CLOSE WINDOW

GT2538: rnal 'byor bla na med pa'i rgyud kyi don la 'jug pa bsdus pa zhes bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཡོ་གཱ་ནུཏྟ་ར་ཡ་ཏནྟནྟྲ་པ་ཏཱ་ར་སཾ་གྲ་ཧ་ནཱ་མ། བོད་སྐད་དུ། རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་དོན་ལ་འཇུག་པ་བསྡུས་པ་ཞེས་བྱ་བ།། བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར ་པ་ལ་ཕྱག་འཚལ་ལོ།། གང་ཞིག་ཐུགས་རྗེ་འགྲོ་བ་ཀུན་ལ་མཁའི་ལྟར་ཁྱབ།། བྱིན་བརླབས་ཐེག་པ་ལ་སོགས་གསུང་གི་འོད་ཟེར་གྱིས།། མངོན་པར་མཐོ་དང་ངེས་པར་ལེགས་པ་སྒྲུབ་པའོ་ཐབས།། སྟོན་མཛད་རྒྱུད་དང ་མདོ་སྡེ་བཅས་པའི་ཚོགས་ལ་འདུད།། བདེ་གཤེགས་ཡོན་ཏན་ཀུན་གྱི་འབྱུང་གནས་ཀྱིས།། ཐོག་མར་ཐུགས་བསྐྱེད་པར་དུ་ཚོགས་གཉིས་བསགས།། ཐ་མར་ཆོས་སྐུ་བརྙེས་ནས་གཞན་དོན་ནི།། སྐྱེ་མེད་ངང་ལས་གཟུགས། ་ཀྱི་སྐུར་བསྟན་ཏེ།། འོག་མིན་གནསུ་ལོངས་སྤྱོད་རྫོགས་སྐུ་དང་།། སྤྲུལ་པའི་སྐུ་ཡིས་ཛམྦུའི་གླིང་ལ་སོགས།། གདུལ་བྱ་སྐལ་མོས་དབང་པོ་ཐ་དད་ལ།། དགོངས་ནས་རྣམ་ཐར་བསམ་གྱིས་མེ་ཁྱབ་གསུངས།། །། དེ་ལ ་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་ཕུང་ཕུ་པོ་བརྒྱད་ཁྲི་བཞི་སྟོང་བཀའ་སྩལ་པ་དེ་དག་ཀྱང་འབྲས་བུའི་ཚུལ་གྱིས་ཐེག་པ་གཅིག་ཏུ་འདུས་ཏེ།། ཐེག་པ་ཆེན་པོའོ།། དེ་ཡང་མཚན་ཡང་དག་པར་བརྗོད་པ་ལས། ཐེག་པ་གསུམ་གྱི ་ངེས་འབྱུང་ལ། ཐེག་པ་གཅིག་གི་འབྲས་བུར་གནས་ཞེས་གསུངས་པ་དང་།། སློབ་དཔོན་ཕྱོགས་ཀྱི་གླང་པོས་ཀྱང་།། འདི་ནི་མྱ་ངན་འདས་འགྲོ་ལམ་གཅིག་པུ།། བདེ་གཤེགས་ཉི་མའི་གསུང་འོད་སྣང་བ་ཅན།། བདག་མེད ་རང་བཞིན་འཕགས་པ་སྟོང་ཕྲག་འཇུག། རྣམ་པར་རྒྱས་པ་བློ་དམན་གྱིས་མི་མཐོང་ཞེས་གསུངས་པ་ཡིན་ནོ།། དེ་དག་ཀྱང་སྦྱོར་དུས་དེ་རེ་ཞིག་པའི་དབང་དུ་བྱས་ན།། ཐེག་པ་ནི་གཉིསུ་བཞག་སྟེ། མངོན་པར ་མཐོ་བའི་ཐེག་པ་འཇིག་རྟེན་པ་དང་། ངེས་པར་ལེགས་པའི་ཐེག་པ་འཇིག་རྟེན་ལས་འདས་པའོ།། དེ་ཡང་། ལྷ་དང་མིའི་ཐེག་པ་ནི།། བཅུ་དྲུག་ཆར་ཡང་མི་ཕོད་དོ་ཞེས་གསུངས་པ་ཡིན།། འཇིག་རྟེན་ལས་འདས་པའི་ཐེག་པ་ལ ་ཡང་རྣམ་པ་གསུམ་སྟེ། ཉན་ཐོས་ཀྱི་ཐེག་པ་དང་། རང་རྒྱལ་བའི་ཐེག་པ་དང་། བྱང་ཆུབ་སེམས་དཔའི་ཐེག་པའོ།། དེ་ལ་ཡང་ལང་ཀར་གཤེགས་པའི་མདོ་ལས། བྱིས་པ་རྣམས་ནི་དྲང་བའི་ཕྱིར།། ཐེག་པ་ཐ་དད་ངས ་བཤད་དོ་ཞེས་གསུང་སོ།། ཐེག་པ་དེ་དག་གི་དོན་མདོར་བསྣུན་རྣམ་པ་གསུམ་དུ་འགྱུར་ཏེ། ཡུལ་དང་། དུས་དང་།། འབྲས་བུར་གཞག་པ་ཡིན་ནོ།། དེ་ཡང་འདི་སྐད་དུ། མངོན་པར་རྟོགས་པའི་རྒྱན་ལས། ཡུལ་གྱི་རྒྱུ ་ནི་གསུམ་དག་དང་།། སྦྱོར་བ་བཞི་ཡི་བདག་ཉིད་དང་།། ཆོས་སྐུ་ཕྲིན་ལས་འབྲས་བུ་ནོ།། མདོར་བསྡུས་གཞན་དེ་རྣམ་པ་གསུམ་ཞེས་གསུངས་པ་ལྟ་བུའོ།། དེ་ལ་ཉན་ཐོས་དང་རང་རྒྱལ་བའི་འཇུག་པ་ནི་ཡེ་ཤེས་ལ་འཇུག་པ་ལ་སོགས་པ ་མངོན་པ་སྡེ་བདུན་དང་། བྱེ་བྲག་ཏུ་བཤད་པ་ཆེན་པོ་ལ་སོགས་པ་གཞན་དུ་གྲགས་པར་ཟད་དོ།། དེ་ལ་བྱང་ཆུབ་སེམས་དཔའི་ཐེག་པ་ནི་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་འགྱུར་བས་ཐེག་པ་ཆེན་པོའོ་དོན་ནི་མཆོག་ཏུ་བླང་བར ་བྱ་བ་ཡིན་ཏེ་སྨོན་ལམ་ལ་སོགས་པས་བླ་ན་མེད་པའི་བདེ་བར་གཤེགས་པའི་གོ་འཕང་ཐོབ་པར་འགྱུར་བ་ནི་ཐེག་པ་ཆེན་པོའི་དོན་ཡིན་པའི་ཕྱིར་རོ།། དེ་ཡང་ཇི་སྐད་དུ་ཚུལ་གསུམ་གྱི་སྒྲོན་མ་ལས། སྨོན་པ་དང་ནི་འཇུག་པ་དང་།། ་དེ་བཞིན་ཐབ་དང་རྒྱ་ཆེ་ཉིད།། མི་ལྡོག་འབྲས་བུ་ཐོབ་པས་ཀྱང་།། ཐག་པ་ཆེན་པོ་ཁྱད་པར་འཕགས་ཞེས་གསུངས་པ་དང་། ཐག་པ་ཆེན་པོ་ཉི་ཤུ་པ་ལས་ཀྱང་།། རྟོག་པའི་ཆུ་བོས་གང་བ་ཡིས།། འཁོར་བའི་རྒྱ་མཚོ་ཆེན་པོར་ནི།། ། ་ཐེག་ཆེན་གྲུ་ལ་མ་ཞུགས་པར།། སུ་ཞིག་པ་རོལ་འགྲོ་བར་འགྱུར་ཞེས་གསུངསོ།། དེ་ལ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་རྣམ་པ་གཉིས་ཏེ། ས་དང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་།། གསང་སྔགས་འབྲས་བུ་རྡོ་རྗེའི་ཐེག ་པའོ།། དེ་ལས་དང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ནི་མདོ་སྡེའི་དོན་བསྡུས་པ་མངོན་པར་རྟོགས་པའི་རྒྱུན་ལ་སོགས་པས་དོན་གྱི་འགྲེལ་པ་རྒྱས་པར་གསུངས་པ་ཡིན་ནོ།། དེ་ཡང་ཇི་སྐད་དུ། མངོན་པར་རྟོགས་པའི་རྒྱུན་ལས། རྣམ ་ཀུན་མཁྱེན་ཉིད་ལམ་ཤེས་ཉིད།། དེ་ནས་ཐམས་ཅད་ཤེས་པ་ཉིད།། རྣམ་པ་ཀུན་རྫོགས་རྟོགས་པ་དང་། རྩེ་མོར་ཕྱིན་དང་མཐར་གྱིས་པ།། སྐད་ཅིག་གཅིག་མངོན་རྫོགས་བྱང་ཆུབ།། ཆོས་ཀྱི་སྐུ་དང་དེ་རྣམས་བརྒྱད་ཅེས ་གསུངས་པ་ཡིན་ནོ།། དེ་ལ་གསང་སྔགས་འབྲས་བུ་རྡོ་རྗེ་ཐག་པ་ནི་དེ་ཁོ་ན་ཉིད་དུ་སྨྲ་ཞིང་དབང་པོ་རྣོན་པོའི་དོན་དུ་གསུངས་པས་ན་ས་དང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས་ཁྱད་པར་དུ་འཕགས་པ་ཡིན་ཏེ། དེ་ཁོ་ནའི་དོན་ཕྱིན་ཅི་མ་ལོག ་པའི་དཀའ་བ་མེད་པར་མྱུར་དུ་སྒྲུབ་པའི་ཕྱིར་རོ།། དེ་ཡང་སྒྱུ་འཕྲུལ་དྲ་བ་ལས། རྫོགས་པའི་སངས་རྒྱས་གང་འདས་དང་།། དེ་བཞིན་གང་དག་མ་བྱོན་དང་།། ད་ལྟར་བྱུང་བའི་མགོན་པོ་རྣམས།། འགྲོ་ལ ་ཕན་ཕྱིར་བཞུགས་པ་དག། དེ་དག་ཀུན་གྱིས་གསང་སྔགས་ཀྱིས།། ཆོ་ག་མཆོག་བཟང་འོད་བརྙེས་ནས།། དཔའ་བོས་བྱང་ཆུབ་ཤོང་དྲུང་དུ།། ཐམས་ཅད་མཁྱེན་པ་མཚན་མེ་དོ་བརྙེས་ཞེས་གསུངས་པ་དང་། གཞན་ཡང་ཚུལ་གསུམ ་གྱི་སྒྲོན་མ་ལས། དོན་གཅིག་ན་ཡང་མ་རྨོངས་དང་།། ཐབས་མང་དཀའ་བ་མེད་པ་དང་།། དབང་པོ་རྣོན་པོའི་དོན་གྱི་ཕྱིར།། སྔགས་ཀྱི་བསྟན་བཅོས་ཁྱད་པར་འཕགས་ཞེས་གསུངས་པ་ཡིན་ནོ།། གསང་སྔགས་འབས་བུ་རྡོ་རྗེ་ཐེག་པ ་ལ་ནི་འཇུག་པའི་སྒོ་རྣམ་པ་བཞི་སྟེ། བྱ་བའི་རྒྱུད་དང་། སྤྱོད་པའི་རྒྱུད་དང་། རྣལ་འབྱོར་ཆེན་པོའི་རྒྱུད་ཅེས་སྤྱིར་གྲགས་པ་ཡིན་ནོ།། དེ་དག་ཀྱང་གསངོ་ཞིང་སྦས་པས་འགྲུབ་ལ་སྣོད་མ་ཡིན་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པས་ན་གསང ་བའོ།། དེ་ནི་སྔགས་ཀྱི་ཐེག་པ་ཞེས་ཀྱང་བྱ་སྟེ། སྔགས་དང་ཕྱག་རྒྱའི་སྒོ་ནས་དངོས་གྲུབ་རྣམས་སྒྲུབ་པའི་ཕྱིར་དང་། དེས་ཡིང་སྐྱོབ་པར་བྱེད་ཅིང་འཁོར་བའི་སྡུག་བསྔལ་ལས་དཀའ་བ་མེད་པར་མྱུར་དུ་སྒྲོལ་བའི་ཕྱིར་དང་། ཉན་ཐོས་ལ ་སོགས་པ་བློ་དམན་པ་རྣམས་སྐྲག་པར་བྱེད་པའི་ཕྱིར་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྟོད་ཅིང་བཀུར་ལོ་བསྔགོས་པའི་ཕྱིར་དང་། དེ་ཁོ་ན་ཉིད་ཀྱི་དོན་ཕྱིན་ཅི་མ་ལོག་པར་སྟོན་པ་ལ་སོགས་པའི་ཕྱིར་སྔགསོ།། ་དེ་ནི་སྐུ་དང་ལོངས་སྤྱོད་དང་གནས་དང་མཛད་པ་ཡོངསུ་དག་པའི་ཚུལ་གྱིས་འཇུག་པས་ན་འབྲས་བུ་སྟེ། ལམ་ཐམས་ཅད་ཀྱི་འབྲས་བུ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཡིན་པའི་ཕྱིར་རོ།། དེ་ཉིད་ནི་འཚེ་བ་མེད་ཅིང་ཡང་དག་པའི་དོན་ཐོགས ་པ་མེད་པར་ཐོབ་པར་བྱེད་པས་ན་རྡོ་རྗེའོ།། དེ་ནི་ཐེག་པ་ཡང་ཡིན་ཏེ། ལམ་དེས་དཀའ་བ་མེད་པར་མྱུར་དུ་ཡིད་ལ་བྱེད་པའི་ཕྱིར་རོ།། དེ་ཡང་ཇི་སྐད་དུ། གསང་པོས་གྲུབ་ཕྱིར་གསང་སྔགས་ཏེ། རྡོ་རྗེ་ཐེག་པ་འབྲས་བུ་ཆེ་ཞེས་གསུངས་པ ་ཡིན་ནོ།། དེ་ལ་གསོང་སྔགས་ཀྱི་ཐེག་པའི་སྡེ་སྣོད་ནི་ཐེག་པ་གསུམ་དུ་མ་གཏོགས་པར་འདོད་དེ། དེ་ནི་རིག་འཛིན་གྱི་སྡེ་སྣོད་ཅེས་བྱ་བར་གྲགས་པ་བྱང་ཆུབ་སེམས་དཔོའི་སྡེ་སྣོད་གཞན་ཡིན་ནོ།། དེ་ཡང་ཇི་སྐད་དུ། ཕྱི་ནང་གསང་བ ་ཐེག་པ་གསུམ།། དམ་ཆེས་ཡོངསུ་གཟུང་བར་བྱ་ཞེས་གསུངས་པ་ཡིན་ནོ།། ཡང་ན་སྡེ་སྣོད་གསུམ་དུ་འདུས་པར་ཡང་འཆད་དེ། གསུང་རབ་ཡན་ལག་དོགུ་ནི་ཐེག་པ་ཆེན་པོའི་སྡེ་སྣོང་ཡིན་ལ།། གསང་སྔགས་ཀྱི་ཐེག་པའི་སྡེ་སྣོད་ཀྱང་གསུ ་རབ་ཡན་ལག་དགུར་འདུས་ཤིང་། བསླབ་པ་རྣམ་པ་གསུམ་སྟོན་པའི་ཕྱིར་སྡེ་སྣོད་གསུམ་དུ་གཞག་པའོ།། དེ་ཡང་ཇི་སྐད་དུ་བཞི་བརྒྱ་ལྔ་བཅུ་པ་ལས། གདུལ་བྱས་བསྐྱོད་པ་སྣ་ཚོགས་མཆོག། དམ་ཆོས་གསུང་རབ་ཡན་ལག་དགུ ་ཞེས་གསུངས་པ་ཡིན་ནོ།། དེ་ལ་བྱ་བའི་རྒྱུད་ནི་རོག་པ་མཆོག་དང་རབ་ཏུ་གྲུབ་པའི་རྒྱུད་ལ་སོགས་པ་སྟེ། རྒྱས་པར་ནི་དབྱེ་བ་བསམ་གྱིས་མི་ཁྱབ་པ་ཡིན་ནོ།། དེའི་གདུལ་བྱོ་ཟབ་མོའི་དོན་ལ་འཇིགས་པར་ལྟ་ཞིང་ཤིན་ཏུ་གཙང་སྦྲ་བྱེད་ལ ་ཡེ་ཤེས་སེམས་དཔའི་བདེ་བ་སྦྱངས་ཤིང་། ལྷའི་སྙེམས་པ་མེད་པ་རྨད་དུ་བྱུང་བའི་ཡུལ་ལ་སྐྱོན་གྱི་རྒྱུའི་རྟོག་པའི་རབ་ཏུ་སྤྱོད་པས་སྒྲུབ་པར་བྱེད་པའི་དོན་གསུངས་པ་ཡིན་ནོ།། དེ་ལ་སྤྱོད་པའི་རྒྱུད་ལ་ནི ་མངོན་པར་བྱང་ཆུབ་པ་ལ་སོགས་པ་སྟེ། མདོར་བསྡུ་ན་སྟོང་ཕྲག་བརྒྱད་ཡོན་ལ།། རྒྱས་པར་ནི་དབྱེ་བ་བསམ་གྱིས་མི་ཁྱབ་པ་ཡིན་ནོ།། གང་དག་ལས་ཀྱི་བྱེ་བ་སྣ་ཚོགས་རྒྱ་ཆེན་པོ་ཕྱག་རྒྱ་དམིགས་པའི་མཚོན་ཉིད་ལ་སོགས་པ ་དང་། རྣལ་འབྱོར་གཉིས་ཀས་དངོས་གྲུབ་ཀྱི་དོན་ལ་སྒྲུབ་པར་བྱེད་པའི་དོན་དུ་གསུངས་པ་ཡིན་ནོ།། དེ་ལ་རྣལ་འབྱོར་གྱི་རྒྱུ་དོ་ནི་དེ་ཁོ་ན་ཉིད་བསྡུས་པ་ལ་སོགས་གསུངས་ཏེ། མདོར་བསྡུ་ན་སྟོང་ཕྲག་དྲུག་པ་ཡིན་ལ།། རྒྱས་པར་ནི་དཔེ ་བ་བསམ་གྱི་སོ་མི་ཁྱབ་པ་ཡིན་ནོ།། གང་དག་ལྷའི་དཀྱིལ་འཁོར་གྱི་འཁོར་ལོ་དགོད་པ་དང་། དེ་ལས་བྱུང་བའི་ལས་སྒྲུབ་པ་དེ་ཁོ་ན་ཉིད་རྣམ་པ་བཅུ་རབ་ཏུ་དཔྱད་པས་དེ་རྣལ་འབྱོར་དང་ཕྱིའི་བྱ་བས་ཀྱང་ཏིང་ངེ་འཛིན་གྱི་ཡན་ལག་ཏུ་སྒྱུར ་པས་དངོས་གྲུབ་ཐམས་ཅད་ཐོབ་པར་འདོད་པའི་དོན་དུ་གསུངས་པ་ཡིན་ནོ།། རྣལ་འབྱོར་ཆེན་པོའི་རྒྱུད་ནི་གདུལ་བྱ་དབང་པོ་མཆོག་དང་རྣལ་འབྱོར་གཙོ་བོར་བྱེད་པའི་དོན་དུ་གསུངས་པ་ཡིན་ཏེ། མདོར་བསྡུ་ན་སྟོང་ཕྲག་བཅུ་གཉིས་ཡིན ་ལ། རྒྱས་པར་ནི་དབྱེ་བ་བསམ་གྱིས་མི་ཁྱབ་པ་ཡིན་ནོ།། དེ་ལ་རྣལ་འབྱོར་ཆེན་པོའི་རྒྱུད་ནི་རྣམ་པ་གཉིས་ཏེ། རང་བཞིན་གྱི་རྒྱུད་དང་བཏགས་པའི་རྒྱུད་དོ།། དེ་ལ་རང་བཞིན་གྱི་རྒྱུད་ནི་མདོར་བསྡུ་ན་རྣམ་པ་གསུམ་སྟེ།། རྒྱུའི་རྒྱུད་དང ་འབྲས་བུའི་རྒྱུད་དང་། ཐབས་ཀྱི་རྒྱུད་དོ།། དེ་ཡང་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། རྒྱུད་ནི་རྒྱུན་ཅེས་བྱ་བར་གྲགས།། དེ་ནི་རྣམ་པ་གསུམ་དུ་འགྱུར།། གང་གཞི་དང་དེ་བཞིན་རང་བཞིན་དང་།། མི་འཕྲོགས་པའི་རབ་ཕྱེ་བ ་གཞི་དང་རང་བཞིན་རྒྱུ་ཡིན་ཏེ།། དེ་བཞིན་མི་འཕྲོགས་འབྲས་བུའོ།། གཞི་ནི་ཐབས་ཞེས་བྱ་བ་སྟེ།། གསུམ་གྱིས་རྒྱུད་ཀྱི་དོན་བསྡུས་པའོ་ཞེས་གསུངས་པ་ཡིན་ནོ།། བཏགས་པའི་རྒྱུད་ཀྱང་རྣམ་པ་གཉིས་ཏེ། རྣལ་འབྱོར་ཐབས ་ཀྱི་རྒྱུད་དང་། རྣལ་འབྱོར་ཤེས་རབ་ཀྱི་རྒྱུད་དོ།། དེ་དག་ཀྱང་རྣམ་པ་གཉིསུ་འདོད་དེ། རྣལ་འབྱོར་མཆོག་གི་རྒྱུད་དང་། རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཅེས་བྱ་སྟེ། རིག་པའི་རྒྱུད་དང་། རྩ་བའི་རྒྱུད་ཅེས་བཏགས་པ་ཡིན་ནོ།། དེ ་ལ་ཐབས་དང་ཤེས་རབ་ཀྱི་རྒྱུད་ཀྱི་དབྱེ་བ་ནི། དེ་ཁོ་ན་ཉིད་སྟོན་པ་དང་།། གདུལ་བྱ་དང་། རྣམ་པར་དག་དང་། ཐུན་མོང་དུ་མངོན་པར་གྲགས་པ་ལ་སོགས་པས་ཐ་དད་པར་གཞག་པར་བྱའོ།། དེ་ཡང་རྒྱ་ཆེ་བའི་དེ་ཁོ་ན་ཉིད་གང་དུ་གཙོ ་པོར་སྟོན་པའི་རྒྱུད་ནི་ཐབས་ཀྱི་རྒྱུད་དོ།། གང་དུ་ཟབ་པ་ཉིད་གཙོ་བོར་བྱས་ཏེ། སྟོན་པ་ནི་ཤེས་རབ་ཀྱི་རྒྱུད་དོ།། གང་དུ་སྐྱེས་པ་དང་། རང་གི་སྡེ་པ་འདུལ་བའི་ཕྱིར་ལྷ་ཕོའི་རྣམ་པ་མང་བར་སྟོན་པའི་དཀྱིལ་འཁོར་ནི་ཐབས་ཀྱི་རྒྱུད་དོ།། ་གང་དུ་བུད་མེད་དང་། ཕྱི་རོལ་མུ་སྟེགས་ཅན་འདུལ་བའི་ཕྱིར་དེ་དག་དང་རྗེས་སུ་མཐུན་པའི་ལྷ་མོའི་རྣམ་པ་མང་བའི་དཀྱིལ་འཁོར་སྟོན་པ་ནི་ཤེས་རབ་ཀྱི་རྒྱུད་དོ།། གང་དུ་ཕྱི་ནང་གི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་རྣམ་པར་དག ་པའི་ལྷ་སྟོན་པ་ནི་ཐབས་ཀྱི་རྒྱུད་དོ།། གང་དུ་ཕྱི་ནང་ག་རྩརྩཝ་དང་། བྱང་ཆུབ་ཀྱི་སེམས་རྣམ་པར་དག་པའི་ལྷ་སྨྱོན་པ་ནི་ཤེས་རབ་ཀྱི་རྒྱུད་དོ།། ག་དུ་འཇིག་རྟེན་དང་རྗེས་མཐུན་པའི་ལྷའི་རྣམ་པ་སྟོན་པ ་ནི་ཐབས་ཀྱི་རྒྱུད་དོ།། གང་དུ་འཇིག་རྟེན་དང་འགལ་བའི་ལྷའི་རྣམ་པ་སྟོན་པ་ནི་ཤེས་རབ་རྒྱུད་ཅེས་བྱ་བ་ལ་སོགས་པ་བཏགས་པ་ཡིན་ནོ།། དེ་ཡང་ཤེས་རབ་ཀྱི་དབྱེ་བ་ལས། རྣལ་འབྱོར་པ་ནི་གཉི་སུ་འདོད་ཅེས་གསུངས་པ ་ཡིན་ནོ།། དེ་ལ་ཐབས་དང་ཤེས་རབ་ཀྱི་རྒྱུད་དེ་དག་གི་དོན་མདོར་བསྡུ་ན་སྔ་མ་བཞིན་དུ་རྣམ་པ་གསུམོ་ཡིན་ཏེ། ཡུལ་དང་། འབྲས་བུ་དང་། རྒྱུའི་རྣམ་པས་སོ།། དེ་ལ་གང་དག་དེ་ཁོ་ན་ཉིད་ཀྱི་དོན་མཐོང་བར་འདོད་པ་རྣམས ་ཀྱིས་རྟོགས་ཤིང་ཁོང་དུ་ཆུད་པར་བྱ་བའི་ཡུལ་ནི་མདོར་བསྡུ་ན་རྣམ་པ་གཉིས་ཡིན་ཏེ། ཀུན་རྫོབ་ཀྱི་བདེན་པ་དང་།། དོན་དམ་པའི་བདེན་པའོ།། དེ་ལ་ཀུན་རྫོབ་ཀྱི་བདེན་པ་ལ་ཡང་རྣམ་པ་གཉིས་ཏེ། ཡང་དག་པ་དང་།། ཡང ་དག་པ་མ་ཡིན་པའོ།། དེ་ཡང་ཡང་དག་པའི་ཀུན་རྫོབ་ནི་སེམས་ཀྱི་རང་བཞིན་འོད་གསལ་བ་སྟེ།། རྣམ་གྲངས་ཀྱི་དོན་དམ་པར་འདོད་པ་ཡིན་ནོ།། དེ་ཡང་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུ་སྡེ་པ་ལས། སེམས་ནི་ནམ་མཁའི་མཚན་ཉིད ་ཅན།། རྣམ་པ་མེད་པའི་ངོ་བོར་ཁྱབ།། འགྲོ་དང་འོད་པ་དང་བྲལ་བའོ་ཞེས་གསུངས་པ་ཡིན་ནོ།། ཡང་དག་པ་མ་ཡིན་པའི་ཀུན་རྫོབ་ནི་དེ་ལས་བཟློག་པའི་ཆོས་ཐམས་ཅད་ཡིན་ནོ།། དེ་དག་གི་མཚན་ཉིད་ཐུན་མོང་དུ་བསྟན་པ་ནི། རླུང་གི ་དབང་གིས་སྣ་ཚོགསུ་སྣང་ཞིང་ཉམ་སུ་མྱོང་བར་བྱེད་པ་ཡིན་ནོ།། དེ་ཡང་དགོངས་པ་ལུང་བསྟན་པ་ལས། ཇི་སྲིད་འཇིག་རྟེན་གྱིས་བརྟགས་དང་།། དེ་བཞིན་བརྟགས་པ་སྣ་ཚོགས་རྣམས།། རྣམ་རྟོག་བྱང་ཆུབ་སེམས་ཞེས་པའི།། ། ་རླུང་ལྟར་རྟག་ཏུ་འབྱུང་བ་ཡིན།། བོད་སྡུག་ལ་སོགས་ཆོས་རྣམས་ཀྱི།། ས་བོན་ལྟ་བུར་བཤད་པ་ཡིན་ཞེས་གསུངས་པ་དང་། གཞན་ཡང་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ལས།། རིགས་ཀྱི་བུ་ཀུན་རྫོབ་ནི་མི་བརྟན་པ་དང་གཡོ། ་བའོ།། དེའི་བདེན་པ་ནི་ཆུ་ཟླ་ལྟ་བུའོ།། ཡང་དེ་ཉིད་ལས་རྣམ་པར་ཤེས་པ་ནི་འོད་གསལ་བ་ལས་འབྱུང་ངོ་།། དེ་ནི་སེམས་དང་ཡིད་ཅེས་བྱ་སྟེ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་ཐམས་ཅད་ནི་དེའི་རྩ་བ་ཅན ་ཡིན་ནོ།། ཞེས་གསུངས་པ་དང་། རྒྱུད་ཐམས་ཅད་ཀྱི་བླ་མར་གྱུར་པ་ལས།། འགྲོ་བ་འདི་ཀུན་སངས་རྒྱས་ལྔ་བདག་ཉིད།། གར་མཁན་དག་དང་རོལ་མི་བཟང་ལྟར་སྣང་།། གང་དུ་བདེ་ཚོན་ཞེས་བྱ་གཅིག་པུ་ཉིད།། གཅིག་པུ ་ཉམས་ནི་དུ་མར་གར་མཛད་དོ་ཞེས་གསུངས་པ་དང་། དགོངས་པ་ལུང་བསྟན་པ་ལས་ཀྱང་།། བྱང་ཆུབ་སེམས་ལས་རླུང་འབྱུང་ཞིང་།། ནམ་མཁའ་ལས་ནི་རྣམ་གནས་པ།། སེམས་ཅན་ཀུན་གྱི་སྲོག་གྱུར་ཅིང་།། ལྔ་ཡི་བདག་ཉིད་བཅུ་མི། ་ཅན།། རྟེན་འབྲེལ་བཅུ་གཉིས་ཞེས་གྲགས་པ།། ངོ་བོ་ཉིད་རྣམས་གསུམ་དུ་འགྱུར་ཞེས་གསུངས་པ་དང་། ཡང་དེ་ཉིད་ལས།། སྙིང་པོར་གྱུར་པ་རང་སྲོག་ལས།། ཁམས་གསུམ་ན་ནི་གཞན་མེད་དེ།། ཁམས་གསུམ་རླུང་གིས་སྤྲུལ ་པ་སྟེ།། རྨི་ལམ་རྨི་བ་བཞིན་དུ་བལྟ་ཞེས་གསུངས་པ་དང་། ཡང་དེ་ཉིད་ལས།། སྐྱེ་དང་གནས་དང་འཇིག་པ་དང་།། སྲིད་པ་བར་མར་གནས་པ་སྟེ།། ཇི་སྙེད་འཇིག་རྟེན་གྱིས་བརྟགས་པ།། སེམས ་དང་རླུང་གིས་རྣམ་འཕྲུལ་ལོ་ཞེས་གསུངས་པ་དང་། གཞན་ཡང་སྣང་བའི་ཕྲེང་བ་ལས་ཀྱང་།། སེམས་ཙམ་ལ་ནི་བརྟེན་ནས་སུ།། ཕྱི་རོལ་དོན་ལ་མི་རྟགོ། དེ་བཞིན་ཉིད་ལ་དམིགས་ནས་སུ།། སེམས་ཙམ་ལས་ནི་བཟླ་བར་བྱ།། ་སེམས་ཙམ་ལས་ནི་བཟླས་ནས་སུ།། སྣང་བ་མེད་ལ་གནས་པར་འགྱུར།། སྣང་མེད་གནས་པའི་རྣལ་འབྱོར་པ།། དེ་ཡིས་ཐེག་པ་ཆེན་པོ་མཐོང་ཞེས་གསུངས་པ་དང་། རིན་པོ་ཆེ་ཕྲེང་བ་ལས་ཀྱང་།། ངར་འཛིན་ལས་བྱུང་ཕུང་པོ་རྣམས ་ངར་འཛིན་དེ་ནི་དོན་དུ་བརྫུན།། གང་གིས་ས་བོན་བརྫུན་པ་དེ།། སྐྱེ་བ་བདེན་པ་གང་ལ་ཞིག་ཅེས་གསུངས་པ་དང་། ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་ཀྱང་།། དཔེར་ན་ཆུ་ཤིང་རློན་པའི་ཕུང་པོ་ལས།། སྙིང་པོ་འདོད་པའི་སྐྱེས་བུས་རྣམ ་བཙལ་ན།། ཕྱི་དང་ནང་དང་སྙིང་པོ་ཡོད་མ་ཡིན།། ཆོས་རྣམས་ཐམས་ཅད་དེ་འདྲར་ཤེས་པར་གྱིས་ཞེས་གསུངས་པ་དང་།། ཡང་དེ་ཉིད་ལས། དཔེར་ན་གཞོནུ་རྨི་ལམ་ནང་གནས་ཚེ།། དེས་ནི་བུ་སྐྱེས་ཤི་བར་གྱུར་པ་མཐོང་།། སྐྱེས་པས ་དགའ་ལ་ཤི་བས་གདུང་བར་འགྱུར།། ཆོས་རྣམས་ཐམས་ཅད་དེ་འདྲར་ཤེས་པར་གྱིས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། དོན་དམ་པའོ་བདེན་པ་ཡང་རྣམ་པ་གཉིས་ཏེ། རྣམ་གྲངས་པ་དང་། རྣམ་གྲངས་མ་ཡིན་པའོ།། ་དེ་ལ་རྣམ་གྲངས་པ་ནི་ཡེ་ཤེས་དང་། དེ་ཁོ་ན་ཉིད་ལ་དམིགས་པའི་ཚུལ་གསུམ་པའི་རྟགས་ལས་སྐྱེས་པ་ལ་སོགས་པའོ།། རྣམ་གྲངས་མ་ཡིན་པ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་མ་སྐྱེས་པ། ངོ་བོ་ཉིད་ཀྱིས་གདོད་མ་ནས ་མ་གྲུབ་པ།། ལས་དང་སྐྱེ་བ་ཐམས་ཅད་དང་བྲལ་བ། རྣམ་པར་རྟོག་པའི་ཡུལ་ལས་འདས་པ།། སྤྲོས་པ་ཐམས་ཅད་རྣམ་པར་ཆད་པ་ཙམ་སྟེ། བདེན་པ་གཉིས་གཉིས་སུ་མེད་པའི་ངོ་བོ་ཉིད་དོ།། དེ་ཡང་ཡེ་ཤེས་རྡོ་རྗེ་ཀུན་ལས ་བཏུས་པ་ལས། དོན་དམ་པའི་བདེན་པ་ནི་སྟོང་པ་བཅོ་བརྒྱད་དེ།། ཡང་དག་པའི་མཐའོ་ཞེས་གསུངས་པ་དང་། དཔལ་གསང་བ་འདུས་པ་ལས་ཀྱང་།། དངོས་པོ་མེད་པས་སྒོམ་པའི་དངོས།། བསྒོམ་པའི་དངོས་པར་བྱེ་བ་བསྒོམ ་པ་མ་ནི།། དེ་བས་དངོས་པོ་དངོས་མེད་པས།། བསྒོམ་པ་དམིགསུ་མེད་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དང་།། གཞན་ཡང་དེ་ཉིད་ལས། རང་སེམས་སེམས་ནི་དམིགས་པ་ལས།། ཆོས་རྣམས་ཐམས་ཅད་རབ་ཏུ་གནས།། ་ནམ་མཁའི་རྡོ་རྗེ་གནས་སེམས་འདི།། ཆོས་མེད་ཆོས་ཉིད་མེད་པོའོ་ཞེས་གསུངས་པ་དང་། ཚིགསུ་བཅད་པ་དགུ་པ་ལས།། སྤྲོས་པ་མེད་ཅིང་སྣང་བ་མེད།། རྣམ་རྟོག་མེད་ཅིང་ཤིན་ཏུ་ཕྲ་ཞེས་གསུངས་པ་དང་།། མངོན་པར་བྱང་ཆུབ་པ་ལས ་ཀྱང་། ཐམས་ཅད་ན་མཁའི་མཚན་ཉིད་དེ།། ནམ་མཁའ་ལ་ཡང་མཚན་ཉིད་མེད།། གང་ཞིག་དེ་རྟོགས་འདོད་པ་ནི།། བྱང་ཆུབ་སེམས་དཔའ་ཞེས་བྱའོ་ཞེས་གསུངས་པ་དང་། གླང་པོ་མཚན་བཅིངས་ཀྱི་མདོ་ལས་ཀྱང་། གང་གིས་སྐྱེ ་བ་འབྱུང་བ་ནི།། དངོས་པོ་གང་ལའང་རྙེད་མི་འགྱུར།། དངོས་པོ་མེད་པའི་ངོ་བོ་ལ།། བྱིས་པ་རྣམས་ནི་འབྱུང་བར་འདོད་ཅེས་གསུངས་པ་དང་། སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ཡེ་ཤེས་སྒྲ ་བའི་རྒྱན་ལས་ཀྱང་། རྟག་ཏུ་སྐྱེ་མེད་ཆོས་ནི་དེ་བཞིན་གཤེ་གས།། ཆོས་རྣམས་ཀུན་ཀྱང་བདེ་བར་གཤེགས་དང་འདྲ།། བྱིས་པའི་བློ་ཅན་མཚན་མར་འཛིན་པ་ཡིས།། འཇིག་རྟེན་དག་ན་མེད་པའི་ཆོས་ལ་སྤྱོད་ཅེས་གསུངས་པ་དང ་ཐེག་པ་ཆེན་པོ་ཉི་ཤུ་པ་ལས་ཀྱང་།། གང་ཚེ་སྒྱུ་མཁན་སྒྱུ་མ་ནི།། སྤངས་ཤིང་ཉེ་བར་བསྡུས་པ་ན། དེ་ཆེ་ཅི་ཡང་མི་སྣང་སྟེ།། དེ་ནི་ཆོས་ཀྱི་ཆོས་ཉིད་དོ་ཞེས་གསུངས་པ་དང་། བྱང་ཆུབ་ཀྱི་སེམས་བཤད་པ་ལས་ཀྱང་།། ་རྟོགས་པ་པོ་ཡིས་རྟོགས་བྱ་གང་།། ཤེས་བྱ་མེད་པས་ཤེས་པ་མེད།། དེ་ལྟར་ཤེས་དང་ཤེས་བྱ་གང་།། དངོས་པོ་མེད་པར་ཅེས་མི་འདོད།། རྟོགས་བྱ་རྟོགས་བྱེད་རྣམ་པར་སེམསོ།། དེ་བཞིན་གཤེགས་པས་མ་གཟིགས། ་ཞེས་པ་ལ་སོགས་པ་གཞུ་སྣ་ཚོགས་ལས་གསུངས་པ་ཡིན་ནོ།། དེ་ལྟ་བས་ན་དེ་ཁོ་ན་མཐོང་བར་འདོད་པ་རྣམས་ཀྱིས་ཁོང་དུ་ཆུད་ཅིང་རྟོགས་པར་བྱ་བའི་ཡུལ་ཐམ་སོ་ཅད་ནི་དདོན་པ་གཉིསུ་འདུས་པ་ཁོ་ན་ཡིན་ནོ།། དེ་ཡང་བདེན་པ ་གཉིས་རྣམ་པར་བསྟན་པ་ལས།། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ།། བདེན་པ་གཉིས་ལ་ཡང་དག་གནས།། འཇིག་རྟེན་ཀུན་རྫོབ་བདེན་པ་དང་།། དམ་པའི་དོན་གྱི་བདེན་པའོ་ཞེས་གསུངས་པ་ཡིན་ནོ།། དེ་ལྟར་བདེན་པ ་གཉིས་ཀྱི་མཚན་ཉིད་རྟོགས་ན་འབྲས་བུ་སྐུ་གསུམ་གྱི་རང་བཞིན་ལ་མངོན་པར་འདོད་པ་འབྱུང་བས་ཐམས་ཅད་མཁྱེན་པ་ཡོན་ཏན་གྱི་དབང་ཕྱུག་དང་ལྡན་པ་བདེན་པ་གཉིས་ཀྱི་རང་བཞིན་ཅན་བདེ་བ་ཆེན་པོའི་རྣམ་པ་ཆོས་ཐམས་ཅད ་ཀྱི་སྐུ་སྟེ། བདེ་བ་ཆེན་པོའི་སྐུ་ཞེས་རྣལ་འབྱོར་ཆེན་པོའི་གྲུབ་པའི་མཐའ་ལས་འདོད་དོ།། དེ་ཡང་ཇི་སྐད་དུ། རྣལ་འབྱོར་ཆེན་པོའི་བཤད་པའི་རྒྱུད་ལས། དབང་ཕྱུག་བརྒྱད་ཀྱིས་བཅོམ་ལྡན་འདས།། བདེ་བ་ཆེན་པོའི་གནས ་ན་བཞུགས་ཞེས་གསུངས་པ་དང་། དཔལ་གསང་བ་འདུས་པ་ལས་ཀྱང་། སྔགས་ཀྱི་སྐྱེས་བུ་ཇི་སྙེད་པ།། རྡོ་རྗེ་གསུམ་གྱི་ཡེ་ཤེས་རྫོགས།། དབང་པོ་གཉིས་ཀྱི་སྦྱོར་བ་ཡིས།། དངོས་པོ་ཐམས་ཅད་བརྟག་པར་བྱ་ཞེས་གསུངས ་པ་དང་། གཞན་ཡང་བཤད་པའི་རྒྱུད་ལས། ཡོན་ཏན་བརྒྱད་དང་ཉེར་ལྡན་པས།། སེམས་ཅན་ཐམས་ཅད་རིག་འགྱུར་ཞིང་།། འཇིག་རྟེན་ཁམས་ནི་མ་ལུས་པ།། བདག་ཉིད་ཡེ་ཤེས་ལུས་ཀྱི་རྒྱུ།། གཙོ་བོ་གང་དུ་རྒྱུ་བ ་ཡི།། དེ་ཡི་ཁྱིམ་ནི་ན་མཁའ་ཉིད།། བདེ་བ་ཆེན་པོའི་ཏིང་འཛིན་གྱིས།། དེ་ཉིད་དུ་ནི་རྟག་ཏུ་དགྱེས་ཞེས་གསུངས་པ་དང་། བུདེ་མཆོག་འཁོར་ལོ་ལྔས་ཀྱང་།། རྣལ་འབྱོར་ཐམས་ཅད་བཅོམ་ལྡན་འདས།། རྡོ་རྗེ་སེམས ་དཔའ་དེ་བཞིན་གོ་ཤེགས།། ཁམས་གསུམ་པ་ནི་མ་ལུས་ཀུན།། དེ་ཡི་ཉེ་བར་ལོངས་སྤྱོད་ཉིད་ཅེས་གསུངས་པ་དང་། ཡང་དེ་ཉིད་ལས།། ལྷ་དང་མི་ཡི་བདེ་བ་ནི།། བསྡུས་བྱས་རྡོ་རྗེ་འཛིན་པ་ཡི།། བཅུ་དྲུག་ཆར་ཡང ་མ་ཕྱེད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དང་། དེ་ཁོ་ན་ཉིད་རིན་པོ་རྒྱུ་སྣང་བ་ལས་ཀྱང་།། ལྗོངས་སྤྱོད་རྫོགས་པ་ཁ་སྦྱོར་བ་དེ་ཆེན་རང་བཞིན་མེད།། སྙིང་རྗེས་ངེས་གླང་རྒྱུན་མི་འཆད་པ་འགོག་པ ་མེད།། ཡན་ལག་བདུན་པོ་ཉིད་དང་ལྗོན་པའི་བསྒྲུབ་བྱ་འོ།། ཚད་མར་ཡོངས་བསྒོམས་བློ་ཡིས་སྔགས་པ་བདག་ཉིད་འདོད་ཅེས་གསུངས་པ་དང་། གཞན་ཡང་།། ཆོས་སྐུ་བདེ་བ་ཆེན་པོ་ནི།། སྐུ་གཉིས་ལ་ནི་ཁྱབ་པར ་གནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། དེ་ལ་ལོངས་སྤྱོད་རྫོགས་པའི་སྒྲ་ནི་ཆོས་ཀྱི་སྐུ་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོའི་དབང་གིས་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་རྣམ ་པར་བརྒྱན་པོ་སྣང་བར་གྱུར་པ་ཡིན་ནོ།། དེ་ཡང་རྡོ་རྗེ་རྩེ་མོ་ལས། ཐོབ་པོའི་ངོ་བོ་ཉིད་སྒྲ་ལས།། སླར་ཡང་ལོངས་སྤྱོད་རྫོགས་པར་འགྱུར།། ཞེས་གསུངས་པ་ཡིན་ནོ།། དེ་ནི་འོག་མིན་དུ་དབང་ཕྱུག་ཆེན་པོའི་གནས ་ནོའོ་སྒོ་ལྟ་བུར་གྱུར་པ་སྙིང་པོ་བྱང་ཆུབ་ཏུ་མངོན་པར་བྱང་ཆུབ་པ་བསྟན་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ས་བཅུ་པ་རྣམས་ལ་ཆོས་ཀྱི་ལྗོངས་སྤྱོད་པར་མཛད་པ་ཡིན་ནོ།། དེ་ཡང་ཇི་སྐད་དུ་འདོད་པའི་ཁྲིམས་དང་གཟུགས་མེད་དུ།། ་སངས་རྒྱས་རྣམ་པར་འཚང་མི་རྒྱོ།། གཟུགས་ཀྱི་ཁོམས་ཀྱི་འོག་མིན་དུ།། འདོད་ཆགས་བྲལ་ཁྱོད་འཚང་རྒྱའོ་ཞེས་གསུངས་པ་ཡིན་ནོ།། གཞན་ཡང་ཆོས་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་ནི་བྱིན་གྱོས་བརླབས ་ལས་བྱུང་བ། སྤྲུལ་པའི་སྐུས་ཀྱང་འདོད་པའི་ཁམས་སུ་སངས་རྒྱས་པའི་ཚུལ་གྱིས་འགྲོ་བ་དང་རྗེསུ་མཐུན་པར་སྐུ་བསྟན་པ་ཡིན་ནོ།། དེ་ཡང་ཇི་སྐད་དུ། གཙང་མའི་གནས་ནི་རྣམ་སྤངས་ནས།། འོད་མིན་གནས་ནི་ཉམས ་འ་བར།། ཡང་དག་སངས་རྒྱས་དེར་སངས་རྒྱས།། སྤྲུལ་པ་པོ་དག་འདིར་སངས་རྒྱས་ཞེས་གསུངས་པ་ཡིན་ནོ།། སྤྲུལ་པའི་སྐུས་ཀྱང་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་འཇིག་རྟེན་གྱི་ཁམས་མཐའ་ཡས་པར་གདུལ་བ ་རྣམས་ཀྱི་མོས་པ་དང་། སྐལ་པ་ཇི་ལྟ་བ་བཞིན་དུ་སྤྲུལ་སྐུ་འདྲ་བ་དང་མི་འདྲ་བ་དང་།། ངེས་པ་དང་མ་ངེས་པ་དང་། རྟག་པ་དང་མི་རྟག་པས་དོན་མཛད་ཅིང་བཞུགས་པ་ཡིན་ནོ།། དེ་ཡང་ཇི་སྐད་དུ་རྡོ་རྗེ་དྲ་བ་ལས། ་གང་དང་གང་གི་གཟུགས་ཀྱིས་ནི།། མི་རྣམས་ཡིད་ནོ་འཇུག་འགྱུར་བྱ།། དྲི་དང་དེ་ཡི་གཟུགས་ཀྱིས་ནི།། སྣ་ཚོགས་ནོར་བུ་ཇི་བཞིན་ནོ་ཞེས་གསུངས་པ་ཡིན་ནོ།། དེ་ལྟར་ན་སྐུ་གསུམ་གྱིས་ལམ་ཐམས་ཅད་ཀྱི ་འབྲས་བུར་གྱུར་པ་བསྡུས་པ་ཡིན་ཏེ།། བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་རབ་ཀྱི་མཐར་ཐུག་པའི་ཕྱིར་རོ།། དེ་ཡང་ཇི་སྐད་དུ། ལུས་དང་ངག་སེམས་རྣམ་དག་པས།། སྐུ་གསུམ་དུ་ནི་བསྟན་པ་ཡིན་ཞེས ་གསུངས་པ་ཡིན་ནོ།། དེ་ལྟར་བདེན་པ་གཉིས་ཀྱི་མཚན་ཉིད་ཤེས་ཤིང་འབྲས་བུ་སྐུ་གསུམ་གྱི་སྤྱིའི་རང་བཞིན་རྟོགས་ན་དེ་ལ་མངོན་པར་འདུན་ཅིང་དེའི་ཐོབ་པའི་ཐབས་ལ་འཇུག་པར་འགྱུར།། དེ་བས་ན་དེའི་རྒྱུར་གྱུར་པ་ནི ་སྔགས་ཀྱི་ལམ་རྣམ་པ་གཉིསུ་འདོད་དེ། སྨིན་པར་བྱེད་པའི་ལམ་དང་།། གྲོལ་བར་བྱེད་པའི་ལམ་མོ།། སྨིན་པར་བྱེད་པའི་ལམ་ལ་ཡང་བཞི་སྟེ། བུམ་པའི་དབང་བསྐུར་བ་དང་། གསང་བའི་དབང ་བསྐུར་བ་དང་། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་དང་།། བཞི་པའི་དབང་བསྐུར་པོའོ།། དེ་ཡང་དཔལ་གསང་པོ་འདུས་པའི་རྒྱུད་ཕྱི་མ་ལས། དབང་བསྐུར་བ་ལ་གསུམ་དུ་འབྱེད།། བུམ་པའི་དབང་ནི་དང་པོ་སྟེ། གསང་བའི ་དབང་བསྐུར་གཉིས་པ་ཡིན།། ཤེས་རབ་ཡེ་ཤེས་གསུམ་པ་སྟེ།། དེ་ལྟར་དེ་བཞིན་བཞི་པ་ཡང་ཞེས་གསུངས་པ་ཡིན་ནོ།། ཡང་ན་དབང་སྐུར་པ་ལ་གསུམ་དུ་འབྱེད་ཙཾ་ཨོཾ་གསུངས་པའི་དགོངས་པ་ནི་བུམ་པའི་དབང་བསྐུར ་བ་དང་། གསང་བའི་དབང་དང་། ཤེས་རབ་ཡེ་ཤེས་ཏེ་གསུམ་ཡིན་ནོ།། དེ་ཡང་ཇི་སྐད་དུ། བཞི་བརྒྱ་ལྔ་བཅུ་པའི་རྣམ་པར་བཤད་པ་ལས།། ཆུ་དང་ཅོད་པོ་ནི་རྡོ་རྗེ་བདག་པོ་དང་།། མིང་ཞེས་བཏགས་དང་བུམ་པོ་ཞེས ་བྱ་བ།། གསང་བ་དང་ནི་ཤེས་རབ་ཡེ་ཤེས་ཏེ།། དབང་བསྐུར་རྣམ་པ་གསུམ་དུ་ཤེས་པར་བྱ། ཞེས་གསུངས་པ་ཡིན་ནོ།། དེའི་དོན་ནི་འདི་ཡིན་ཏེ། བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་དམ་ཚིག་དང་།། དབང་བསྐུར་བ་ཐོབ་པར་མ་གྱུར ་པོས་ནི་དེ་ཁོ་ན་ཉིད་འབའ་ཞིག་ཙམ་ལ་འབད་ཅིང་ཕྱིན་ཅི་མ་ལོག་པར་བསྒྲུབས་ཀྱང་། འབྲས་བུ་མཚིག་འདོད་པ་བཞིན་དུ་འབྱུང་བར་མི་འགྱུརརོ།། དེ་ཡང་ཇི་སྐད་དུ། དཀྱིལ་འཁོར་དུ་ནི་མ་ཞུགས་ཤིང་།། དབང་བསྐུར་ཡང་ནི་མཐོ་བ་དང་།། ། ་གསང་བའི་དེ་ཉིད་མི་ཤེས་ལ།། བསྒྲུབས་ཀྱང་ཅི་ཡང་མི་འགྲུབ་པོ་ཞེས་གསུངས་པ་ཡིན་ནོ།། དེ་ལྟར་དབང་བསྐུར་ཞིང་། ཡོངསུ་སྨིན་པར་བྱས་ཀྱང་སྒྲུབ་པ་པོ་གྲོལ་བར་བྱེད་པ་བྱང་ཆུབ་ཀྱི་སེམས་འཕེལ་བར་བྱེད་པའི་སྣོད་དུ ་མ་གྱུར་ན་འདོད་པ་བཞིན་དུ་འབྲས་བུ་འབྱུང་བར་མི་འགྱུརརོ།། དེ་བས་ན་དད་པ་དང་། བརྩོན་འགྲུས་དང་།། ཐོས་པ་དང་། སྦྱིན་པ་དང་།། སྡོམ་པ་ལ་སོགས་པ་ངེས་པར་བསྟེན་པར་བྱའོ།། དེ་ཡང་རྡོ་རྗེ་རྩེ་མོ་ལས།། བྱང་ཆུབ ་སེམས་བསྐྱེད་གྱུར་ནས་ནི།། ལྷ་གཞན་ལ་ནི་མི་མོས་པར།། གསོད་དང་ཆུ་དང་འཁྲིག་པ་དང་།། ཆང་དང་བརྫུན་ནི་རྣམ་པར་སྤོངས།། ཁྱིམ་པའི་ཚུལ་དུ་གནས་ནས་ནི།། རིག་སྔགས་རྒྱལ་པོ་བསྒྲུབ་པར་བྱ།། གལ་ཏེ་དེ་རབ ་ཏུ་བྱུང་ན།། སྡོམ་པ་གསུམ་ལ་གནས་པར་བྱ།། སོ་སོར་ཐར་དང་བྱང་ཆུབ་སེམས།། རིག་འཛིན་རང་གི་སྡོམ་པའོ་ཞེས་གསུངས་པ་དང་།། ཡོང་དེ་ཉིད་ལས། བྱང་ཆུབ་སེམས་ནི་མ་བསྐྱེད་ཅིང་།། གང་གིས་བཀའ་སྩོལ་མི་ཉན་དང་།། ་ཐེ་ཙོ་མ་ཡོད་པ་ཉིད་དང་ནི།། མ་དད་པས་ནི་མི་འགྲུབ་བོ་ཞེས་གསུངས་པ་དང་། གཞན་ཡང་སྒྱུ་འཕྲུལ་དྲ་བ་ལས།། བརྟན་ཞིང་དུལ་ལ་བློ་གྲོས་ལྡན།། བཟོད་ལྡན་དྲང་ལ་གཡོ་སྒྱུ་མེད།། སྔགས་དང་རྒྱུད་ཀྱི་སྦྱོར་བ་དང་།། དེ་ཉིད་བཅུ ་ནི་ཡོངསུ་ཤེས།། དཀྱིལ་འཁོར་བྲི་བའི་ལས་ལ་མཁས།། འདི་ནི་སློབ་དཔོན་ཡིན་ཞེས་བྱ།། དེ་ཡོས་བསྟན་པའི་གསང་སྔགས་རྣམས།། འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད་ཅེས་གསུངས་པསེ་ན་སློབ་མའང་ཡོན་ཏན་དེ་ལྟ་བུ་འམ། ཅུང ་ཟང་ངཚན་པས་གསོལ་བ་བཏབ་ན། ཐར་རྒྱལ་འདོད་པས་བསྟན་པར་བྱའི།། གཞན་དུ་སློབ་དཔོན་སློབ་མ་དག། གཉིས་ཀ་ཉམས་པ་ཉིད་དུ་འགྱུར་ཞེས་གསུངས་པ་དང་། གཤིན་རྗེ་ནགྲ་པོའི་རྒྱུད ་ལས་ཀྱང་བརྟན་ཞིང་དུལ་ལ་སྙིང་རྗེ་གཅིག་པུ་སེམས།། དད་ལྡན་ལྷག་པའི་བསམ་པས་བཟོད་པ་འཛིན།། སློབ་མ་བླ་མ་ལ་ནི་གུས་པ་དང་།། དད་པས་གཤིན་རྗེ་གཤེད་ལ་གུས་པ་དང་། བརྟུལ་ཞུགས་ལྡན་ཞིང་ཡོངས་སུ ་སྨིན་པ་ཡིན་ནས་གསུངས་པ་ཡིན་། དེ་ལྟ་བས་ན་ལུང་དང་མན་ངག་ཇི་ལྟ་བ་བཞིན་དུ་བསྒྲུབ་པར་བྱ་བའི་དོན་ལ་ཐེ་ཚོམ་རྣམ་ཕྱིར་བསལ་ཏེ་འཇུག་པར་བྱའི་སྒྲ་ཇི་བཞིན་པ་ལ་བརྟན་ནས་རང་དགར་གྱུར་པས་སྲོག་གཅོད་པ་ལ་སོགས་པ ་བསྟེན་པས་ནི་འབྲས་བུ་མཐོ་རིས་བྱུང་བར་མི་འགྱུར་ན་ཐར་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། བདག་དང་གཞན་ལཱ་ཕན་པར་འདོད་པ་རྣམས་ཀྱིས་ལུང་གི་དོན་ལ་གུས་པ་ཙམ་གྱིས་འཇུག་པར་མི་བྱའོ།། དེ་ཡང་བཅོམ་ལྡན་འདས་ཀྱིས ་དགོངས་པ་ལང་བསྟན་པ་ལས། གསེང་བའི་བདག་པོ་དོན་རྒྱས་པའོ།། ཚུལ་ཆེན་འདི་ནི་རྙེད་གྱུར་ནས།། ཇི་བཞིན་དོན་ནི་རྙེད་གཟང་ན།། དེས་ན་ལམ་ངན་དག་ཏུ་ལྟུང་ཞེས་གསུངས་པ་དང་། ཡང་དེ་ཉིད་ལས།། གང་གོས་ཕུང་སོག ་དངོས་མེད། ན་གནས་བྱུང་སེམས་ཀྱིས་བྱ།། དེ་ནི་སྲོག་གཅོད་བྱ་བ་སྟེ།། ཐེག་པ་མཆོག་ལ་གནས་པ་ཡིན།། ནར་དང་དེ་བཞིན་ཕྱི་རོལ་དག། རྟེན་འབྱུང་གཉིསུ་སྟོན་པ་ཡིན།། དེ་ནི་བརྫུན་སྨྲ་དགའ་བ་སྟེ།། གནས ་མེད་ལ་གནས་རྣལ་འབྱོར་པའོ།། རྫོགས་སངས་རྒྱས་ཀྱི་ཡེ་ཤེས་གང་།། དེ་ནི་རྫ་སུ་ཤེས་བྱ་སྟེ།། དེ་འཕྲོག་དང་ཚུལ་གང་ཡིན་པ།། གཞན་གྱི་ནོར་ལ་ཆགས་པར་འདོད།། དེ་བཞིན་ཉིད་ལ་རྟག་སྦྱོར་བ།། སེམས་ཅན་དེ་ནི་འདོད་ལ ་དགའ།། སྒྲུབ་པ་མཆོག་ལ་དམ་པར་འགྱུར་ཞེས་གསུངས་པ་དང་། དཔལ་འཁོར་ལོ་སྡོམ་པ་ལས་ཀྱང་།། མཁར་གསལ་ཆོས་གོས་ལྷུང་བཟེད་དང་།། ཆུ་ཚུགས་སྦྱངས་པའི་ཡོན་ཏན་གྱིས།། ཡན་ལག་ལུང་བཞིན་མི་སྤོང་སྟེ།། ལུང ་མ་རྟོགས་པར་རྣལ་འབྱོར་པར།། སངས་རྒྱས་མུ་སྟེགས་ཅན་དུ་འགྱུར་ཞེས་བྱ་བ་ལ་སོགས་པ་གསུངས་པ་དང་།། མངོན་པར་བྱང་ཆུབ་པའི་རྒྱུད་ལས།། རྡོ་རྗེ་ཐེག་པར་ཁས་འཆེ་ཞིང་།། མཉམ་པའི་དོན་ཉིད་མི་ཤེས་པར།། གསང ་སྔགས་དམ་ཚིག་མཉམ་ཟེར་ཞིང་།། ཐུགས་ཐུབ་དག་ཏུ་སྤྱད་བྱས་ན།། དམྱལ་ཁམས་དག་ཏུ་བརྒྱུད་པར་འགྱུར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། དེ་ལྟ་བས་ན་དམ་ཚིག་དང་དབང་བསྐུར་བ་ཐོབ་ཅིང་། སྙིང་རྗེ་ཆེན་པོས ་རྒྱུད་བརླན་པ།། མཆོག་གི་བྱང་ཆུབ་ཀྱི་སེམས་ལ་གནས་ཤིང་། དྲང་བ་དང་ངེས་པའི་དོན་གྱི་བྱེ་བྲག་ཤེས་པ། དེ་ཁོ་ནའི་དོན་ལ་བརྩོན་འགྲུས་འབར་བ་དང་ལྡན་པ་རྣམས་ནི་ཐེག་པ་ཆེན་པོ་འདིའི་སྣོད་ཡིན་ནོ།། དེ་ཡང་ཇི་སྐད་དུ ་དགོས་པ་སྒྲུབ་ལ་མཁས་རྣམས་སྲན་ཐུབ་པས།། དཀའ་བ་རྣམས་ཀྱང་དཀའ་བ་མེད་པར་དགའ་ཞེས་གསུངས་པ་ལྟ་བུའོ།། དེ་ལྟར་ཡོངསུ་སྨིན་ཅིང་སྣོད་དུ་གྱུར་པས་ནི་གྲོལ་ལམ་སྟེ་རྣལ་འབྱོར་ལ་མངོན་པར་བརྩོན་པར་བྱའི་ཏིང་ངེ ་འཛིན་གྱི་གེགས་སུ་གྱུར་པ་རྣམ་པར་གཡེང་བ་སྣ་ཚོགས་བདུད་ཀྱི་སྤྱོད་ཡུལ་གྱིས་ཡིད་མགུ་བ་རྣམས་ཀྱིས་ནི་ཚོགས་ཙམ་བསགས་པར་འགྱུར་གྱི་མཆོག་གི་དངོས་གྲུབ་ལ་སོགས་པའི་འབྲས་བུ་འདོད་པ ་བཞིན་དུ་འབྱུང་བར་མི་འགྱུརརོ།། དེ་ཡང་བཞི་བརྒྱ་ལྔ་བཅུ་པ་ལས།། ཐོས་པ་ཙམ་གྱིས་སོངས་མི་རྒྱ།། འཇུག་ཙམ་གྱིས་ཀྱང་མ་ཡིན་ཏེ།། ཇི་སྲིད་བསམས་པར་གྱུར་པ་དང་།། བསྒོམ་པ་ཉིད་ཀྱིས་འགག་པར་འ་གྱུར་ཞེས ་གསུངས་པ་དང་། གཞན་ཡང་།། དེ་ལྟར་རྟོགས་པའི་སྙིང་རྗེར་ལྡན་པའི་བདག། ཡེ་ཤེས་བསམ་ཡས་སྐད་ཅིག་གིས་བསྒྲུབས་པ།། དཔལ་ལྡན་ཀུན་ཏུ་བཟང་པོའི་རིང་བཞིན་གྱི།། ངོ་བོ་སུ་ཞིག་ངེས་པར་བསྒོམ་མི་བྱེད་ཅེས ་གསུངས་པ་ཡིན་ནོ།། སྡོང་པོ་བརྒྱན་པ་ལས་ཀྱང་།། ཡང་དག་སངས་རྒྱས་བསྟན་པ་འདི།། ཐོས་པ་ཙམ་གྱིས་མི་འགྲུབ་པོ།། ལ་ལ་སྟོབས་མེད་ཆུ་ཀླུང་གིས།། ནམ་ནན་གྱིས་ཁྱེར་བར་གྱུར་པ་དག། སྐོམ་ཞིང་ཤི་བར་གྱུར ་པ་བཞིན།། མ་བསྒོམས་ཆོས་ཀྱང་དེ་བཞིན་ནོ།། ཇི་ལྟར་འགྲོ་བ་མང་པོ་ལ།། ཟས་དང་སྐོམ་དག་བྱིན་བྱས་ཀྱང་།། བདག་ཉིད་བཀྲེས་པས་ཤི་བ་ལྟར།། དེ་བཞིན་ཆོས་ལ་མ་བསྒོམས་པའོ།། ཇི་ལྟར་སྨན་པ་ལ་ལ་ཞིག། ་སྨན་རྣམས་ཐ་དད་གཏོང་བཞིན་དུ།། ལྟོ་ནིད་ཀྱིས་ཤི་བ་བཞིན།། ཆོས་ལམ་བསྒོམས་དེ་བཞིན་ནོ།། ཇི་ལྟར་དབྱིག་གི་མཛོད་དག་ཏུ།། རིན་ཆེན་མང་པོ་འགྲང་བྱེད་ཀྱང་།། ནམ་ཕྱེད་ཙམ་ཡང་མི་འཐོབ་པ།། ཆོས་ལམ ་བསྒོམས་དེ་བཞིན་ནོ།། ཇི་ལྟར་བདེ་བ་ཀུན་ལྡན་པའི།། རྒྱལ་པོའི་ཕོ་བྲང་འཁོར་སྐྱེས་ཀྱང་།། ཟས་དང་སྐོམ་དག་མི་བདོག་པ།། དེ་བཞིན་ཆོས་ལམ་བསྒོམས་པའོ།། ཇི་ལྟར་འོན་ཕ་རོལ་མོ་ཡི།། སིལ་སྙན་སྒྲ་ལ་མཁས་པ་ཞིག། ་གཞན་དག་དེ་ཡིས་དགའ་བྱེད་པ།། ཆོས་ལ་མ་བསྒོམས་དེ་བཞིན་ནོ།། ཇི་ལྟར་དམུན་ལོང་རི་མོ་མཁན།། ཚོང་དུས་དབུས་སུ་འདྲིར་བཅུག་ཀྱང་།། བདག་ཉིད་ཀྱིས་ནི་མི་མཐོང་བ།། མ་བསྒོམས་ཆོས་ཀྱང་དེ་བཞིན་ནོ།། ཇི་ལྟར ་མཚོ་ཆེན་མཉན་པ་ཞི་། སྐྱེ་བོ་མང་པོ་སྒྲོལ་བྱེད་ཀྱང་། བདག་ཉིད་དེའི་ནང་འཆི་བ།། ཆོས་ལ་མ་བསྒོམས་དེ་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དང་། སྣང་བའི་ཕྲེང་བ་ལས་ཀྱང་།། རྟག་ཏུ་བརྩོན་འགྲུས་ལྡན་པ ་ཡིས།། འདི་ལྟར་ལམ་གྱི་རྗེས་འཇུག་ན།། རིང་པོར་མི་ཐོགས་ཆོས་ཀུན་ནི།། སྟོང་པ་ཉིད་དུ་རྟོགས་པར་འགྱུར།། ཆོས་ཀྱི་ཆོས་ཉིད་ཐོབ་པའི་ཕྱིར།། ཡོངསུ་མ་བསྒོམས་པས་མི་འགྱུར།། ཆུ་མ་འཐུངས་པས་ཐོས་པ ་དང་།། མཐོང་བས་སྐོམ་པ་སེལ་འགྱུར་རམ་ཞེས་གསུངས་པ་ཡིན་ནོ།། དེ་ལ་གྲོལ་བྱའི་ལམ་ལ་ཡིད་གཉིས་ཏེ། བསྐྱེད་པ་དང་རྫོགས་པའི་རིམ་པའོ།། དེ་ཡང་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས།། སངས་རྒྱས་རྣམས་ཀྱིས་ཆོས ་བསྟན་པ།། རིམ་པ་གཉིས་ལ་ཡང་དག་གནས།། བསྐྱེད་པ་ཡི་ནི་རིམ་པ་དང་།། རྫོགས་པའི་རིམ་པ་ཉིད་ཡིན་ནོ་ཞེས་གསུངས་པ་ཡིན་ནོ།། དེ་དག་ཀྱང་སྒྲུབ་པ་པོ་རྣམས་ཀྱི་རྣལ་འབྱོར་གྱི་བྱེ་བྲག། ས་རིམ་གྱིས་གོང་ནས་གོང་དུ ་སེམས་སྦྱང་བར་བྱའི་ཅིག་ཅར་ནི་མ་ཡིན་ནོ།། དེ་ལ་ཤེས་རབ་ཀྱི་རྒྱུད་ཀྱི་མན་ངག་གི་རིམ་པ་ནི་སྔོན་གྱི་སློབ་དཔོན་དུ་མའི་དགོངས་པ་ཐ་དད་པར་འདོད་དོ།། དེ་ཡང་སློབ་དཔོན་ཁ་ཅིག་གིས་ནི་འདི་སྐད ་དུ་བསྐྱེད་པའི་རིམ་པ་དང་། རང་ལ་བྱིན་གྱིས་བརླབ་པའི་རིམ་པ་དང་། བསམ་གྱིས་མི་ཁྱབ་པའི་རིམ་པ་ཞེས་བྱ་བ་གསུམ་དུ་གཞག་པ་ཡིན་ནོ།། ཁ་ར་ཅིག་གིས་རྒྱུད་ཀྱི་རིམ་པ་ཞེས་བྱ་བ་ལ་སོགས་པ་འམ། རྣམ་པ ་གཞན་དུ་འདོད་པ་ཡིན་ནོ།། རྣལ་འབྱོར་ཐབས་ཀྱི་རྒྱུད་ཀྱི་རིམ་པ་ལ་ཡང་སྔོན་གྱི་སློབ་དཔོན་དུ་མའི་མན་ངག་གིས་རིམ་པ་ཐ་དད་པ་གསུངསོ།། ད་ཡང་ཁ་ཅིག་གིས་ནི་སངས་རྒྱས་ཀྱི་ཐེག་པོ་ལ་བསླབ་པ་དང་། ཐེག་པ ་གསར་ལ་དྲན་པ་གཅིག་པའི་ཏིང་ངེ་འཛིན་དང་། རྟོག་པའི་རྣལ་འབྱོར་དང་།། ལུས་རྣམ་པར་དབེན་པ་དང་། ངག་རྣམ་པར་དབེན་པ་དང་།། སེམས་རྣམ་པར་དབེན་པ་དང་། ཀུན་རྫོབ་ཀྱི་བདེན་པ་དང་། དོན་དམ་པའི་བདེན ་པ་དང་། ཟུང་དུ་འཇུག་པའི་རིམ་པ་སྟེ་རྣམ་པ་དགུར་གསུངས་པོ་ཡིན་ནོ།། གཞན་དག་གིས་ནི་ལས་དང་པོ་དང་ཡེ་ཤེས་ཅུང་ཟད་དབང་བ་ཞེས་བྱ་བ་ལ་སོགས་པས་བསྐྱེད་པ་དང་། རྫོགས་པའི་རིམ་པ་རྣམ་པ་གཞན ་དུ་གསུངས་པ་ཡིན་ནོ།། ཁ་ཅིག་གིས་ན་རིམ་པ་བཞི་ལ་སོགས་པ་རྣམ་པ་དུ་མར་གསུངས་ཏེ། རིམ་གྱིས་བསླབ་པར་བཞེད་པ་ཡིན་ནོ།། དེ་ཡོད་སྣང་བའི་ཕྲེང་བ་ལས།། སེམས་ཅན་དང་པོའི་ལས་ཅན་རྣམས།། དམ ་པའི་དོན་ལ་འཇུག་པའི་ཕྱིར།། ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས།། སྐས་ཀྱི་རིམ་པ་དུ་མར་གསུངས་ཞེས་བཤད་པ་ཡིན་ནོ།། དེ་ལྟར་སྒྲུབ་པ་ལ་གནས་པ་དེ་དག་ཀྱང་ཡང་དག་པའི་ལྟ་བ་སྟེ། ཕྱིན་ཅི་མ་ལོག་པའི ་བློ་སྔོན་དུ་འགྲོ་བར་བྱའོ།། དེ་ཡང་ཇི་སྐད་དུ་ལྷ་མོ་བཞིས་ཞུས་པོ་ལས། བསྐལ་པ་བྱེ་བ་བརྒྱར་ཡང་ནི།། དེ་ཉིད་བྲལ་བས་འགྲུབ་མའི་གྱུར་ཞེས་གསུངས་པ་ཡ་ནི་ནོ།། དེ་ལ་ལྟ་བ་ནི་སྔར་ཡུལ་བར་ཤད་པོའི་སྐབས་སུ་བདེན་པ་གཉིས ་མོ་ལ་ན་པ་ཡིན། མ། ལ་ནངས་ལའི། པ་ཞིན་སྟོང་དུ་སྤྱད་བར་བྱི། ན་རྒྱ་ཆེན་པོའི་དས་གྲུ་ཀྱི་རྒྱུའི་གཙོ་བོ་ཡིན་པའི་ཕྱིརརོ།། དེ་ཡང་དེ་ཁོ་ན་ཉིད་བསྡུས་པ་ལྭ། གྷས་པན་ཙོང་ཆག་མེ་འོ།། གསང་ས་འདི་ནི་མི་རིག་སོ་ཞེ་གསུངས་པ་ཡིནོ།། དེ་དག་ཀྱང་ནི་རྟུལ་ཞུག་ཀྱི་རང་བཞིན་སྔག་ཀྱི་སྤྱོད་པ་དང་ལྡན་པ་དེ་ཁོ་ནནྟ་སྟོང་ཞིང་འདོད་པ་བཞིན་དུ་དངོས་གྲུབ་མཆོག་ཏུ་འབྱུང་བར་འགྱུརོ།། དེ་ཡང་ཇི་སྐད་མངོན་པར་བྱང་ཆུབས ་ཁྲིམས་ཟིན་པའི་ལྟ་སྤྱོད་རྣམ་གཉིས་ནི།། ལག་མཐིལ་བསྙལ་ནས་བདག་པ་ཇི་བཞིན་དུ།། གཅིག་གིས་གཅིག་དག་ཟིན་པ་རྣམ་གཉིས་དང་།། ལྡན་ན་བྱང་ཆུབ་འཐོབ་པར་རྒྱལ་བས་གསུངས།། སྤྱོད་པ་ལྟ་བྲལ་འདྲམ་གྱི་གླང ་ཚན་འདྲ་ཞེས་གསུངས་པ་དང་། གཞན་ཡང་གསང་བ་འདུས་པ་ལས།། སྔགས་ཀྱི་སྤྱོད་མཆོག་སྤྱོད་པ་རྣམས།། ཆོས་ཀྱི་ཡི་གེ་མཆོག་བརྙེས་སོ་ཞེས་གསུངས་པ་ཡིན་ནོ།། དེ་ལ་སྔགས་ཀྱི་སྤྱོད་པ་ནི་མདོར་བསྡུ་ན་རྣམ་པ ་གཉིས་ཏེ། ཀུན་ཏུ་སྤྱོད་པ་དང་།། སྔགས་ཀྱི་སྤྱོད་པ་དང་པའོ།། དེ་ཡང་བླ་མའི་ལུང་ལས་ཤེས་པར་བྱ་བའི་སྤྱོད་པའི་དབྱེ་བ་རྣམ་པ་དུ་མའི་གཞུང་སྣང་བས་འདིར་བསྡུ་བ་མ་བྱས་པ་ཡིན་ནོ།། དེ་ཡོད་སྤྲོས་བཅས་ལ་སོགས་སྤྱོད ་པ་ཡིས།། རྣལ་འབྱོར་པ་ནི་འདིར་སློབ་པོ་ཞེས་གསུངས་པ་ཡིན་ནོ།། གཞན་ཡང་སྤྱོད་པ་དང་རྗེས་སུ་འབྲེལ་པའི་དམ་ཚིག་དང་། སྡོམ་པ་དག་ཀྱང་ལྷག་པའི་ཚུལ་ཁྲིམས་ཡིན་པས་དངོས་གྲུབ ་ཐམས་ཅད་ཀྱི་ཡན་ལག་ཏུ་གྱུར་པ་ཡིན་ནོ།། དེ་ནི་སྡོམ་པའི་ཚུལ་ཁྲིམས་དང་། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམོས་དང་།། སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་དང་རྣམ་པ་གསུམ་དུ་འདུས་པ་ཡིན་ནོ།། དེ་ཡང་ཇི་སྐད ་དུ། ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་།། དགེ་བའི་ཆོས་ནི་སྡུད་པ་དང་།། སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ།། བདག་གིས་བརྟན་པོར་གཟུང་བར་གྱི་ཞེས་གསུངས་པ་ཡིན་ནོ།། དེ་དག་ཀྱང་ཐོག་མར་ཉེས་པ་འབྱུང ་བའི་གཞི་དང་། ཉེས་པ་ལྕི་བ་དང་། ཡང་བའི་བྱེ་བྲག་དང་། ཉེས་པ་ཕྱིར་བཅོས་པའི་ཐབས་ལ་མཁས་པ་ཆེན་པོ་དང་། འབྲིང་དང་། ཆུང་ངུའི་དབྱེ་བ་ཡིས་ཤེས་བཞིན་དང་ལྡན་པས་བསྲུང་བ་ལ་མངོན་པར་བརྩོན་པར་བྱའོ།། ་དེ་ཡང་དཔལ་འཁོར་ལོ་སྡོམ་པ་ལས།། ཤིན་ཏུ་མཉམ་བཞག་སྒྲུབ་པ་པོས།། རྟག་ཏུ་དམ་ཚིག་བརྐྱང་བར་བྱ།། དམ་ཚིག་ཉམས་པས་དཀྱིལ་འཁོར་དུ།། དབང་བསྐུར་དངོས་གྲུབ་ཐོབ་མི་འགྱུར་ཞེས་གསུངས་པ་ཡིན ་ནི།། དེ་ཡང་སྔར་སྣོད་དུ་རུང་བར་བྱ་བའི་ཕྱིར་སྐབསུ་གནང་བ་དང་། བཀག་པའི་དགོངས་པ་དང་བཅས་པར་བཤད་པ་ཡིན་ནོ།། དེ་ལ་དམ་ཚིག་ནི་མདོར་བསྤྱན་ཆགས་པ་རྣམ་པ་གསུམ་སྟེ། དད་པས་ལྷ་ལ་ཆགས་པ་དང་། ་གུས་པས་སློབ་དཔོན་ལ་ཆགས་པ་དང་། སྙིང་རྗེས་སེམས་ཅན་ལ་ཆགས་པ་ཡིན་ནོ།། དེ་ཡང་ལྷའི་རྣལ་འབྱོར་ནི་རྣམ་པ་གཉིས་ཏེ། ཟབ་པ་དང་རྒྱ་ཆེ་བའི་སྐུར་གྲགས་པ་ཡིན་ནོ།། དེ་ལ་ཟབ་པ་སྟེ་སྤྲོས་པའི་མཐའ་ཐམས ་ཅད་སྤངས་པའི་ཏིང་ངེ་འཛིན་གྱིས་ནི་དེ་ཁོ་ནའི་དོན་ཕྱིན་ཅི་མ་ལོག་པར་མྱུར་དུ་འདོད་པ་བཞིན་དུ་མཐོང་བར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ།། དེ་ཡང་ཐམས་ཅད་གསང་བའི་རྒྱུད་ལས། འབྲས་བུ་རྒྱུས་ནི་རྒྱས་བཏབ་ཅིང་།། རྒྱུ་ཡང་འབྲས ་བུས་རྒྱས་བཏབ་པར།། བསྒོམ་གྱི་གཞན་ན་དངོས་གྲུབ་ནི།། བསྐུལ་པོ་བྱེ་བར་འབྱུང་མི་འགྱུར་ཞེས་གསུངས་པ་དང་། རྟོག་པ་ཀུན་ལས་བཏུས་པ་ལས་ཀྱང་།། དག་པའི་སེམས་ནི་བཟུང་འགྱུར་ནསོ།། རྡོ་རྗེའི་ལུས་ནི་རྣམ་བསྒོམ ་པས།། བརྟན་ལུས་ཁོང་སྟོང་མ་ཡིན་པས།། རྡོ་རྗེའི་སྐུ་ནི་དེས་ཐོབ་འགྱུར་ཞེས་གསུངས་པ་དང་། བྱང་ཆུབ་ཀྱི་སེམས་བཤད་པ་ལས།། གང་གིས་སྟོང་ཉིད་མི་ཤེས་པ།། དེ་ཡིས་ཐར་པའི་སྐལ་ཅན་མིན།། རྨོངས་པ་དེ་ནི་འགྲོ་བྱ། ་གྲིས།། སྲིད་པའི་བཙོན་ར་འདིར་འཁྱིམ་འགྱུར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། དེ་ལ་རྒྱ་ཆེ་བ་བསྒོམས་པས་ནི་ཐ་མལ་པའི་འདུ་ཤེས་འགོག་པར་འགྱུར་ཞིང་། རྣམ་པར་གྲོལ་བ་དང་རྗེ་སུ་མཐུན་པར་བྱིན་གྱིས་བརླབས་པ ་ཡིན་ནོ།། དེ་ཡང་ཀུན་ཏུ་བཟང་པོ་སྒྲུབ་པའི་ཐབས་ལསོ། ཐ་མལ་རྣམ་རྟོག་རྒྱུན་ལས་གཞན་པ་ཡི།། སྲིད་པའི་སྡུག་བསྔལ་གཞན་དག་ཡོང་མ་ཡིན་ཞེས་གསུངས་པ་དང་།། དཔལ་གསང་བ་འདུས་པ་ལས་ཀྱང་།། སྐུ་གསུང་ཐུགས ་ཀྱི་རྡོ་རྗེ་རྣམས།། ལུས་དང་ངག་སེམས་བསྒོམ་པ་ནི།། བྱང་ཆུབ་ཐམས་ཅད་ཐོབ་པའི་ཕྱིར།། ཡེ་ཤེས་རྡོ་རྗེ་དག་གིས་བྱ་ཞེས་གསུངས་པ་དང་། ཡང་དེ་ཉིད་ལས།། མདོར་ན་ཕུང་པོ་ལྔ་རྣམས་ནི།། ་སངས་རྒྱས་ལྔར་ནི་རབ་ཏུ་གྲགས།། རྡོ་རྗེ་སྐྱེ་མཆེད་ཉིད་དག་ནི།། བྱང་ཆུབ་སེམས་དཔོའ་དཀྱིལ་འཁོར་མཆོག། སཽ་ནི་སྤྱན་ཞེས་བྱ་བར་གྲགས།། ཆུའི་ཁམས་ནི་མཱ་མ་ཀཱི། གོས་དཀར་མོ་དང་སྒྲོལ་མ་ནི།། མེ་དང་རླུང་ཞེས་བྱ་བ ་གྲགས།། གཟུགས་སྒྲ་ལ་སོགས་སྔགས་པོ་ཡིས།། ལྷ་ཉིད་དུ་ནི་རྣམ་པར་བསྒོམ་ཞེས་གསུངས་པ་དང་། དཔལ་སངས་རྒྱས་ཐམས་ཅད་དང་མཉམ་སྦྱོར་བ་ལས་ཀྱང་།། བདག་ཉིད་སངས་རྒྱས་ཐམས་ཅད་དང་།། དཔའོའི་ཐམས་ཅད ་བདག་ཡིན་ནོ།། དེ་བས་བདག་ཉིད་ལྷར་སྦྱོར་བས།། བདག་ཉིད་རབ་ཏུ་བསྒྲུབ་པར་བྱ་མས་གསུངས་པ་དང་།། དགྱེས་པའི་རྡོ་རྗེ་ལས་ཀྱང་།། ཐ་མལ་རྣམ་རྟོག་གཉེན་པོའི་ཚུལ།། སངས་རྒྱས་སྐུར་ནི་ཡོངས་བརྟགས་པ།། ལྷའི་སྐུ་ནི། ་གོམས་བྱས་ན།། དེས་ནི་སྣ་ཚོགས་རྒྱ་ཚོན་འགྲུབ་རྗེས་གསུངས་པ་དང་། དཔའ་བོ་གཅིག་ཏུ་གྲུབ་པ་ལས་ཀྱང་།། ལྷ་ཉིད་གསང་སྔགས་ཚུལ་དུ་ནི།། དངོས་གྲུབ་ཐམས་ཅད་སྩོལ་མཛད་པས།། སྔགས་པ་ལྔ་ཉིད་བསྒོམས་ནས ་ནི། དེ་གྲུབ་ན་ནི་དེ་འགྲུབ་འི་གྱུར།། རིམ་པ་འདི་ཡིས་འདི་ལ་ནི།། ས་ལ་སོགས་པའི་ཐོབ་པོ་ཀྱེ་ཞེས་གསུངས་པ་དང་། གཞན་ཡང་རྡོ་རྗེ་སེམས་དཔའ་ལ་སོགས་པ།། ལྷ་རྣམས་སྔོན་དུ་མཐོང་བ་ལས།། བསོད་ནམས་རྟག་པ ་ཇི་ལྟ་བ།། ཕྱིས་བྱས་པ་ཡང་དེ་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། དེ་ལ་གུས་པས་སློབ་དཔོན་ལ་ཆགས་པར་བྱ་བ་ནི་སྐྱབས་གསུམ་ཡོངསུ་བཟུང་བའི་རྩ་བ་ཡིན་ཏེ། དངོས་གྲུབ་ཐམས་ཅད་ནི་གནས་སྐབས ་གསུམ་དུ། སློབ་དཔོན་ལ་རག་ལས་པར་གྱུར་པའི་ཕྱིར་རོ།། དེ་ཡང་ཡེ་ཤེས་གྲུབ་པ་ལས།། བླ་མ་སངས་རྒྱས་ཆོས་གྱུར་ཅིང་།། དགེ་འདུན་ཡང་ནི་དེ་ཉིད་དེ།། འདིའི་དྲིན་གྱིས་ཤེས་གྱུར་པས།། དེ་བས་དཀོན ་མཆོག་གསུམ་ཡིན་ནོ་ཞེས་གསུངས་པ་དང་། གཞན་ཡང་སྒྱུ་འཕྲུལ་དྲ་བ་ལས།། སློབ་དཔོན་ཅི་འདྲ་བར་ལྟ་ཞེ་ན།། བླ་མ་སངས་རྒྱས་ཀུན་དང་མཉམ།། དེ་ཡིས་རྟག་ཏུ་རྡོ་རྗེ་འཆང་།། དེ་བཞིན་གཤེགས་པ་རིན་ཆེན་ཏོ།། ་དེ་ནི་ཡེ་ཤེས་རྒྱ་མཚོ་ཆེ།། ཡིད་བཞིན་ནོར་བུ་རིན་ཆེན་སྦྱིན།། སློབ་དཔོན་གྱི་ནི་ཡོན་ཏན་བཟུང་།། སྐྱོན་རྣམས་ནམ་ཡང་མ་ཡིན་ནོ།། ཡོན་ཏན་གྱིས་ནི་དངོས་གྲུབ་ཅིང་།། སྐྱོན་རྣམས་ཀྱིས་ནི་དངོས་གྲུབ་ཉམས།། དེ་ཕྱིར ་ཀུན་ནས་རབ་བསྒྲིམས་ཏེ།། བསམ་ཡས་འབྲས་བུ་སྨིན་བྱེད་པ།། སངས་རྒྱས་འབྲས་བུ་འདོད་པ་ཡིས།། སེམས་ཅན་དད་པས་དེ་མཆོད་ཅིང་ཞེས་གསུངས་པ་དང་། གཞན་ཡང་རྒྱུད་ཐམས་ཅད་ཀྱི་དགོངས་པ་བསྡུས་པ་བླ་མ་ལྔ་བཅུ ་པ་ལ་སོགས་པར་གསུངས་པ་ཡིན་ནོ།། དེ་ལ་སྙིང་རྗེས་སེམས་ཅན་ལ་ཆགས་པར་བྱ་བ་ནི་ཐེག་པ་ཆེན་པོའི་དོན་ལ་ཞུགས་པ་རྣམས་ཀྱི་ཐབས་ཀྱི་མཆོག་ཏུ་གསུངས་པ་ཡིནོ།། དེ་ཡང་མངོན་པར་བྱང་ཆུབ་པ་ལས་སྙིང་རྗེ་ནི་རྩ་བ་ཡིན།། ་ཞེས་གསུངས་པ་དང་།། གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། ཐབས་ནི་བྱང་ཆུབ་སེམས་དཔའ་ཡི།། འགྲོ་ལ་སྙིང་རྗེ་ཆེན་པོ་སྟེ།། དེ་ཡང་དམིགས་པའི་བྱེ་བྲག་གིས།། རྣམ་པ་གསུམ་དུ་བཤད་པ་ཡིན ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། དེ་ལྟར་བཅོམ་ལྡན་འདས་ཀྱི་གསུང་ཐམས་ཅད་ནི་གདུལ་བྱའི་དབང་པོ་མོས་པ་དང་སྐལ་བ་ཐ་དད་པ་ལ་དགོངས་ནས་ཐུགས་རྗེ་ཆེན་པོས་གསུངས་པ་ཡིན་ནོ།། དེ་ཡང་ཇི་སྐད་དུ། བསམ་པ ་གང་དོང་གང་གིས་ནི།། མི་རྣམས་ཡིད་ནི་ཡང་དག་སྦྱོར།། དེས་ནི་དེའི་རང་བཞིན་འགྱུར།། སྣ་ཚོགས་ནོར་བུ་ཇི་བཞིན་ནོ་ཞེས་གསུངས་པ་ལྟ་བུའོ།། དེ་ལ་དབང་པོ་དམན་པའི་དོན་དུ་ནི་མངོན་པར་མཐོ་བའི་ཐེག་པ་དང་། ཉན་ཐོས་དང་རང་རྒྱལ ་བའི་སྡེ་སྣོད་གསུངས་པ་ཡིན་ནོ།། དེ་ཡང་། ཉན་ཐོས་རྣམས་ནི་འཇུག་པའི་ཕྱིར།། སྡུག་བསྔལ་སོགས་བདེན་ཉིད་གསུངས་པ།། མིང་དུ་ཟིན་ཀྱང་ཐུགས་རྗེ་ཡིས།། བདག་ཡོད་ཅེས་གསུངས་ལྟ་བུ་ཡིན་ཞེས་གསུངས་པ་ཡིན་ནོ།། དབང ་པོ་འབྲིང་གི་དོན་དུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་སྡེ་སྣོད་གསུངས་པ་ཡིན་ནོ།། དེ་ཡང་ཇི་སྐད་དུ།། ཐུབ་པ་ཆེན་པོའི་ཆོས་རྣམས་ཀྱི།། ཕུང་པོ་བརྒྱད་ཁྲི་བཞི་སྟོང་ལ།། གང་གིས་དེ་ཉིད་མི་ཤེས་པ།། དེའི་ཐམས་ཅད་འབྲས་བུ་མེད་ཅེས་གསུང ་པ་ལྟ་བུའོ།། དེ་ལ་དབང་པོ་རྣོན་པོའི་མོས་པ་དང་སྐལ་བ་དང་ལྡན་པ་རྣམས་ཀྱི་ཕྱིར་ནི་གསང་སྔགས་ཀྱི་ཐེག་པའི་སྡེ་སྣོད་གསུངས་པ་ཡིན་ནོ།། དེ་ཡང་བྱ་བའི་རྒྱུད་ལ་སོགས་པ་དང་པོ་གསུམ་གྱི་རྣལ་འབྱོར་སེམས་སྦྱངས་ཤིང་དེ་ཁོ་ན་མཐོང་བར ་འགྱུར་བ་དང་འབྲེལ་པའི་ཚོགས་ཡོངསུ་བསགས་ནས་གོང་ནས་གོང་དུ་ལམ་སྦྱངས་ཏེ། རྣལ་འབྱོར་བླ་ན་མེད་པའི་རིམ་པས་དེ་ཁོ་ནའི་དོན་ལ་འཇུག་པར་འགྱུར་བ་ཡིན་ནོ།། དེ་ཡང་ཇི་སྐད་དུ། ཡུལ་དུས་ལ་སོགས་བསྟན་པ་ནི། ་མུན་དུ་བསྒྲིབས་པ་རྣམ་འཁྱོད་པས།། དེ་དག་ངེས་པར་གཟུང་བའི་ཕྱིར།། ཆོ་ག་འདི་ནི་བསྟན་པ་ཡིན་ཞེས་བསྟན་པ་ཡིན་ནོ།། དེ་ལ་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་རིམ་པའི་སྨིན་པ་དང་། གྲོལ་བར་བྱེད་པའི་ལམ་གྱིས་ནི་དཀའ་བ ་མེད་པར་མྱུར་དུ་འབྲས་བུ་འདོད་པ་བཞིན་འགྲུབ་པར་འགྱུར།། དེ་ཉིད་ཚིགས་སུ་བཅད་པ་ནི།། རིགས་དང་བརྟུལ་ཞུགས་སྐྱེ་གནས་ཡན་ལག་རིས།། ལས་དང་ཉོན་མོངས་ཡུལ་དུས་འཆིང་བ་མེད་ཅེས་བྱ་བ་ཡིན་ནོ།། དེ་ཡང་དཔལ ་གསང་བ་འདུས་པ་ལས། མཚམས་མེད་པ་ལ་སོགས་པ་ཡི།། སྡིག་པ་ཆེན་པོ་བྱེད་པ་ཡང་།། ཐེག་པ་བླ་ན་མེད་པ་ཡི།། ཐེག་མཆོག་འདི་ལ་འགྲུབ་པར་འགྱུར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། དེ་ལྟ་བས་ན་རྣལ ་འབྱོར་པ་སྣོད་དུ་གྱུར་ཅིང་དེ་ཁོ་ན་ཉིད་ཀྱི་མན་ངག་དང་ལྡན་པ་རྣམས་ལ་ནི་རིག་པའི་གོ་ནུས་ལྔ་ལ་ཡོངསུ་སྦྱང་བ་མེ་བྱས་ཀྱང་དངོས་གྲུབ་རྣམ་པ་གཉིས་ཇི་ལྟར་འདོད་པ་བཞིན་དུ་འབྱུང་བར་འགྱུརརོ།། དེ་ཡང་ཇི་སྐད་དུ།། གསང་སྔགས་སྨྲ། ་རྣམས་མང་དྲི་ནི།། སྤྲོས་ཏེ་སྨྲ་བས་ཅི་ཞིག་བྱ།། ཁྱད་པར་དུ་ནི་སེམས་བསྒྲུབས་ཏེ།། སེམས་ལས་རྫོགས་པའི་བྱང་ཆུབ་འབྱུང་ཞེས་གསུངས་པ་དང་། གཞན་ཡང་།། གང་བག་ཇི་ཙམ་ཡོན་ཏན་ཆུང་བས་ཀྱང་།། ལྷག་པའི་བསམ ་པས་བསྐུལ་ནས་བྱང་ཆུབ་འཐོབ།། ཅེས་གསུངས་པ་དང་། ཉལ་ལམ་ཡང་ན་འདུག་པའམ།། འཆག་པ་འམ་ཡང་ན་ཅི་དགར་གནས།། རྒོད་པའམ་རབ་ཏུ་སྨྲ་བ་འམ།། གང་དང་གང་དུ་ཇི་ལྟར་གནས ་རང་ལྟར་སྦྱོར་བའི་བདག་ཉིད་ཅན།། བསོད་ནམས་ཆུང་ཡང་འགྲུབ་པར་འགྱུར་ཞེས་གསུངས་པ་དང་། བསོད་ནམས་ཆུང་བའང་སངས་རྒྱས་མཆོད།། བསྒྲུབས་ན་དངོས་གྲུབ་ཐོབ་པར་འགྱུར་ཞེས་གསུངས་པ་ཡིན་ནོ།། ། ཀྱེ་མའོ།། ་བདེ་བར་གཤེགས་པ་མྱ་ངན་འདས་ནས་རིང་ཞིག་ལོན།། རྒྱལ་སྲས་དམ་ཆོས་འཛིན་པ་རྣམས་ཀྱང་དུས་ཀྱིས་མི་སྣང་འགྱུར།། སྙིགས་མའི་དུས་ཀྱི་ཐ་མར་གྱུར་པས་སྡེ་སྣོད་ཕལ་ཆེར་ནུབ།། དེས་ན་དམན་པའི་འཇིག་རྟེན་འདི་ནི་སྐྱབ ་མེད་དམུས་ལོང་བཞིན།། དམྱལ་བ་ལྟ་བུར་སྡུག་བསྔལ་གྱུར་ཀྱང་འཁྲུལ་པས་བདེ་བར་འཛིན།། ཡི་དགས་ལྟ་བུར་འབྱོར་པས་ཕོངས་ཀྱང་ཕུན་སུམ་ཚོགས་པར་སེམས།། དུད་འགྲོ་ལྟ་བུར་རྨོངས་པར་གྱུར་ཀྱང་བློ་ཡིས་མངོན་པར ་དྲེགས།། ལུས་སྐྱོག་རླུང་བཞིན་གཡོ་བར་མཐོང་ཡང་འཆི་བའི་འཇིགས་པ་མེད།། དེ་ལྟར་བསྟན་པ་ཉམས་ཆུང་འཁྲུ་ལོ་ཞིང་མི་ལུས་ཐོབ་པའི་ཚེ།། དཀའ་བའི་དུས་སུ་འབད་པས་བསྒྲུབས་ན་འབྲས་བུ་མཆོག་ཏུ་འགྱུར།། འགྲོ་ཀུན་བདེ ་གཤེགས་སྙིང་པོ་ཡོད་པས་བདག་གཞན་ཕན་པའི་ཕྱིར།། དོན་ལ་བརྟེན་ནས་དུས་དང་སྦྱར་ཏེ་སྒྲུ་བ་ལ་བརྩོན་པར་བྱའོ།། ཟབ་ཅིང་རྒྱ་ཆེའི་རང་བཞིན་ཐེག་པ་མཆོག་དོན་ལ།། མོས་པོ་ཡོད་ཀྱང་རྨོངས་སྡིག་མི་དགའི་གྲོགས་བཅས་ཀྱིས།། ། ་སྨད་དང་བླང་བའི་རང་བཞིན་མངོན་པར་མི་རྟོགས་པས།། དང་པོའི་ལས་ཅན་རྣམས་ལ་རྣམ་བསྡུས་དོན་དུ་འགྱུར།། གང་དག་དབང་པོ་དམན་ཞིང་ཐོས་པས་ཕོངས་པ་དང་། རྣལ་འབྱོར་དོན་ལ་བརྩོན་པས་རྒྱས་བཤད་ཡུལ་མིན་དང་།། ་མི་ཤེས་ལོག་པར་རྟོག་དང་ཐེ་ཚོམ་བཟློག་པའི་ཕྱིར།། མདོར་བསྡུས་འདི་ནི་བདག་གིས་དྲི་མེད་ལྲྀང་བཞིན་བྲིས།། རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་དོན་ལ་འཇུག་པ་བསྡུས་པ་སློབ་དཔོན་ཤྭཱདྡྷཱ་ཀ་ར་ཝརྨས་མཛད་པ་རྫོགསོ།། ་རྒྱ་གར་གྱི་མཁན་པོ་ཤྲདྷ་ཀ་ར་ཝརྨྨ་དང་། ལོ་ཙ་བོ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་བའོ།། །། སངས་རྒྱས་ལ་ཕྱག་འཚལོ།། ཐེག་མཆོག་རྡོ་རྗེའི་ཐེག་པ་ལ།། སྒྲོ་འདོགས་པ་དང་སྐུར་པ་ཡི།། མཐའ་གཉིས་རྣམ་པར་སྤང་བའི ་