CLOSE WINDOW

GT2537: theg pa gsum rnam par bzhag pa zhes bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཏྲི་ཡཱ་ན་བྱ་བ་སྠཱ་ནཱ་ནཱ་མ། བོད་སྐད་དུ། ཐེག་པ་གསུམ་རྣམ་པར་བཞག་པ་ཞེས་བྱ་བ།། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལོ།། གང་གིས་ཐེག ་གསུམ་ཉིད་བཞོན་སྦྱིན་པའི་ཕྱག་ནི་རབ་བརྐྱང་ནས།། རང་གི་ཤ་དང་ཁྲག་དག་ཆགས་བྲལ་འགྲོ་ལ་རྣམ་འབྱེད་པ།། ཐེག་གསུམ་གསུང་པོ་ཤཱཀྱའི་དབང་པོ་ཉིད་ལ་ཕྱག་འཚལ་ནས།། བླ་མའི་བཀའ་དང་གཞུང་མང་མཐོང ་ཕྱིར་ཐིག་གསུམ་རྣམ་གཞག་བྱ།། ཐེག་པ་རྣམས་ནི་གསུམ་ཉིད་དུ་རྣམ་པར་བཞག་པར་མཐོང་སྟེ། ཉན་ཐོས་དང་ལྡན་པའི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་།། ཐོབ་ཅིང་རྒྱ་ཆེ་བ་དང་ལྡན་པའི་ཐེག་པའོ།། དེ་ལ་ཉན་ཐོས ་དང་ལྡན་པའི་ཐེག་པ་ནི་རྣམ་པ་གཉིས་ཏེ། བྱེ་བྲག་ཏུ་སྨྲ་བ་དང་། མདོ་སྡེ་པའོ།། ཡང་བྱེ་བྲག་ཏུ་སྨྲ་བ་ནི་ཁ་ཆེའི་ཉིད་དང་། ཡུལ་དབུས་ཀྱིས་ཞེས་བྱའོ།། ད་ནི་རང་གི་གྲུབ་པའི་མཐའ་ཅུང་ཟེད་བརྗོད་དེ། དབང་པོ་དང་དོན་ལས་འབྱུང ་བའི་བློ་རྣམ་པ་མེད་ཅིང་། དབང་པོ་དོན་མ་ལུས་པ་ནི་གོང་བུ་དང་མཐུན་པར་གནས་པའི་རྡུལ་ཕྲ་རབ་ཆ་ཤེས་མེད་པའི་ངོ་བོར་རྟོག་ཅིང་འདུས་བྱས་ཐམས་ཅད་མི་རྟག་ལ་བདག་མེད་པར་འདོད་པ་སྟེ།། ནམ་མཁའ་དང་འགོག་པ་དག་དང་། དེ ་བཞིན་ཉིད་རྣམས་རྟག་པར་འདོད་པས་རྣམ་པར་སྤྱོད་པའོ།། འདི་དག་ནི་འབྲས་བུ་མེ་ཤི་བ་ལྟར་བསྟན་དུ་མེད་པ་དང་། དེའི་སྔོན་དུ་སོང་པོའི་ཕུང་པོ་ལྷག་མ་དང་བཅས་པ་ཞེས་བྱ་བ་དང་གཉིས་གྲུབ་པར་བྱེད་པ་སྟེ།། དེ་དག་གྲུབ་པ ་གཅིག་དང་སྒྲུབ་པ་ལ་གནས་པ་བདུན་གྱི་སྐྱེས་བུ་འཕགས་པའི་ཁོངསུ་གཏོགས་པ་ཟུང་བཞི་དང་། གང་ཟག་བརྒྱད་ཅེས་བསྒྲགས་པ་འདི་ལྟར་རྒྱུན་ཏུ་ཞུགས་པའི་ཕྱིར་ཞུགས་པ་དང་།། རྒྱུན་ཏུ་ཞུགས་པ་དང ་ལན་ཅིག་ཕྱིར་འོང་བའི་ཕྱིར་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་།། ཕྱིར་མི་འོང་བའི་ཕྱིར་ཞུགས་པ་དང་། ཕྱིར་མི་འོང་བ་དང་།། དགྲ་བཅོམ་པའི་ཕྱིར་ཞུགས་པ་དང་། དགྲ་བཅོམ་པ་སྟེ་གོ་རིམས་བཞིན་ནོ།། ཡུལ་དབུས་ཀྱི ་བྱེ་བྲག་ཏུ་སྤྲོ་བ་རྣམས་ཀྱང་གནས་འདིར་རྣམས་མཉམ་པ་སྟེ། ཕྲ་མོ་དག་ནི་དེ་དག་ཉིད་འདོན་པའི་ཆོས་མངོན་པ་རྒྱ་ཆེར་བལྟའོ།། མདོ་སྡེ་པ་རྣམས་ནི་བློ་རྣམ་པ་དང་བཅས་པ་ཉིད་དུ་སྐྱེ་བར་རྟོག་ཅིང་བློའི་རྣམ་པ་རྣམས་ཀྱང་དེ་དང་འདྲ་བ ་གཞན་གྱི་རྣམ་པ་ལས་སྐྱེས་ལ།། དེ་ཡང་རྡུལ་ཕྲ་རབ་ཁ་དོག་དང་རྗེ་སུ་མཐུན་པར་གནས་པའི་བདག་ཉིད་དུ་འདོད་དོ།། ཡང་འདི་དག་ནི་དུས་གསུམ་དག་འདི་ཁས་མི་ལེན་ཅིང་འདུས་མ་བྱས་རྣམས་ཀྱང་མོ་གཤམ་གྱི་བུ་དང་འདྲ་བར་འདོད ་པ་སྟེ། འབྲས་བུ་དང་དེ་ལ་འདོད་པ་དང་གནས་པ་སྔ་མ་བཞིན་ཏེ།། འོན་ཀྱང་མདོ་སྡེ་པ་རྣམས་ནི་རང་སངས་རྒྱས་སུ་འགྱུར་བའི་སྐལ་བ་ཅན་ནོ།། འདི་ཉན་ཉན་ཐོས་ཀྱི་ཐེག་པ་རྣམ་པར་བཞོག་པའོ།། ཞུགས་པ་དང་དེ་ལ་གནས་པ་དང ་དེ་དག་ཉིད་དབང་པོའི་ཁྱད་པར་གྱིས་བསེ་རུ་ལྟར་རྒྱུ་བ་དང་། ཚོགས་དང་སྤྱོད་པ་དང་། གཞིར་རང་སངས་རྒྱས་ནི་རྣམ་པ་གཉིས་ལས་གཞིར་འགྱུར་བའོ།། འདི་དག་གི་ཁོང་དུ་ཆུད་པ་ནི་མཐུན་པར་རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག ་བཅུ་གཉིས་ལས་འཁོར་བར་འབྱུང་བ་དང་། དེ་འགགས་པས་མྱ་ངན་ལས་འདས་པར་འགྲོ་བར་རྟོགས་པའོ།། འདིར་འདི་དག་གི་བར་ཆད་མེད་པའི་ལམ་ཉི་ཚེ་བཤད་པ་ལྟར་ཡིན་གྱི། འབྲས་བུ་ཐོབ་པ་ལ་ཕན་པའི་སྡོམ་པའི་ཚུལ ་ཁྲིམས་ལ་སོགས་པ་ནི་ཉན་ཐོས་རྣམས་དང་མཐུན་པར་དེ་ལ་འབྱུང་ཞིང་། འབྲས་བུའི་བདག་ཉིད་ཀྱང་ཞི་བ་ཉིད་ཉན་ཐོས་རྣམས་དང་མཉམ་པས་གནས་པའོ།། འདི་དག་ལ་ངེས་པར་ཚུལ་ཁྲིམས་ཀྱིས་སྡོམ་པ་ལ་གནས་པ་འབྱུང་བ ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་རྟོགས་པར་འགྱུར་བའི་རྐྱེན་འབྱུང་བ་ནི་ཚོང་དཔོན་བདེན་པར་སྨྲ་བ་བཞིན་ཏེ།། བསྐལ་པ་བརྒྱའི་བར་དུ་དེ་དང་འབྲེལ་པའི་ལས་དེ་དག་གིས་བསགས་པའི་ཕྱིར་རོ།། རྟེན་ཅིང་འབྲེལ་པར་འབྱུང་བ ་རྣམས་ཇི་ལྟར་བསྒོམ་པ་ནི་འདིར་མ་སྨྲས་ཏེ།། གཞུང་མངས་པ་ལ་མི་དགའ་བ་དང་། མདོ་སྡེ་རྣམས་ལས་གསལ་བར་སྣང་བས་སོ།། འདི་ནི་རང་སངས་རྒྱས་ཀྱི་ཐེག་པ་རྣམ་པར་བཞག་པའོ།། ཟབ་ཅིང་རྒྱ་ཆེ་བ་དང་ལྡན་པའི་ཐེག ་པ་ནི་རྣམ་པ་གཉིས་ཏེ། ཟབ་པ་འབའ་ཞིག་དང་ལྡན་པ་དང་།། ཟབ་པ་དང་རྒྱ་ཆེ་བ་གཉི་ག་དང་ལྡན་པའོ།། འདི་དག་ཉིད་ལ་ཐེག་པ་ཆེན་པོ་ཞེས་བརྗོད་ཅིང་། དབྱེ་བ་རྣམ་པ་གཉིས་ཉིད་ལ་སློབ་དཔོན་སྔ་མས་ཕ་རོལ་ཏུ་ཕྱིན་པའི ་ཚུལ་དང་། གསང་སྔགས་ཀྱི་ཚུལ་གྱི་ཐེག་པ་ཆེན་པོ་ཞེས་ཀྱང་གཞག་པའོ།། གལ་ཏེ་གཅིག་ལ་ནི་ཟབ་པ་ཉི་ཚེ་ལྡན་ཞིང་། དེ་བཞིན་དུ་གཅིག་ལ་ནི་ཟབ་པ་དང་རྒྱ་ཚོ་བ་གཉི་ག་ལྡན་ན།། དེའི་ཚེ་ཐེག་པ་དག་ནི་བཞིར་འགྱུར་བ་མ་ཡིན ་ནམ། ཇི་ལྟར་ན་ཐེག་པ་གསུམ་དུ་རྣམ་པར་བཞག་ཅེ་ན།། འདི་ལ་ཉེས་པ་མེད་དེ། བདེན་པ་གཉིས་ལ་གནས་པས་བདག་དང་གཞན་གྱི་དོན་སུམ་ཕུན་སུམ་ཚོགས་པར་སྒྲུབ་པ་ལ་དབྱེ་བ་མེད་པས ་སོ།། དེ་ལྟ་ན་ཅིའི་ཕྱིར་ཟབ་པ་འབའ་ཞིག་དང་ལྡན་པ་དང་ཟབ་ཅིང་རྒྱ་ཆེ་གཉི་ག་དང་ལྡན་པའི་ཁྱད་པར་འབྱུང་།། གཞན་དུ་ན་འདི་དག་གི་བདེན་པ་གཉིས་ཉིད་ལ་ཁྱད་པར་ཡོད་པར་བརྗོད་དགོས་སོ།། འདི་ནི་ལེགས་པར་སྨྲས ་པསྟེ། དོན་དམ་པའོ་བདེན་པ་ཉིད་ལ་ནི་ནམ་ཡང་དབྱེ་བ་བགའ་ཞིག་ཀྱང་འབྱུང་བ་མེད་ལ། ཀུན་རྫོབ་ཉིད་ཀྱིས་ཟབ་པ་དང་རྒྱ་ཆེ་བར་འགྱུར་བའོ།། ཅིའི་ཕྱིར་ཀུན་རྫོབ་ཀྱི་བདེན་པ་ལ་ཁྱད་པར་ཡོད་དོན་དམ་པའི་བདེན་པ ་ལ་དེ་མི་དམིགས། ཀུན་རྫོབ་ཙམ་གྱིས་རྒྱ་ཆེ་བར་ཡང་ཇི་ལྟར་འགྱུར།། འདི་ན་དོན་དམ་པའི་བདེན་པ་དབུ་མ་པ་རྣམས་ཀྱིས་རྣམ་པར་བཞག་པ་ནི་ཡོད་པ་དང་། མེད་པ་དང་།། ཡོད་པ་དང་། མེད་པ་གཉི་ག་དང་།། ཡོད་པ་དང ་མེད་པ་གཉི་ག་མ་ཡིན་པ་ཞེས་བྱ་བའི་མཐའ་རྣམ་པ་བཞི་ལས་ངེས་པར་གྲོལ་བ། སྤྲོས་པའི་མཚན་མ་ནུབ་པ་དག་གི་ལས་འདས་པ་ཉིད་ཡིནོ།། ཚུལ་འདི་ལས་གཞན་པའི་དོན་དམ་པའི་བདེན་པ་རྣམ་པར་འཇོག་ན་དེའི་ཚེ་ངེས ་པར་ཡོད་པ་ལ་སོགས་པའི་མཐའ་རྣམ་པ་བཞིར་འཇུག་པར་འགྱུར་ཏེ། གང་མཐར་རྣམ་པ་བ་ནི་ཡང་མ་ཡིན་ལ་དབུ་མ་དག་གིས་རྣམ་པར་བཞག་པའི་བདེན་པ་ཡང་མ་ཡིན་པ་ནི་ནམ་ཡང་རྙེད་པར་མི་འགྱུརརོ།། གལ་ཏེ་མཐའ་རྣམ ་པ་བཞི་ལས་འགའ་ཞིག་དོན་དམ་པའི་བདེན་པར་ཡོངསུ་རྟོག་ན་དེའི་ཚེ་རྣལ་འབྱོར་སྤྱོད་པ་པ་ཁོ་ན་པས་འབད་པ་ཆུང་ངུས་རྣམ་པར་བཟློག་པར་ནུས་སོ།། དེའི་ཕྱིར་དོན་དམ་པའི་བདེན་པ། བཅོམ་ལྡན་འདས་དང་ཀླུ་སྒྲུབ་ལ་སོགས་པས་རྣམ ་པར་བཞག་པ་ལས་ཁྱད་པར་གྱུར་པའི་དོན་དམ་པའི་བདེན་པ་གཉིས་པ་ནི་མེད་དོ།། ཀུན་རྫོབ་ཙམ་གྱིས་ཇི་ལྟར་རྒྱ་ཆེར་བར་འགྱུར་ཞེས་གང་སྨྲས་པ་ནི་འདིར། དམིགས་པ་རྣམ་པར་དག་པ་དྲང་།། གྲོགས་ཀྱི་མཐུ་དང་སྤྱོད་པ་ཡིས།། བློ ་ལྡན་རྣམས་ཀྱི་ཐེག་པོ་ནི།། ཆེན་པོའི་ཆེན་པོ་ཉིད་དུ་བསྒྲགས།། འདིའི་དོན་ནི་ཇི་ལྟར་སྣང་བའི་དམིགས་པ་རྣམས་རྣམ་པར་དག་པའི་ལྷའི་བདག་ཉིད་དུ་མངོན་པར་རྟོགས་པས་དམིགས་པ་རྒྱ་ཆེ་བ་དང་། དུས་གསུམ་དུ་རྒྱལ་བ་རྣམས་ཀྱི ་བསྟེན་པའི་དམ་ཚིག་རྣམས་ཡིད་བཞིན་དུ་བཟུང་བས་ཁྱད་པར་དུ་བྱུང་བའི་བྱིན་གྱིས་བརླབས་སྐྱེ་བར་འགྱུར་བ་གྲོགས་ཞེས་བྱ་བ་རྒྱ་ཆེ་བ་དང་། ཇི་ལྟར་སངས་རྒྱས་དང་ས་བཅུའི་དབང་ཕྱུག་རྣམས་འགྲོ་བའི་དོན་སྤྱོད་པ་དང་།། ཞིང་ཡོངསསུ་དག་པར ་བྱིན་གྱིས་རློབ་པ་ལྟར་རྗེ་སུ་སྐྱེས་པའི་སྤྱོད་པ་རྒྱ་ཆེ་བ་སྟེ།། འདི་དག་དབུ་མ་པོ་རྣམས་ལས་ཁྱད་པོར་དུ་གྱུར་པས་དེ་དག་ལ་རྒྱ་ཚོ་བ་ཉིད་མེད་པ་ཁོ་ནའོ།། དེ་བས་ཀུན་རྫོབ་ཁོ་ནས་རྣམ་པར་བཞག་པའི་བྱེ་བྲག་གོ།། རྒྱུ་ཆེ་བ་རྣམ་པ་དེ་དག་གིས་ནི་ཐིག ་པ་རྣམས་སངས་རྒྱས་དང་མཉམ་པར་བཀོད་པ་མ་ཡིན་ནམ། དེ་ལྟ་ནོ་ན་དོན་དམ་པའི་བདེན་པ་ཁོ་ན་དང་ཅོག་ཤོས་བྱེ་བར་མི་འགྱུར་ཏེ།། ཐམས་ཅད་འབྲས་བུ་ལ་གནས་པ་ཡིན་པའི་ཕྱིར་རོ་ཞེ་ན། བདེན་མོད་ཀྱི་འོན་ཀྱང་གང་འདིར་དོན་དམ་པའི ་བདེན་པ་ལྷུན་གྱིས་གྲུབ་པ་ལ་སོགས་པས་མི་འཇུག་པ་ལྟར་ནི་འདིའི་ཀུན་རྫོབ་མ་ཡིན་ཏེ། ཇི་སྲིད་དོན་དམ་པ་རྟོགས་པ་དེ་སྲིད་རྩོལ་བ་དང་བཅས་ཤིང་ལྷག་པར་སྤྱོས་པས་སོ།། དེ་ལྟར་ན་ནི་དབུ་མ་པ་རྣམས ་ཀྱང་ཡིན་པས་འདི་ལ་ཟབ་ཅིང་རྒྱ་ཆེ་བ་དང་ལྡན་པར་ཇི་ལྟར་བརྗོད་ཅེ་ན་མ་ཡིན་ཏེ། དབུ་མ་པ་རྣམས་ནི་རྒྱ་ཆེ་བ་དང་བྲལ་བས།། བསྐལ་པ་གྲངས་མེད་པ་གསུམ་གྱི་འབྲས་བུ་ལ་འཇུག་ཅིང་། རྣལ་འབྱོར་སྤྱོད་པ་པ་རྣམས་ཀྱང་ངོ་།། དེ་བཞིན ་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱང་བསྐལ་པ་གྲངས་མེད་བཞིས་རང་གི་འབྲས་བུ་དམ་པ་ལེན་ལ། ཐེག་པའི་མཆོག་ལ་ཞོན་པ་རྣམས་ནི་དུས་ཅུང་ཟད་ཀྱིས་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་སྟེ།། དེ་བས་ན་ཁྱད་པར་ཆེན་པོ་དང ་བཅས་པའོ།། དེ་ལྟ་ཡིན་དུ་ཟིན་ཀྱང་འདིན་དོན་དམ་པའི་བདེན་པ་དང་དབྱེར་མེད་དེ། དོན་དམ་པའི་བདེན་པ་ཡོངསུ་གྲུབ་པ་བྱང་ཆུབ་སེམས་དཔའ་བྱམས་པ་ལ་སོགས་པས་ཐོགས་པོ་མི་མངའ་བའི་སྤྱོད་པས་བཙུན་མོའི་འཁོར་དུ་རྣམ་པར་སྐྱེ ་བ་ལ་སོགས་པ་སྤྱོད་པས་འགྲོ་བ་སྨོན་པར་འགྱུར་ཞིང་བདག་ཉིད་ཀུན་ཏུ་འཚོང་བ་མི་འབྱུང་བ་ལྟར། ཐེག་པ་འདི་ལ་གནས་ཀྱང་ཐབས་དང་ཤེས་རབ་སྙོམས་པར་འཇུག་པ་ལ་སོགས་པ་སྨད་པ་རྣམ་པོ་དུ་མ་སྤྱད་པས་ཚོགས་ཡོངསུ་རྫོགས་པར ་འགྱུརརོ།། འདི་ནི་ཐབས་ཀྱི་རྣམ་པར་འཕྲུལ་པ་རྨད་དུ་བྱུང་བ་ཉིད་དེ། སྐྱེ་བོ་གང་དག་ལྷག་པར་ཆགས་པ་དང་ལྡན་པ་དང་།། དེ་བཞིན་ལྷག་པར་ང་རྒྱལ་དང་ལྡན་པའི་བར་རྣམས་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་ལ་སོགས་པ་ལ ་སྦྱངས་པ་ཐར་པའི་སྐལ་བ་ཅན་མ་ཡིན་པ་རྣམས་ལ་འདོད་ཆགས་དང་བཅས་པའི་སྤྱོད་པ་ལ་སོགས་པ་བསྟན་པས་སེམས་ཡོངསུ་དགའ་བར་བྱས་ཏེ། རིམ་གྱིས་ཚོགས་ཡོངསུ་བསགས་ནས་སེམས་ཀྱི་རྒྱུད་གསེར་བསྲེགས་པ་ལྟུ ་གྱུར་པ་ན་འདོད་ཆགས་དང་བྲལ་བའི་སྤྱོད་པ་རྫོགས་པའི་རིམ་པ་ཀུན་ནས་སྨྱོས་པ་དང་བྲལ་བ་ཉིད་རྟོགས་པར་འགྱུར་ཏེ།། དེ་བས་ན་ཐེག་པའི་མཆོག་འདི་ཉིད་སྐྱེ་བོ་མ་ལུས་པ་བཞོན་པར་བྱ་བ་དམ་པ་རྣམས་ཡོད་འཕྲོག་པའོ།། དེའི ་ཕྱིར་ཟླ་གསང་ཐིག་ལེ་ལ་སོགས་པ་རྣལ་འབྱོར་གྱི་རྒྱུད་རྣམས་ལ། མི་བཟའ་བ་ནི་ཅུང་ཟད་མེད།། མི་བྱ་བ་ནི་ཅུང་ཟད་མེད།། ཐམས་ཅད་ཐབས་ཤེས་སེམས་ཀྱིས་ནི།། དོགས་མེད་གྱུར་པས་ལོངས་སྤྱོད་བྱ་ཞེས་བྱ་བ་ལ་སོགས ་པ་རྒྱ་ཆེར་གསུངས་པ་ནི་དོན་གྱི་དབང་རྣམ་པ་གཉིས་ལ་བརྟེན་པ་སྟེ། སྐྱེ་བོ་གང་དག་ཐེག་པ་གཞན་ལོས་སྤངས་པ་རྣམས་ཆང་བ་སྟོང་པས་མེ་འབར་བའི་ཁྱིམ་ནས་འབྱུང་བ་ལྟར་དྲེགས་པ་དྲང་བ་ཙམ་གྱིས་ཚད་དུ་གསུངས་ལ། ཡང ་གླུ་དྲུག་ཡུན་རིང་བར་རྫོག་པ་པོའི་རིམ་པ་བསྒོམས་པས་འདོད་རྨུགས་ལ་སོགས་པས་མི་འཕྲོགས་པ་འདམ་གྱི་པདྨ་ལྟ་བུ་རྣམས་ཁོ་ནཱ་ལེ་བརྟེན་ཏེ་གསུངས་པའོ།། གཞན་དུ་འདོད་ཆགས་ལ་སོགས་པ་ལ་མལ་པསའི་ཚང་པོར་མི་འགྱུར་ན། ་སྐྱེ་བོ་ཐམས་ཅད་ཐར་པའི་གནས་སུ་ཕྱིན་པར་འགྱུར་ལ། དམ་ཚིག་ལས་ཉམས་པ་ཡང་འགར་ཡང་མི་འབྱུང་བར་འགྱུར་ཏེ།། དེ་ཉིད་ཀྱིས་ངན་སོང་ཡང་རྣམ་པར་ཆད་པར་ཐལ་བར་འགྱུརརོ།། དེའི་ཕྱིར་གང་དག་སྟོང་པ་ཉིད་ལ་སེམས ་མངོན་པར་དད་པ་དྨ་དག་གས་སུ་དུ་གྱུ་པ་ལ་སོགས་པའ་འབྲས་བླངས་པཉྩམ་པ་མྱོང་བར་བྱ་དགོས་ཏེ། སྤྱནརྣལ་འགྱུར་ཡང་། ཡང་དག་པར་ལྟ་བ་བཞིན་མཐོང་བའི་བྱར་ཆུང་བྱུང་པཱ་ནཨཱ་རྱཱ ་ཆགས་པ་རྣམས་ལྟ་སྐྱོབ་ཅི་དགོས།། དེའི་ཕྱིར་རྡོ་རྗེའི་དཀྱིལ་འཁོར་གྱི་རྒྱུན་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ལས་རྣམ་པ་མང་པོར་ཀུན་རྫོབ་ཀྱི་བདེན་པ་རྣམ་པར་བཞག་ནས་ཡང་གསུངས་པ། དངོས་མེད་ཉིད་ཀྱི་ཕྱོགས ་ལ་ཡང་།། ལས་ཀྱི་འབྲས་བུ་ལ་སོགས་པ།། རྨི་ལམ་བཞིན་དུ་ཉམས་མྱོང་བ།། འདི་ནི་མངོན་སུམ་དག་ཏུ་འབྱུང་།། ཞེས་བྱ་བ་ལ་སོགས་པས་རྒྱ་ཆེར་དོན་དམ་པའི་བདེན་པ་མངོན་དུ་མ་གྱུར་གྱི་བར་དུ་ཀུན་རྫོབ་ཀྱི་བདེན་པ ་ལ་གུས་པས་གནས་པར་གསུངསོ།། འདི་ལ་ཀུན་རྫོབ་ཉིད་དུ་ཡང་མ་དག་པ་མེད་པར་སྨྲ་བ་འགའ་ཞོག་བྱུང་ན་ནི་མངོན་སུམ་དུ་རིགས་པ་སྦྱིན་ཞིང་བདེན་པ་གཉིས་ལ་གནས་པའི། ཐེག་པ་རབ་ཀྱི་མཆོག་འདི་ནི།། ཚུལ་ལ་གནས ་ན་ཐོབ་པར་འགྱུར་ཞེས་བྱ་བ་ལ་སོགས་པ་རྒྱུད་རྣམས་ཚིག་མྱེ་དེ་པར་འགྱུར་ཏེ།། དེའི་ཚེ་དོན་དམ་པའི་བདེན་པོ་ཁོ་ན་ལ་གནས་པོའི་ཕྱིར་རོ།། གཽཞིནྡྲ་ཡང་ཇི་ལྟར་དུག་སྡུག་ཀྱི་རིམས་མྱི་འཕེལ་བ་ཞེས་བྱ་བ་ཐོས་པ་ཙམ་དང་། གཟུང་བ ་ཙམ་དང་། དེ་ཤེས་པ་ལ་དུག་མི་གནོད་པ་ཤེས་པ་ཙམ་གྱིས་ནི་དུག་ཆེན་པོ་རྣམས་ཞི་བར་ནུས་པ་མ་ཡིན་གྱི་ཡོངསུ་བསྒྲུབས་པའི་སྒྲས་བུས་ཞི་བར་བྱེད་དོ།། དེ་བཞིན་དུ་དེ་ཁོ་ནའི་རྣམ་པར་དག་པ་ཐོས་པ་དང་། དེར་འགྱུར་བའི ་ལམ་སྟོན་པ་གཟུང་བ་དང་། རྣམ་པར་དག་པ་དང་ལྡན་པ་རྣམས་འཚང་བར་མི་འགྱུར། ཤེས་པ་ཙམ་གྱིས་འདོད་ཆགས་ལ་སོགས་པས་མི་གནོད་པར་འགྱུར་བ་ནི་མ་ཡིན་ནོ་ཞེས་བྱ་བའོ།། ཤིན་ཏུ་སྤྲོས་པས་ཆོག་གོ།། རང་གི་བརྗོད ་པར་བྱ་བ་ངེས་པར་གཟུང་སྟེ། རྣལ་འབྱོར་སྤྱོད་པ་དང་། དབུ་མ་པའི་དབྱེ་བས་ཟབ་པ་ཙམ་དང་ལྡན་པའི་ཐེག་པ་ནི་རྣམ་པ་གཉིས་ཡིན་ལ།། རྣལ་འབྱོར་སྤྱོད་པ་རྣམས་ཀྱང་། ཤེས་པ་རྣམ་པ་དང་བཅས་པ་དང་། རྣམ་པ་མེད་པའི་བྱེ ་བྲག་གིས་རྣམ་པ་གཉིས་སོ།། དེ་བཞིན་དུ་དབུ་མ་པ་ཡང་ཀུན་རྫོབ་ཤེས་པའི་རྣམ་པར་སླུ་བ་དང་། དེ་བག་ཆགསུ་སྨྲ་བའི་བྱེ་བྲག་གིས་རྣམ་པ་གཉིས་སོ།། ད་ནི་དེ་དག་གི་འདོད་པའི་རང་བཞིན་བརྗོད་དེ། ཤེས་པ་རྣམ་པ་དང་བཅས་པ ་རྣམས་ནི་སེམས་རང་རིག་པ་སྐད་ཅིག་མའི་བདག་ཉིད་མི་རྟག་པ་རྒྱུན་མ་ཆད་པར་འབྱུང་བ་འདི་ཉིད་ཀྱིས་ཕྱི་རོལ་ལྟ་བུར་རྣམ་པར་གནས་པའི་དོན་ཉམ་སུ་མྱོང་བ་ཡིན་གྱི་འདི་ན་བདག་དང་སྐྱེས་བུ་ལ་སོགས་པའི་འཛིན་པ་པོ་གཞན་ནི་འགའ་ཡང ་མེད་ལ། ཕྱི་རོལ་ན་དུམ་བུར་གྱུར་པ་ལྟར་གནས་པའི་དོན་རྣམས་ན་ནིང་གི་རྣམ་པར་ཤེས་པ་ཉིད་ཀྱི་རྣམ་པ་དེ་ལྟར་ན་མཁའ་ལ་བརྟེན་ནས་སྣང་བ་འབྱུང་གི། གཞན་དབང་ཕྱུག་གིས་ཕྱུང་བ་ལ་སོགས་པའི་དོན་གཟུང་བར་བྱ་བ་ནི་འགའ ་ཡང་མེད་པའོ།། ཐམས་ཅད་རང་གི་རྣམ་པར་ཤེས་པའི་བདག་ཉིད་ཁོ་ན་པས་གང་ལ་ཡང་རྗེ་སུ་ཆགས་པ་དང་ཁོང་ཁྲོ་བ་ལ་སོགས་པའི་སྐབས་མི་འབྱེད་པར་ཚོགས་ཡོངས་སུ་རྫོགས་པར་བྱས་ནས།། སེམས་དེ་ཉིད་གནས་པར་དག་པའི ་ཡེ་ཤེས་ཐ་མལ་པའི་མངོན་པར་ཞེན་པ་དང་བྲལ་བའི་བདག་ཉིད་སྐད་ཅིག་མ་རྗེསུ་འབྲེལ་པར་འབྱུང་བར་གནས་གྱུར་པ་ནི་འབྲས་བུ་སངས་རྒྱས་ཞེས་རྟོག་པའོ།། ཤེས་པ་རྣམ་པ་མེད་པར་སྨྲ་བ་རྣམཔ་ནི་སེམས ་རང་རིག་པ་རྒྱུན་འབྲེལ་པར་འཇུག་པ་སྐད་ཅིག་མའི་བདག་ཉིད་རྣམ་པ་དང་བྲལ་བ་འགའ་ཡང་རིག་པར་མི་བྱེད་པ་དེ་དག་གཅིག་དང་ཐ་དད་ལས་གྲོལ་བའི་བག་ཆགས་རྣམས་རབ་ཏུ་དག་ཅིང་། རྣམ་པ་ཐམས་ཅད་དང་བྲལ་བ་རང་རིག་པའི ་བདག་ཉིད་ཀྱིས་བེམས་པོ་མ་ཡིན་པའི་ཡེ་ཤེསུ་གནས་ཡོངས་སུ་གྱུར་པ་འདི་ནི་འབྲས་བུ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་རྣམ་པར་དཔྱོད་པར་བྱེད་དོ།། དབུ་མ་པ་ཀུན་རྫོབ་ཤེས་པའི་རྣམ་པར་སྨྲ་བ་རྣམས་ནི་དོན་དམ་པར་རིགས ་པའི་ཚོགས་ཀྱིས་སེམས་དང་ཡེ་ཤེས་དག་ཡོད་པ་མ་ཡིན་པར་སྨྲ་ལ།། ཀུན་རྫོབ་ཏུ་འདི་ལྟར་རྣམ་པར་བཞག་པ་ཐམས་ཅད་སེམས་དང་ཡིད་ཀྱི་རྣམ་པ་ཡུལ་དུ་གནས་པ་ཁོ་ནར་རྟོག་གོ།། དེ་བཞིན་དུ་ཀུན་རྫོབ་བག་ཆགས་སུ་སྨྲ་བ་རྣམས ་ཀྱི་འདོད་པ་ནི་དོན་དམ་པའི་བདེན་པ་སྔ་མ་ལྟ་བུ་ལས་ཀུན་རྫོབ་ཏུ་རྣམ་པར་བཞག་པ་རྣམས་ནི་བག་ཆགས་རྣམས་ཁོ་ན་ཡིན་གྱི།། སེམས་ནི་རྣམ་པ་དང་། འགྲོ་བའི་བདག་ཉིད་དུ་སྣང་བ་མ་ཡིན་ནོ་ཞེས་པར་རོ།། འདི་གཉི་གས་རྟེན་ཅིང་།། ་འབྲེལ་པར་འབྱུང་བའི་བདག་ཉིད་འདོད་པ་དང་། སེམས་དང་རོང་རིག་པ་འགོག་རིགས་པ་སྒྲུབ་པ་ནི་མཐུན་ནོ།། ཁ་ཅིག་ན་རེ་འདི་གཉིས་ཀྱིས་ལྟ་བ་གཞན་སེལ་བ་ནི་རིམ་བཞིན་དུ། ཡོད་དང་མིད་དང་ཡོད་མེད་དང་།། ཡོད་མེད་གཉི ་གམིན་པ་སྟེ་ཞེས་པ་དང་། རྟག་དང་མི་རྟག་རྟག་མི་རྟག། རྟག་དང་མི་རྟག་གཉི་ག་མིན་ཞེས་པས་གོ་རིམས་བཞིན་དུ་མུ་བཞི་རྣམ་པར་རྟོག་པ་མི་འདྲའོ་ཞེས་ཟེར་རོ།། ཟབ་ཅིང་རྒྱ་ཆེ་བ་དང་ལྡན་པའི་ཐེག་པ་ནི་བྱ་བ་དང་། སྤྱོད་པ་དང་། ་རྣལ་འབྱོར་དང་། རྣལ་འབྱོར་ཆེན་པོ་དང་།། རྣལ་འབྱོར་བླ་ན་མེད་པ་ཞེས་བྱ་བས་རྣམ་པ་ལྔར་འགྱུརརོ།། འདིར་འདི་དག་གི་རང་གི་ངོ་བོ་ནི་རྣམ་པར་གསལ་བར་བླ་མ་རྣམས་ཁོ་ན་ལས་ཤེས་པར་ནུས་ཀྱི། གཞུང་གི་ཚིག་རྣམ་པར་སྦྱོར་བས་མ ་ཡིན་པ་དང་།། རགས་པ་རྣམས་ནི་དེ་ཁོ་ན་ལ་འཇུག་པ་ལ་སོགས་པའི་གཞུང་རྣམསུ་ཡང་རྣམ་པར་གཏན་ལ་ཕབ་པས། འདྲིར་བདག་གིས་གསལ་བར་དབྱེ་བར་མི་བྱ་བར་བཞག་གོ། འདི་ནི་ཟབ་ཅིང་རྒྱ་ཆེ་བའི་ཐེག་པའི་རྣམ ་པར་བཞག་པའོ།། གལ་ཏེ་ཐེག་པ་གསུམ་ཁོ་ན་ཡིན་ན་ཐེག་པ་གཅིག་ཏུ་རྣམ་པར་བྱཤད་པ་དེ་ཇི་ལྟར་འགྱུར།། འདི་ནི་ངེས་པ་མེད་དེ་འབྲས་བུ་ལ་དང་། རྒྱུ་ལ་བརྟེན་པའི་ཕྱིར་ཏེ།། ཐེག་པ་ཐམས་ཅད་ངེས་པར་ཉེ་བ་དང ་རིང་བ་རྫོགས་པའི་སངས་རྒྱས་སུ་འགྱུར་བས་འབྲས་བུ་ལ་བརྟེན་པ་བཤད་པ་སྟེ།། དེ་བས་ན་མཚན་ཡང་དག་པར་བརྗོད་པ་ལས། ཐེག་པ་གསུམ་གྱི་ངེས་འབྱུང་ལ།། ཐེག་པ་གཅིག་གི་འབྲས་བུར་གནས་ཞེས་གསུས ་པ་ཉིད་ཐེག་པ་པ་ཐམས་ཅད་འབྲས་བུ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་བར་དགོངས་ལ།། བཅོམ་ལྡན་འདས་འཇམ་དཔལ་ཡང་གདུལ་བྱའི་དབང་ལས་ཐེག་པ་གསུམ་ལ་ཞོན་ཅིང་ཆོས་ཀྱི་སྐུ་ལས་ཀྱང་མ ་གཡོས་པའོ་ཞེས་བསྟོད་པ་བརྗོད་པའོ།། རྒྱུད་ལས་ཀྱང་ཐེག་པ་ཐམས་ཅད་ནི་བདག་དང་གཞན་ལ་སྤོང་ཞིང་། འབྲས་བུ་སངས་རྒྱས་ཉིད་སྐྱེད་པ་དང་།། ཆོས་ཀྱི་དབྱིངས་ལ་ཐ་དད་པ་མེད་པ་ན་སྟེ། ་དོན་འདི་ལ་དགོངས་ནས།། ཐེག་པ་གཅིག་ཅིང་ཚུལ་ཡང་གཅིག་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངསོ།། གལ་ཏེ་འགའ་ཞིག་ཐེག་པ་བསམ་གྱིས་མི་ཁྱབ་པར་བསྒྲུབ་པོ་བཅོམ་ལྡན་འདས་ཀྱི་བཀའ ་ལང་ཀར་གཤེགས་པ་ལ་སོགས་པའི་མདོ་ལས་ཤེས་སོ་ཞེ་ན། འདིར། ཇི་སྲིད་སེམས་ནི་འཇུག་གི་བར།། ཐེག་པ་དག་ལ་ཐུག་པ་མེད་ཅིང་བྱ་བ་འདི་ནི་ཐེག་པ་གསུམ་རྣམ་པོར་བཞག་པ་ཞེན་པའི་ཐེག་པ་པ་རྣམས ་ཉིད་ཁ་ཅིག་རྟེན་ཅིང་འབྲེལ་པར་འབྱུང་བ་མངོན་དུ་བྱེད་པ་དང་། ལ་ལ་མི་སྡུག་པ་སྒོམ་པ་དང་། ལ་ལ་ཟད་པར་གྱི་སྐྱེ་མཆེད་སྒོམ་པའི་བར་གྱིས་ཞུགས་པ་བསམ་གྱིས་མི་ཁྱབ་པ་ལ་གཟིགས་པ་ཡིན་གྱི་རྣམ་པར་བཞག ་པ་གསུམ་གྱིས་མ་བསྡུས་པའི་ཐེག་པ་གཞན་ནི་མི་འབྱུང་སྟེ།། དེ་དག་ལས་གཞན་པའི་ལྟ་བ་ནི་ངེས་པར་ཕྱི་རོལ་མུ་སྟེགས་པར་འགྱུར་བའི་ཕྱིར་རོ།། དེ་ལྟར་ཐེག་པ་གསུམ་རྣམས་གསལ་བཀོད་པས།། འགྲོ་རྣམས ་གུས་བཅས་ཐེགས་གསུམ་མྱུར་ཞོན་ནས།། སྲོད་མཚོ་ལས་རྒལ་བདེ་བ་ཆེན་པོའི་བདག། སྟུག་པོ་བཀོད་པ་ཉིད་དུ་འགྱུར་བར་ཤིག། ཐེག་པ་གསུམ་རྣམ་པར་བཞག་པ་ཞེས་བྱ་བ། སློབ་དཔོན་མཁས་པ་ཆེན་པོ་རིན ་ཆེན་འབྱུང་གནས་ཞི་བའི་ནལ་སྔ་ནས་མཛད་པ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་ཆེན་པོ་ཀྲྀཥྞ་བ་དང་། ནུ་ཆེན་རྒྱ་ལ་ཙ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཅིང་གཏན་ལ་ཕབ་པའོ།། ་