངོ་བོ་ནི་ཐམས་ཅད་ཀྱི་མཐུན་པར་ཐབས་དང་ཤེས་རབ་གཉིས་སོ།། གཞན་དུ་ནི་བདེན་པ་གཉིས་མ་ཀྱེ་མིང་ཅན་ནོ།། དེ་ལ་ཐབས་ནི་ཀུན ་རྫོབ་སྒྱུ་མ་ཙམ་དུ་སྣང་བའོ།། ཤེས་རབ་ནི་དོནི་དམ་པར་སྐྱེ་བ་མེད་པ་སྟེ། སྟོང་པ་ཉིད་ཀྱི་རང་བཞིན་ནོ།། གཞན་དག་གིས་ངོ་བོ་ལ་སོགས་པ་བརྗོད་པ་ནི། དེལ་ངོ་བོ་ནི་ཐམས་ཅད ་དོན་གྱི་ཕྱོགས་རེ་ཙམ་གཟུང་བ་སྟེ། བདག་གིས་ནི་ཁྱབ་པ་སྤྱིར་བཏང་བའོ།། ངེས་པའི་ཚིག་ནི་སྐྱོབ་པའི་ཕྱིར་ན་སྔགས་ཏེ། ཡིད་སྐྱོབ་པར་བྱེད་པའི་དོན་ཏོ།། དབྱེ་ན་རྣམ་པ་གཉིས་ཏེ། དོནྡ་ད་མ ་པའི་སྔགས་དང་། ཀུན་རྫོབ་ཀྱི་སྔགས་སོ།། དེ་ལ་དོན་དམཱ་པོའི་སྔགས་ནི་གཉིས་སུ་མེད་པའི་རངོ་བཞིན་སྟོང་པ་ཆེན་པོའི་ཡེ་ཤེས་དང་། དོ་ཡུལ་དུ་བྱེད་པའི་ཡེ་ཤཾ་སྲྀ་ཏེ། དེ་ངེས་པར་རྟོགས ་པས་འཁོར་བ་ལས་སྐྱོབ་པའི་ཕྱིར་རོ།། དེ་ལ་ངོ་བོའི་དབང་དུ་བྱས་ན་དབྱེ་བ་མེད་དེ་ཡུལ་ཅན་གྱི་དབང་དུ་བྱས་ན་དབྱེ་བ་ཡོད་དེ། རྣལ་འབྱོར་པའི་ཤེས་པའི་དབྱེ་བས་གཞག་གོ།། ཡུལ ་ཅན་གྱི་སྒོ་ནས་དབྱེན་དོ་ཡང་རྣམ་པ་གཉིས་ཏེ། གཟུངས་སྔགས་དང་།། རིག་སྩོགས་སོ།། གཟུངས་ལྔ་བཞི་སྷོ། བཟོད་པ་ཐོབ་པའི་རྒྱུར་གྱུར་པོའི་གཟུངས་དང་། གསང་སྔགས་ཀྱི་གཟུས ་དང་། ཆོས་ཀྱི་གཟུངས་དང་། དོན་གྱི་གཟུངས་སོ།། དེ་ལ་བཟོད་པའི་གཟུངས་ནི། བསྐྱེད་པའི་རིམ་པ་མཐར་ཕྱིན་པའི་རྣལ་འབྱོར་པའིམ། མཚན་མཱ་དང་བཅས་པའི་རྣལ་འབྱོར་མཐར་ཕྱིན ་པས་རྫོགས་པའི་རིམ་པའམ། མཚན་མ་མེད་པའི་རྣལ་འབྱོར་གྱི་སྐབས་སུ་ཡི་གེ་ཨ་ལ་སོགས་པ་དེ་དག་བརྗོད་བྱ་དང་། རྗོད་བྱེད་རང་བཞིན་མེད་པོ་སེམསོ།། དེ་ལྟར་དེས་རང་བཞིན་མེད་པ་དེ་རྟོགས་པ་ག་ནི་དགའ་བ་དང་མཆོག་ཏུ་ངོག ་པ་ཆེན་པོ་སྐྱེས་ཏེ་གཟུངས་ཐོབ་པ་ཞེས་བྱའོ།། དྲན་པ་དང་ཤེས་རབ་གཅིག་ཏུ་བྱས་པས་བཟོད་པ་འཛིན་པར་བྱེད་པས་ན་གཟུངས་ཞེས་བྱའོ།། གཟུངས་ཐོབ་པ་དེས་དེ་མ་ཐག་ཏུ་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་སྐྱེ་བ་དང་མཐུན་པའི་བརྐོ། ་པ་ཆེན་པོ་སྐྱེ་སྟེ། དོན་དམ་པོའི་ཆོས་རྣམས་ལ་བཟོད་པས་ན་བཟོད་པའོ།། བཟོད་པ་དེ་སྐྱེས་ནས་རིང་པོ་མི་ཐོགས་པར་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་འཐོབ་པར་འགྱུར་རོ།། དེ་བས་ན་གཟུངས་དེ་ནི་རྫོགས་པའི་རིམ་པ་འམ། མཚན་མ་མེད་སྒོམ་པའི་སྐབ་སོ།། ཕ་རོལ ་ཏུ་ཕྱིན་པའི་གཞུང་ལྟར་ན་ངེས་པར་འབྱེད་པའི་སྐབསོ།། བསྐྱེད་པའི་རིམ་པ་འམ་མཚན་མོ་དང་བཅས་པའི་རྣལ་འབྱོར་ནི་ཐར་པའི་ཆ་དང་མཐུན་པའོ།། གཟུངས་གསུམ་ནི་ཕྱག་རྒྱ་ཆེན་པོ་ཐོབ་པ་ཡན་ཆད་དུ་འཐོབ་པའོ།། དེ་ཡང་ཕྱག་རྒྱ་ཆེན་པོ་ཐོབ་པ་དེ་ཡན་ཆད་དེས ་ཏིང་ངེ་འཛིན་དང་། སྔོན་གྱི་སྨོན་ལམ་གྱི་སྟོབས་བསྐྱེད་པས་གསང་སྔགས་ཀྱི་ཚིག་དེ་དག་གིས་སེམས་ཅན་ཐམས་ཅད་ཀྱི་ནད་ལ་སོགས་པ་མེད་པར་གྱུར་ཅིག་ཅེས། ཏིང་ངེ་འཛིན་གྱི་དབང་གི་སྟོབས་ཀྱིས་སེམས་ཅན་རྣམས་ཀྱིས་ཡམས་ཀྱི་ནད་ལ་སོགས་པ་མེད་ཅིང ་བྱིན་གྱིས་བརླབ་པ་ལྟར་འགྲུབ་པར་འགྱུར་རོ།། དེ་བས་ན་ཏིང་ངེ་འཛིན་གྱིས་དབང་དེ་ལྟར་གྱུར་པས་གསང་སྔགས་རྣམས་འཛིན་པར་བྱེད་པས་ན་གསང་སྔགས་ཀྱི་གཟུངས་ཞེས་བྱའོ།། གསང་ཞེས་བྱ་བ་ནི་སྣོད་མ་ཡིན་པ་ལ་ཐབས་དེ་གསང་བའི་ཕྱིར་རམ། རྟོགས་པར ་དགའ་བའི་ཕྱིར་གསང་བའོ།། ཆོས་ཀྱི་གཟུངས་ནི་ཕྱག་རྒྱ་ཆེན་པོ་ཐོབ་པ་འམ། ཕ་རོལ་ཏུ་ཕྱིན་པའི་ལྟར་ན་ས་དང་པོ་ཐོབ་པ་ཡན་ཆད་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འམ། མཁའ་འགྲོ་མ་ལ་ཆོས་ཉན་པས་སྔོན་མ་ཐོས་ཤིང་མི་ཤེས་པའི་ཆོས་ཚད ་མེད་གྲངས་མེད་པ་དཔག་ཏུ་མེད་པ་ཐོས་པ་ཙམ་གྱིས་མི་བརྗེད་པར་འཛིན་པའི་དྲན་པ་དང་། ཤེས་རབ་ནི་ཆོས་ཀྱི་གཟུངས་ཤེས་བྱའོ།། དོན་གྱི་གཟུངས་ནི་དེ་བཞིན་དུ་གསུངས་པའི་ཆོས་དེ་དག་གི་དོན་གང་དང་གང་ཡིན་པ་དེ་དག་མི་བརྗེད་པར་འཛིན་པའི་དྲན་པ ་དང་ཤེས་རབ་ནི་དོན་གྱི་གཟུངས་སོ་ཞེས་བྱའོ།། དེ་ལ་རིག་སྔགས་ནི་སྟོང་པ་ཆེན་པོའི་ཡེ་ཤེས་དེ་ཡུལ་དུ་བྱས་ཤིང་རྟོགས་པས་མ་རིག་པ་སྤོང་ཞིང་རིག་པ་བསྐྱེད་པའི་ཕྱིར་རིག་སྔགས་ཤེས་བྱའོ།། ཡང་ན་སྟོང་པ་ཆེན་པོའི་ཡེ་ཤེས་དེ་ཉིད་ལ་གཟུངས་ཞེས་བྱ། ་སྟེརྗེ་གནོད་པའི་འཚེ་བ་ཐམས་ཅད་ནུབ་པས་ན་མི་བཟོད་པ་མེད་པས་བཟོད་པ་དང་། དེ་རྣམ་པར་མི་རྟོག་པའི་ཡེ་ཤེས་མ་རྟོགས་པ་རྟོག་པ་ཅན་གྱི་ཡུལ་མ་ཡིན་པས་གསང་བ་དང་། ཆོས་ཚིག་དང་ཡི་གེ་དང་མིང་དུ་བརྗོད་པ་ཐམས་ཅད་དེ་རྟོགས་པ་ལས་བྱུང་བའི ་ཕྱིར་ཆོས་དང་། བརྗོད་པ་ཐམས་ཅད་ཀྱི་དོན་ཤེས་པར་བྱ་བའི་དོན་གྱི་ངོ་བོ་དེ་ཡིན་པའི་ཕྱིར་དོན་ཞེས་བྱའོ།། གཟུངས་ནི་འཛིན་པའི་ཕྱིར་ཞེས་བྱ་སྟེ། ཐམས་ཅད་མཁྱེན་པའི་སངས་རྒྱས་བཅོམ་ལྡན་འདས་མན་ཆད་ནས། དམྱལ་བའི་སེམས་ཅན་ཡན་ཆད་ཀུན་ལ་དེས ་ཁྱབ་ཅིང་འཛིན་པས་སོ།། ཡང་ན་དྲན་པ་དང་ཤེས་རབ་གཉིས་ཀྱིས་འཛིན་ཅིང་མི་བརྗེད་པར་བྱ་བས་ན་གཟུངས་སོ།། དེ་བས་ཡུལ་དེ་ལྟར་གྲུབ་པས་ཡུལ་ཅན་ལ་ཡང་གྲུབ་ལ། དེ་རྟོགས་པའི་ཐབས་ལ་ཡང་གྲུབ་ལ། དེ་སྟོན་པར་བྱེད་པའི་ཚིག་ལ་ཡང ་གྲུབ་སྟེ། གཅིག་གི་མིང་གཅིག་ལ་བཏགས་པའོ།། ཀུན་རྫོབ་ཀྱི་སྔགས་ནི་དེ་ཐོབ་པའི་ཐབས་ཏེ། དེ་ཡང་སྔགས་ཀྱི་གཟུངས་དང་། སྔགས་ཀྱི་མིང་དང་། བརྡ་དང་། ཚིག་ལ་སོགས་པ་ཐམས་ཅད་དོ།། རྒྱུད་ཅེས་བྱ་བ་ནི་འབྲེལ་པའི་ཕྱིར་རྒྱུད་དེ། དེ་ཡང་གཞི ་དང་ས་བས། འབྲས་བུ་རྣས་པ་གསུམ་འབྲེལ་པའི་ཕྱིར་རོ།། དབྱེ་བ་རྣམ་པ་གཉིས་ཏེ། ཚིག་གི་རྒྱུད་དང་། དོན་གྱི་རྒྱུད་དོ།། ཚིག་ནི་སྨྲའོ།། དོན་ལ་རྣམ་པ་གསུམ་སྟེ། གཞིའི་རྒྱུད་དང་། ཐབས་ཀྱི་རྒྱུད་དང་། འབྲས་བུའི་རྒྱུད་དོ།། དེ་ལ་གཞིན ་བདེན་པ་གཉིས་ཀྱི་རང་བཞིན་དུ་གནས་པའོ།། ཐབས་ནི་སྒྲུབ་པའི་རིམ་པ་གཉིས་སོ།། འབྲས་བུ་སྐུ་གཉིས་ཏེ།། ཆོས་ཀྱི་སྐུ་དང་། གཟུགས་ཀྱི་སྐུའོ།། དེ་བས་ན་གཞི་ལ་བརྟེན་ནས་ཐབས་པ་སྒོམས་འབྲས་བུ་ཐོབ་པས་ན་འབྲེལ་པའི་ཕྱིར་རྒྱུད་ཅེས་དེ་ལ ་བྱའོརང་བསྐྱེད་པ་ནི་ཟླ་བ་ལ་སོགས་པ་བསྐྱེད་པས་ན་བསྐྱེད་པའོ།། གཞན་ནི་རིམ་པའོ།། རྫོགས་པ་ནི་སྟེང་པ་ཆེན་པོའི་ཡེ་ཤེས་ཏེ། དེ་ནི་ཐབས་ལ་རྫོགས་པ་ར་ཡོད་པ་འམ། ཡང་ན་དེ་རྫོགས་པས་ཡོན་ཏན་རྫོགས་པའི་ཕྱིར་རྫོགས་པའོ།། གཞན་ནི་རིམ་པའོ།། ་མ་ཆགས་པར་གཏོང་བས་ན་གཏོར་མའོ།། རྟོག་པ་ལ་སོགས་པ་བསྲེག་ཅིང་གང་འདོད་པའི་དོན་སྦྱིན་པས་ན་སྦྱིན་བསྲེག་གོ། མཆོད་པའི་ཡུལ་དུ་གྱུར་པས་ནས་ཚའོ།། ཁྱད་པར་དུ་གྱུར་པས་ན་རབ་ཏུ་གནས་པའོ།། ཡོན་ཏན་ཐམས་ཅད་འདུས་པས་དགོས་པ ་བྱེད་པའི་ཕྱིར་བུམ་པའོ།། དགའ་བ་བྱེད་པས་མཆོད་པའོ།། ཡོན་ཏན་བརྗོད་པས་བསྟོད་པའོ།། གཏོར་མ་ནི་གཉིས་ཏེ། འབྱུང་པོ་སྤྱིའི་གཏོར་མ་དང་། སོ་སོའི་གཏོར་མའོ།། སྦྱིན་བསྲེག་ལ་ཡང་གཉིས་ཏེ། དོན་དམ་པའི་སྦྱིན་བསྲེག་མི་རྟོག་པ་བསྒོམ་པ་དང་། ་ཀུན་རྫོབ་ཀྱི་སྦྱིན་བསྲེག་གོ།། དེ་ལ་རྣམ་པ་གཉིས་ཏེ། ནང་གི་དང་། ཕྱིའིའོ།། ནང་གི་ཁ་ཐབ་ཁུང་དུ་བསམ་པ་ལ་སོགས་པ་དེ་ཉིད་དོ།། ཕྱིའི་སྦྱིན་བསྲེག་ལ་ཡང་གཉིས་ཏེ། ལས་ཐམས་ཅད་པའི་སྦྱིན་བསྲེག་དང་། ལས་སོ་སོའི་སྦྱིན་བསྲེག་ནི་མོས ་པ་དང་རིག་དང་། ལས་ཀྱི་དབང་དུ་བྱས་པས་ཅི་རིགས་སུ་བརྩེ་བར་བྱའོ།། ས་ཚ་ཡང་རྣམ་པ་གཉིས་ཏེ། ཆོ་ག་རྒྱས་པ་དང་། འཕྲལ་དུ་བྱ་བའོ།། རབ་ཏུ་གནས་པ་ནི་རྣམ་པ་གསུམ་སྟེ། དེ་བཞིན་གཤེགས་པའི་སྐུའམ་རྟེན་རབ་གནས་བྱ་བ་དང་། གླེགས ་བམ་རབ་ཏུ་གནས་པར་བྱ་བ་དང་། རྡོ་རྗེ་ལ་སོགས་པ་རབ་ཏུ་གནས་པའོ།། བུམ་པ་ལ་གཉིས་ཏེ། གནས་སྐབས་སུ་བྱ་བ་དང་། དཀྱིལ་འཁོར་བཞེངས་པའི་དུས་སུ་བྱ་བའོ།། དཀྱིལ་འཁོར་བྱེད་པའི་དུས་སུ་ནི་བུམ་པ་གསུམ་སྟེ། དབང་གི་བུམ ་བ་དང་ཁྲུས་ཀྱི་བུམ་པ་དང་། མཆོད་པའི་བུམ་པའོ།། སྤྱིར་བུམ་པ་ནི་མང་སྟེ། ཕྱིའི་བུམ་པ་དང་། རླུང་གི་བུམ་པ་དང་། གསང་བའི་བུམ་པ་ཞེས་རྒྱལ་པོ་ཝཱི་བྷཱུ་ཏི་ལྀ་སོགས་པས་བཤད་པ་དེས་ཤེས་པར་བྱ་སྟེ། བདག་གིས་མི་སྤྲོའོ།། མཆོད་པ་ནི ་སོའི་གཞུང་གིས་མི་མཐུན་ཏེ། འོན་ཀྱང་རྣམ་པ་གསུམ་དུ་འདུས་སོ།། དེ་ཡང་དངོས་སུ་བཤམས་པ་དང་། ཡོངསུ་གཟུང་བ་མེད་པ་དང་། ཏིང་ངེ་འཛིན་གྱིས་སྤྲུལ་པའོ།། དེ་ལྟར་ངོ་བོ་ལ་སོགས་པ་བདག་གིས་སྤྱིར་ཁྱབ་ཆེ་བར་བརྗོད་པ་ནི། བླ་མའི་མན་ངག་གཟུང་ཞིང ་རྒྱུད་ཐམས་ཅད་དང་མཐུན་པར་བྱ་སྟེ། བདག་གི་རྟོག་པ་ཙམ་ནི་མ་ཡིན་ནོ།། སློབ་དཔོན་གཞན་དག་གིས་གཞན་དུ་བརྗོད་པ་ནི་དོན་གྱི་ཕྱོགས་རེ་ཙམ་བླངས་ནས་གསུངས་ཏེ། འོན་ཀྱང་བདག་གིས་བླ་མའི་མན་ངག་བརྒྱད་ནས་བརྗོད་པའི་ནང་དུ་འདུས་པས་འགལ་བ ་མེད་པར་ཤེས་པར་བྱའོ།། དེ་ལྟར་སྐལ་པ་དང་ལྡན་པ་རྣམས་ཀྱིས་ཤེས་པར་བྱས་ལ་འཇུག་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། གང་ཞིག་ཡུལ་གཞན་མཐོང་འདོད་པས།། མ་གྲོལ་བར་དུ་མཐོང་མི་འགྱུར།། དེ་བཞིན་ནད་རྣམས་སེལ་བ་ཡང་།། སྨན་སོགས་མེད་པར ་སེལ་མི་ནུས།། དེ་བཞིན་བདག་གཞན་དོན་འདོད་པས།། དངོས་གྲུབ་རྣམ་གཉིས་མ་ཐོབ་པར།། དོན་རྣམས་གྲུབ་པར་མི་འགྱུར་ཏེ། དེ་བས་དངོས་གྲུབ་གཉིས་ལ་འབད།། དེ་རྒྱུ་ཐབས་ནི་རྣམ་པ་གཉིས།། དེ་རྒྱུ་གདམས་ངག་ཐོབ་པའོ།། དེ་རྒྱུ་འཇུག་པ ་ལ་སོགས་པ། དེ་རྒྱུ་སྙིང་རྗེ་ཆེན་པོ་ཡིན།། གང་ཞིག་ཤེས་རབ་སྙིང་རྗེ་མེད།། ཐེག་པ་དམན་དེ་སྤང་བར་བྱ།། ཤེས་རབ་སྙིང་རྗེ་ཆེ་ལྡན་པ།། ཐེག་པ་ཆེ་དེ་གཟུང་བར་བྱ།། སྤྱིར་ན་ཐེག་པ་གཉིས་མེད་དོ།། སེམས་དང་སེམས་བྱུང་ཁྱད་པར་རོ།། གང་ཞིག་ཤེས་རབ་སྙིང་རྗེ་མེད།། ་སྡོམ་དང་དམ་ཚིག་ལ་མི་གནས།། འཇུག་དང་དབང་བསྐུར་མ་ཐོབ་ལ།། གསང་སྔགས་བརྗོད་པར་མི་བྱའོ།། དེ་བཞིན་དབང་བསྐུར་མེད་པ་དང་།། དབང་བསྐུར་དམན་ཏེ་མ་གནང་བས།། ལས་རྣམས་མཁས་ཀྱང་མི་བྱ་སྟེ།། འབྲས་བུ་མེད་ཅིང་བདག་ལ་འཚེ།། དེ་བས་སྡོམ་གནས ་དབང་ཐོབ་ནི།། གཅེས་པར་སངས་རྒྱས་ཀུན་དག་དང་།། བླ་མ་ཀུན་གྱིས་མཐུན་པར་གསུངས།། དད་སོགས་ལྡན་རྣམས་ཤེས་པར་མཛོད།། ཐེག་པ་ཆེན་པོའི་ལམ་གྱི་རིམ་པ་ལས་སྔགས་ཀྱི་ལམ་གྱི་རིམ་པ་ལེའུར་ཕྱེ་བ་སྟེ་གཉིས་པའོ།། བདག་གིས་དད་སོགས ་སྣོད་ལྡན་ཕྱིར།། ཐེག་ཆེན་ལམ་རིམ་མདོར་བསྡུས་བྱས།། འདི་ཡི་བསོད་ནམས་གང་ཡིན་པས།། ཀུན་གྱིས་བྱང་ཆུབ་ཐོབ་པར་ཤོག། ཐེག་པ་ཆེན་པོ་ལམ་གྱི་རིམ་པ་ཞེས་བྱ་བ་སློབ་དཔོན་བསྐལ་པ་བཟང་པོའི་རྡོ་རྗེ་ཞེས་བྱ་བས་མཛད་པ་རྫོག་སོ།། ་རྒྱ་གར་གྱི་མཁན་པོ་ག་ཡ་དྷ་ར་དང་། སྨྲ་བསྒྱུར་གྱི་ལོ་ཙ་བ་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་ཅིང་ནུས་ཏེ་གཏན་ལ་ཕབ་པའོ།། ། རྒྱ་གར་སྐད་དུ། མནྟྲ་པ་ཏ་ར། བོད་སྐད་དུ། གསང་སྔགས་ལ་འཇུག་པ། འཕགས་པ་འཇམ་དཔལ་གཞོན ་