CLOSE WINDOW

GT2536: de kho na nyid kyi snying po bsdus pa
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཏཏྟྭ་སཱ་ར་སཾ་གྲ་ཧ། བོད་སྐད་དུ། དེ་ཁོ་ན་ཉིད་ཀྱི་སྙིང་པོ་བསྡུས་པ། གསུང་གི་མངའ་བདག་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། མི་ཤེས་མུན་པ་ཀུན་བསྔལ་བ།། འཇམ་དཔལ ་མགོན་ལ་ཕྱག་འཚལ་ཏོ།། ཚིག་ཉུང་དོན་ནི་མེད་པ་ཡི།། དེ་ཉིད་བསྡུས་པའི་སྙིང་པོ་བྱ།། འདི་ན་ཐེག་པ་ཆེན་པོའི་ཚུལ་ལ་བློ་ཆུད་པ་ལ་ལ་དག་ཟབ་པ་དང་། རྒྱ་ཆེ་བ་ཉིད་ཀྱིས་ཡང་དག་པར་རྟོགས་པར་མི་ནུས་ཀྱི་ཐེག་པ་ཆེན་པོའི་མིང་གི ་སྔགས་ཙམོ་ཐོས་པ་ཅུང་ཟད་རྟོགས་པར་འདོད་པ་ཐེག་པ་ཆེན་པོའི་དོན་མ་ཐོས་པ་དང་། དེ་བཞིན་དུ་ཐེག་པ་ཆེན་པོའི་ཚུལ་གྱི་དོན་ཤེས་པའི་སློབ་དཔོན་དགེ་བོའི་བཤེས་གཉེན་དུ་གྱུར་པ་ལ་བསྙེན་བཀུར་མ་བྱས་པ། ཐེ་ཚོམ་གྱིས་བློ་དཀྲུགས ་པ། ཐེག་པ་ཆེན་པོའི་རྒྱ་མཚོ་ལ་འཇུག་མི་ནུས་པ་དེ་རྣམས་ཀྱིས་ཤེས་པའི་རབ་ག་རིབ་གསལ་བར་བྱ་བའི་ཕྱིར་ལུང་དང་རིགས་པ་དག་གིས་ཅུང་ཟད་ཅིག་བརྗོད་པར་བྱའོ།། གང་འདི་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞོལ་སྔ་ལ་སོགས་པས་ཐུགས ་ཆེན་པོའི་ཐུགས་རིག་པོ་དམ་པ་དང་ལྡན་པ་རྣམས་ཀྱིས་རང་གི་བསྟན་བཅོས་སུ་ཐེག་པ་ཆེན་པོའི་དོན་ཐོར་པ་འདོད་པ་རྣམས་ལ་བསྟན་པ་དག་ཡོད་མོད་ཀྱི་དེ་ནི་བློ་གྲོས་རྣོན་པོ་རྣམས་ཀྱིས་རྟོགས་པར་ནུས་ཀྱི་གང་ཡང་རྒྱ་ཆེ་བ་ཉིད་དང་ཟབ་པ ་ཉིད་ཀྱིས་བློ་ཆུང་བ་རྣམས་ཀྱིས་ཐེག་པོ་ཆེན་པོའི་དོན་རྟོགས་པར་མི་ནུས་སོ།། དེ་བས་ན་དེ་རྣམས་ཀྱི་ཚུལ་དེའི་རང་གི་ངོ་བོ་ཉིད་རྟོགས་པར་བྱ་བའི་ཕྱིར། བདག་གིས་བསྟན་བཅོས་དེ་དག་ལས་ཡན་ལག་དང་བཅས་པ་ཅུང་ཟད་ཅིག་བཤད་པར ་བྱའོ།། ཐེག་པ་ཆེན་པོའི་ཚུལ་འདི་ལ་སྙིང་རྗེ་ཆེན་པོའོ་གོ་ཆ་བགོས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། ཐུགས་རྗེ་ཆེན་པོའི་བདུད་རྩིས་ཐུགས་བརླན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས ་སྡེ་དང་རྒྱུད་ཀྱི་རྒྱལ་པོ་དཔག་ཏུ་མེད་པ་ལས། ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྣམ་གྲངས་མཐའ་ཡས་པར་ཚངས་པའི་གསུང་བདུད་རྩི་ལྟ་བུས་གསུངས་པ་ནི་གཉིསུ་མེད་པའི་ཡེ་ཤེས་སྐྱེ་བ་མེད་པ་དང་། ཆོས་ཀྱི་དབྱིངས་ལ་སོགས ་པ་རྣམ་གྲངས་དུ་མས་རོ་གཅིག་པའི་མཚན་ཉིད་ཅན་དུ་གསུངས་པོ་ཡིན་ལ། དེ་ཉིད་ནི་ཐར་པ་འདོད་པ་རྣམས་ཀྱིས་མཆོག་ཏུ་བླང་བར་བྱ་བའི་དེ་ཁོ་ན་ཉིད་དུ་གསུངས་ལ། དེ་ཐོས་པ་དང་། བསམ་པ་དང་། བསྒོམ་པའི་རི་མོ་གྱིས་བརྩོན ་འགྲུས་འབར་བར་བསླབས་པའི་སྟོབས་ཀྱིས་རིང་པོ་མི་ཐོགས་པར་ཚེ་འདི་ཉིད་ལ་བླ་ན་མེད་པའི་ཡེ་ཤེས་ཐོབ་པར་འགྱུར་བ་ཡིན།། དེ་ཡོང་བཅོམ་ལྡན་འདས་ཀྱིས། བདག་གཞན་དོན་ནོ་རབ་གྲུབ་པའི།། ཐུབས་གཞན་འཁོར་བར་ཡོད་མ ་ཡིན།། ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡི་ནོ།། དྲིས་པ། སྡུག་བསྔལ་གྱི་བདེན་པ་ལ་སོགས་པ་གཞན་དག་ཀྱང་དེ་ཁོ་ན་ཉིད་ཡིན་པར་གསུངས་ལྔ། ཡེ་ཤེས་དེ་ཡང་འཇིག་རྟེན་ལས་འདས་པའི་ཡེ་ཤིས་ཡི་ནོ།། དེ་གོམས་པར་བྱེད་པའི་རིམ་པ ་ཉིད་ཀྱིས་ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་སྐྱེས་པས་དགྲ་བཅོམ་པ་བྱེ་བ་བྱས་པ་ཞེས་པ་ལ་སོགས་པར་གསུངས་ན། ཇི་ལྟར་ན་གཉིསུ་མེད་པའི་ཡེ་ཤེས་དེ་ཉིད་གཅིག་པུ་བླང་བར་བྱ་བའི་དེ་ཁོ་ན་ཉིད་དུ་བཤད་པ་འདི་ནི། སངས་རྒྱས་ཀྱི་བཀའ ་མ་ཡིན་ནོ་ཞེས་བརྗོད་པར་ནུས་པ་ཡང་མ་ཡིན་ཏེ། བདེ་བར་བ། ཤེགས་པའི་བསྟན་པ་ལ་ནི་དེ་ཁོ་ན་ཉིད་གཙེ་བོར་གྱུ། ངན་ཞིང་། ཐེག་པ་ཆེན་པོར་ཡང་དེར་ཁས་བླངས་པ་ཡིན་པའི་ཕྱིར་རོ།། ཡང་ན་འདི་དག་ནི་སངས་རྒྱས་ཀྱི་བཀའ་ཡིན་དུ ་ཟིན་ཀྱང་ཆོད་མ་དང་མི་ལྡན་པས་དེ་ཁོ་ན་ཉིད་མ་ཡིན་ནོ་ཞེ་ན། འདིར་དེ་ལྟར་ན་ནི་ཐམས་ཅད་མཁྱེན་པ་ནི་མི་ཤེས་པ་ཡྀ་ཅི་ནོ་ཞེས་སངས་རྒྱས་སྤངས་པའི་ཕྱིར་ཉེས་པ་ཆེན་པོར་འགྱུར་རོ།། དེ་ལྟར་མ་ཡིན་ན་ནི་ཐེག་པ་ཆེན་པོ་ལ་ཡོང་སུ་ཞིག་ཡིད་ཆེས ་པར་འགྱུར། འདི་ནི་ཚད་མེ་དང་མི་ལྡན་པ་ཡང་མ་ཡིན་ཏེ། འདིར་ཚད་མ་ནི་ཆོད་མ་རྣམ་འགྲེལོ་ཉིད་དུ་སྨྲས་པས་འདིར་མ་བཤད་དོ།། དེ་བས་ན་སྡུག་བསྔལ་ལ་སོགས་པ་བདེན་པ་མ་ཡིན་ཞེས་ནི་ཁུང་ལས་ཀྱང་མུ་གསུངས་ལ། ཚད་མ་ལས་ཀྱང ་མ་ཡིན་ནོ་ཞེ་ན། འདིར་བརྗོད་པར་བྱ་སྟེ། དེ་ལྟ་རེ་ཞིག་གང་སྡུག་བསྔལ་གྱི་བདེན་པ་ལ་སོགས་པ་ཡིད་དེ་ཁོ་ན་ཉིད་ཡིནོ་ཞེས་གསུངས་པ་ཞེས་གང་སྨྲས་པ་དེ་ལ། དཔེརྱན་མི་གཙང་སེམས་བྱེད་ལྟར།། ཉོན་མོངས་སྤྱོད་ཕྱིར་བདྲེན་པ་དག། སྐྱོན ་པར་མཛད་ཀྱི་དེ་ཉིད་ནི།། དོན་དམ་བདག་ཅག་ཡིན་པར་འདོད།། བདེན་པ་བསྒོམས་པ་ལས་ཉོན་མོངས་པ་སྤོང་བས་དེ་ཁོ་ན་ཉིད་དུ་མི་འགྱུར་ཏེ། མི་གཙང་བ་བསྒོམས་པ་ལ་སོགས་པ་ཡང་འདོད་རྟོགས་ལ་སོགས་པ་རྣམ་པར་སྤོང་བའི་ཕྱིར། དེའི་དམིགས ་པ་རུས་གོང་ལ་སོགས་པ་རུས་གོང་ལ་སོགས་པ་ཡང་དེ་ཁོ་ན་ཉིད་ཡིན་པར་ཐལ་བར་འགྱུར་ལ། ཡང་དེའི་ཚེ་འཇིག་རྟེན་པའི་མ་ལ་དམིགས་པའམ་ན་མཁའ་ལ་སོགས་པ་ཅུང་ཟད་ཀྱང་དེ་ཁོ་ན་ཉིད་མ་ཡིན་པར་མི་འགྱུརརོ།། དེ་བས་ན་དོན་དམ་པའི་དེ་ཁོ་ན ་ཉིད་ཡིན་གྱིས་སྡུག་བསྔལ་ལ་སོགས་པ་དོན་དམ་པ་མ་ཡིན་ཏེ། དེ་ལས་དམན་པ་ཉིད་ཡིན་པའི་ཕྱིར་རོ།། ཕྱིན་ཅི་མ་ལོག་པ་ཉིད་ཀྱིས་སྡུག་བསྔལ་དོན་དམ་པ་ཉིད་ཡིན་ནོ་ཞེས་ཁོ་བོ་ཅག་སྨྲའོ།། དེ་ཉིད་ཀྱི་ཕྱིར ་བཅོམ་ལྡན་འདས་ཀྱིས་སྡུག་བསྔལ་གྱི་བདེན་པ་ཞེས་གསུང་སོ་ཞེ་ནུ། དེ་ནི་ཡང་དག་པ་མ་ཡིན་ཏེ། གང་གི་ཕྱིར་ཉན་ཐོས་རྣམས་ནི་འཇུག་པའི་ཕྱིར།། སྡུག་བསྔལ་ལ་སོགས་བདེན་གསུངས་པ།། མེད་དུ་ཟིན་ཀྱང་ཐུགས ་ཡིས།། བདག་ཡོད་ཅེས་གསུངས་ལྟ་བུ་ཡིན།། ཞེས་བྱ་བ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་ཉན་ཐོས་རྣམས་བརྩོན་འགྲུས་ཆུང་བས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཆེན་པོ་ལ་འཇུག་པར་མི་ནུས་པར་མཁྱེན་ནས་ཐུགས་རྗེ་ཆེན ་པོ་དང་ལྡན་པའི་ཐུགས་ཀྱིས་སྡུག་བསྔལ་ལ་སོགས་པ་བདེན་པ་མ་ཡིན་དུ་ཟིན་ཀྱང་བདེན་པར་གསུངས་པ་ཡིན།། ཡང་གལ་ཏེ་འདི་དག་སྒྲ་ཇི་བཞིན་ཉིད་དུ་གཟུང་ན་དེའི་ཚེ་བདག་ཡོད་དོ་ཞེས་ཀྱང་གསུངས་པས་བདག་ཀྱང་དེ་ཁོ ་ན་ཉིད་ཡིན་པའི་ཕྱིར་རོ།། །། དེ་ཡང་འདི་ལྟར་རབ་ཏུ་འབར་བའི་ཁྱིམ་གྱི་ནང་ན་གནས་པའི་བྱིས་པ་རྣམས་གདོན་པའི་ཕྱིར། པཱ་ཡིས་ཆང་པ་སྟོང་པ་བསྟན་པ་ལ་ཉེས་པ་ཅི་ཞིག་ཡོད། བྱ་བ་རྣམས་ནི་བསྐུམ་པའི་དབང་ལས་དགེ་བ་དང ་མི་དགེ་བར་འགྱུར་ཏེ། དེ་ནི་འོག་ནས་བཤད་པར་བྱའོ།། ཡང་འདི་ནི་ཁོ་བོ་ཅག་གིས་སོར་མོ་བསྐྱོད་པ་ཙམ་གྱིས་བཤད་པ་ཡོང་མ་ཡིན་ཏེ། གཞན་དུ་ན་བཅོམ་ལྡན་འདས་ཉིད་ཀྱིས་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཕྱག་རྒྱའི་ཏིང ་ངེ་འཛིན་གྱི་མདོ་ལས་བྱང་ཆུབ་པར་འདུག་པ་ན་བདེན་པ་གཅིག་ཀྱང་ཇི་ལྟ་བ་བཞིན་དུ་མ་མཐོང་ན། བཞི་ལྟ་སྨོས་ཀྱང་ཅི་དགོས་ཞེས་གསུངས་པ་དང་། འཕགས་པ་ཆོས་ཡང་དག་པར་སྡུད་པ་ལས་ཀྱང་། སྐྱེ་བ་མེད་པ་ནི་བདེན་གྱི ་ཆོས་གཞན་ནི་བདེན་པོ་མ་ཡིན་ནོ་ཞེས་གསུངས་པ་དང་། གཞན་ཡང་དོན་འདི་ནི་མདོ་སྡེ་གཞན་དག་ལས་ཀྱང་མང་དུ་སྣང་ན། ཅིའི་ཕྱིར་སངས་རྒྱས་ཀྱི་གསུང་དེའི་རྗེ་སུ་འཇུག་པའི་ཁོ་བོ་ཅག་ལ་ཁྱེད་རྣམས་སྨོད་པར་བྱེད། ཚད་མ་ནི ་ཚད་མ་ན་ཚད་མ་རྣམ་འགྲེལ་ཉིད་དུ་སྨྲས་པས་ཞེས་གང་སྨྲས། དེ་ཡང་དེ་ཚད་མ་དང་འགལ་བར་ཡང་གཉིསུ་མེད་པའི་ཚུལ་གྱིས་རྗེ་སུ་འབྲངས་ནས་དེ་ཉིད་དུ་བཤད་པ་མ་ཡིན་ནམ། དེ་བཞིན་དུ་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ལ་སོག ་པས་ཀྱང་དོན་དམ་པ་དང་ཀུན་རྫོབ་ཀྱི་བདེན་པ་བསྟན་པས། བདེན་པ་དང་ཅིག་ཤོས་ཉིད་ཁོ་ན་གསུལ་བ་ཁོ་ནུར་རྟོགས་པར་མཛད་པ་དང་། གདོང་མ་ནས་མ་སྐྱེས་པར་ནི་བཅོམ་ལྡན་འདས་ཀྱིས་མདོ་མཐའ་ཡས་པ་ལས་རབ་ཏུ་བསྟན་པ་ཡིནོ།། ་དེ་ཡང་གླང་པོའི་མཚན་བཅིངས་ཀྱི་མདོ་ལས་ཀྱང་། གང་གིས་སྐྱེ་བར་འབྱུང་བ་ནི།། དངོས་པོ་མེད་པའི་ངོ་བོ་ལ།། བྱིས་པ་རྣམས་ནི་འབྱུང་བར་འདོད་ཅེས་གསུངས་པ་དང་། དེ་བཞིན་དུ་དཀོན་མཆོག་འབྱུང་གནས་ལས། གང་ཞིག་དངོས་པོ་ཉིད་ནི་ཡོད། ་མིན་པ། དེ་དངོས་གཞན་གྱི་རྐྱེན་དུ་ཇི་ལྟར་འགྱུར།། དངོས་མིང་གཞན་ནོ་ཅི་ཞོག་སྐྱ་འགྱུར་ཞེས།། རྒྱུ་འདི་བདེ་བར་གཤེགས་པས་གསུངས་པ་ཡིན། ཞེས་གསུངས་པ་དང་། འཕགས་པ་ཀླུའི་རྒྱལ་པོ་རྒྱ་མཚོས་ནུས་པ་ལས་ཀྱང་།། སྔོན་གྱི་མཐ ་སྟོང་ཕྱི་མའི་མཐའ་སྟོང་ཞིང་།། སྐྱེ་དང་འཇིག་དང་གནས་པའི་དངོས་པོ་སྟོང་།། དངོས་པོ་ཉིད་མེད་པ་དངོས་པོ་མེད་པའང་མེད།། ཆོས་རྣམས་ཐམས་ཅད་སྟོང་པའི་ངོ་བོ་ཉིད་ཅེས་གསུངས་པ་དང་། ཡབ་སྲས་མཇལ ་བ་ལས་ཀྱང་། ཆོས་འདི་དག་ཐམས་ཅད་ནི་དུས་གསུམ་མཉམ་པ་ཉིད་ཀྱི་མཉམ་སྟེ། འདས་པའི་དུས་ཀྱི་ཆོས་ཐམས་ཅད་ནི་ངོ་བོ་ཉིད་དང་བྲལ་བའོ།། མ་འོངས་པ་དང་ད་ལྟར་བའི་ཆོས་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་སྟོང་པའོ་ཞེས་གསུངས ་པ་དང་། ཡང་དེ་ཉིད་ལས་གསལ་བར་མཛད་པ་ནི། ཆོས་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་སྟོང་པ་སྟེ། ཆོས་གང་དངོས་པོ་མེད་པ་དེ་ནི་འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་བྱུང་བ་མ་ཡིནོ།། དེ་ཅིའི་ཕྱིར་ཞེ་ན། དངོས་པོ་ཡོད་པ ་མ་ཡིན་པའི་ཕྱིར་རོ།། འདས་པའོ་ཞེས་རྣམ་པར་འཛེག་པར་མི་ནུས་མ་འོངས་པར་མ་ཡིན། ད་ལྟར་བྱུང་བར་འཇོག་པར་ནུས་པ་མ་ཡིནོ་ཞེས་བྱ་བ་གསུངས་པ་ཡིནོ།། དེ་བཞིན་དུ་བདེན་པ་གཉིས་ལ་འཇུག་པ་ལས་ཀྱང་། ཡང་འཇམ་དཔལ ་ཡང་དག་པར་སྦྱོར་བ་གང་ཞིག་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དོན་དམ་པ་དང་། དེ་བཞིན་ཉིད་དང་། ཆོས་ཀྱི་དབྱིངས་དང་། སྐྱེ་བོ་མེད་པ་གང་དང་། མཉམ་པ་མཚམས་མེད་པ་ལྔ་བྱེད་པ་དེ་དང་མཉམ་མོ་ཞེས་བྱ་བ་ལ་སོག ་པ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྒྱ་ཆེར་བཤད་ནས་སྨྲས་པ། ཡང་འཇམོ་དཔལ་དོན་དམ་པའི་མཉམ་པ་ཉིད་གང་གིས་རྣམ་པར་བྱང་བ་མཉམ་པ་ཉིད་ཡིན་པ་ཆོས་ཐམས་ཅོད་དེ་དང ་མཉམ་པ་ཉིད་ཡིན་ནམ། འཇམ་དཔལ་གྱིས་སྨྲས་པ་ལྷའི་བུ་དོན་དམ་པར་ཆོས་ཐམས་ཅད་མ་སྐྱེས་པའི་མཉམ་ཉིད་དང་། དོན་དམ་པར་ཆོས་ཐམས་ཅད་ཤིན་ཏུ་མ་བྱུང་བའི་མཉམ་ཉིད་དང་། དོན་དམ་པ་ན་ཆོས་ཐམས་ཅད་དངོས་པོ་མེད་པའི ་མཉམ་པ་ཉིད་ཀྱིས་ཆོས་ཐམས་ཅད་མཉམ་པ་ཉིད་ཡིན་ཞེས་རྒྱ་ཆེར་གསུངས་པ་དང་། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་ལས་ཀྱང་། དཔེར་ན་ཆུ་ཤིང་རློན་པའི་ཕུང་པོ་ལས།། སྙིང་པོ་འདོད་པའི་སྐྱེས་བུས་རྣམ་བཙལ་ན།། ཕྱི་དང ་ནང་ན་སྙིང་པོ་ཡོད་མ་ཡིན།། ཆོས་རྣམས་ཐམས་ཅད་དེ་འདྲར་ཤེས་པར་གྱིས་ཞེས་གསུངས་པ་དང་། ཡང་དེ་ཉིད་ལས། དཔེར་ན་གཞོན་ནུ་རྨི་ལམ་ནང་གནས་ཚེ།། དེས་ན་བུ་སྐྱེས་ཤིང་རུ་གྱུར་པ་མཐོང་།། སྐྱེས་པས་དགའ་ལ་ཤི་བས ་གདུང་བར་འགྱུར།། ཆོས་རྣམས་ཐམས་ཅད་དེ་འདྲར་ཤེས་པར་གྱིས།། ཞེས་གསུངས་པ་དང་། སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པའི་ཡེ་ཤེས་སྣང་བའི་རྒྱན་ལས་ཀྱང་།། རྟག་ཏུ་སྐྱེ་མེད་ཆོས་ནི་དེ་བཞིན་གཤེགས།། ཆོས་རྣམས ་ཐམས་ཅད་དེ་བཞིན་གཤེགས་དང་འདྲ།། བྱིས་པའི་བློ་ཅན་མཚན་མར་འཛིན་པ་རྣམས།། འཇིག་རྟེན་དག་ན་མེད་པའི་ཆོས་ལ་སྤྱོད་ཅེས་གསུངས་པ་དང་། དེ་བཞིན་དུ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་རྒྱུད་ལས་ཀྱང་། ཐམས་ཅད ་ནམཁའི་མཚན་ཉིད་དེ།། ནམ་མཁའ་ལ་ཡང་མཚན་ཉིད་མེད།། ཁམས་གསུམ་དག་ནི་མ་ལུས་པ།། ཐམས་ཅད་སྒྱུ་མ་ལྟ་བུ་སྟེ།། ཇི་ལྟར་སྒྱུ་མ་ཐམས་ཅད་དུ།། མཐོང་བ་དང་ནི་རིག་པར་འགྱུར།། དམིགསུ་ཡོད་པ་མ་ཡིན་ཏེ།། དེ་བཞིན་འགྲོ་བ་ཀུན་གྱི ་ཚུལ་ཞེས་གསུངས་པ་དང་། དེ་བཞིན་དུ་བཅོམ་ལྡན་འདས་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་། རབ་འབྱོར་གཟུགས་ནི་ངོ་བོ་ཉིད་ཀྱིས་སྟོང་པ་སྟེ་ཞེས་བྱ་བ་ནས་རྣམ་པར་ཤེས་པའི་བར་དུ་ཉེ་བར་བཟུང ་སྟེ། སྟོང་པའི་མཚན་ཉིད་ཅན་དུ་གསུངས་པ་དང་། དཀོན་མཆོག་གི་ཟ་མ་ཏོག་ལས་ཀྱང་། འཇམ་དཔལ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱང་ཆིས་མ་ཡིན་ནམ། སྨྲས་པ། བཙུན་པ་རབ་འབྱོར་སངས་རྒྱས་ཀྱི་ཆོས་རྣམས་ཡང་དག་པར་འབྱུང ་བ་ནི་འགའ་ཡང་མེད་དེ། གང་འབྱུང་བ་དེ་ནི་ཆོས་རྣམས་ཀྱི་ཆོས་ཉིད་དོ་ཞེས་བརྗོད་པར་མི་བྱའོ།། དེ་བས་ན་བཅོམ་ལྡན་འདས་ཀྱིས་འདི་ལྟར་ཆོས་མ་ཡིན་པའོ་ཞེས་གསུངས་པ་ཡིན།། དེ་བོས་ན། འདི་དག་ཐམས་ཅད་ཡོངསུ་བརྟགས་པའི ་ཉིད་ལས་དགོངས་ནས་གསུང་སོ་ཞེས་གང་བཤད་པ་དེ་ཡང་བདེན་པ་ཉིད་ཡིནོ།། ཡོང་སུ་བརྟགས་པའི་ངོ་བོ་ཉིད་བརྗོད་པ་ནི་ཚད་མ་དང་འགལ་བ་ཡིན་ཡང་བྱིས་པ་རྣམས་ཀྱིས་དེ་ཁོ་ན་ཉིད་དུ་ཉེ་བར་བཟུང་བ་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་སྐྱེ་བ་ལ་སོགས ་པ་ཉིད་ཡོངསུ་བརྟགས་པ་ཡིན་པས་ཚད་མ་དང་འགལ་ཏེ། དེས་ན་མ་སྐྱེས་པ་ཉིད་ཡིན་ཏེ། དེ་ཁོ་ན་ཉིད་ཡིན་པར་གྲུབ་པ་ཡི་ནོ།། འདི་ནི་བཅོམ་ལྡན་འདས་ཀྱིས་ཆོས་ཡང་དག་པར་སྡུད་པ་ལས་གསོལ་བ་ཁོ་ནར་གསུངས་པ་ཡིན་ཏེ། རིགས་ཀྱི་བུ་སྐྱེ་བ་དང ་འགག་པ་ལ་མངོན་པར་ཞེན་པ་ལ་འཇིག་རྟེན་རྣམས་ཞུགས་པ་ཡིན་ཏོ།། དེ་ལ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོས་འཇིག་རྟེན་གྱི་སྒྲགས་པའི་གནས་སྤང་བར་བྱ་བའི་ཕྱིར་སྐྱེ་བ་དང་འགག་པར་འགྱུ་འོ་ནས་ཐ་སྙད་དུ་གསུངས་པ་ཡིན་གྱི།། འདི་ལ ་ཆོས་འགའ་ཡང་སྐྱེ་བ་མེད་དོ་ཞེས་གསུངས་པ་ཡིནོ།། དེ་བས་ན་སྐྱེ་བ་མེད་པ་དང་སྟོང་པ་ཉིད་ལ་སོགས་པའི་ཚིག་གིས་བསྟན་པ་གཉི་སུ་མེད་པའི་དེ་ཁོ་ན་ཉིད་ཡིན་ནོ་ཞེས་བྱ་བར་གན་སོ།། གང་ཡང་འདུལ་བ་ལ་སོགས་པར་གཉི་སུ་མེད་པ་འདི ་ཅིའི་ཕྱིར་མ་བསྟན་ཞེས་སྨྲ་ན། དེ་ནི་བརྩོན་འགྲུས་ཆུང་བའི་ཕྱིར་ཞེས་བཤད་པ་ཉིད་ཀྱི་ཕྱིར་ཏེ། དེ་ཡང་རང་དོན་ཙམ་ལ་བརྩོན་ཞིང་བདེན་པ་བསྟན་པ་ཉིད་ཀྱིས་དོན་བྱེད་ལ། ཆོས་ཐམས་ཅད་བདག་མེད་པའི་ཏིང་ངེ་འཛིན་ལ་ནི་གཡང་ས ་དང་འདྲ་བས་གཉིས་སུ་མེད་པ་མ་བསྟན་པ་ཡིན་ཏེ། སྟོན་པ་པོ་རྣམས་ནི་ཐམས་ཅད་ལ་ཐམས་ཅད་སྟོན་པར་མི་མཛད་དེ། ཉེ་བར་སྟོན་པ་དེ་ནི་དགོངས་པའི་དབང་དུ་མཛད་པ་ཡིན་པའི་ཕྱིར་རོ།། བྱང་ཆུབ་སེམས་དཔའ་རྣམས་ནི་ཟབ་པ་དང ་རྒྱ་ཆེ་བའི་བསམ་པ་ཅན་ཡིན་པའི་ཕྱིར། རྣམ་པ་ཐམས་ཅད་དགོས་པཡིན་པ་ན། ཐམས་ཅད་ལ་ཉེ་བར་སྦྱར་བའི་ཕྱིར་དེ་རྣམས་ལ་གཉིས་སུ་མེད་པའི་ཡེ་ཤེས་ཉེ་བར་སྟོན་པར་མཛད་པ་ཡིན་ཏེ། གཞན་གྱི་དོན་གཅིག་ཏུ་བྱེད་པའི ་བསྒྲུབ་པར་བྱ་བ་ནི་བླ་ན་མེད་པའི་བྱང་ཆུབ་ཡིན་ལ། དེ་ཡང་སེམས་ཅན་ཐམས་ཅད་ལ་ཕན་པར་བརྩོན་པར་བྱང་ཆུབ་སེམས་དཔའ་ཉིད་ཀྱིས་འཇུག་པར་ནུས་པ་ཡིན་ཏེ། གང་གི་ཕྱིར་དེ་རྣམས་ཀྱི་འཇུག་པ་ནི་རྟག་ཏུ་གཞན་གྱི་དོན་བྱེད་པར ་རོ་གཅིག་པ་ཡིན་པའི་ཕྱིར་རོ།། མདོ་དུ་བཤད་པ་ཅི་ཞིག་བྱས་ཏེ། རིམ་པ་གང་གིས་བསོད་ནམས་དང་ཡེ་ཤེས་ཚོགས་དྲི་མ་མེད་པ་མ་ལུས་པར་བསགས་པ་ཀུན་ཏུ་བཟང་པོ་ཉིད་དམ་སངས་རྒྱས་ཉིད་ཅེས་བྱ་བ་ཐོབ་ནས། འགྲོ་བ་མ་ལུས་འདི ་དགོས་པའི་དོན་མཛད་པར་སྤྱོད་པ་བླ་ན་མེད་པའི་བདེ་བར་གཤེགས་པའི་གོ་འཕང་ཐོབ་པར་འགྱུར་བ། དེ་ལྟ་དེ་ལྟར་སེམས་ཅན་མ་ལུས་པའི་དགོས་པ་བྱེད་པའི་ཐབས་མྱུར་བུའི་སྙིང་རྗེ་རྐྱེན་དུའི་བརྟུལ་ཞུགས ་ལ་སྤྱོད་ཅིང་། གཞན་གྱི་དགོས་པ་བྱེད་པ་ཉིད་ལ་ལྷག་པོར་འཇུག་པ་ཡིན་གྱི་དེ་རྣམས་སངས་རྒྱས་སུ་གྱུར་ཀྱང་ཉན་ཐོས་ཀྱི་ཐེག་པ་ལྟར་རང་གི་དྲེགོས་པར་བྱ་བར་དགོས་པ་སྔོན་དུ་འགྲོ་བས་འཇུག་པ་ནི་མ་ཡིན།། འདིར་དཔེར་བསྟོན་པ་ནི་ཙིཥྛ ་བྱང་ཆུབ་སེམས་དཔའ་ཆོས་འཕགས་ཀྱིས། བྱང་ཆུབ་སེམས་དཔའ་རྣམས་ནི་འདོད་ཆགས་ལ་རྒྱབ་ཀྱིས་ཕྱོགས་པར་མི་བྱེད་པ་ནི། བྱང་ཆུབ་སེམས་དཔོའ་ཆེན་པོ་རྣམས་ཀྱི་ལམ་ཤེས་པ་ཡིན་ཏེ་གང་འདོད་ཆགས་ལ་སོགས་པ་ལ་རྒྱབ ་ཀྱིས་ཕྱོགས་པར་ཡང་མི་འདོད་པར་བླ་ན་མེད་པའི་གོ་འཕང་ཡང་སྒྲུབ་པར་བྱེད་དོ་ཞེས་གསུངས་པོས། འདོད་ཆགས་ཁཱ་སོགས་པ་ཉིད་བྱང་ཆུབ་ཀྱི་རྐྱེནྱ་དུ་གྱུར་པ་ཡིནི།། ཉོན་མོངས་པ་མ་སྤངས་པ་རྣམས་ཇི་ལྟར་མངོན་པར་བྱང་ཆུབ་པར ་འགྱུར་ཞེས་རྟོག་ན། ཆོས་ཐམས་ཅད་གདོད་མ་ནས་མ་སྐྱེས་པ་ཡིན་པའི་ཕྱིར། ཉོན་མོངས་མས་པ་དེ་སྤང་བ་དེ་ཁོ་ན་ཉིད་མ་ཡིན་པ་མེད་པས། ཉེན་མོངས་པ་དེ་གང་ཡིན་ཅེ་ཞིགེ་སྤངས་པར་བྱ་དེ་མ་མཐོང་ངོ་།། རིམ་པ་འདས་ཙོམ་ལུས་པའི ་བྲན་སུམ་གྱིནས་པའི་གནམ་མ་པར་འགྱུར་མ་མི་བགྱུ་ནས་བྱེད་པ་བྱས་ཏེ། ག་དཆགས་མི་བླངས་པར་གྱུར་གྱི་ཀུན་ཏུ་བ.རིང་པོ་གང་ཡིན་པ་ལང་གྱུར་ན། དེ་སངས་པས་ཅི་ནིག་བྱ། ཡང་འདི་བྱེ་བ་འདོད་ཆགས་སྔ་འི་པ ་བསྟན་དུ་ཟིན་ཀྱང་ཅིའི་ཕྱིར་རྟོགས་པར་མ་གྱུར། དེ་ཡང་འདི་ལྟར་བདག་ཏུ་མངོན་པར་ཞེན་པ་སྔོན་དུ་འགྲོ་བས་རང་དང་གཞན་རྣམ་པར་ཕྱེ་བའི་ཡུལ་རྣམས་ཀུན་ཏུ་ཞེན་པ་ལ་སོགས་པ་ནི་ཀུན་ཏུ་འདོད་ཆགས་ལ་སོགས་པ་རྣམས་ཡིན ་ལ། གང་ཡང་བདག་ཏུ་འཛིན་པ་རྩ་ནས་བཏོན་པ་རྣམས་ལ་ནི་བདག་དང་གཞན་གྱི་རྣམ་པར་དབྱེ་བ་ཡོད་པ་མ་ཡིན་ཏེ། དེ་རྣམས་ཀྱི་ཆོས་ཐམས་ཅད་ངོ་བོ་ཉིད་མཉམ་པ་ཉིད་ཀྱི་བསམ་པས་ཡོངསུ་མྱ་ངན་ལས་འདས་པ་ཉིད་དུ་འཇིག་རྟེན་ན ་རྣམ་པར་གནས་ཏེ། འདོད་པར་བྱ་བ་དང་མི་མཐུན་པའི་ཡུལ་དུ་སྒྲོ་འདོགས་པ་མེད་པ་ཡིན་ན། ཅིའི་ཕྱིར་ཕྱིན་ཅི་ལོག་ལས་བྱུང་བའི་འདོད་ཆགས་ལ་སོགས་མ་བྱུང་བར་འགྱུར། ཡང་སྨྲས་པ། གང་ཞིག་ཉེས་པ་མ་ལུས་སྐྱེད་བྱེད་འཇིག་ཚོགས ་ལྟ་བའི་བུད་ཤིང་ངེས་བསྲེགས་ཤིང་།། བདག་གཞན་རབ་དབྱེའི་ཡུལ་རྣམས་རྩ་ནས་འབྱིན་པ་དེ་ནི་ཉེས་པ་སྐྱེད་པ་ཡིན།། ཉེས་མེད་ཟིན་ཀྱང་རིག་ལྟར་སྙིང་རྗེས་སྒྱུ་མའི་སྐྱེས་བུ་ལྟ་བུར་ལས་རྣམས་ལས།། བློ་བཟང་སྔོན་གྱི་སྨོན་ལམ་ཉིད ་ཀྱིས་འཁོར་ལོ་འཁོར་བའི་ཤུགས་བཞིན་སྦྱོར་བར་འགྱུར།། གལ་ཏེ་ཐེག་པ་ཆེན་པོ་ལ་མངོན་པར་ཞུགས་པ་ལ་སྙིང་རྗེ་ཆེན་པོའི་གོ་ཆ་བགོས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་ཆོས་ཐམས་ཅད་ལ་བདག་མེད་པར་རྟོགས་པར་སེམས་ཅན་གྱི ་མིང་ཙམ་ཡང་མ་དམིགས་ཤིང་། དམིགསུ་མེད་པའི་སྙིང་པོ་ལ་གནས་པ་ཡིན་མོད་ཀྱི་འོན་ཀྱང་སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་འཕེན་པའི་ཤུགོས་འབད་པ་མེད་པར་འཇུག་པས་མ་རིག་པའི་རྒྱུ་ཅན་ཐོག་མ་མེད་པ་ན་བྱུང་བའི་སྲིད་པའི་འདས ་གྱི་ཆུ་བོར་ནུབ་པའི་འགྲོ་བ་རྣམས་གདོན་པ་ལ་རབ་ཏུ་འཇུག་པར་མཛད་པ་ཡིན།། དེ་ཡང་། གང་ཞིག་སྲོག་དང་བུ་དང་དེ་བཞིན་ཆུང་མ་ནོར།། ལྗོངས་པ་རྣམས་ཀྱི་དོན་དུ་རྩ་བཞིན་ལེགས་པ་གཏོང་བྱེད་ཅ། ་ས་གསུམ་གདོན་པར་བྱ་ཕྱིར་གོ་བགོས་སེམས་ཅན་དམ་པ་ནི།། དེ་ལས་ལྷག་པའི་ཆགས་ལ་བརྟེན་པ་ས་སྟེང་གཞན་སུ་ཡོད། ཅེས་བཤད་པ་ཡིན་ཏེ། གང་གི་ཕྱིར་ས་གསུམ་གྱི་དགོངས་པའི་ཐབས་ལ་གཞོལ་བ་དེ་རྣམས ་ནི་རང་དོན་ཙམ་ལ་ཆེད་ཚོར་སེམས་པ་མ་ཡིནོ།། དེ་ཉིད་ཀྱིས་ན་སྙིང་རྗེ་ཆེན་པོའི་འདོད་ཆགས་ལ་བརྟེན་པ་ཉིད་ཡིན་པས་ན་ལྷག་པའི་ཆགས་པ་ལ་བརྟེན་པ་ཞེས་བཤད་པ་ཡིན་ལ། སྙིང་རྗེ་ཆེན་པོ་ཡང་རབ་ཀྱི་མཐར་ཐུག་པར་འགྲོ ་བས་གཞན་གྱི་དགོས་པའི་བག་ཆགས་ཀྱི་སྟོབས་ཡོངསུ་རྫོགས་པར་བྱས་པས་དོན་ཐམས་ཅད་ཕུན་སུམ་ཚོགས་པའི་ཐམས་ཅད་མཁྱེན་པ་ཉིད་དུ་འགྱུར་བ་ནི་རིགས་པ་ཡིན་ནོ་ཞེས་ཤིན་ཏུ་སྤྲོས་པས་ཆོག་གོ།། དྲིས་པ། ཆོས་རྣམས ་ཅད་བདག་མེད་པར་རྟོགས་པ་དང་། དམིག་སུ་མེད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཇི་ལྟར་འཁོར་བར་སེམས་ཅན་གྱི་དོན་བྱེད་པ་ལ་འཇུག་པར་གྱུར། གལ་ཏེ་སེམས་ཅན་གྱི་དོན་བྱེད་པ་ལ་འཇུག་ན། དམིགསུ་མེད་པའི་ཡེ ་ཤེས་ལ་གནས་པ་ཉིད་དུ་མི་འགྱུར་ཏེ། དགོས་པ་བྱ་བ་དང་། དགོས་པ་བྱེད་པ་དང་། དགོས་པ་དམིགས་པ་འམ། མི་དམིགས་པས་འཇུག་པར་མི་འགྱུར་ཞེ་ན། འདི་ན་སྔོན་གྱི་སྨོན་ལམ་གྱི་འཕེན་ཤུགས་ཀྱི་སྟོབས་ཀྱིས།། འཕགས་པ་དེ ་རྣམས་འབད་པ་མེད་པར་སེམས་ཅན་གྱི་དོན་བྱེད་པ་ལ་འཇུག་གོ་ཞེས་སྔར་སྨྲས་ཟིན་པ་མ་ཡིན་ནམ། དེ་ཡང་། དེའི་བྱིན་རླབས་ཙམ་གྱིས་ནི།། སྐྱེས་བུ་ཡིད་བཞིན་ནོར་བུ་ལྟར།། རྩིག་སོགས་ལས་ཀྱང་ཆོས་སྟོན་པ།། ཅི་འདོད་པར་ནི་འབྱུང ་བར་འགྱུར་ཞེས་བཤད་པ་ཡིནོ།། དེ་ལྟར་ན་ཐེག་པ་ཆེན་པོའི་དོན་ཉིད་ནི་མཆོག་ཏུ་བླང་བར་བྱ་བ་ཡིནོ་ཞེས་བྱ་བར་གནསོ།། དྲིས་པ་ཐེག་པ་གཞན་དག་ལས་ཐེག་པ་ཆེན་པོ་ཁྱད་པར་ཅི་ཞིག་ཡོད་དེ། འབྲས་བུ་མཚུངས་པ་ཉིད་ཡིན ་པའི་ཕྱིར་རོ་ཞེ་ན། འདིར་ཁྱད་པར་གང་ཞིག་ཡོད་པ་དེ་བརྗོད་པར་བྱ་སྟེ་སྨོན་ལམ་དང་ནི་འཇུག་པ་དང་།། དེ་བཞིན་ཟབ་དང་རྒྱ་ཆེ་ཉིད།། མི་ལྡོག་འབྲས་བུ་ཐོབ་པས་ཀྱང་།། ཐོག་པ་ཆེན་པོ་ཁྱད་པར་འཕགས།། སྨོན་ལམ་ལ་སོགས ་པ་འདི་དག་གོང་ནས་གོང་དུ་རྒྱུར་གྱུར་པས། བླ་ན་མེད་པའི་བདེ་བོར་གཤེགས་པའི་གོ་འཕང་ཐོབ་པར་འགྱུརརོ་ཞེས་བྱ་བ་ནི་ཐེག་པ་ཆེན་པོའི་དོན་ཡིནོ།། ཡང་དོན་འདི་ཉིད་གསལ་བར་བྱ་བའི་ཐེག་པ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པས ་ན་ཐེག་པ་ཆེན་པོ་ཞེས་བྱའོ་ཞེས་བྱ་བའི་དོན་ནི་གང་གི་ཕྱིར་ངེས་པར་ལེགས་པ་འཐོབ་པར་བྱ་བ་ལ་ནི། དེ་མ་གཏོགས་པོར་ཐབས་གཞན་ཡོད་པ་མ་ཡིནོ།། དེ་ཡང་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱི་ཐེག་པ་ཆེན་པོའི་ཉི་ཤུ་པ་ལས ་རྟོག་པའི་ཆུ་ཡིས་གང་བ་ཡི།། འཁོར་བའི་རྒྱ་མཚོ་ཆེན་པོར་ནི།། ཐེག་ཆེན་གྲུ་ལ་མ་ཞུགས་པར།། སུ་ཞིག་ཕ་རོལ་འགྲོ་བར་འགྱུར།། ཞེས་བཤད་པ་ཡི་ནོ།། གལ་ཏེ་བླ་ན་མེད་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་ཐབས་ཀྱི་མཆོག་ནི་ཐེག་པ ་ཆེན་པོ་གཅིག་པུ་ཁོ་ན་ཡིན་ན། བཅོམ་ལྡན་འདས་ཅིའི་ཕྱིར་རྡེག་པ་གསུམ་སྟོན་པར་མཛད་ཅེས་རྟོག་ན། དེ་བརྗོད་པར་བྱསྟེ། གདུལ་བྱ་མ་རིག་པའི་སྨྱོས་པས་རྒྱུད་ཉེ་བྱང་བཅོམ་པར་གྱུར་པཱ། མྱོས་པ། ་ཚོགས་པར་གྱུར་པ་དུ་མ་དག་ལ་བཅོམ་ལྡན་འདས་ཐུག་རྗེ་ཆེན་པོའི་ཤུགས་ཀྱི་དབང་གིས་སེམས་ཅན་ཐམས་ཅད་ཀྱི་བསམ་པ་དང་། ཡིད་ལ་རེ་བ་རྫོགས་པར་མཛད་པའི་ཕྱིར། ཐེག་པ་སྣ་ཚོགས་སྟོན་པར་མཛད་པས་སྦྲིད་པའི་རྒྱ་མཚོ ་ལས་སྒྲོལ་བ་དེ་མཛད་པའི་ཕྱིད།། ཐེག་པ་སྟེ་ཚོགས་གསུངས་པ་ཡིནོ།། དེ་ཡང་བཅོམ་ལྡན་འདས་ཀྱིས་ཇི་སྲིད་སེམས་ནི་འཇུག་གི་བར།། ཐེག་པ་མཐར་ཐུག་ཡོད་མ་ཡིན།། སེམས་ནི་ལྡོག་པར་གྱུར་པ་ན།། ཐེག་པ་མེད་ཅིང་འགྲོ་བ ་མེད།། ཐེག་པའི་ངེས་པ་ཡོད་མིན་པས།། ཐེག་པ་གཅིག་ཏུ་ངེས་གསུངས་པ།། བྱིས་པ་རྣམས་ནི་དྲད་པའི་ཕྱིར།། ཐེག་པ་དབྱེ་བའང་ངས་བཤད་དོ།། ཞེས་གསུངས་པ་ཡིནོ།། ཡང་དེན་འདི་ཉིད་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྟ་ནས ་ཀྱི་མཉམ་པ་མེད་པར་བསྟོད་པ་ལས་གསལ་བར་མཛད་པ་ནི།། ཆོས་དབྱིངས་དབྱེ་བ་ཡོད་མིན་པས།། ཁྱེད་ཐིག་དབྱེ་བ་ཡོད་མིན་གྱི།། སེམས་ཅན་རྣམས་ནི་འཇུག་པའི་ཕྱིར།། ཐེག་པ་གསུམ་དུ་གསུངས་པ་ཡིན།། ཞེས་པོ་ཤུད་པ་ཡིནོ།། དེ ་བཞིན་དུ་བཅོམ་ལྡན་འདས་ཀྱིས་གདུལ་བྱ་རྣམས་ཀྱི་ངོར་མཛད་པ་དང་། དབང་པོ་རྣམས་ཀྱིས་དབྱེ་བོའི་དབང་དུ་མཛད་ནས། ཉན་ཐོས་ཀྱི་ཐེག་པས་སྡུག་བསྔལ་གྱི་བདེན་པ་ལ་སོགས་པ་བླང་བར་བྱ་བའི་དེ་ཁོ་ན་ཉིད་ཡིན་པར་གསུངས ་ལ། དེ་ཡང་སྟོབས་དང་ལྡན་པའི་འབད་པས་བསྒྲུབ་པར་བྱ་བ་ཡིན་གྱི། ཤིན་ཏུ་ཡུན་རིང་མོ་ཞིག་གི་དུས་གཞན་ཞིག་ན། དཀའ་བར་སྤྱོད་པས་ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་ཐོབ་པས་ཉོན་མོངས་པའི་སྒྲིབ་པ་སྤངས་པ་ཙམ་གྱིས ་དགྲ་བཅོམ་པ་ཉིད་དུ་གྱུར་པ་ཡིན་ལ། དེ་ཡང་རང་གི་དོན་གྱི་འབྲས་བུ་ཙམ་གྱི་བྱང་ཆུབ་ཡིན་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ནི་མི་འགྱུར་བ་ཉིད་དེ། གང་གི་ཕྱིར་ཉན་ཐོས་ཀྱི་ཐེག་པར་བྱ་བ་བྱསོ།། ངའི་སྐྱེ་བ ་ཟད་དོ།། ཚངས་པར་སྤྱོད་པ་སྤྱད་དོ།། ད་སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་བྱ་བ་ནི། བསྒྲུབ་པར་བྱ་བའི་མཆོག་ཏུ་བཤད་པ་དེ་ལྷོར་ན་དེ་རྣམས་ནི་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་ཤིང་རང་གི་དོན་ཙམ་ལ་དགའ་བས་གནས ་པ་ཡིན་པས་ན། བྱང་ཆུབོ་ཆེན་པོ་ཐོབ་པར་མི་འགྱུར་རོ།། འདི་ནི་རང་གི་རྟོག་པ་ཙམ་གྱིས་སྨྲས་པ་ནི་མ་ཡིན་གྱི། གཞན་དུ་ན་སྟོན་པ་ཉིད་ཀྱིས་ལང་ཀར་གཤེགས་པའི་མདོ་ལས། ཏིང་འཛིན་དྲེགས་པས་མྱོས་པ་དེ།། ཟག་པ་མེད ་པའི་དབྱིངས་ན་འཁོད་ཅིས་གསུངས་པ་དང་། དེ་བཞིན་དུ་བྱང་ཆུབ་ཀྱིས་སེམས་བཤད་པ་ལས་ཀྱང་། ཡེ་ཤེས་ལུས་སུ་གཅིག་པ་དེ།། ཏིང་འཛིན་དྲེགས་པས་བརྒྱལ་ནས་ནི།། ཇི་སྲིད་སངས་རྒྱས་ཀྱིས་མ་བསྐུལ།། དེ་སྲིད་ཉན་ཐོས་གནས ་པར་འགྱུར།། སླར་ཡང་ཚུལ་ནི་སྣ་ཚོགས་པའི།། ཐབས་ནོ་མང་པོས་བསྐུལ་བ་ཡིན་ཞེས་བཤད་པ་ཡི་ནོ།། དེ་རྣམས་ཀྱང་རང་གི་དོན་ཙམ་གྱི་འབྲས་བུའི་མཚན་ཉིད་ཅན་གྱི་བྱང་ཆུབ་ལ་གནས་པ་ཡིན་ལ། དེ་ཡང་བཅོམ་ལྡན་འདས་ཀྱི ་མདོ་སྡེ་དང་རྒྱུད་ཀྱི་རྒྱལ་པོ་མཐའ་ཡས་པའི་ནང་ནས་བྱང་ཆུབ་ཞན་པ་ཉིད་ཡིན་པར་གསུངས་པ་དང་། དེ་བཞིན་དུ་ཉན་ཐོས་ཀྱི་ཐེག་པ་ནི་ཐེག་པ་དམན་པའོ་ཞེས་གསུངས་པ་ཡིན་ལ། དེ་ཉིད་ཀྱིས་ན་བཅོམ་ལྡན་འདས ་ཀྱིས། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསླབས་པར་ཉན་ཐོས་རྣམས་དང་ལྷན་ཅིག་གནས་པ་དང་ཀུན་ཏུ་སྨྲ་བ་ལ་སོགས་པ་བཀག་པར་མཛད་པ་ཡིན་ལ། ཁོ་བོ་ཅག་རྣམས་ཀྱང་དེ་ལྟར་འདོད་པ་ཡིནོ།། དྲིས་པ། གལ་ཏེ་བཅོམ ་ལྡན་འདས་ཀྱིས་ཉན་ཐོས་ཀྱི་ཐེག་པ་ལ་སོགས་པ་བསྟན་པ་ནི་བསྒྲུབ་པར་བྱའི་མཆོག་ཉིད་ཡིན་པར་མ་གསུངས་ན། ཅིའི་ཕྱིར་སྟོན་པར་མཛད་པ་ཅེས་རྟོག་ན། དེ་ནི་འདི་ཉིད་དུ་སྨྲས་ཟིན་པ་ཡིན་ཏེ། ཉན་ཐོས་ཀྱི་ཐེག་པ་ལ་སོགས ་པ་སྟོན་པར་མཛད་པ་ནི་གདུལ་བྱ་མང་པོའི་བསམ་པ་ཐ་དད་པ་ལས། མོས་པ་དམན་པ་ལ་ལ་དག་དོན་དམ་པ་ལ་འཇུག་པའི་ཕྱིར་ཡིན་ཏེ། གང་གི་ཕྱིར་བཅོམ་ལྡན་འདས་ཀྱིས་ཐུགས་རྗེའི་གནས་སུ་གྱུར་པ་ནི། སེམས་ཅན་ཐམས ་ཅད་ཡིན་ལ། དེ་དག་ཀྱང་སེམ་སོ་ཅན་གྱི་སྤྱོད་པ་མཐའ་ཡས་པ་ཡིན་ཞིང་། ཐམས་ཅད་ཚུལ་མཐའ་ཡས་པས་གདུལ་བར་བྱ་བ་ཡིན་པས་ན། བཅོམ་ལྡན་འདས་ཀྱིས་སངྱས་རྒྱས་ཀྱི་ཆོས་བསྟན་པ་ཡང་མཐའ་ཡས་ཤིང་སྣ་ཚོགས་པ ་ཉིད་ཡིནོ།། ཡང་དྲིས་པ། མུ་སྟེགས་པ་རྣམས་ཀྱང་འདི་དག་ཐམས་ཅད་ནི་བདག་འབའ་ཞིག་ཡིནོ་ཞེས་ཟེར་བས་གཉིས་སུ་མེད་པའི་ཤེས་པ་ཡོད་པ་ཉིད་ཡིན་ཏེ། དེ་བས་ན་འདི་དང་ཁྱད་པར་ཅི་ཞིག་ཡོད་ཅིས་རྟོག་ན། དེ་བརྗོད་པར་བྱ་སྟེ། བདག ་མེད་པ་ཉིད་ཁྱད་པར་ཡིན་ན་གཞན་དྲིས་པས་ཅི་ཞིག་བྱ། ཡང་འདིར་མུ་སྟེགས་བྱེད་གཞན་དག་དང་རྩོད་པར་སྨྲ་བར་རྩོམ་པ་ནི་མ་ཡིན་གྱི་གང་གི་ཕྱིར་བདེ་བར་གཤེགས་པའི་ལམ་ལ་གནས་པ་ཉིད་ནི་ཐར་པའི་ལམ་ལ་འཇུག་པར་སྤྲོ་བ་ཉིད ་ཡིན་པ་དང་། དབང་པོའི་དབྱེ་བས་མྱུར་བ་དང་། རིང་བ་དང་། ཤིན་ཏུ་ཡུན་རིང་བསོ་རྣམ་པར་གྲོལ་བའི་སྐལ་བ་ཅན་རྣམས་ལུང་གི་དོན་ལ་ཕན་ཚུན་རྣམ་པར་དཔྱོད་པ་ནི་མཛེས་ཀྱི། ལྟ་བ་ངན་པས་སེམས་རྒྱད་ཚིག་པར་གྱུར་པ། ཤིན་ཏུ ་བའི་མདག་མའི་མེའི་ཚོགས་ཀྱི་ནང་དུ་ལྷུང་བར་གྱུར་པ། བདེ་བའི་ལམ་ལས་ཤིན་ཏུ་ཡུན་རིང་དུ་ཡོངསུ་ཉམས་པ། དམུས་ལོང་འོ་མའི་ཡོན་ཏན་ཡོངསུ་རྟོགས་པར་བྱེད་པ་ལྟ་བུའི་མུ་སྟེགས་པ་གཞན་དག་དང་། ཐེག་པ་ཆེན་པོ་ཡོངས ་བརྟགས་པས་ཅི་ཞིག་བྱ།། གང་གི་ཕྱིར་གྲོང་ཐམས་ཅད་མཁྱེན་པའི་གོ་འཕང་ཐམས་ཅད་ཀྱི་བདག་ཉིད་ཅན་དོན་དམ་པའི་དེ་བཞིན་ཉིད་ཀྱི་རང་བཞིན་དེ་བཞིན་གཤེགས་པའི་རིང་རླིག་པ་ཉན་ཐོས་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ། གཅིག ་དང་དུ་མའི་རྣམ་པར་རྟོག་པའི་དྲ་བ་དང་། དཔེ་ཐམས་ཅད་ཀྱིས་སྤངས་པ། ཐུགས་རྗེ་ཆེན་པོའི་ཉམས་ཀྱིས་ཁྱབ་པ། དངོས་པོ་ཐམས་ཅད་ཀྱི་རྟོག་པ་དང་བྲལ་བ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཅན། ཕྱིན་ཅི་མ་ལོག་པའི་ཐབས་ཞིང་དམ་པའི་གནས།། ་གཞན་གྱི་དགོས་པ་རྗེ་སུ་མཐུན་པའི་སྨོན་ལམ་གྱི་ས་བོན་དང་རྗེ་སུ་འཇུག་པའི་འདུས་པའི་འདུས་བྱས་པ་ལ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་འགྲོ་པོའི་དོན་མཛད་པའི་གནས་སུ་གྱུར་པ་ནི་བདེ་བར་གཤེགས་པ་ཡིན་ན། ལོག་པར་ལྟ་བའི་གདོན ་གྱིས་ཟིན་པའི་སེམས་དང་ལྡན་པའི་ཉོན་མོངས་པ་དེ་རྣམས་ཀྱི་རྟོགས་པར་ཇི་ལྟར་འགྱུར། གང་ཡང་རང་གི་སྐྱེ་བ་རྣམས་ལ་ཡང་ཐེག་པ་ཆེན་པོར་དེ་བཞིན་གཤེགས་པ་ཐུགས་རྗེ་ཆེན་པོའི་ཐུགས་དང་ལྡན་པས་སྙིང ་རྗེ་ཆེན་པོའོ་གོ་བགོས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་མདོ་སྡེ་མཐའ་ཡས་པས་རྣམ་གྲངས་དུ་མར་གསུངས་པ་ན་རཱི་གཅིག་པའི་མཚན་ཉིད་ཅན་དངོས་པོ་མེད་པ་གཉིསུ་མེད་པའི་ཡེ་ཤེས་མཆོག་ཏུ་བླང་བར་བྱེ་བ་ཉིད་ཡིན ་པར་མི་ཤེས་པས། གལ་ཏེ་འགྲོ་བ་རྣམས་དངོས་པོ་མེད་པ་ཡིན་ན། བཅོམ་ལྡན་འདས་ཉན་ཐོས་རྣམས་ལ་ཕུང་པོ་རྣམས་ཀྱི་མཚན་ཉིད་ཅིའི་ཕྱིར་སྟོན་པར་མཛད་ཅེས་སྤོང་བར་བྱེད་པ་དག་ཡོད་པས། དེའི་ཕྱིར་བརྗོད་པར་བྱ་སྟེ། དོ་ནི་བྱིས་པའི ་སྐྱེ་བོ་རྣམས་ཀྱི་དབང་དུ་མཛད་ནས་གདུལ་བྱའི་བསམ་པའི་དབང་གིས་བཅོམ་ལྡན་འདས་ཀྱིས་ཕུང་པོའི་མཚན་ཉིད་སྟོན་པར་མཛད་པ་ཡིན་གྱི་དྲིན་དམ་པར་ནི་མ་ཡིན།། དེ་ཡང་སློབ་དཔོན་དབྱིག་གཉེན་གྱི་ཞལ་སྔ་ནས་ཉི་ཤུ་པ་ལས།། གཟུམ ་སྩོགས་སྐྱེ་མཆེད་ཡོད་པོ་ནོ།། དེམ་འདུལ་བ་ལོ་སྐྱེ་བོ་ལ།། དགོངས་པའི་དབང་གིས་བེཤད་པ་སྟེ།། བརྫུས་ཏེ་སྐྱེ་བའི་སེམས་ཅན་བཞིན།། ཞེས་བཤད་པ་ཡིནོ།། དེ་ཡང་གང་གི་ཕྱིར་བྱིས་པ་ལོག་པའི་ཤེས་པས་ཟིལ་གྱིས་མནན་པ། མ་རིག་པའི་དྲིམས ་ཡིད་དྲི་མོ་ཅན་དུ་གྱུར་པ་རྣམས་ནི་དོན་དམ་པའི་ཚི་ཉིད་དུ་ཆོས་བདག་མེད་པར་བསྟན་པས་ཉེ་བར་བླག་པར་རོ་གྱུརོ།། དེ་བས་ན་ཕུང་པོ་ལ་སོགས་པ་སྟོན་པར་མཛད་ཀྱི་གཟུགས་ལ་སོགས་པ་དོན་དམ་པར་ཡོད་པ་ནི་མ་ཡིནོ།། དེ་ཡང་། གཟུགས་ནི་དཔུང ་ལྟོ་བུ་བཤད།། ཚོར་བ་ཆུའི་ཆུ་བ་བཞིན།། འདུ་ཤེས་སྨྱིག་རྒྱུ་སྨྲ་བུ་སྟེ།། འདུ་བྱེད་རྣམས་ནི་རྒྱུ་ཤིང་བྱུདྲ།། རྣམ་པ་ཤེས་པ་སྒྱུ་འབྲུ་སྟེ།། དེ་ལྟར་ཕུང་པོ་བསྟན་དུ་ནི།། རྐང་གཉིས་མཆོག་གིས་རྣམ་ཀུན་ཏུ།། བྱང་ཆུབ་སེམས་དཔའ་རྣམ། ་ལ་བཤད་ཅེས་གསུངས་པ་ཡིནོ།། དེ་ལྟར་བཅོམ་ལྡན་འདས་ཀྱིས་གསུངས་ཤིང་བསྟེན་པར་མཛད་པཱ་ནི་ཤིན་ཏུ་ཟབ་པས་རྟོགས་པར་མྱི་འགྱུར་གྱི། སླར་ཞིང་སུན་འབྱིན་པར་བྱེད། གང་གི་ཕྱིར་དེ་རྣམས་འདི་སྐད་དུ། དབང་པོ་ཐམས་ཅད་ཀྱི་ཡུལ་དུ ་གྱུར་པའི་གཟུགས་ལ་སོགས་པ་མེད་པ་ཇི་ལྟར་རུང་ཞེས་སྨྲའོ།། འདིར་བརྗོད་པར་བྱ་སྟེ། གཟུགས་ཀྱི་ཕུང་པོ་ནི་འབྱུང་བ་ཆེན་པོ་བཞིའི་རང་བཞིན་ཅན་ཡིན་པར་བཤད་ལ། ལྷག་མ་རྣམས་ནི་གཟུགས་མེད་པར་དཔྱད་མི་དགོས་པར་གྲུབ་པ་ཡིན།། ། ་དེ་ལ་གཟུགས་ཀྱི་ཕུང་པོ་ནི་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་འདས་པ་ཡིནོ།། དེ་ལས་འབྱུང་བ་ནི་ས་ལ་སོགས་པ་རྣམ་པ་བཞིའོ།། འབྱུང་བ་ལས་གྱུར་པ་ནི་གཟུགས་དང་སྒྲ་དང་། དྲི་དང་རོ་དང་རེག་བྱ་རྣམ་སོ།། དེ་ཡང་ཐོག་མུ་དང་ཐ་མ་མེད་ཅིང ་འབྲེལ་པར་འབྱུང་བ་ཡིན་ལ། ངོ་བོ་ཉིད་དང་བྲལ་བའི་ཕྱིར་དང་། དེ་བཞིན་དུ་རྡུལ་ཕྲ་རབ་འདུས་པ་ཡིན་པས། གཅིག་དང་དུ་མ་དམིགསུ་མེད་པས། གཟུགས་བརྙན་ལྟར་མེད་པ་ཉིད་ཡིན་པའི་ཕྱིར་ཡོད་པ་མ་ཡིན་ནོ།། དེ་ཡང་སློབ་དཔོན་ནཱི་བ་འཆོས། དབུ་མ ་རྒྱནི་ལས། བདག་དང་གཞན་སྨྲའི་དངོས་འདི་དག། ཡང་དོག་ཏུ་ན་གཅིག་པ་དང་།། དུ་མའི་རང་བཞིན་མེད་དེ་གཟུགས་བརྙན་བཞིན།། ཞེས་བཤད་པ་ཡིན།། ཡང་གཞན་དག་ལས། དངོས་པོར་བརྟགས་པ་གང་དང་གང་།། དེ་དང་དེ་ཡི་གཅིག་ཉིད་མེད། གང ་མ་གཅིག་པ་སྤྱོད་སོང་ག། མུགས་དུ་ན། ག་པདུགན་པ་ལམྦྷ། རྒྱུ་ཡོད་པ་ལས་གང་འབྱུང་ང།། རྐྱེན་མེད་པན་ནི་གནས་པ་སྐྱེད།། རྒན་མྱོད་སྒྱུ་ཥྚསྒྱུ་ག།། 6། ་ཡོད་པར་ཇི་ལྟར་ཤེས། ཞེས་བཤད་པ་ཡང་། ཡང་དེ་ཉིད་ལས། དེ་དང་དེ་བརྟེན་གང་བྱུང་བ།། རང་གི་ངོ་བོར་དེ་མ་སྦྱིས།། རང་གི་དཱི་བི་གང་མ་སྐྱེས།། དེ་ལ་སྐྱེས་ཞེས་ཇི་སྐད་བྱ།། ཞེས་བཤད་པ་ཡིན།། འདིད་མདོར་བསྡུ་བའི་དོན་ནི་འདི་ཡིན ་ཏེ། དེ་དང་དེའི་ཞེས་བྱ་བ་ནི་བརླན་པའི་དོན་གྱི་ཚིག་སྟེ། ས་ལ་སོགས་པའི་རྒྱུ་ལ་བརྟེན་ནས་འབྱུང་བ་གང་ཡིན་པ་ནི་རྒྱུའོ་རཱག་ལས་པ་ཡིན་པའི་ཕྱིར། ཡང་དག་པར་ན་ངོ་བོ་ཉིད་ཀྱིས་མ་སྐྱེས་པ་ཡིནོ།། དེ་ལྟར་ཤེས་པར་གྱུར་པ་ནི་རྟེན་ཅིང་འབྲེལ ་པར་འབྱུང་བ་མཐོང་བ་ཞེས་བྱའོ།། དེ་བས་ན་རིགས་པ་དྲུག་ཅུ་པ་ལས།། རྟེན་འབྱུང་ལས་འབྱུང་མུ་སྐྱེས་པར།། དེ་ཉིད་སྨྲ་བ་མཆོག་གིས་གསུངས།། ཞེས་བཤད་པ་ཡིན།། ཡང་དོན་འདི་ཉིད་གསལ་བར་བྱ་བའི་ཕྱིར། འཕགས་པ་ཀླུ་སྒྲུབ ་ཀྱི་ཞལ་སྔ་ནས་ཀྱིས་འཇིག་རྟེན་ལས་འདས་པའི་བསྟོད་པ་ལས། གང་ཞིག་རྒྱུ་ལས་བྱུང་བ་རྣམས།། དེ་མོད་པས་ནི་མེད་གྱུར་ན།། དེ་དག་གཟུགས་བརྙན་དང་མཚུངས་པ།། བསལ་བ་ཉིད་དུ་ཅིས་མི་འདོད།། འབྱུང་བ་མིག་གྲོས་གཟུང་བྱ་མིན།། དེ་ལས ་བྱུང་མིནི་ཇི་ལྟ་བུ།། ཁྱོད་ཀྱིས་དེ་ལྟར་གཟུགས་གསུངས་པ།། གཟུགསུ་འཛིན་པ་བཟློག་པར་མཛད།། ཅེས་བཤད་པ་ཡིན།། དྲིས་པ། རྟེན་ཅང་འབྲེལ་པར་འབྱུང་བ་ནི་ངོ་བོ་ཉིད་དང་བྲལ་བའི་ཕྱིར། གཟུགས་ཀྱི་ཕུང་པོ་མེད་པར་བསྟོན་པ་གང་ཡིན ་པ་དེ་རོ་ཞིག་ཡོན་དུ་ཆུག་ལ། གཟུགས་རྩོམ་པར་བྱེད་པའི་རྡུལ་ཕྲ་རབ་འདི་ནི་ཤིན་ཏུ་ཕྲ་བ་ཡིན་པའི་ཕྱིར་དང་གཟུགས་མེད་པ་ཉིད་ཀྱིས་རྟག་པ་ཉིད་ཡིན་པའི་ཕྱིར་དང་། གཅིག་པུ་ཉིད་ཡིན་པ་གང་ཡིན་པ་དེ་མེད་པར་ཇི་ལྟར་རུང་ཞེས་ཟེར ་ན། དེའི་ཕྱིར་བརྗོད་པར་བྱ་སྟེ། དྲུག་པོ་རྣམས་ལྷན་ཅིག་འདུས་པ་དང་། དེ་བཞིན་དུ་ཕྱོགས་ཀྱི་ཆའི་དབྱེ་བས་རྡུལ་ཕྲ་རབ་ནི་ཕྱོགསུ་ཆ་དྲུག་ཡོད་པར་གྲུབ་བོ།། གང་ལ་ཕྱོགས་ཆ་ཡོད་པ་དེ་ནི་གཅིག་པ་ཉིད་དུ་མི་རིགས་ཏེ། སློབ་དཔོན ་དབྱིག་གཉེན་གྱིས། ཇི་ལྟར་རྡུལ་ཕྲིན་མི་འགྲུབ་ཕྱིར།། དྲུག་གིསེ་ཅིག་ཅར་སྦྱར་བས་ནི།། ཕྲ་རབ་ཕྱོགས་ཆ་དྲུག་ཏུ་འགྱུར།། དྲུག་པོ་དག་ནི་གོ་གཅིག་ནི། གོང་བུ་རྡུལ་ཕྲན་ཙམ་དུ་འགྱུར།། ཞེས་བཤད་པ་ཡིནོ།། དེ་བས་རྡུལ་ཕྲ་རབ་ནི ་རྫུརྫས་གཅིག་ཏུ་ཡོད་པ་མ་ཡིན་ཏེ། གཅིག་མེད་པས་རྡུལ་ཕྲ་རབ་མང་པོ་མཐའ་ཡས་པ་ཉིད་དུ་རྫས་དེའི་དབྱེ་བས་བསྟོན་པས། རྡུལ་ཕྲ་རབ་ཡོད་པ་ཡིན།། རྡུལ་ཕྲ་རབ་མ་གྲུབ་པས། གཟུགས་ཀྱི་ཕུང་པོ་ནི་ཤིན་ཏུ་མེད་པར་བསྟན་པ་ཡིནོ།། ་ཚོར་བ་ལ་སོགས་པ་ལྷག་མ་རྣམས་ནི་གཟུགས་མེད་པ་ཉིད་དུ་དཔྱད་མི་དགོས་པར་གྲུབ་པ་ཡིན་ཏེ། གཟུགས་ཅན་གྱི་རང་བཞིན་མ་ཡིན་པའི་ཕྱིར་རོ།། ཡང་དེ་རྣམས་གཟུགས་ཀྱི་ཕུང་པོ་ཡོད་ན་གནས་ཤིང་དམིགས་པ་ལས་ཡོད་པར་བསྟན་པ ་ཡིན་པ་ཐ་དད་པར་བརྟགས་པར་ཡོད་པ་མ་ཡིན།། དེ་བས་ན་གཟུགས་ཀྱི་ཕུང་པོ་མེད་པའི་ཕྱིར་མདོར་ན་འདིར་དེ་རྣམས་ཀྱང་མེད་པར་བཤད་པ་ཡིན་ཏེ། དེ་ལྟར་ན་ཆོས་བདག་མེད་པར་བསྟན་པ་ཡིནོ།། དེ་ལྟར་ན་ཡང་བློ་དམན་པ་རྣམས་ཐོག་མ ་མེད་པ་ཅན་གྱི་སྤྲོས་པའི་བག་ཆགས་ཡོངསུ་སྨིན་པའི་དབང་གིས་ཁོང་དུ་ཆུད་ཅིང་ཡིད་ཆེས་པར་མི་འགྱུར་གྱི་སླ་ནིང་སུན་འབྱིན་པར་བྱེད་དེ། དེ་ཡང་འདི་ལྟར་གཟུགས་ལ་སོགས་པའི་རྡུལ་ཕྲ་རབ་འདུས་པས། ་མེད་པ་ཡིན་པའི་ཕྱིར་ཆོས་བདག་མེད་པ་ཡིན་དུ་ཆུག་ན་སེམས་འདི་ནི་འཛིན་པར་བྱེད་པའི་རྣམ་པོ་ས་དེ་རྟོགས་པར་བྱེད་པ་ཉིད་ཀྱིས་ཡང་དག་པར་ཡོད་པ་ཉིད་ཡོན་ནོ་ཞེས་སྨྲ་བར་བྱེད་དོ།། འདིར་བརྗོད་པར་བྱ་སྟེ། སྔར་བཤད་པའི་རྣམ་པ ་གཟུགས་ལ་སོགས་པ་གཟུང་བར་བྱ་བའི་དོན་རྣམས་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་ཞིང་། ངོ་བོ་ཉིད་དང་བྲལ་བ་ཡིན་པའི་ཕྱིར་དང་། དེ་བཞིན་དུ་རྡུལ་ཕྲ་རབ་འདུས་པ་ཡིན་པས་མེད་པ་ཉིད་དུ་བསྟོན་ལ་དེ་ལྟར་གཟུང་བར་བྱ་བ་མེད ་པས། འཛིན་པ་པོ་ཡང་མེད་པ་ཉིད་དུ་བསྟན་པར་འགྱུར་ཏེ། འཛིན་པ་པོ་ནི་བཟུང་བར་བྱ་བ་ལ་ལྟོས་པ་ཉིད་ཡིན་པའི་ཕྱིར་རོ།། དེ་བཞིན་དུ་རྟོགས་པ་པོ་ཉིད་དུ་བཤད་པ་གང་ཡིན་པ་དེ་ཡང་ཡོད་པ་མ་ཡི་ནོ།། དེ་ཡང་བྱང་ཆུབ་ཀྱི་སེམ ་བཤད་པ་ལས། རྟོགས་པ་པོ་ཡིས་རྟོགས་བྱ་གང་།། ཤེས་བྱ་མེད་པས་ཤེས་པོ་མེད།། དེ་ལྟར་ཤེས་དང་ཤེས་བྱ་དོག། དངོས་པོ་མེད་པར་ཙས་མི་འདོད།། ཅེས་བཤད་པ་དང་། རྟོགས་བྱ་རྟོགས་བྱེད་རྣམ་པར་སེམས།། དེ་བཞིན ་གཤེགས་པས་མ་གཟིག་སོ།། གང་དུ་རྟོགས་བྱ་རྟོགས་བྱེད་དོག། དེར་ན་བྱང་ཆུབ་ཡོད་མ་ཡིན།། མཚན་ཉིད་མེད་ཅིང་སྐྱེ་བ་མེད།། བསྟན་དུ་མེད་ཅིང་བརྗོད་དུ་མེད།། བྱང་ཆུབ་སེམས་ན་མཁའ་འདྲ་ཞིང་།། བྱང་ཆུབ་གཉིས་མེད་མཚན་ཉིད ་ཅན་ཞེས་བྱ་བ་ལ་སོགས་པ་རྒྱུ་ཆེར་བཤད་པ་ཡི་ནོ།། གལ་ཏེ་སེམས་རྣམ་པ་ཐམས་ཅད་དུ་མེད་པ་ཡིན་ན། བཅོམ་ལྡན་འདས་སེམས་ཙམ་མོ་ཞེས་སྟོན་པར་མི་མཛད་དེ། དེ་ཡང་བཅོམ་ལྡན་འདས་ཀྱིས་ཀྱེ་རྒྱལ་བའི་སྲས་ཁམས་གསུམ། ་པོ་འདི་དག་ནི་སེམས་ཙམ་མོ་ཞེས་མདོ་ལས་གསུངས་ལྔ། བཅོམ་ལྡན་འདས་ནི་རང་བཞིན་མྱེད་ལ་དགོས་པ་མེད་པར་སྟོན་པར་མི་མཛད་དོ་ཞེ་ན། དེ་ནི་བདེན་ཏེ་བཅོམ་ལྡན་འདས་ནི་དགོས་པ་མེད་པར་མི་མཛད་ཀྱི་གཞན་དུ་ན་དགོས ་པ་མེད་པ་ཉིད་དགོས་པ་ཡོད་པ་ཉིད་ཡིནོ།། དེ་ཡང་གང་ཞིག་ཡིན་པ་བརྗོད་པར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་བྱིས་པའི་སྐྱེ་བོའི་དབང་དུ་མཛད་ནས་ཐུགས་རྗེ་ཆེན་པོའི་ཤུགས་ཀྱི་དབང་གིས་སེམས་ཙམ་དུ་སྟོན་པར་མཛད་དེ། གང ་གི་ཕྱིར་མི་རིག་པས་སེམས་ཕྱིན་ཙ་ལོག་ཏུ་གྱུར་པའི་བྱིས་པ་རྣམས་ཀྱིས་ཆོས་ཐམས་ཅད་བདག་མེད་པར་ཐོས་ན་ཀུན་ཏུ་སྐྲག་པར་འགྱུར་ཞིང་གཡང་ས་ལྟ་བུར་འདུ་ཤེས་པར་འགྱུར་རོ།། དེ་བས་ན་དེ་རྣམས་ཀྱི་ཉེ་བར་སྐྲག་པ་སྤང་བར་བྱ་བའི ་ཕྱིར། བཅོམ་ལྡན་འདས་ཀྱིས་སེམས་ཙམ་དུ་བསྟན་པར་མཛད་པ་ཡིན་གྱི་དོན་དམ་པར་ནི་མ་ཡི་ནོ།། དེ་ཡང་། བྱང་ཆུབ་ཀྱི་སེམས་བཤད་པ་ལས་འདི་བདག་ཐམས་ཅད་སེམས་ཙམ་ཞེས། དེ་ལྟར་ཐུབ་པས་གང་བསྟན་པ།། དོན་དོན་དམ་ཉིད་མིན་གྱི། ་བྱོས་པ་སྐྲག་པ་སྤང་ཕྱིར་ཡིན།། སྟོང་ཉིད་གཅིག་པུའི་བདག་ཉིད་དུ།། སེམས་ཚུལ་བརྟག་པ་འདི་ཡི་ནོ།། ཞེས་བཤད་པ་དང་། དེ་བཞིན་དུ་སྣང་བའི་ཕྲེང་བ་ལས་ཀྱང་། སེམས་ཙམ་ལས་ནི་བརྟེན་ནས་སུ།། ཕྱི་རོལ་དོན་ལ་མི་བརྟག། དེ་བཞིན་ཉིད་དེམིགས ་གནས་ནས་སུ།། སེམས་ཙམ་ལས་ནི་འདའ་བར་བྱ།། སེམས་ཙམ་ལས་ནི་འདས་ནས་སུ།། སྣང་བ་མེད་ལ་གནས་པར་འགྱུར།། སྣང་མེད་གནས་པའི་རྣལ་འབྱོར་པ།། དེ་ཡིས་ཐེག་པ་ཆེན་པོ་མཐོང་།། ཞེས་བཤད་པ ་ཡིནོ།། དྲིས་པ། སེམས་འཛིན་པ་པོའི་རྣམ་པ་དང་རྟོགས་པ་པོ་ཉིད་དུ་གྱུར་པར་མེད་དུ་ཟིན་ཀྱང་། འོན་ཀྱང་རྣལའི་བྱོར་པའི་གཞུང་གིས་སེམས་ཙམ་ཡེངསུ་གྱུར་ཅིང་། དག་པ་དེ་སོ་སོ་རང་རིག་པའི་བདག་ཉིད་ཀྱི་སྤྱོད་ཡུལ་ཉིད་ཀྱིས་ཡང ་དག་པར་ཡོད་དོ་ཞེ་ན། དེ་བརྗོད་པར་བྱ་སྟེ། སེམས་ནི་གཟུགས་མེད་པ་ཉིད་དང་། དེ་བཞིན་དུ་ཐོག་མ་དང་ཐ་མ་མེད་པ་དང་། སྐད་ཅིག་མ་ཉིད་ཡིན་པས་དུས་གསུམ་གནས་པ་མེད་པས་ན་ཡོད་པ་མ་ཡིནོ།། དེ་ཡང་གང་ཞིག་འདས་པ་མེད་པ ་ཡིན།། མ་འོངས་པ་ན་ཐོབ་མེད་ན།། གནས་ནི་ཡོངསུ་གྱུར་པ་ཡིན།། ད་ལྟར་བྱུང་བ་ག་ལ་གནས།། ཇི་ལྟ་བ་ཉིད་དེ་མི་སྣང་།། སྣང་བ་དེ་ཉིད་དེ་ལྟ་མིན།། རྣམ་ཤེས་བདག་གི་གཟུགས་མིན་ཏེ།། ཤེས་པ་མེད་པ་གནས་ཀྱི་མཆོག ་ཅེས་པཤད་པ་ཡིན་ཏེ། འདིར་རྒྱ་ཚར་མ་སྤྲོས་སོ།། ཆོས་ཐམས་ཅད་བདག་མེད་དོ་ཞེས་བྱ་བ་ཇི་སྐད་བསྟན་པ་དེ་ལྟར་གནས་སོ་ཞེས་བྱ་བར་ནི་ཁོ་བོ་ཅག་ཀྱང་ཁས་ལེན་ན། ཇི་སྐད་དུ་བཤད་པའི་རྣམ་པས་ཆོས་ཐམས་ཅད་བདག་མེད་པའི་འགྲོ་བ ་རྣམས་ནི་སྣ་ཚོགས་པར་སྣང་ངོ་ཞེས་ཟེར་ན། དེ་བརྗོད་པར་བྱ་སྟེ། ཐོག་མ་མེད་པའི་རང་བཞོན་ཅན་གྱི། མ་རིག་པའི་དབང་གིས་ཡང་དག་པ་མ་ཡིན་པའི་དོན་ལ་འཁྲུལ་པ་ཙམ་དུ་འགྲོ་བ་རྣམས་སྣང་སྟེ། དཔེར་ན་རྨི་ལམ་དང་སྒྱུ་མ་དང་། སྨིག་རྒྱུ་དང་། དྲི ་བའི་གྲོང་ཁྱེར་ལ་སོགས་པ་རྣམས་ནི་ཡང་དག་པར་མེད་དུ་སྦྱིན་ཀྱང་སྣང་བ་དང་འདྲའོ།། དྲིས་པ། རྨི་ལམ་དང་མཚུངས་པ་ལ་སོགས་པའི་དཔེས་འགྲོ་བ་རྣམས་མེད་པར་བསྟན་པ་དེ་ནི་བདེན་པ་མུ་ཡིན་ཏེ། རྨི་ལམ་ལ་སོགས་པ་ནི་དོན་གྱི་བྱ་བས་སྤོང ་པ་ཡིན་ལ། འགྲོ་བ་རྣམས་ནི་དོན་གྱི་བྱ་བ་དང་ལྡན་པར་སྣང་ངོ་ཞེ་ན་བརྗོད་པར་བྱ་སྟེ། རྨི་ལམ་ལ་སོགས་པ་ནི་ཡུལ་དུ་སྣང་བ་མེད་དུ་ཟིན་ཀྱང་དོན་གྱི་བྱ་བ་ནི་ཡོད་དེ། དཔེར་ན་རྨི་ལམ་ལ་སྐྱེས་པ་དང་། བུད་མེད་ཀྱི་དབང་པོ་གཉིས་འདུས་པ་མེད ་དུ་ཟིན་ཀྱང་། ཁུ་བ་བྱུང་བའི་མཚན་ཉིད་ཅན་གྱི་བྱབྱེ་བ་ནི་ཡོད་པར་སྣང་ངོ་།། དེ་བཞིན་དུ་གཟུགས་བརྙན་དང་འདྲ་བའི་འགྲོ་བ་མེད་དུ་ཟིན་ཀྱང་། ཁྲུལ་པ་ཙམ་དུ་འགྲོ་བ་རྣམས་སྣང་བ་ཡིནོ།། དྲིས་པ། རྨི་ལམ་དང་། སྒྱུ་མ་ལ་སོགས་པའི་དཔེས ་འགྲོ་བ་རྣམས་མེད་པ་དང་། འཁྲུལ་པ་ཙམ་ཡོན་དུ་ཆུག་ན། འོན་ཀྱང་དམིགས་པའི་རྣམ་པའི་འཁྲུལ་པའི་ཤེས་པ་ནི་ཡོད་དེ། དཔེར་ན་སྒྱུ་མ་དང་། དྲི་ཟའི་གྲོང་ཁྱེར་ལ་སོགས་པ་མེད་པ་ཡིན་ཡང་། དེ་ལ་དམིགས་པའི་རྣམ་པ་འཁྲུལ་པའི་ཤེས ་པ་ནི་ཡོད་དོ་ཞེ་ན། བརྗོད་པར་བྱ་སྟེ། འཁྲུལ་པའི་ཤེས་པ་དེ་ངོ་བོ་ཉིད་གང་གིས་འགྲོ་བ་རྣམས་རྟོགས་ཤིང་ཤེས་པའི་ངོ་བོ་ཉིད་དེས་འགྲོ་བ་འདིས་སེམས་མེད་པར་བསྟན་པ་ཡིན་ལ། འགྲོ་བ་རྣམས་མེད་པར་མེད་བཞིན་དུ་འགྲོ་བར་སྣང་བ་རང་ཉིད་ཀྱང ་མ་དག་པར་འགྱུརརོ།། མ་དག་པ་ཉིད་ཀྱིས་ན་དེའི་ངོ་བོ་ཉིད་ཀྱིས་ཁྲུལ་པའི་ཤེས་པ་ཡང་དག་པར་ཡོད་པར་ཇི་ལྟར་འགྱུར་ཏེ་མེད་དོ།། འཇིག་རྟེན་ན་ཡང་གང་ས་བོན་ལ་སོགས་པ་མེད་པར་མྱུ་གུ་ལ་སོགས་པའི་ཆོས་འདི་ནི་མི་མཐོང་ངོ་པོ།། ། དེ་ལྟར ་བཤད་པའི་རྣམ་པས་ཆོས་ཐམས་ཅད་དངོས་པོ་མེད་པར་བསྟན་དུ་ཟིན་ཀྱང་ལ་ལ་དག་གལ་ཏེ་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་སྟོང་པ་ཡིན་ན་ཆད་པར་སྨྲ་བར་ཇི་ལྟར་མི་འགྱུར། ཆད་པར་སྨྲ་བར་ཁས་ལེན་ན་ནི་འཇིག ་རྟེན་ཕ་རོལ་མེད་པར་སྨྲ་བས་ཕལ་ཆེར་འཇིག་རྟེན་རྒྱད་པན་པའི་གཞུང་དང་འདྲ་བར་འགྱུར་ཞེས་རྒོལ་བར་བྱེད་དོ།། འདིར་བརྗོད་པར་བྱ་སྟེ། སྟོང་ཉིད་ཚིག་ཏུ་སྨྲ་བ་ལ།། ཆད་པར་སྨྲ་བ་ཡོད་མིན་ཏེ།། མྱ་ངན་འདས་དང་འཁོར་བ་རུ།། བདག ་ཉིད་ཆེན་པོ་འདི་མི་གནས།། ཞེས་བཤད་པ་དང་། དེ་བཞིན་དུ་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱི་བོསམ་གྱིས་མི་ཁྱབ་པའི་བསྟོད་པ་ལས། དེ་ཉིད་ཤེས་ལ་ཆད་པ་དང་།། རྟག་པ་ཉིད་དུ་འདོད་མིན་ཏེ།། འགྲོ་ཀུན་དངོས་པོ་སྟོང་པ་སྟེ།། ་སྨིག་རྒྱུ་དག་དང་མཚུངས་པར་འདོད།། ཇི་ལྟར་སྨིག་རྒྱུ་དག་གི་ཆུ།། རྟག་དང་ཆོད་པ་ཡོད་མ་ཡིན།། དེ་བཞིན་འགྲོ་བ་ཐམས་ཅད་དྲག། རྟག་དང་ཆད་པ་མེད་པར་བཤད།། ཅེས་བཤད་པ་ཡིན་པས་ཆོས་ཐམས་ཅད་དམིགསུ་མེད་པའི ་ཡེ་ཤེས་ལ་བརྟེན་པ་ཉིད་ཀྱིས་བདག་ཉིད་ཆེན་པོ་རྣམསུ་མེད་པའི་སྙིང་རྗེ་ཆེན་པོ་ལ་གནས་པ་རྣམས། སྣརོན་གྱི་སྨོན་ལམ་གྱི་སྟོབས་ཀྱི་སྟེ་སེམས་ཅན་རྣམས་གདོན་པར་གོ་བགོས་པ་དེ་རྣམས་ནི་འཁོར་བ་དང་མྱ་ངན་ལས་འདས་པ་ལ་གནས་པ་ཡོད ་པ་མ་ཡི་ནོ།། དོན་འདི་དག་གནས་པར་བྱ་བའི་ཕྱིར། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་བྱང་ཆུབ་ཀྱི་སེམས་བཤད་པ་ལས། ཆོས་འདི་དག་ནི་ཆོས་རྣམས་ཀྱི།། རང་གི་ངོ་བོ་ལས་མི་འདའ།། དཔེར་ན་བུ་རམ་མངར་བ་དང་།། མེའི་རང་བཞིན་ཚ་བ ་མཚུངས།། དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱི།། རང་བཞིན་སྟོང་པ་ཡིན་པར་འདོད།། རང་བཞིན་སྨྲ་བར་བྱེད་པ་ན།། གང་ཡང་ཆད་པར་སྨྲ་མ་ཡིན།། དེས་ནི་རྟུག་པ་ཉིད་དུ་ཡང་།། གང་ཡང་སྨྲ་བར་མི་འགྱུར་ཞེས་བཤད་པ་ཡིནོ།། གལ་ཏེ ་ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་ན། ཆོས་ཐམས་ཅད་དེའི་བདག་ཉིད་དུ་ཉེ་བར་དམིགས་པར་ཅིའི་ཕྱིར་མ་གྱུར་ཅེས་རྟོག་ན། དེ་བརྗོད་པར་བྱ་སྟེ། གང་འང་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོའི་ཤུགས་ཀྱི་དབང་གིས་ཐར་པ་འདོད་པ་རྣམས ་ལ་ཆོས་ཐམས་ཅད་བདག་མེད་པ་ཉིད་ནི་བླང་བར་བྱའི་མཆོག་ཏུ་བསྟན་པར་མཛད་ལ། དེ་ནི་སོ་སོ་རང་གིས་རིག་པའི་བདག་ཉིད་དུ་ཕྱིན་ཙོ་མ་ལོག་པར་འཕགས་པ་རྣམས་ཀྱི་ཐུགསུ་ཆུད་པ་ཡིན་ལ། གང་ཡང་མ་རིག་པས་ཕྱིན་ཅི་ལོག ་ཏུ་གྱུར་པའི་བྱིས་པ་རྣམས་ཀྱིས་ནི་དེ་མཐོང་བར་མི་འགྱུརརོ།། དེ་ཡང་སློབ་དཔོན་ཕྱོགས་ཀྱི་གླང་པོའི་ཞལ་སྔ་ནས་ཀྱིས།། འང་ནི་མྱ་ངན་འདས་གྲོང་ལུམ་གཅིག་པུ།། བདེ་གཤེགས་ཉི་མོའི་གསུང་འོད་སྣང་བ་ཅན།། བདག་མེད་རོང་བཞིན ་འཕགས་པ་སྟོང་ཕྲག་འཇུག། རྣམ་པར་རྒྱལ་བ་བློ་དམན་མིག་མི་མཐོང་།། ཞེས་བཤད་པ་དང་། ཡང་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔོ་ནས་ཀྱིས་འདིའི་ཆེ་བའི་བདག་ཉིད་ཀྱི་ཕུལ་དུ་བྱུང་བ་བསྟན་པའི་ཕྱིར་དང་། ཆོས་ཉིད་སོ་སོ་རང་རིག་པ་ཉིད་ལ ་གུས་པ་བསྐྱེད་པར་བྱ་བའི་ཕྱིར། བྱང་ཆུབ་ཀྱི་སེམས་བཤད་པ་ལས། གང་གིས་སྟོང་ཉིད་མི་ཤེས་པ།། དེ་ནི་ཐར་པའི་སྐལ་ཅན་མིན།། རྨོངས་པ་དེ་ནི་འགྲོ་དྲུག་གི། སྲིད་པའི་བཙོན་རོ་འདིར་འཁྱམས་འགྱུར།། ཞེས་བཤད་པ་དང་། ཡང་དེ་ཉིད་ལ ་དགེ་དང་མི་དགེ་རྣམ་རྟོག་གི། རྒྱུན་ཆད་པ་ནི་མཚན་ཉིད་ཅན།། སྟོང་པ་སངས་རྒྱས་ཀྱིས་གསུངས་ཀྱི།། མེད་པའི་མཚན་ཉིད་མ་ཡིནོ།། ཞེས་བཤད་པ་དང་། ཡང་དེ་བཞིན་དུ་ལྟ་བ་དག་ནི་ཇི་སྙེད་པ།། ལུས་ཅན ་རྣམས་ནི་འཇུག་འགྱུར་བའི།། ལྟ་བ་ཉེས་པ་བཟློག་པའི་ཕྱིར།། རྒྱལ་བས་སྟོང་ཉིད་བསྟན་པ་ཡིན།། གང་གིས་སྟོང་པ་ཉིད་ཐོས་ནས།། ལྷ་ངན་ངག་ལས་མི་ལྡོག་པ།། ལྟ་བ་གོས་པར་མེད་འགྱུར་ཏེ།། སྨོན་པས་སྤངས་པའི་ནིད་པར་མཚུངས།། ་དཔེར་ན་མེ་ཡིས་ཤིང་བསྲེགས་ནས།། བསྲེགས་བྱ་མེད་པོས་གནས་མི་འགྱུར།། དེ་བཞིན་ལྟ་བའི་ཤིང་བསྲེགས་ནས།། སྟོང་པའི་མེ་ནི་འགག་པར་འགྱུར།། ལྟ་བ་འགག་པའི་དུས་སུ་ནི།། ཡེ་ཤེས་མིན་ཡང་དག་འབྱུང་།། ཉོན་མོངས་ཐམས ་ཅད་བསྲེག་བྱེད་པ།། ཉོན་མོངས་བསྲེགས་ནས་རྣམ་པར་མཛེས།། ཞེས་བཤད་པ་དང་། དེ་བཞིན་སློབ་དཔོན་ཀ་མ་པ་ལའི་ཞལ་སྔ་ནས་ཀྱིས། སྣང་བའི་ཕྲེང་བ་ལས། ཉོན་མོངས་ཤེས་བྱའི་སྒྲིབ་པ་མུན།། གཉེན་པོ་སྟོང་པ་ཉིད་ཡིན་ན།། ་མྱུར་དུ་ཐམས་ཅད་མཁྱེན་འདོད་པས།། དེ་ན་ཅི་ཕྱིར་བསྒོམ་མི་བྱ།། ཞེས་བཤད་པ་དང་། དེ་བཞིན་དུ་སྟོང་པ་ཉིད་ཤེས་པ་ལས་མཆོག་ཏུ་གྱུར་པ་བསྟན་པའི་ཕྱིར།། ཇི་སྙེད་སེམས་ཅན་ཐམས་ཅད་ཀྱི།། བསོད་ནམས་ཚོགས་ནི་ཡོངས་གཟུང་བ།། དེ་སྙེད་བྱང། ་ཆུབ་སེམས་དཔའ་ཡོ།། བྱང་ཆུབ་སེམས་ལས་རབ་ཏུ་འབྱུང་།། ཇི་སྙེད་བྱང་ཆུབ་སེམས་དཔའ་ཡི།། བྱང་ཆུབ་སེམས་ལས་འབྱུང་འགྱུར་བ།། དེ་བས་མང་བའི་བསོད་ནམས་ནི།། དམ་ཆོས་ཡོངསུ་འཛིན་ལས་བྱུང་།། བྱང་ཆུབ་སེམས་བྱུང་བསོད་ནམས ་གང་།། དམ་ཆོས་འཛིན་ལས་གང་འབྱུང་བ།། སྟོང་པ་ཉིད་ལ་མོས་པ་ཡི།། བཅུ་དྲུག་ཆར་ཡང་མི་ཕོད་དོ།། ཞེས་བཤད་པ་ཡིནོ།། དེ་བཞིན་དུ་སྟོང་པ་ཉིད་དུ་ལྟ་བས་འཇིགས་པའི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་དབང་དུ་མཛད་ནས།། དེ་རྣམས ་ཀྱི་འཇིགས་པ་སྤངས་པའི་ཕྱིར། ཤེས་རབ་ཀྱི་ལེའུ་ལས། གང་ཞིག་འཇིགས་པ་སྐྱེད་པའི་དངོས།། དེ་ལས་འཇིགས་པ་སྐྱེ་འགྱུར་གྱི།། སྟོང་ཉིད་འཇིགས་པ་འཇོམ་བྱེད་ན།། དེ་ལས་འཇིགས་པ་ཅི་ཕྱིར་སྐྱེ།། གལ་ཏེ་བདག་ཅེས་བྱ་ཡོད་ན།། ་ཅི་ཡང་རུང་ལས་འཇིགས་འགྱུར་ན།། བདག་ཉིད་ཅི་ཡང་ཡོད་མིན་ན།། འཇིགས་པོ་གང་ལས་འབྱུང་བར་འགྱུར།། ཞེས་བཤད་པ་དང་། དེ་བཞིན་དུ་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་རིན་པོ་ཆེའི་འཕྲེང་བ་ལས། ངེས་པར་ལེགས ་པའི་ཆོས་དག་ཀྱང་།། ཕྲ་ཞིང་ཟབ་པར་སྣང་བ་དང་།། བྱིས་པ་ཐོས་དང་མི་ལེན་པ།། སྐྲག་པ་བྱེད་པར་རྒྱལ་བས་གསུངས།། བདག་ཡོད་མ་ཡིན་ཡོད་མ་འགྱུར།། བདག་གི་ཡོད་མིན་མི་འགྱུར་ཞེས།། བྱིས་པ་དག་ནི་དེ་ལྟར་སྐྲག། མཁས ་པ་ལ་ནི་སྐྲག་པ་ཟད།། ཅེས་བཤད་པ་དང་། ཡང་འདི་ཉིད་གསལ་བར་བྱ་བའི་ཕྱིར། འཕགས་པ་ཀློ་སྒྲུབ་ཀྱི་ཞལ་སྔ་ནས་གྱིས། འཇིག་རྟེན་ལས་འདས་པའི་བསྟོད་པ་ལས། ཀུན་རྟོག་ཐམས་ཅད་སྤོང་བའི་ཕྱིར།། སྟོང་ཉིད་བདུད་རྩི་བསྟན་པ་ནི།། གང ་ཡིན་དེ་ཡི་འཛིན་པ་ཡང་།། ཁྱེད་ཀྱིས་མེད་པར་མཛད་པ་ཡི།། འདོད་པོ་མེད་དབང་དང་ལྡན་སྟོང་།། སྒྱུ་མ་བཞིན་དུ་རྐྱེན་བྱུང་བར།། མགོན་པོ་ཁྱོད་ཀྱིས་ཆོས་ཀུན་ནི།། དངོས་པོ་མེད་པར་སྟོན་པར་མཛད།། ཅེས་བཤད་པ་ཡིན་ནོ།། དེ་ལྟར་ཆོས་ཐམས ་ཅད་སྟོང་པ་ཉིད་ཀྱི་ཡེ་ཤེས་སུ་ཤིན་ཏུ་གསལ་བར་བསྟན་ཀྱང་བྱིས་པ་གང་དག་ཐོག་མ་མེད་པའི་ཚུལ་ཅན་གྱི་སྐྱིང་པའི་ཆུ་བོར་མ་རིག་པའི་དབང་གིས་ཡང་དག་པ་མ་ཡིན་པའི་དོན་ལ་མངོན་པར་ཞེན་པའི་གདོ ་གྱིས་ཟིན་པ་རྣམས་ཀྱིས། དོན་དམ་པའི་ཆོས་ཐམས་ཅད་སྟོང་པ་ཉིད་ཆོས་ཀྱི་དབྱིངས་ལ་སོགས་པ་རྣམ་གྲངས་དུ་མས་ཡང་དག་པར་བསྟན་པ་རོ་གཅིག་པའི་མཚན་ཉིད་ངེས་པར་ལེགས་པ་འདོད་པ་རྣམས་ཀྱིས་མཆོག་ཏུ་བྱུང་བར་བྱ་བར་གྱུར་པར་མི ་ཤེས་པ་སྟེ། དེ་རྣམས་ལྡོག་པའི་ཤེས་པས་ཟིལ་གྱིས་མནོན་པ། ངེས་པར་མེད་པ་ཉིད་ཀྱི་རང་བཞིན་ཅན་གྱིས་མ་རིག་པའི་རྒྱུ་ཅན། ལས་དང་ཉོན་མོངས་པའི་མཚན་ཉིད་སྐད་ཅིག་མ་གཅིག་ནས་གཅིག་ཏུ་བརྒྱུད་དེ་ཉམ་སུ་མྱོང་བའི་སྡུག ་བསྔལ་གྱི་བདག་ཉིད་ཀྱི་སྐྱིད་པའི་འཁོར་ལོའི་ལམ་དུ་ཡོངསསུ་ཁྱམས་པ་ཡིནོ།། དེ་ཡང་། དམྱལ་བའི་གནས་ནས་ཡི་དགས་གནས་ཏེ། དེ་ནས་སུམ་ཅུ་རྩ་གསུམ་གནས། དགེ་བ་ཟད་པས་སུམ་ཅུ་རྩ་གསུམ་གནས་ནས་དུད་འགྲོ ་སྐྱེ་གནས་འགྲོ།། དུད་འགྲོའི་སྐྱེ་གནས་ལས་འཕོ་སླར་ཡང་མིའི་སྤྱི་གནས་ཐོབ་འགྱུར་ཏེ། འགྲོ་བ་ལོས་ཀྱི་འཆི་བས་དབང་མེད་ཤིང་རྟའི་འཁོར་ལོ་བཞིན་དུ་འཁོར།། ཞེས་བཤད་པ་ཡི་ནོ།། དེ་ལྟར་ཇི་སྐད་བཤད་པའི་མཚན་ཉིད་ཅན་གྱི་འགྲི་བ་སྒྱུ་མ ་དང་མཚུངས་པ་ལ་ལོག་པའི་ཤེས་པས་ཟིལ་གྱིས་མནན་པའི་བྱོས་པ་བདེན་པའི་ཚུལ་དུ་ཤེས་པས་བཅོམ་ལྡན་འདས་ཀྱིས་གསུངས་པའི་རྟེན་ཅིང་འབྲེལ་པར་འཐུང་བ་བསྟན་པ་མི་ཤེས་ཀྱི་མ་རིག་པའི་དབང་གིས་ཡོད་པ་མ་ཡིན་པའི་བདག ་ཉིད་ཅན་གྱིས་ང་དང་བདག་ཅེས་བྱ་བ་ལ་སོགས་པའི་མཚན་ཉིད་ཅན་གྱི་རྣམ་པར་རྟོག་པའི་ས་བོན་ལས། ཕུང་པོ་ལ་སོགས་པའི་གཟུགས་ཀྱིས་རྣམ་པ་ཉིད་དུ་འཁོར་བར་ཀུན་ཏུ་འཁོར་བར་འགྱུརརོ།། དྲིས་བྱ། ཡོད་པ་མ་ཡིན་པའི་བདག་ཉིད་ཅན་གྱི ་རྒྱལ་ཡོད་པ་ཉིད་ཀྱིས་སྦྲིད་པའི་སོ་བོན་ཉིད་ཡིན་པར་མི་འཐད་ལ། འདི་ནི་ཡང་དག་པར་རིག་པའི་མཚན་ཉིད་ཅན་གྱི་རྣམ་པར་ཤེས་པ་གཅིག་པ་ཉིད་སྲིད་པར་འཇུག་པའི་ས་བོན་དུ་ཡང་དག་པའི་ཚུལ་དུ་ཡོད་པ་ཡིན་ལ། དེ་ལྟར་རྒྱུ་ཡོད་པ་ཉིད་ཀྱིས ་འབྲས་བུ་ཡང་ཡོད་པ་ཉིད་ཡིན་པས་དངོས་པོ་མེད་པར་མི་འཐད་དོ།། དེ་ལྟར་ཡང་འདིར་སློབ་དཔོན་ཆོས་ཀྱི་གྲགས་པས། ཡང་དག་པར་རིག་པའི་ཚུལ་འདི་གཅིག་པུ་ཉིད། དགའ་བ་དང་ཞུམ་པ་ལ་སོགས་པའི་རྣམ་པ་དུ་མར་མཐོང་ངོ་།། ཞེས་བྱ་བ ་ལ་སོགས་པ་རྒྱ་ཆེར་བཤད་པ་ཡིན།། འདིར་བརྗོད་པར་བྱ་སྟེ། རྣམ་པར་ཤེས་པ་ནི་རང་བཞིན་མེད་པའི་ངོ་བོ་ཉིད་ཡིན་པས་ཡོད་པའི་ཚུལ་གྱིས་སྲིད་པའི་ས་བོན་དུ་མ་རིག་སོ།། རྣམ་པར་ཤེས་པ་ནི་མིང་ཙམ་དུ་ཡོད་པ་ཡིནོ་ཞེས་སྔར་རྒྱ་ཆེར་བསྟན ་ཟིན་མོད་ཀྱི་འོན་ཀྱང་ཅུང་ཟད་ཅིག་བརྗོད་པར་བྱ་སྟེ། དེན་དམ་པའི་བདྲེན་པ་ཉིད་ཀྱིས་འགྲོ་བ་རྣམས་ངོ་བོ་ཉིད་མེད་པ་ལས་མ་རིག་པའི་དབང་གིས་རྣམ་པར་ཤེས་པ་དང་བདག་ཅེས་བྱ་བ་ལ་སོགས་པའི་ཚུལ་གྱིས་ཡུལ་ལྔ་ཉེ་བར་སྤྱོད་པ་ཉིད་ཀྱིས་བདེན ་པ་ཉིད་དུ་ཡོད་པར་སྣང་བ་དེ་ནི་སྔར་བཤད་པའི་གཏན་ཚིགས་ཀྱིས་རིགས་ཏེ། ས་བོན་བདག་མེད་པས་དེ་ལས་བྱུང་བ་ཡང་བདག་མེད་པ་ཉིད་ཡིན་ཏེ། དེ་ཡང་ཀླུ་སྒྲུབ་ཀྱི་ཞལ་སྔ་ནོས་ཀྱིས་རིན་པོ་ཆེའི་ཕྲེང་བ་ལས། ངར་འཛིན་ལས་བྱུང་པོ་ཕུང་པོ་རྣམས།། ་ངར་འཛིན་དེ་ནི་དོན་དུ་བརྫུན།། གང་གི་ས་བོན་བརྫུན་པ་དེའི།། སྐྱེ་བ་བདེན་པ་གང་ལ་ཞིག། ཅེས་བཤད་པ་དང་། དེ་བཞིན་དུ་སློབ་དཔོན་ཨཱརྱ་དེ་པའི་ཞལ་སྔ་ནས་ཀྱིས་ཀྱང་།། སྲིད་པའི་རྩ་བ་རྣམས་ཤེས་ཏེ།། ཡུལ་རྣམས ་དེའི་སྤྱོད་ཡུལ་ཡིན།། ཡུལ་ལ་བདག་མེད་གྱུར་ན་ནི།། སྲིད་པའི་ས་བོན་ལྡོག་པར་འགྱུར་ཞེས་བཤད་པ་དང་། ཡང་འདི་ཉིད་གསལ་བར་བྱ་བའི་ཕྱིར། སློབ་དཔོན་ཆོས་ཀྱི་གྲོགས་པས་ཚད་མ་རྣམ་འགྲེལ་ལས།། བདག་ཡོད་ན་ནི་གཞན་དུ་འདུ་ཤེས་འགྱུར། ་བདག་གཞན་ལ་ཡོངསུ་འཛིན་དང་སྡང་།། འདི་གཉིས་དང་ནི་ཀུན་ཏུ་འབྲེལ་པ་ལས།། ཉེས་པ་ཐམས་ཅད་རབ་ཏུ་འབྱུང་བར་འགྱུར།། ཞེས་བཤོད་པ་ཡིན་ནོ།། དེ་ལྟར་ན་མི་རིག་པའི་རྒྱུ་ཅན་ཉིད་ཀྱིས་འཁོར་བ་འདི་ན་ང་དང་བདག་ཅེས་བྱ་བ་ལ་སོགས ་པར་རྟོག་པའི་དབང་གིས་ཉེས་པ་ཐམས་ཅད་དེའི་རང་གི་ཕྱོགས་འཛིན་ཅིང་གཞན་གྱི་ཕྱོགས་ལ་རྒྱབ་ཀྱིས་ཕྱོགས་པའི་མཚན་ཉིད་ཅན་འབྱུང་བར་འགྱུར་རོ།། འདི་ཉིད་དོན་དམ་པའི་བདེན་པ་ཉིད་ཀྱིས་གསལ་བར་མཛད་པའི་ཕྱིར། འཕགས་པ་ཀླུ་སྒྲུབ ་ཀྱི་ཞལ་སྔ་ནས་ཀྱིས་རིག་པ་དྲུག་ཅུ་པ་ལས།། རྩོད་མེད་ཚོ་བའི་བདག་ཉིད་ཅན།། དེ་དག་ལ་ནི་ཕྱོགས་མེད་དོ།། གང་རྣམས་ལ་ནི་ཕྱོགས་མེད་པ།། དེ་ལ་གཞན་ཕྱོགས་ག་ལ་ཡོད།། ཅེས་བཤད་དེ། དམིགསུ་རྩིག་པའི་རི་མོར་མཚུངས།། སྐྱོབ་པས་འོད ་དག་མ་ལུས་དེ་ལྟར་གཟིགས།། སྤྲིས་དེ་ཡོངས་རྟོག་ཡིན་པར་མཁྱེན་ནས་ནི།། དངོས་མེད་མཚན་མ་མེད་ཅིང་མ་ཟད་པ།། ཡོང་སུ་རྟོག་པ་ཙམ་ཉིད་འབའ་ཞིག་ཡོན།། ཞེས་བཤད་པ་དང་། ཡང་དེ་ཉིད་ལས། ཇི་སྲིད་ཅི་སྲིད་རྣམ་རྟོག་པ།། རེ་ཞིག་དེ་སྲིད ་ཐམས་ཅད་བརྫུན།། གང་ཞིག་དེ་ཉིད་མི་རྟོག་པ།། དེ་བདེན་དེ་ནི་དེ་བཞིན་ཉིད།། ཅེས་བཤད་པ་དང་། དེ་བཞིན་དུ་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་ཐེག་པ་ཆེན་པོ་ཉི་ཤུ་པ་ལས། ཡང་དག་མ་ཡིན་རྟོག་བྱས་པས།། དམྱལ་ལ་སོགས་པར་བསྲེགས ་འགྱུར་ཏེ།། འོད་མ་ཡི་ནི་མེ་བཞིན་དུ།། རང་གི་ཉེས་པས་སྲེག་པར་བྱེད།། སེམས་ཅན་སྒྱུ་མྲ་ཛ་བཞིན་དུ།། ཡུལ་ནི་ཡོངསུ་སྤྱོད་པར་བྱེད།། དེ་བཞིན་རྟེན་འབྲེལ་ལས་བྱུང་བ།། སྒྱུ་མའི་རང་བཞིན་བགྲོད་པར་འགྲོ།། གང་ཚེ་སྒྱུ་མཁན་སྒྱུ་མ་ཡི།། ་སྤངས་ཤིང་ཉེ་བར་བསྡུས་པ་ན།། དེ་ཚ་ཅི་ཡང་མི་སྣང་སྟེ།། དེ་ནི་ཆོས་ཀྱི་ཆོས་ཉིད་ཡིན།། དཔེར་ན་རི་མོ་མཁན་གྱིས་ནི།། གནོད་སྦྱིན་གཟུགས་ན་རིབ་འཇིགས་པ།། བྲིས་ནས་རང་ཉིད་འཇིགས་པ་ལྟར།། འཁོར་བར་མི་མཁས་དེ་དང་མཚུངས།། ་ཇི་ལྟར་བྱིས་པ་རང་གིས་འདམ།། བྱས་ནས་ལ་ལ་ལྟུང་བར་བྱེད།། དེ་བཞིན་ཀུན་ཏུ་རྟོག་པའི་འདམ།། དགྲོལ་དཀར་སེམས་ཅན་བྱིང་བ་དང་།། དངོས་མེད་དངོས་པོར་མཐོང་ནས་ནི།། སྡུག་བསྔལ་སྣ་ཚོགས་མྱོང་འགྱུར་ཏེ།། ལོག་པའི་བསམ་པ ་ལས་བྱུང་བས།། རྟོག་པའི་དུག་གིས་འཆི་བར་འགྱུར།། ཞེས་བཤད་པ་དང་། དེ་བཞིན་དུ་འཕགས་པ་འཇམ་དཔལ་ལ་བསྟོད་པ་ལས་ཀྱང་། རྣམ་པར་རྟོག་པ་མ་རྟོགས་པ།། འཁོར་བ་ཞེས་བྱ་འགའ་ཡང་མེད།། དེས་ན་རྣམ་པར་རྟོག་བྲལ་བའི།། སྲིད་པ ་མྱ་ངན་འདས་པ་དག་ཉིད།། ཅེས་བཤད་པ་དང་། ཡང་དེ་བཞིན་དུ། རྣམ་རྟོག་གཏི་མུག་ཆེན་པོ་སྟེ།། འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན།། མི་རྟོག་ཏིང་འཛིན་ལ་གནས་ན།། མཁའ་ལྟར་དྲི་མ་མེད་པར་སྣང་།། ཞེས་བཤད་པ་དང་། ཡང་དེ་བཞིན་དུ།། ཇི་སྲིད ་རྣམ་དག་བློ་ཡིས་གཟུང་དང་འཛིན་བྲལ་བའི།། དོན་དམ་དེ་ཉིད་བཞིན་ཤེས་པར་མ་གྱུར་པ།། དེ་སྲིད་རྣམ་རྟོག་བརྒྱའི་རླུང་གིས་གཡེངས་པའི་བློ།། འཇིག་རྟེན་རྣམས་རྨོངས་དབང་མེད་འདི་ནི་རྟག་ཏུ་འཁོར།། ཞེས་བཤད ་པ་ཡིནོ།། དེ་ལྟར་ན་འདི་ནི་ཆོས་ཀྱི་དབྱིངས་ལ་སོགས་པའི་རྣམ་གྲངས་དུ་མས་བཤད་པ་རོ་གཅིག་པའི་མཚན་ཉིད་ཅན་སྐྱེ་བ་མེད་པ་གཉིས་སུ་མེད་པའི་ཡེ་ཤེས་ཞེས་བྱ་བར་གནས་སོ།། དྲིས་པ། གལ་ཏེ་མཆོག་ཏུ་བླང་བར་བྱ་བའི་དེ་ཁོ་ན་ཉིད ་ནིམ་སྐྱེས་ཤིང་གཉི་སུ་མེད་པའི་ཡེ་ཤེས་གཅིག་པུ་ཁོ་ན་ཡིན་ན། བཅོམ་ལྡན་འདས་ཀྱིས་མཆོད་རྟེན་དང་། སྐུ་གཟུགས་ལ་སོགས་པ་བཞེངསུ་གསོལ་པ་དང་། དེ་བཞིན་དུ་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་ལ་སོགས་པ་དང་། ་དགེ་བའི་ལས་སྣ་ཚོགས་པ་གཞན་དག་བྱ་བ་གསུངས་པ་དང་། དེ་བཞིན་དུ་དེའི་རྣམ་པར་སྨིན་པ་ལས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མཐའ་ཡས་པ་འབྱུང་བར་གསུངས་པ་དང་། དེ་བཞིན་དུ་སྔགས་ཀྱི་ལྷ་སྣ་ཚོགས་པའི་གཟུགས་ཀྱི་རྣམ་པ་དང་། ་བཟླས་བརྗོད་དང་སྦྱིན་སྲེག་དང་། དཀྱིལ་འཁོར་གྱི་བྱ་བ་ལ་སོགས་པ་ཡེ་ཤོས་ཐོབ་པར་བྱ་བ་ཅིའི་ཕྱིར་གསུངས། འདིར་བརྗོད་པར་བྱ་སྟེ། དེ་ལ་རེ་ཞིག་མཆོད་རྟེན་དང་སྐུ་གཟུགས་ལ་སོགས་པ་བཞིང་སུ་གསོལ་བ་ལ་སོགས་པ་དང་། དགེ་བའི་ལས ་མང་པོ་གཞན་དགེ་བཅོམ་ལྡན་འདས་ཀྱིས་ཅིའི་ཕྱིར་གསུངས་ཞེས་གང་སྨྲས་པ་དེ་ལ་དེ་བཞིན་གཤེགས་པས་ཐུགས་རྗེ་ཆེན་པོའི་ཤུགས་ཀྱི་དབང་གིས་སེམས་ཅན་ཐམས་ཅད་ཀྱི་བསམ་པ་དང་། ཡིད་ལ་རེ་བ་ཡོང་སུ་རྫོགས་པར་མཛད་པ ་ཡིན་པས། བྱིས་པ་དེ་ཁོ་ན་ཉིད་མ་རྟོགས་པ་དང་། གསོ་བ་དང་པོའི་སྤྱོད་ཡུལ་དུ་གྱུར་པ་རྣམས་ལ་དོན་དམ་པ་ལ་འཇུག་པར་བྱ་བའི་ཐབསུ་ཀུན་རྫོབ་ཀྱི་བདེན་པ་གསུངས་པ་ཡིན་གྱི། དོན་དམ་པ་ཉིད་ཀྱིས་ཐབས་ལས་བྱུང་བའི་ཚུལ་དུ་གསུངས ་པ་ནི་མ་ཡིནོ།། དེ་ཡང་སློབ་དཔོན་ཀམ་པ་ལའི་ཞལ་སྔ་ནས་ཀྱི་སྣང་བའི་ཕྲེང་བ་ལས།། ཆོས་དང་ཆོས་མིན་དཀའ་ཐུབ་སྟོང་།། དུལ་དང་སྡོམ་དང་ཞི་བ་དང་།། དམྱལ་བ་ཡི་དགས་དུད་འགྲོ་དང་།། མི་རྣམས་ལྷ་དང་བཅས་པ་དང་།། འབྱུང་དང ་འབྱུང་འགྱུར་ཕུང་པོ་དང་།། ཁམས་གསུམ་ཐུབ་པས་བསྟན་པ་དང་།། སྟོན་པ་དང་ནི་ཉན་ཐོས་ཉིད།། ཐམས་ཅད་ཀུན་རྫོབ་དག་ཏུ་བསྟན།། སེམས་ཅན་དང་པོའི་ལྟས་ཅན་རྣམས།། དམ་པའི་དོན་ལ་འཇུག་པའི་ཕྱིར།། ཐབས་འདི་རྫོགས ་པའི་སངས་རྒྱས་ཀྱིས།། སྐད་ཀྱི་རིམ་པ་ལྟ་བུར་གཞག། དེ་ལྟས་བྱས་པ་བྲིང་པའི་ཐིབས།། མཐར་ན་ཐམས་ཅད་འཇིག་པར་འགྱུར།། ཞེས་བཤད་པ་ཡིན་ནོ།། དེ་བཞིན་དུ་གཞན་ཡང་གསང་སྔགས་ཀྱི་ལྷ་སྣ་ཚོགས་ལ་སོགས་པའི་སྐུའི་རྣམ ་པ་དང་། དེ་བཞིན་དུ་བཟླས་པ་དང་སྦྱིན་སྲེག་དང་། དཀྱིལ་འཁོར་ལ་སོགས་པའི་བྱ་བ་བཅོམ་ལྡན་འདས་ཀྱིས་ཅིའི་ཕྱིར་གསུངས་ཞེས་གདུ་སྨྲས་པ་དེ་བརྗོད་པར་བྱ་སྟེ། གང་དོན་དམ་པ་མངོན་པར་རྟོགས་པར་མི་ནུས་པ་མེད་པའི་ངོ་བོ་ཉིད་མི་ཤེས་པ་དེའི ་བདག་ཉིད་ཅན་གྱི་ཆོས་ལ་མངོན་པར་དགའ་བར་བྱ་བ་དང་། ཡུལ་གྱི་འབྲས་བུ་ཡོད་པ་ལ་ཉེ་བར་ལོངས་སྤྱོད་པར་འདོད་པའི་སྐད་ཅིག་གིས་མེད་པ་ལས་འདས་པར་གྱུར་པར་འཕགས་པ་དངོས་པོ་དང་། དངོས་པོ་མེད་པའི་བརྟེན་པ་དང་བྲལ་བ་རྣམས་ནི་སྒྲིབ ་པ་ཐམས་ཅད་བྲལ་བས། མཆོག་ཏུ་ཟབ་པའི་ཚུལ་དུ་བསྟན་པའི་གཉིསུ་མེད་པའི་ཡེ་ཤེས་རྟོགས་པར་འགྱུར་རོ།། དེ་ཡང་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱི་རིགས་པ་དྲུག་ཅུ་པཱ་ལས། གང་བློ་ཡོད་དང་མེད་པ་ལས།། ་རྣམ་པར་འདས་ཤིང་མི་གནས་པ།། དེ་དག་ཟབ་མོ་དམིགས་མེད་པ།། རྐྱེན་གྱི་དོན་ལ་རྣམ་པར་བསྒོམ།། ཞེས་བཤད་པ་ཡིནོ།། དྲིས་པ། དེ་ལྟར་ཐེག་པ་ཆེན་པོར་ཡེ་ཤེས་ནི་མ་སྐྱེས་པའི་མཚན་ཉིད་ཅན་ཟབ་པ་དང་། དམིགསུ་མེད་པ ་ཞེས་བཤད་པས་བསྟན་དུ་ཟིན་ཀྱང་། འོན་ཀྱང་དེ་ཅི་ཡང་མ་ཡིན་ཏེ། མཚན་ཉིད་མེད་པའི་ཕྱིར་དང་། ངོ་བོ་ཉིད་མེད་པའི་ཕྱིར་དང་དངོས་པོ་ཡོད་དང་བྲལ་བའི་ཕྱིར་དེ་མཚན་ཉིད་ཇི་ལྟ་བུ་ཡིན་པ་ཁོ་བོ་ཅག་གིས་མི་ཤེས་སོ།། དེ་བརྗོད ་པར་བྱ་སྟེ། ཐེག་པ་ཆེན་པོའི་ཚུལ་ལ་ཡེ་ཤེས་བརྗོད་དུ་མེད་པ་དེ་ནི་འདི་ཡིན་ནོ་ཞེས་བསྟན་པ་དང་བྲལ་བ། མཚན་ཉིད་དང་མཚན་གཞི་སྤངས་པ། དེ་བཞིན་ཉིད་དུ་རོ་གཅིག་པའི་བདག་ཉིད་ཅན། གཅིག་དང་དུ་མ་དང་བྲལ་བ ་དངོས་པོ་དང་དངོས་པོ་མེད་པ་རྣམ་པར་སྤངས་པ། ཟབ་པ། དམིག་སུ་མེད་པ། ཉན་ཐོས་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ། ཡོད་པ་དང་མེད་པའི་རྣམ་པར་རྟོག་པ་ལས་ངེས་པར་གྲོལ་བྱ། རྟོག་པ་ལས་འདས་པའི་སྤྱོད་ཡུལ་ཅན། སྤྲོས ་པ་ཐམས་ཅད་དང་བྲལ་བ། སྐྱེ་བ་དང་འཇིག་པ་སྤངས་པ། བརྗོད་དུ་མེད་པ། ཆད་པ་མེད་པ། རྟག་པོ་མེད་པ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་ཐམས་ཅད་ཡང་དག་པར་གནས་པ་དེ་ནི་རང་གི་རིག་པ་ཕྲ་བའི་ཕྱིར། སངས་རྒྱས་ཤིན་ཏུ ་ཕྲ་བར་གཟིགས་པ་རྣམས་ཀྱི་ཡུལ་དུ་གྱུར་པ་ཡིནོ།། དེ་ཡང་སྣང་བའི་ཕྲེང་བ་ལས། དེ་ནི་རང་རིག་ཕྲ་བས་ན།། སངས་རྒྱས་ཕྲ་བར་གཟིགས་པའི་ཡིན།། བདག་ཅག་ལྟ་བུར་རང་གནས་ནས།། བློ་གྲོས་རྩིང་བས་མི་མཐོང་ངོ་།། ཞེས ་བཤད་པ་དང་། དེ་བཞིན་དུ་ཆོས་ཀྱི་དབྱིངས་ནི་མ་སྐྱེས་ཤིང་།། ནམ་ཡང་འགག་པར་མི་འགྱུར་ལ།། དུས་ཀུན་དུ་ནི་ཉོན་མོངས་མེད།། ཐོག་མཐའ་དབུས་དང་བྲལ་བ་ཡིན།། ཞེས་བཤད་པ་དང་། འདི་དག་ཉིད་འཕགས་པ་ཀླུ ་སྒྲུབ་ཀྱིས་དོན་དམ་པར་བསྟོད་པ་ལས། ཉེ་བར་མ་ཡིན་རིང་བར་མིན།། ན་མཁར་མ་ཡིན་སར་ཡང་མིན།། འཁོར་དང་མྱ་ངན་འདས་པར་མིན།། གནས་མེད་ཁྱོད་ལ་ཕྱག་འཚལོ་ཞེས་བཤད་པས་གསལ་བར་མཛད་པ་དང་། ་ཡང་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་བསམ་གྱིས་མི་ཁྱབ་པའི་བསྟོད་པ་ལས། གང་ཞིག་གཅིག་མིན་དུ་མ་མིན།། གཉིས་མིན་གཉི་ག་མིན་པའདྲ་མིན། གནས་མེད་གསལ་བ་མེད་པ་དང་།། བསམ་དུ་མེད་ཅིང་བསྟན་དུ ་མེད།། གང་ཞིག་སྐྱེ་མེདེའི་ག་ད་། ཎཱ་པ་མེད་པ་98། དེས་ན་མཁའ་ལྟར་སོ་སོར་སྣང་།། ཡི་གྲེས་ཤེས་པའི་སྤྱོད་ཡུལ་མིན།། དེ་ནི་རྟེན་ཅིང་འབྲེལ་པར་འབྱུང།། དེ་ནི་སྟོང་པ་ཡིན་ཁྱེད་བཞེད།། དམ་པའི་ཆོས་ཀྱང་དེ་འདྲ་སྟེ།། དེ་བཞིན་གཤེགས་པ་འདི ་དེ་དང་མཚུངས།། ད་ན་དེ་ཉིད་དོན་དམ་པ། དེ་བཞིན་ཉིད་ཀྱིས་དངོས་པོར་འདོད་ཅེས་བཤད་པ་དང་། ཡང་དེ་བཞིན་དུ།། གང་གིས་རྟེན་ཅིང་འབྲལ་པར་འབྱུང་།། འགོག་པ་མེད་པ་སྐྱེ་མེད་པའི།། རྟག་པ་མེད་པ་ཆད་མེད་པ།། འོང་བ་མེད།། ་པར་འགྲོ་མེད་པ།། ཐ་དད་དོན་མིན་དོན་གཅིག་མིན།། སྤྲོས་པ་ཉེར་ཞི་ཞི་བསྟན་པ།། རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི།། དམ་པ་དེ་ལ་ཕྱག་འཚལོ།། གང་ཞིག་སངས་རྒྱས་སྤྲོས་ལས་འདས།། འཇིག ་རྟེན་སྨོས་པ་མེད་པ་དག། རྨོངས་དེ་སྨོས་པས་བཅོམ་པས་ན།། དེ་བཞིན་གཤེགས་པ་མི་མཐོང་ངོ་།། དེ་བཞིན་གཤེགས་པའི་རང་བཞིན་གང་།། འགྲོ་བ་འདི་ཡི་རང་བཞིན་དེ།། དེ་བཞིན་གཤེགས་པ་རང་བཞིན་མེད།། འགྲོ་བ་འདི ་ཡང་རང་བཞིན་མེད།། ཅེས་བཤད་པ་དང་། དེ་བཞིན་དུ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་། གང་གིས་ང་ལ་གཟུགསུ་མཐོང་།། གང་གིས་ང་ལ་སྒྲར་ཤེས་པ།། ལོག་པས་སྤོང་བར་ཞུགས་པ་སྟེ།། སྐྱེ་བོ་དེ་ཡི ་མི་མཐོང་།། སངས་རྒྱས་རྣམས་ནི་ཆོས་ཀྱི་སྐུ།། འདྲེན་པ་རྣམས་ནི་ཆོས་ཉིད་ལྟ།། ཆོས་ཉིད་ཤེས་པར་བྱ་མིན་པས།། དེ་ནི་རྣམ་པར་ཤེས་མི་ནུས།། ཞེས་གསུངས་པ་དང་། དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་འཕགས་པ་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་མདོ་སྡེ་མཐའ་ཡས་པ་ལས། ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་སྟོང་པ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པ་སྟེ། ཆོས་གང་ལའང་གནས་པའམ་སྐྱེ་བ་འམ། འགག་པ་ཡོད་པ་མ་ཡིན ་ཏེ། ཆོས་ཐམས་ཅོད་ནི་གདོད་མ་ཉིད་ནས་མ་སྐྱེས་པའི་ཕྱིར་རང་བཞིན་གྱིས་ཡོང་སུ་དག་པའོ་ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པས་གསུངས་ཏེ། དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུ་གསུངས་པར་མཛད་པས་ན་དེ་བཞིན་གཤེགས ་པ་ཞེས་བྱའོ།། དེ་ཁོ་ན་ཉིད་མ་མཐོང་བའི་བྱིས་པའི་སྐྱེ་བོ་བློ་ཕྱིན་ཅི་ལོག་པའི་བསམ་པའི་དྲེགས་པ་སྤངས་པ་ཐེག་པ་ཆེན་པོའི་ཚུལ་དུ་རྣམ་གྲངས་ཀྱི་མཚན་ཉིད་མང་པོས་ཡེ་ཤེས་བཤད་པ་དང་། བཅོམ་ལྡན་འདས་ཀྱིས་གསུང ་བླ་ན་མེད་པའི་ཡེ་ཤེས་རྟོགས་པར་སྤྲོ་བ་མེད་པ། ཤིན་ཏུ་ཡུན་རིང་བའི་དུས་གཞན་དག་ཏུ་བླ་ན་མེད་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞེས་བྱ་བ་སྐྲག་པར་འགྱུར་བས་དེའི་དབང་དུ་མཛད་ནས། བཅོམ་ལྡན ་འདས་ཀྱིས་དེ་དག་གསུངས་པ་ཡིནོ།། དེ་ཡང་སློབ་དཔོན་པདྨའི་ཞལ་སྔ་ནས་ཀྱིས་སྒྱུ་མ་ཞེས་པ་ལས་བྱུང་བ། སྒྱུ་མ་ཉིད་ལས་ལྡོག་བྱེད་ཡིན།། སྒྱུ་མ་ལྟ་བུའི་འཇིག་རྟེན་ན།། སྒྱུ་མའི་ཐབས་ནི་རབ་ཏུ་བསྟན། ཅེས་བཤད་པ་དང་། ་ཡང་འདི་དག་གསལ་བར་བྱ་བའི་ཕྱིར།། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས། དམིགསུ་མེད་པར་བསྟོད་པ་ལས།། བསམ་བྱེད་བསམ་གཏན་བསམ་བྱ་དག། སྤངས་པ་བདེན་པ་མཐོང་བ་ཡི་ནི།། འདི་ཀུན་རྟོག་པ་ཙམ་ཉིད ་དུ།། གང་གིས་རྟོགས་པ་དེ་གྲོལ་འགྱུར།། ཞེས་གསུངས་པ་དང་། མཁའ་དང་མཚུངས་པར་མཉམ་འགྱུར་དང་།། རྣམ་པར་མི་རྟོག་ངོ་བོ་ཉིད།། ཆོས་རྣམས་རང་བཞིན་དག་པ་ལྔས།། རོལ་མོ་འདི་དག་རྣམ་པར་བསྒོམ།། ཞེས་གསུང ་པ་དང་། ཡང་འདི་ཉིད་གསལ་བར་བྱ་བའི་ཕྱིར། ཇི་ལྟར་རྨི་ལམ་སྒྱུ་མ་དང་།། དྲི་ཟའི་གྲོང་ཁྱེར་མཐོང་བ་བཞིན།། རྣལ་འབྱོར་སྤྱོད་པ་མཁས་པ་ཡི།། སྣ་ཚོགས་འདི་དག་དེ་བཞིན་མཐོང་།། ཀུན་རྫོབ་ཏུ་ནི་ཐམས་ཅད་སྐྱེ།། དེས་ན་རྟག ་པ་ཡོད་མ་ཡིན།། ཐམས་ཅད་ཡང་དག་པར་མི་འགྱུར།། དེས་ན་ཆད་པ་ཡོད་མ་ཡིན་ཞེས་བཤད་པ་ཡིནོ།། དེ་བས་ན་ཇི་སྐད་དུ་བཤད་པའི་རྣམ་པས་བསྟན་པའི་གཉིསུ་མེད་པའི་ཡེ་ཤེས་ཉིད་མ་སྐྱེས་པའི ་མཚན་ཉིད་ཅན་གྱི་དེ་ཁོ་ན་ཉིད་ཡིན་པར་བཤད་པ་ལེགས་པར་སྨྲས་པ་ཡིནོ།། དེ་ལྟར་ཇི་སྐད་དུ་བཤད་པའི་མཚན་ཉིད་ཅན་གྱི་གཉིསུ་མེད་པའི་ཡེ་ཤེས་ཡུན་རང་དུ་བསྒོམས་ཤིང་གོམས་པར་བྱས་པས་སོ་སོ་རང་གི་རིག་པས་མངོན ་སུམ་དུ་མ་བྱས་པར་ཐོས་པ་ཙམ་གྱིས་ཚིག་ལ་བརྟེན་ནས་བྱ་བ་བྱས་ཟིན་པ་ཉིད་སེམས་པ་དེའི་དབང་དུ་མཛད་ནས། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་ནས་ཀྱིས། རིགས་པ་དྲུག་ཅུ་པ་ལས། རྣམ་པར་དབེན་དོན་མི་ཤེས་པར།། ཐོས་པ ་ཙམ་དུ་འཇུག་བྱེད་ཅིང་།། གང་ཡང་བསོད་ནམས་མི་ཤོས་པོ།། སྐྱེས་བུ་ཐུ་ཤལ་དེ་དག་བརླག། ཅེས་བཤད་པ་དང་། དེ་བཞིན་དུ་སློབ་དཔོན་ཀམ་པ་ལའི་ཞལ་སྔ་ནས་ཀྱིས་སྣང་བའི་ཕྲེང་བ་ལས། རྟག་ཏུ་བརྩོན་འགྲུས་ལྡན་པ ་ཡིས།། འདི་ལྟར་ལམ་གྱི་རྗེས་འཇུག་ཅན།། རིང་པོ་མ་ཐོགས་ཆོས་ཀུན་ནི།། སྟོང་པ་ཉིད་དུ་རྟོགས་པར་འགྱུར།། ཆོས་ཀྱི་ཆོས་ཉིད་ཐོབ་པའི་ཕྱིར།། ཡོངསུ་མ་བསྒོམས་པས་མི་འགྱུར།། ཆུ་མ་འཐུངས་པར་ཐོས་པའམ།། མཐིང་བས ་སྐོམ་པ་སེལ་འགྱུར་རམ། ཞེས་བཤད་པ་ཡིནོ།། ཆོས་ཉིད་ཀྱི་རང་བཞིན་ཅི་ཞིག་ཡིན་ཞེས་རྟོག་ན། དེ་བརྗེརྗོད་པར་བྱ་སྟེ། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་གང་ཡིན་པ་དོན་དམ་པའི་ཚུལ་ཇི་ལྟ་བ་བཞིན་དུ་གནས་པ་གཉི་སུ་མེད་པ་དང་། དེ ་བཞིན་ཉིད་ཅེས་བྱ་བ་ལ་སོགས་པའི་རྣམ་གྲངས་ཀྱི་མཚན་ཉིད་དང་ལྡན་པའི་ཆོས་ཐམས་ཅད་སྟོང་པ་ཉིད་ཡིནོ།། འདི་ཡང་བླ་མའི་མན་ངག་དང་སྙིང་རྗེ་སྔོན་དུ་འགྲོ་བའི་བསྒོམ་པ་གོམས་པར་བྱས་པའི་སྟོབས་ཀྱིས་སོ་སོ་རང་གི་རིག ་པའི་ཤེས་པ་ཉིད་ཀྱིས་རབ་ཀྱི་མཐར་ཐུག་པས་སྲིད་པ་ལས་ངེས་པར་གྲོལ་བ་དང་། བླ་ན་མེད་པའི་ཡེ་ཤེས་ཐོབ་པར་འགྱུརརོ།། དེ་ཡང་གྲུབ་པའི་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་ཆོས་ཉིད་ཀྱི་མཚན་ཉིད་བསྟན་པ་ནི། འདི་ལ ་བསལ་བྱ་གང་ཡང་མེད།། གཞག་པར་བྱ་བ་ཅི་ཡང་མེད།། ཡང་དག་ཉིད་ལ་ཡང་དག་ལྷ། ཡང་དག་མཐོང་ན་རྣམ་པར་གྲོལ་ཞེས་བཤད་པ་དང་། ཡང་མྱ་ངན་འདས་མཐའ་གང་ཡིན་པ།། དེ་ནི་འཁོར་བའི་མཐའ་ཡིན་ཏེ། དེ ་དག་བྱེ་བྲོག་ཅུང་ཟད་དུ།། ཤིན་ཏུ་ཕྲ་བའང་ཡོད་མ་ཡིན་ཞེས་པ་ཡིན།། དྲིས་པ། ཐེག་པ་ཆེན་པོར་མ་སྐྱེས་པ་ལ་སོགས་པའི་རྣམ་གྲངས་ཀྱིས་བསྟན་པའི་གཉི་སུ་མེད་པའི་ཡེ་ཤེས་གཟུང་བར་བྱ་བ་དང་། འཛིན་པ་པོ་དང་བྲལ་བ ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་མཆོག་ཏུ་བླང་བར་བྱ་བའི་དེ་ཁོ་ན་ཉིད་དུ་བཤད་པ་གང་ཡིན་པ་དེ་ནི་ཕྲལ་ཆེར་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་མེད་པ་ཉིད་ཀྱིས་ན་མེང་ཙམ་དུ་ཟད་པས་ར་བོང་གཽ་རྭ་དང་འདྲ་སྟེ། དེ་ནི་ཤིན་ཏུ་ཆད་པར་ལྟ་བ ་ཡིན་པས་ལོག་པའི་ཤེས་པ་ཉིད་ཡིན་པར་ཤེསོ་ཞེ་ན། འདིར་བརྗོད་པར་བྱ་སྟེ། འདི་ལྟར་སྔར་ཆོས་ཐམས་ཅད་གདོད་མ་ནས་མ་ནས་མ་སྐྱེས་པར་བཤད་པས། རྟག་པ་དང་། ཆད་པའི་མཐའ་གཉིས་ཀྱི་གླགས་ཡོད་པ་མ་ཡིན་གྱི་མི ་རིག་པས་ཕྱིན་ཅི་ལོག་ཏུ་གྱུར་པའི་བྱིས་པ་ལོག་བྱའི་ཤེས་པའི་ལིང་ཏོག་གིས་བློའི་མིག་ཁེབས་པ། དངོས་པོ་དང་དངོས་པོ་མེད་པ་དག་ལ་ཡོད་པ་ཉིད་དུ་མངོན་པར་བཞེན་པའི་ཤིང་གི་མེས་རྒྱུད་བསྲེགས་པ། ཡོག ་པའི་གདོན་གྱིས་སེམས་ཀྱི་རྒྱུད་དཀྲུགས་པ།། བློ་ཤིན་ཏུ་རིགས་པའི་ཉོན་མོངས་པ་དེ་རྣམས་ཀྱིས་ཐག་པ་ཆེན་པོར་ཆོས་ཀྱི་དབྱིངས་ལ་སོགས་པའི་ཚིག་གི་རྣམ་གྲངས་ཀྱིས་བསྟན་པ་མ་སྐྱེས་པའི་མཚན་ཉིད་ཅན་སྐྱེ་བ་དང་འཇིག་པ་དང་བྲལ ་བ། མཆོག་ཏུ་བླང་བར་བྱ་བའི་དོན་དམ་པའི་དེ་ཁོ་ན་ཉིད་ཐབས་ལས་བྱུང་བའི་བདག་ཉིད་ཅན་གཉིསུ་མེད་པའི་ཡེ་ཤེས་སངས་རྒྱས་ཀྱི་སྤྱོད་ཡུལ་དུ་གྱུར་པ། དེ་ལ་འཇུག་པའི་གོ་སྐབས་རྙེད་པར་ག་ལ་འགྱུར། དེས་ན་དེ་རྣམས་ངེས་པར ་ཆད་པར་ལྟ་བ་དང་ལོག་པའི་ཤེས་པ་ཡིན་ནོ་སྙམ་དུ་སེམས་སོ།། གང་ཡང་བློ་གྲོས་ཕྱིན་ཅི་མ་ལྡོག་པ་ཡང་དག་པའི་ཡེ་ཤེས་སོ་སོ་རང་གི་རིག་པས་རྟོགས་པར་གྱུར་པ་དང་། དེ་བཞིན་དུ་བློ་ཡོད་པ་དང་། མེད་པའི་ཡེ་ཤེས་ལ་བརྟེན་པ་ཉིད ་ཀྱིས་བདག་ཉིད་ཆེ་བ་གང་ཡིན་པ་དེ་ནི་བདག་ཉིད་ཆེན་པོ་སྟེ། འཕགས་པ་ཉིད་ལ་བྱ་འོ་དེ་རྣམས་ལ་ནི་རང་གི་ཕྱོགས་དང་གཞན་གྱི་ཕྱོགས་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཡིན་ནོ།། གཞན་དག་ནི་མ་རིག་པའི་དབང་གིས་ང་དང ་བདག་ཅེས་བྱ་བ་ལ་སོགས་པ་བདག་ཏུ་ལྟ་བ་ཡོད་པས་དངོས་པོ་ལ་མངོན་པོར་ཞེན་པ་འབྱུང་བར་འགྱུརརོ་ལ། དངོས་པོ་ལ་མངོན་པར་ཞེན་པའི་རྩ་བ་ལས་འདོད་ཆགས་ལ་སོགས་པ་སྐྱེ་བར་འགྱུར་ཏེ། ཡང་དེ་ཉིད་ལས། དངོས་པོར་ཁས ་ལེན་ཡོད་ན་ནི།། འདོད་ཆགས་ཞེ་སྡང་མི་བཟད་འབྱུང་།། ལྟ་བ་མ་རུངས་ཡོང་སུ་འཛིན།། དེ་ལས་བྱུང་བའི་རྩོད་པར་འགྱུར་ཞེས་བཤད་པ་ཡིནོ།། འདིའི་བསྡུས་པའི་དོན་ནི་འདི་ཡིན་ཏེ། དངོས་པོར་ཁས་བླང་ཞིང་དངོས་པོ་ཡོད་པར་འདོད་པ་ལ ་ནི་འདོད་ཆགས་ལ་སོགས་པའི་ཉེས་པ་རྣམས་རབ་ཏུ་སྐྱེ་བར་འགྱུརརོ།། དོན་འདི་ཉིད་ཡང་དང་ཡང་དུ་གསལ་བར་བྱ་བའི་ཕྱིར་དེ་ཉིད་ལས། གནས་ཡོད་ན་ནི་འདོད་ཆགས་དང་།། འདོད་ཆགས་བྲལ་བ་དམིགས་འགྱུར་ན།། གནས་མེད་བདག་ཉིད ་ཆེན་པོ་རྣམས།། ཆགས་པ་མེད་ཅིང་ཆགས་བྲལ་མིན།། ཞེས་བཤད་དོ།། དེའི་དོན་ནི་འདི་ཡིན་ཏེ། དངོས་པོ་མེད་པའི་ཡེ་ཤེས་ལ་བརྟན་པ་གང་ཡིན་པ་དེ་ནི་བདག་ཉིད་ཆེན་པོ་གནས་པ་མེད་པ་ཡིན་ལ། དེ་ནི་དངོས་པོ་ལ་བརྟེན་པས་གང ་ལ་ཡང་ཆགས་པ་འམ་ཆགས་པ་དང་བྲལ་བར་མི་འགྱུར།། དྲིས་པ། གལ་ཏེ་དངོས་པོ་ལ་དམིགས་པ་དེ་ཁོ་ན་ཉིད་མ་ཡིན་ན། ཅི་དངོས་པོ་མེད་པ་ལ་དམིགས་པ་དེ་ཁོ་ན་ཡིན་ནམ་ཞེ་ན། འདིར་བརྗོད་པར་བྱ་སྟེ།། འདི་དག་ནི་སྒྱུ་མ་དང་རྨི་ལམ ་ལ་སོགས་པའི་དཔེ་སྔར་བསྟན་ཟིན་མོད་ཀྱི། འོན་ཀྱང་ཅུང་ཟད་ཙམ་ཞིག་བརྗོད་པར་བྱ་སྟེ། གང་གི་ཚེ་མ་རིག་པའི་དབང་གིས་ཐོག་མ་མེད་པའི་རང་བཞིན་གྱིས་འཁོར་བར་དངོས་པོ་དང་དངོས་པོ་མེད་པར་གཅིག་ལ་གཅིག་བལྟས་ནས་གནས་པ ་ཡིན་ལ། དེ་ནས་གཉིས་ཀ་ཡང་མེད་པ་ཡིནོ།། དེ་ཡང་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔོ་ནས་ཀྱིས་རིགས་པ་དྲུག་ཅུ་པ་ལས། ཡོད་པས་རྣམ་པར་མི་གྲོལ་ཏེ།། མེད་པས་སྲིད་པ་འདི་ལས་མིན།། ཡོད་དང་མེད་པ་ཡོངས་ཤེས་པས།། བདག ་ཉིད་ཆེན་པོ་རྣམ་པར་གྲོལ་ཞེས་བཤད་པ་ཡིན་ཏེ། བྱིས་པའི་སྐྱེ་བོའི་སྤྱོད་ཡུལ་ལས་འདས་པའི་དམིག་སུ་མེད་པའི་ཡེ་ཤེས་ལ་བརྟེན་ནས། བདག་ཉིད་ཆེན་པོ་ནི་འཕགས་པ་སྟེ། དེ་རྣམས་གང་དངོས་པོ་དང་དངོས་པོ ་མེད་པ་དག་དོན་དམ་པའི་བདེན་པར་དམིག་སུ་མེད་པས་དངོས་པོ་མེད་པ་ཉིད་དུ་སོ་སོ་རང་རིག་པ་ཉིད་ཀྱིས་ཡོང་སུ་མཁྱེན་པ་ཡིན་ལ། མཁྱེན་པ་ཉིད་ཀྱིས་རྣམ་པར་གྲོལ་བ་བརྙེས་པ་ཡིནོ།། རིག་པ་འདིས་དངོས་པོ་དང་དངོས་པོ་མེད་ཉེ་བར་དམིགས ་པ་ནི་དེ་ཁོ་ན་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། དེ་ཡང་། མྱ་ངན་འདས་པ་དངངོ་ས་མེད་པ།། མིན་ན་དེ་དངོས་ག་ལ་ཡིན།། དངོས་དང་དངོས་པོ་མེད་ཟིན་པ།། ཟད་པ་མྱ་ངན་འདས་ཞེས་བྱ།། ཞེས་བཤད་པ་དང་། ཡང་། བློ་ཆུང་གང་གིས་ཡོད ་པ་དང་།། མེད་པ་ཉིད་དུ་མཐོང་གྱུར་པ།། ངས་ནི་སྤྲོས་པ་ཉེར་ཞི་བའི།། ཞི་བའི་དངོས་པོ་མཐོང་མི་འགྱུར།། ཞེས་བཤད་པ་དང་། གང་ཚེ་དངོས་དང་དངོས་པོ་མཽད་ཟིན་པ།། བློའི་མདུན་ནམ་གནས་ལ།། དེ་ཆེ་བགྲོད་པ་གཞན་མེད་པས།། ་དམིགས་མེད་རབ་ཏུ་ཞི་བར་འགྱུར།། ཞེས་བཤད་པ་ཡིན།། དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་ལང་ཀར་གཤེགས་པའི་མདོ་ལས། ཇི་ལྟར་མེ་ལོང་དག་ལས་གཟུགས།། གཅིག་དང་དུ་མ་རྣམ་སྤངས་པར།། སྣང་ཡང་དར་ནི་ཡོད་མ་ཡིན།། ་དེ་བཞིན་དངོས་པོའི་དངོས་ཉིད་དང་། ཞེས་གསུངས་པ་དང་། ཡང་འདི་དག་ཉིད་བཅོམ་ལྡན་འདས་ཀྱིས་གསལ་བར་མཛད་པའི་ཕྱིར། བློ་ཡིས་རྣམ་པར་བརྟགས་པ་ན།། ངོ་བོ་ཉིད་ནི་དམིགསུ་མེད།། དེ་བས་དེ་ནི་བརྗོད་མེད་པ།། དངོས་པོ་མེད་པར ་བསྟན་པ་ཡིན།། ཞེས་གསུངས་པ་དང་། ཡང་འདི་ཉིད་གསལ་བར་བྱ་བའི་ཕྱིར།། སློབ་དཔོན་ཀམ་པ་ལའི་ཞལ་སྔ་ནས་ཀྱིས་སྣང་བའི་ཕྲེང་བ་ལས། གལ་ཏེ་དངོས་པོ་དངོས་གྱུར་ན།། སླར་ནི་དངོས་མེད་ཇི་ལྟར་འགྱུར།། དེ་ཉིད་བརྟན་པའི་ཚུལ ་ཅན་པས།། གཞན་དུ་འགྱུར་ལ་འཐད་དོ།། མིང་དང་རིགས་སོགས་ཡོན་ཏན་གྱིས།། གང་གིས་ཆོས་རྣམས་བརྫུན་པར་མཐོང་།། དེ་ནི་ཕྱིན་ཅི་ལོག་པ་ཡིན།། མཁའ་ལ་རི་མོ་འདྲི་དང་མཚུངས།། དེ་བས་དངོས་པོ་སྣ་ཚོགས་པ།། ངོ་བོ་ཉིད་ཀྱིས ་རང་བཞིན་མེད།། གང་གིས་ཆོས་རྣམས་གཞན་དུ་ཤེས།། དེ་ནི་དོན་དམུ་དང་བྲལ་འགྱུར།། ཞེས་བཤད་པ་དང་། དེ་བཞིན་དུ་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་བསམ་གྱིས་མི་ཁྱབ་པར་བསྟོད་པ་ལས། གང་ཞིག་དངོས་པོ་ཉེར་དམིགས ་པ།། དེ་ནི་གལ་ཏེ་དེ་ཉིད་འགྱུར།། བྱིས་པ་དེ་ཉིད་རིག་འགྱུར་བས།། དེ་ཚེ་དེ་ཉིད་ཤེས་ཅི་དྲེགོས།། ཞེས་བཤད་པ་ཡིནོ།། འདིར་ལ་ལ་དག་འདི་སྐད་དུ་གལ་ཏེ་དབང་པོ་ཐམས་ཅད་ཀྱི་ཉེ་བར་དམིགས་པའི་དོན་རྣམ་པར་ཤེས་པ་ཡོང་སུ་གྱུར་པ། ་ཉིད་དུ་མི་འདོད་ན་དངོས་པོ་སྣ་ཚོགས་པར་སྣང་བ་ལ་འཇུག་པ་འདི་ག་ལ་འབྱུང་ཞེས་རྒོལ་བར་བྱེད་ན། འདིར་བརྗོད་པར་བྱ་སྟེ། དེ་ནི་མ་རིག་པའི་དབང་གིས་ཡང་དག་པ་མ་ཡིན་པའི་ཡོངསུ་རྟོག་པ་ཙམ་དུ་སྣང་ངོ་།། དེ་ཡང་སྣང་བའི་ཕྲེང་བ་ལས ་བདག་ཉིད་སེམས་ཀྱིས་ཡོངས་རྟོགས་ཕྱིར་དང་ནི།། བཀོད་པའི་དྲི་མེད་ཕྱི་རོལ་སོང་གྱུར་པ།། སྐྱེ་བ་དུ་མར་ཡོངས་བསྒོས་ཉེར་འབར་བ།། འགྲོ་བ་གསུམ་པོ་ཅུང་ཟད་ཀྱི་རྗེསུ་འབྲངས་ནས་བསྟན་པ་ཡིནོ།། དྲིས་པ། ཇི་སྐད་དུ་བཤད་པའི་མཚན ་ཉིད་ཀྱིས་ན་བརྗོད་དུ་མེད་པ་དེ་ནི་འདི་ཡིན་ནོ་ཞེས་བསྟན་དུ་མེད་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་རླུང་རིག་པའི་ཡེ་ཤེས་དང་། དེ་བཞིན་དུ་སྒྲིབ་པ་ཐམས་ཅད་དང་ངེས་པར་བྲལ་བའི་འཕགས་པ་རྣམས་ཀྱི་སྤྱོད་ཡུལ་དེ་ལ ་ཐོག་མ་མེད་པ་ནས་ཞུགས་པའི་མ་རིག་པའི་དྲི་མས་ཡིད་དྲི་མ་ཅན་དུ་གྱུར་པ། བདག་དང་བདག་གིར་མངོན་པར་ཞེན་པའི་དུག་གིས་བརྒྱལ་བ། སྲིད་པའི་འདམ་དུ་བྱིང་བའི་སོ་སོའི་སྐྱེ་བོ་རྣམས་ཇི་ལྟར་འཇུག་པར་འགྱུར། དེ་རྟོགས་པར་འགྱུར ་བ་བསྟན་པ་ལ་ག་ལས་འཇུག་པར་འགྱུར་བའི་ཐབས་ཀྱི་རྒྱུ་ནི་གང་ཞིག་ཡིན་ཞེ་ན། འདིར་བརྗོད་པར་བྱ་སྟེ། སྲིད་པའི་རྒྱ་མཚོ་འདོར་སྔོན་ཐོག་མ་མེད་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་2པོ་པའི་གནས་སྐབ་སུ་ཐུགས་དང་པོ་བསྐྱེད་པ་ན ་ཐུགས་རྗེས་ནོན་པའི་ཤུགས་ཀྱིས་འགྲོ་བ་མ་ལུས་པ་གདོན་པར་བྱ་ཞིང་། སངས་རྒྱས་ཉིད་ཐོབ་པར་བྱ་བའི་ཕྱིར་སྨོན་ལམ་གྱི་རྒྱལ་པོ་མངོན་དུ་མཛད་པ་ཡིན་ལ། སྨོན་ལམ་གྱི་ཤུགས་དེའི་དབང་གིས་སྐུ་གསུམ་བདག་ཉིད་ལྷུན་གྱིས་གྲུབ་པའི་ཚུལ ་གྱིས་དེ་རྣམས་སངས་རྒྱས་ཀྱིས་མཛད་པ་ལ་འཇུག་པ་ཡིནོ།། སངས་རྒྱས་ཀྱི་མཛད་པ་དེ་གང་ཞིག་ཡིན་ཞེ་ནི། བརྗོད་པར་བྱ་སྟེ། སྔོན་བླ་ན་མེད་པའི་སངས་རྒྱས་ཀྱི་ཞིང་དུ་བྱང་ཆུབ་ཐོབ་པར་བྱེད་པའི་དགེ་བའི་ལས་སྣ་ཚོགས་པའི་ས་བོན་བཏབ་པ ་ལ་གོམས་པར་བྱས་པ་གང་ཡིན་པ་དང་། ཞིང་དམ་པ་ལ་སྐྲུན་པའི་དབང་གིས་འཁོར་བར་སངས་རྒྱས་ཀྱིས་འདུལ་བའི་སེམས་ཅན་རྣམས་འབྱུང་བར་འགྱུརརོ།། དེ་ཡང་བཅོམ་ལྡན་འདས་ཀྱིས་སངས་རྒྱས་ལ་སྐྲུན་པོའི་དགེ་བའི་རྩ་བ་ནི་འཁོར་བར་ཡོངས ་ཟད་པར་མི་འགྱུར་ཞིང་ཡོངསུ་གཏུགས་པར་མི་འགྱུར་གྱིས། མི་ཟད་པའི་མྱ་ངན་ལས་འདས་པ་ཐོབ་པར་འགྱུརརོ་ཞེས་གསུངས་པ་དང་། དེ་བཞིན་དུ་དཔེར་ན་ཆུའི་ཐིགས་པ་རྒྱ་མཚོ་ཆེན་ལྟུང་བ།། བསྐལ་པ་མི་འཇིག་བར་དུ་དེ་མི་ཟད།། དེ་བཞིན་བྱང ་ཆུབ་ཡོངས་པསྔོ་དགེ་བ་ནི།། ཐར་པ་མ་ཐོབ་བར་དུ་ཟད་མི་འགྱུར།། ཞེས་གསུངས་པ་དང་། ཡང་དེ་བཞིན་དུ། དྲི་ཞིམ་ཡལ་ཞིང་རྙིང་ལ་ཤུན་ཕྲགས་དངོས་འགྱུར་མེ་ཏོག་གཅིག་ཅིག་ནི།། རྣ་བ་ལས་སྟོན་དང་བ་རྣམས་བསམ་པས་རྒྱལ་གྱུར་ལ་ཕུལ།། ་བསོད་ནམས་དེས་ནི་ངན་འགྲོའི་འཇིགས་པ་ལས་གྲོལ་མཐོ་རིས་ས་སྟེང་གི། བདེ་བ་དཔག་མེད་དུས་སྤྱད་བློ་བཟང་བདེ་བས་ཐར་པ་ཐོབ་པར་འགྱུར་ཞེས་གསུངས་པ་དང་། དེ་བཞིན་དུ་བུང་བས་རྒྱ་མཚོ་ཚད་གཞལ་དང་།། སྲང་གིས་རི་རབ་གོམས་པས ་ས།། ཚད་གཞལ་བར་ནི་ནུས་སྲིད་ཀྱི།། རྒྱལ་ལ་ཕུལ་ཚད་གཟུང་མི་ནུས་ཞེས་བཤད་པ་ཡིནོ།། དེ་བས་ན་ཞིང་དམ་པའི་བདག་ཉིད་ཆེ་བ་ལས་སངས་རྒྱས་ཀྱིས་འདུལ་བའི་སེམས་ཅན་རྣམས་འབྱུང་བར་འགྱུརརོ།། སངས་རྒྱས་ཀྱིས་མངོན་སུམ་དུ་འདུལ ་བའི་སྐྱེ་བོ་དེ་ལ་ཐུགས་རྗེས་རྗེ་སུ་བཟུང་ནས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྐྱེ་བོ་དེ་ཉིད་སྲིད་པའི་རྒྱ་མཚོ་ལས་བསྒྲལ་བར་བྱ་བའི་ཕྱིར་འཁོར་བར་འཇུག་པར་མཛད་ནས། མོས་པ་སྣ་ཚོགས་དང་ལྡན་པའི་སེམས་ཅན་དེ་རྣམས་ལ་སྣ་ཚོགས་པར ་སྟོན་པོར་མཛད་པ་དང་། གཟིགས་པར་མཛད་པས་སངས་རྒྱས་ཀྱི་མངོན་སུམ་དུ་འདུལ་བར་འགྱུར་བ་དེ་ཐམས་ཅད་བསྒྲལ་ནས་ལྷག་མོ་ལྐོག་ཏུ་འདུལ་བར་བྱ་བ་མ་འོངས་པ་ན་སངས་རྒྱས་ཀྱི་ཆོས་བསྟན་པས་འདུལ་ཞིང་། སངས་རྒྱས་ཀྱི་ཆོས་རབ་ཏུ ་བསྟན་པ་དང་། ཡེ་ཤེས་ཉེ་བར་བསྣུན་པས་དབང་པོ་རབ་དང་འབྲིང་དང་ཐ་མའི་དབྱེ་བས་མྱུར་བ་དང་། ཡུན་རིང་པོ་དང་། ཤིན་ཏུ་རིང་པོས་འཚང་རྒྱ་བར་བྱེད་པའི་ཐེག་པ་གསུམ་ལས་ཉེ་བར་སྟོན་པ་ཐོབ་པར་མཛད་པ་དང་། ་དེ་བཞིན་དུ་སྣ་ཚོགས་པའི་བྱསམ་པ་དང་མོས་པ་ཐ་དད་པ་དེ་རྣམས་སྲིད་པའི་རྒྱ་མཚོ་ལས་བསྒྲལ་བར་བྱ་བོའི་ཕྱིར། སངས་རྒྱས་བཅོམ་ལྡན་འདས་ཕུགས་རྗེ་ཆེན་པོའི་ཤུགས་ཀྱི་དབང་གིས་སློབ་མ་དམ་པ་རྣམས་ལ་བསམ་པ་སྣ་ཚོགས་པའི ་དབང་དུ་མཛོད་དེ་དེ་ཐབས་སྣ་ཚོགས་བསྟན་ནས། དེའི་འོག་ཏུ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་མཛད་པ་རྫོགས་པར་གྱུར་པ་དང་། འཁོར་བ་ལས་ཡོངསུ་མྱ་ངན་ལས་འདས་པར་འགྱུརརོ།། བཅོམ་ལྡན་འདས་ཡོངསུ་མྱ་ངན་ལས་འདས་ནས ་དེའི་འོག་ཏུ་སློབ་མ་དམ་པ་འཕགས་པ་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་རྣམས་རང་རང་གི་ཐེག་པ་དེ་ལ་ལྷག་པར་མོས་ཤིང་དེ་བསྟན་པས་འདུལ་བ་རྣམས་ཀྱི་སངས་རྒྱས་ཉིད་ཐོབ་པར་བྱ་བའི་ཕྱིར་སངས་རྒྱས་བཅོམ་ལྡན ་འདས་ཀྱིས་བསྟན་པའི་ཐབས་རང་རང་གི་རྒྱུད་དང་རྗེ་སུ་མཐུན་པར་ཉེ་བར་སྟོན་པར་བྱེད་དོ།། དེ་ལྟར་བླ་མ་གཅིག་ནས་གཅིག་ཏུ་བརྒྱུད་པའི་རིམ་གྱིས་ཡེ་ཤེས་བསྟན་པ་དེ་རྟོགས་པ་ལ་འཇུག་པ་རྣམས་ཐོས་པ་དང་བསམ་པ་དང་བསྒོམ་པའི་རིམ་གྱིས ་གོམས་པའི་སྟོབས་ཀྱིས་ཡེ་ཤེས་ལ་འཇུག་པར་འགྱུར།། དེའི་ཐབས་གོམས་པ་ལ་སོགས་པ་ལ་གོམས་པར་བྱས་པ་ལ་འཇུག་སྟེ། དེ་ལ་ཐེག་པ་ཆེན་པོའི་རྣལ་འབྱོར་པ་ལ་ལ་དགེ་བའི་རྩ་བ་ལ་ལ་འབད་པ་དང་ལྡན་ཞིང་། དབང་པོ་རྣོ་བ་དང་བརྩོན ་འགྲུས་འབར་བས་ཉིན་དང་མཚན་དུ་བསྒོམ་པ་ལ་གོམས་པར་བྱས་པའི་སྟོབས་ཀྱིས་ཆེ་འདི་ཉིད་ལ་ལོག་པའི་ཤེས་པ་སྤངས་པ་དང་། ཡང་དག་པའི་ཡེ་ཤེས་ཐོབ་པར་འགྱུར་བ་ཡིནོ།། དེ་བཞིན་དུ་དགེ་བའི་རྩ་བ་ལ་ཤིན་ཏུ་འབད་པ་མེད་པ་དེ་གོམས ་པར་བྱེད་པ་ལ་ཅུང་ཟད་འཇུག་པ་དང་སྤྲོ་བ་ཆུང་བ་དེ་རྣམས་ནི་སྐྱེ་བ་གཞན་དག་ཏུ་འཐོབ་པར་འགྱུརརོ།། དེ་ལྟར་གཞན་གྱིས་རྒོལ་བའི་དོགུས་པ་བསལ་ནས། སངས་རྒྱས་ཀྱི་ཡེ་ཤེས་ལ་ཇི་ལྟར་འཇུག་པར་འགྱུར་བ་དེ་ལྟར་བསྟན་པ་ཡིནོ།། ་དྲིས་པོ། བཅོམ་ལྡན་འདས་ཡོངསུ་མྱ་ངན་ལས་འདས་ནས་དེའི་འོག་ཏུ་བླ་མ་གཅིག་ནས་གཅིག་ཏུ་བརྒྱུད་པའི་རིམ་གྱིས་བླ་ན་མེད་པའི་ཡེ་ཤེས་བསྟན་པ་དེ་ལ་ཐེག་པ་ཆེན་པོའི་རྣལ་འབྱོར་པས་ཚེ་འདི་ཉིད་ལ་ལོག་པའི་ཤེས་པ་སྤངས་ནས་ཡང ་དག་པའི་ཡེ་ཤེས་འཐོབ་པར་འགྱུརོ་ཞེས་བྱ་བ་ནི་མི་རིགས་ཏེ། གང་གི་ཕྱིར་གང་ཐོག་མ་མེད་པའི་ཚུལ་ཅན་གྱི་མ་རིག་པའི་རྒྱུད་དང་ལྡན་པའི་ལོག་པའི་རང་བཞིན་ལས་དང་ཉོན་མོངས་པའི་བདག་ཉིད་ཅན་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་མཐུའ ་ཡས་པ་སྐད་ཅིག་མ་གཅིག་ནས་གཅིག་ཏུ་བརྒྱུད་པའི་བདག་ཉིད་ཅན། འཁོར་བའི་རྒྱ་མཚོ་ཞེས་བྱ་བ་ནི་ཤིན་ཏུ་རྒལ་བར་དཀའ་བ་ཡིན་ཏེ། དོན་ཉན་ཐོས་ལ་སོགས་པའི་ཐུབ་པ་དཔག་ཏུ་མེད་པ་རྣམས་ཀྱིས་སྐྱེ་བ་གྲངས་མེད་པར་དཀའ་བ་སྤྱོད་པ ་དང་། དེ་བཞིན་དུ་འཕགས་པའི་བདེན་པ་བསྒོམས་པས་དགེ་པའི་ལས་སྣ་ཚོགས་པ་ལ་གོམས་པར་བྱས་པའི་དགའ་བས་དུས་ཤིན་ཏུ་ཡུན་རིང་པོ་ཞིག་ན་སྤོང་བར་བྱེད་དོ་ཞེས་དེ་ལྟར་ཉན་ཐོས་ཀྱི་ཐེག་པ་ལས་བཤད་དེ། དེ་བས་ན་ཚེ་འདི་ཉིད ་ལ་ཐེག་པ་ཆེན་པོའི་རྣལ་འབྱོར་པས་ལོག་པའི་ཤེས་པ་སྤངས་ཏེ། ཡང་དག་པའི་ཤེས་པ་འཐོབ་པར་ཇི་ལྟར་འགྱུར། འདིར་བརྗོད་པར་བྱ་སྟེ།། ཐེག་པ་ཆེན་པོའི་རྣལ་འབྱོར་པས་ཚེ་རབས་སྔ་མ་དག་ཏུ་ཕྱིན་ཅི ་མ་ལོག་པའི་ཐབས་ལ་བསླབས་པ་དང་། ཐེག་པ་མཆོག་ལ་གནས་པའི་རང་བཞིན་གྱི་ཆེ་བའི་བདག་ཉིད་ཆེ་བ་ཉིད་དང་།། དགེ་བའི་རྩ་བ་ལ་མི་གཡེལ་བར་འབད་པ་ཉིད་དང་། ཡང་དག་པའི་ཡེང་ཞེས་ཀྱི་ཐབས་ཀྱི་མན་ངག་དང་། དེ་བཞིན་དུ ་བརྩོན་འགྲུས་ཀྱི་ཤུགས་དྲག་པོ་བསྒོམ་པ་ལ་གོམས་པའི་ཕྱིར། ཚེ་འདི་ཉིད་ལ་ཡེ་ཤེས་ཐོབ་པར་འགྱུར་བ་ཡིནོ།། དེ་ཡང་འདི་སྐད་ཐོས་ཏེ།། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ལ་སོགས་པ་ཚེ་འདི་ཉིད་ལ་ཕྱིན་ཅི་མ་ལོག་པའི་ཐབས་ཀྱིས ་མན་ངག་བསྒོམས་པ་གོམས་པར་མཛད་པས་རབ་ཏུ་དགའ་བོ་ལ་སོགས་པའི་ས་ལ་བཞུགས་ཤིང་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ཡོངསསུ་རྫོགས་པ་དང་། ཡེ་ཤེས་དང་སྐྱེ་བ་ལ་སོགས་པ་ལ་དབང་ཐོབ་པ་དང་། མི་སྐྱེ་བའི་ཆོས་ལ་བཟོད ་པ་ཐོབ་པའི་ཡེ་ཤེས་བརྙེས་པ་ཡིནོ།། དེ་ལྟར་དེ་རྣམས་ཚེ་འདི་ཉིད་ལ་ལས་དང་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པའི་མཚན་ཉིད་ཅན་གྱི་ལོག་པའི་ཤེས་པ་སྤངས་ནས་ཡང་དག་པའོ་ཡེ་ཤེས་ཐོབ་བོ་ཞེས་ཐོས་ལ། དེ་བཞིན་དུ་གཞན་དུག་ལས ་ཀྱང་འབྱུང་བར་འགྱུར་ཏེ། གང་གི་ཕྱིར་རྒྱ་ཆེ་བའི་ཆོས་ཉིད་ཀྱི་བདག་ཉིད་ཆེ་བ་འདི་ནི་རང་བཞིན་གྱིས་ཡོད་པ་ཡིན།། དེ་ལྟར་ཡང་སྡོང་པོ་བཀོད་པའི་མདོ་ལས་ཀྱང་། དཔེར་ན་མེ་ཡིས་ཤིང་ག་རི།། སྐད་ཅིག་གིས་ནི་ཐལ་བར་བྱེད།། ཡེ་ཤེས་མེ་ཡི། ་རྣལ་འབྱོར་པའི།། ལས་ཀུན་སྐད་ཅིག་དག་གིས་བསྲེག། ལས་ཀྱི་བག་ཆགས་ལྡན་པ་ཡི།། ཀུན་རྫོབ་དུས་ནི་རིང་པོ་ཅན།། རྣལ་འབྱོར་ཡེ་ཤེས་བག་ཆགས་ཀྱིས།། ཐམས་ཅད་སྐད་ཅིག་གིས་འཇིག་བྱེད།། དཔེར་ན་མུན་པ་རབ་གཏུགས་པ། ་མར་མེས་སྐད་ཅིག་དག་གིས་འཇོམས།། ཐུབ་པས་ཡེ་ཤེས་སྒྲོན་མ་ཡིས།། མི་ཤེས་འདི་ནི་སེལ་བར་མཛད་ཅེས་གསུངས་པ་ཡིནོ།། དེ་ལྟར་ན་གཉིསུ་མེད་པའི་ཡེ་ཤེས་ནི་ཐར་པ་འདོད་པ་རྣམས་ཀྱི་མཆོག་ཏུ་བླང་བར་བྱ་བའི་དེ་ཁོ་ན་ཉིད་ཇི་ལྟར ་ཡིན། དེ་ལྟར་ལུང་དང་རིགས་པ་དག་གིས་བསྟན་པ་ཡིནོ།། འདིར་བྱིས་པ་རྣམས་ཀྱི་བློའི་རྣམ་པར་འཕྲུལ་པའི་འབྲས་བུ་ཡང་དག་པ་མ་ཡིན་པའི་རྣམ་པར་རྟོག་པ་དེས་ཆོག་གོ།། ། ད་ནི་ཐེག་པ་ཆེན་པོ་ལ་ལྷག་པར་མོས་པའི་དད་པ་ཅན་གྱི་རིགས ་ཀྱི་བུས་གསོལ་བ་བཏབ་པ་དག་ལ་སྤྲོ་བ་བསྐྱེད་ཅིང་ཐར་པ་མ་ལུས་པ་འདོད་པ་ལ་སྔར་བཤད་པའི་མཚན་ཉིད་ཅན་གྱི་ཡེ་ཤེས་རྟོགས་པར་བྱ་བའི་ཕྱིར་ཐབས་ཉེ་བར་བསྟན་པས་ན་བདག་དང་གཞན་གྱི་དོན་རབ་ཏུ་གྲུབ་པར་བྱ་བའི་ཕྱིར་ཤེས་རབ་ཀྱི་ཚུལ ་རྗེསུ་དྲན་ནས་དེ་བསྟན་པའི་མན་ངག་བསྒོམ་པའི་རིམ་པའི་ཆོ་ག་འདིར་ཅུང་ཟད་ཅིག་བཤད་པར་བྱའོ།། ཐེག་པ་ཆེན་པོར་ཇི་སྐད་དུ་བཤད་པའི་ཡེ་ཤེས་མངོན་པར་རྟོགས་པ་འདོད་པ་དད་པ་དང་གུས་པ་དང་ལྡན་པས་དེའི་ཚུལ་ལས་བཤད་པའི་ཆོ་གའི། ་རིམ་པར་སྔོན་དུ་འགྲོ་བས་བླ་མ་ལ་གསོལ་བ་བཏབ།། དེའི་དྲིན་གྱིས་ཐོབ་པའི་ལུང་གིས་བླ་ན་མེད་པའི་ཡེ་ཤེས་ཀྱི་མན་ངག་གི་རྣལ་འབྱོར་བསྒོམ་པ་བརྩམ་པར་བྱའོ།། དེ་ལ་དང་པོ་རེ་ཞིག། བསྟན་བཅས་རྒྱ་ཆེན་པོ་ནི་ཐོས་ནས་སུ།། དོན་དམ ་དེ་བཞིན་ཉིད་ནི་ངེས་བྱས་ལ།། དད་ལྡན་དེ་ལ་འཇམ་པའི་སྟན་གནས་ཏེ།། བློ་དང་ལྡན་པས་རྣལ་འབྱོར་རྩོམ་པར་བྱེད།། གཟུང་དང་འཛིན་དང་གཉི་ག་གཉིས་མིན་དང་།། བདག་དང་གཞན་དང་མྱ་ངན་འདས་པ་དང་།། ་འཁོར་བ་ཞེས་བྱའི་རྣམ་རྟོག་མང་པོ་ནི།། རབ་ཏུ་སྤངས་ལ་ཡིད་ནི་མཉམ་པར་བཞག། སྒྱུ་མ་དྲི་ཟའི་གྲོང་ཁྱེར་ལྟ་བུར་ནི།། ཤེས་བྱ་མ་ལུས་རྣམ་པར་བལྟས་ནས་སུ།། དེ་བཞིན་ཉིད་ཀྱི་ཡེ་ཤེས་རྡོ་རྗེ་ཡིས།། ལུས་ཀྱི་འཁྲུལ་འཁོར་རབ་ཏུ་གཞིག ་པར་བྱ།། རྣམ་པ་ཐམས་ཅད་དུ་ནི་རབ་མཛེས་ལ།། ཐོག་མ་ཐ་མའི་ཆ་བྲལ་རྣམ་མི་རིག། དྲི་མ་མེད་པའི་འོད་ཟེར་སྟོང་གིས་ནི།། མུན་པ་ངས་བསལ་མཁའ་དང་མཚུངས་པ་ཡི།། རང་གི་རྣམ་པ་ཙམ་གྱི་ངོ་བོ་རུ།། གཟོད་ནས་སྐྱེ་བ་མེད་པའི་རང ་སེམས་མཐོང་།། གང་གིས་ཀྱང་ནི་དེ་མཐོང་གྱུར་པ་དག། དེ་ཡང་དེ་བཞིན་དུ་ནི་བལྟ་བར་བྱ།། དམིགས་པ་མེད་དང་བཅས་པའི་སེམས་ཉིད་ནི།། དེ་བཞིན་ཉིད་དང་ཡང་དག་མཐའ་རུ་བཤད།། དེ་ལྟར་རིམས་ཀྱིས་བསླབས་པོར་གྱུར་པ་ལས།། ་མིང་དུ་ཤེས་པ་འགོག་པ་འཐོབ་པར་འགྱུར།། དེ་ལ་ཡང་དག་རེག་པར་སྦྱོར་བ་ལས།། འབད་པ་མེད་པར་མངོན་ཤེས་ལྔར་ལྡན་འགྱུར།། དེ་དང་མངོན་པར་ལྡན་པའི་རྣལ་འབྱོར་པ།། འགྲོ་བའི་དོན་ནི་དཔག་ཏུ་མེད་པ་བྱེད།། འདི་ནི་ཡོངས ་སུ་རྫོགས་པའི་རྣལ་འབྱོར་པ།། ཤིན་ཏུ་ཡུན་རིངས་དུས་སུ་གནས་པར་འགྱུར།། ལུས་ནི་རྡོ་རྗེ་ལྟ་བུར་མི་ཤིགས་ཤིང་།། ཉོན་མོངས་བདུད་ལ་སོགས་པས་གཡོ་མི་འགྱུར།། ཤེས་རབ་ཕ་རོལ་ཕྱིན་པ་ཞེས་བྱ་བའི།། རྣལ་འབྱོར ་འདི་དག་རྟག་ཏུ་རབ་ལྡན་པས།། ན་མཁའ་མཛོད་ལ་སོགས་པའི་ཏིང་འཛིན།། མང་པོ་རྣམས་ནི་ཡང་དག་རྫོགས་པར་འགྱུར།། འདི་ཟབ་མོའི་དོན་གང་ཅི་ཡང་རུང་བ་རྟོགས་དཀའ་བ་དེ་ནི་བླ་མའི་ཞལ་ནས་ཆོ་ག་ཇི་ལྟ་བ་བཞིན་དུ་བཤད་པ ་གཟུང་བར་བྱའོ།། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དད་པ་དང་ལྡན་པ་གང་ལ་ལ་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱིས་སྤྱད་པ་སྤྱོད་པ་ཇི་སྐད་དུ་བཤད་པའི་རིམ་པའི་ཆོ་གས་སེམས་ཅན་ཐམས་ཅད་གདོན་པར་བྱ་བའི་ཕྱིར་སེམས་བསྐྱེད་ནས ་བླ་ན་མེད་པའི་ཡེ་ཤེས་ཀྱི་མན་ངག་གི་རྣལ་འབྱོར་བརྩམས་ནས་བརྩོན་འགྲུས་དང་ལྡན་པས་བསླབས་པའི་སྟོབས་དང་ལྡན་པ་དེ་ནི་རིང་པོ་མི་ཐོགས་པར་ཚེ་འདི་ཉིད་ལ་ཇི་སྐད་དུ་བཤད་པའི་ཡེ་ཤེས་ཐོབ་པར་འགྱུར་རོ།། གང་ཡང་ཇི་སྐད་བཤ ་པའི་ཆོ་ག་མེད་པར་གླེགས་བམ་ཙམ་ལ་བརྟེན་པོ་ཙམ་གྱིས་འཇུག་པ་དེ་དག་ནི་ཇི་སྐད་དུ་བཤད་པའི་དངོས་གྲུབ་ལ་རྒྱབ་ཀྱིས་ཕྱོགས་པར་འགྱུར་ཞིང་སྡུག་བསྔལ་དང་ཡིད་མི་བདེ་བ་སྣ་ཚོགས་པ་དག་འབྱུང་བར་འགྱུར་རོ།། ཞེས་ཟབ་མོའི་ཚུལ་ལ་དེ་བཞིན ་གཤེགས་པས་གསུངས་སོ།། དྲིས་པ། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོའི་ཤུགས་ཀྱི་དབང་གིས་ཐེག་པ་ཆེན་པོ་ལྔ་ལྡོག་པར་མོས་ཤིང་ཐར་པ་འདོད་པ་རྣམས་ཀྱི་མཆོག་ཏུ་བླིང་བར་བྱ་བ་ཉིད་དུ་དབང་པོ་དམན་པ་དང་། བར་མ་དང་ཆེན་པོའི་དབྱིངས ་ཐེག་པ་ཆེན་པོའི་ཚུལ་དབྱེ་བ་རྣམ་པ་གསུམ་དུ་གསུངས་ལ། དབྱེ་བ་གསུམ་པོ་དེ་དག་ཉིད་བཅོམ་ལྡན་འདས་འདུལ་བའི་བསམ་པ་མང་པོའི་དབང་གིས་དབྱེ་བ་མང་པོའི་མཚན་ཉིད་ལ་འཇུག་པར་མཛོད་པ་ཡིན་ལ།། དེ་རྣམས་ཀྱང་ཐབས་ཀྱི་དབྱིངས ་བྱེ་བ་ཡིན་གྱི་ཐབས་ལས་བྱུང་བ་ལས་ནི་ཁྱད་པར་མེད་དོ་ཞེས་བཤད་དོ།། དེ་རྣམས་ལས་གོང་ནས་གོང་དུ་ཁྱད་པར་དུ་འཕགས་པའི་མཚན་ཉིད་ཅན་ཐབས་ཀྱི་རབ་མཆོག་གི་ཁྱད་པར་ནི་སྔགས་ཀྱི་ཐེག་པ་ཡིན་པར་གསུང ་ལ། དེ་བས་ན་སྔགས་ཀྱི་ཐེག་པའི་ཁྱད་པར་གང་ཡིན་པ་དེ་བརྗོད་པར་བྱ་སྟེ།། ཚུལ་གསུམ་གྱི་སྒྲོན་མ་ལས། དོན་ཅིག་ནའང་མོ་རྨོངས་དང་།། ཐབས་མང་དཀའ་བ་མེད་པ་དང་།། དབང་པོ་རྣོན་པོའི་དབང་མཛད་པས།། སྔགས་ཀྱི་ཐེག ་པ་ཁྱད་པར་འཕགས།། ཞེས་བཤད་པ་དང་། དེ་བཞིན་དུ་དཔལ་མཆོག་དང་པོ་ཞེས་བྱ་བའི་སྔགས་ཀྱི་ཚུལ་ལས།། བདག་ཉིད་སངས་རྒྱས་ཐམས་ཅད་དེ།། བྱང་ཆུབ་སེམས་དཔའ་ཀུན་ཀྱང་ཡིན།། དེ་བས་རང་ལྷའི་སྦྱོར་བ ་ཡིས།། བདག་ཉིད་ཉེ་བར་བསྒྲུབ་པ་བྱ།། ཞེས་གསུངས་པ་དང་། ཡང་དེ་བཞིན་དུ།། ལྡིང་དམ་ཡང་ན་འདུག་པའམ།། ཆགས་པའམ་ཇི་ལྟར་གནས་པའམ།། རྒོད་དམ་རབ་ཏུ་སྨྲ་བ་འམ།། གང་དང་གང་དུ་ཇི་ལྟར་གནས།། དཀྱིལ ་འཁོར་དག་ཏུ་མ་ཞུགས་པ་འམ།། སྒྲིབ་པ་ཀུན་དང་ལྡན་ཡང་རུང་།། རང་ལྷའི་སྦྱོར་བའི་བདག་ཉིད་ཅན།། བསོད་ནམས་ཆུང་ཡང་འགྲུབ་པར་འགྱུར་ཞེས་གསུངས་པ་དང་། ཡང་དེ་བཞིན་དུ།། མཚམས་མེད་ལྔ་ལ་སོགས་པ་ཡི།། སྡིག་པ ་ཆེན་པོ་བྱེད་པ་ཡང་།། ཐེག་པ་བླ་ན་མེད་པ་ཡི།། ཐེག་མཆོག་འདི་ལ་འགྲུབ་པར་འགྱུར་ཞེས་གསུངས་པ་དང་། ཡང་དེའི་ཁྱད་པར་གསུངས་པ་ནི།། བདེ་བས་བྱང་ཆུབ་ཐོབ་འགྱུར་གྱི།། ལུས་ཀྱི་གདུང་བ་བྱང་ཆུབ་མིན།། གང་ཕྱིར་ཏིང ་འཛིན་ལས་བྱུང་བའོ།། སེམས་བདེ་བ་ལས་འཚང་རྒྱར་འགྱུར་ཅེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་པ་ཡིནོ།། དེ་ལྟར་ཇི་སྐད་དུ་གསུངས་པའི་མཚན་ཉིད་ཅན་གྱི་སྔགས་ཀྱི་ཐེག་པ་ཆེན་པོ་ནི་དཀར་བ་མེད་པའི་སྤྱོད་པས་སྐད་ཅིག་མ་གཅིག ་ལ་མངོན་པར་བྱང་ཆུབ་པ་ཐོབ་པར་བྱེད་པ་ཡིན་ཞིང་། གོང་ནས་གོང་དུ་ཕྱིན་ཅི་མ་ལོག་པའི་ཐབས་ཀྱིས་ཁྱད་པར་དུ་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོའི་དབང་གིས་གང་གསུངས་པ་དེ། དེ་ཁོ་ན་ཉིད་ཀྱི་སྙིང་པོ་བསྡུས་པ་འདིར་བསྟན་ཏམ ་ཞེས། འདིར་བརྗོད་པར་བྱ་སྟེ། འདི་ནི་ད་ལྟར་སྲིད་པའི་ལམ་དུ་ད་ལྟར་སྐྱེས་པ་དང་། སྐྱེ་བར་འགྱུར་བའི་སེམས་ཅན་མཐོང་བ་དང་།། ཐོས་པ་རྣམས་ནི་སྔགས་ཀྱི་སྤྱོད་པའི་སྣོད་ཇི་ལྟ་བ་མ་ཡིན་ནོ།། དེ་ཡང་རེ་ཞིག་ད་ལྟར་བྱུང ་བ་རྣམས་ནི་མ་རིག་པའི་དཔུང་གིས་བདག་དང་བདག་གིར་འཛིན་པ་ལ་སོགས་པ་ལྟ་བ་ངན་པོའི་ཤིང་གིས་སྦར་བའི་མེས་རྒྱུད་བསྲེགས་པ། རང་གི་རྣམ་པར་རྟོག་པའི་རླུང་གིས་བློ་རྣམ་པར་གཡེངས་པ་དམན་པའི་བློ་ཅན་ལོག་པར་འཛིན ་མངོན་པར་ཞེན་པ་སྣ་ཚོགས་པའི་རིམས་ཀྱིས་བཏབ་པའི་སེམས་དང་ལྡན་པའི་ཉམ་ཐག་པ་ཉོན་མོངས་པའི་རྦ་རླབས་ཀྱིས་བློ་རྣམ་པར་གཡེངས་པ་དེ་རྣམས་ཀྱིས་གསང་སྔགས་ཀྱི་ཚུལ་ལས་བསྟན་པའི་ཕྱིན་ཙ་མ་ལོག་པའི་ཐབས་ཀྱི་ཁྱད ་པར་ཟབ་མོ་རྣམ་པར་ཕྱེ་བའི་མཚན་ཉིད་ཅན། ཤིན་ཏུ་རྒྱ་ཆེ་བའི་འཇིག་རྟེན་ལས་འདས་པའི་སྤྱོད་པ་སྤྱད་པར་ག་ལ་ནུས།། དེ་ལྟ་བུའི་མཚན་ཉིད་དང་ལྡན་པའི་སེམས་ཅན་ཉིད་ལ་དགོངས་ནས་སྔོན་བཅོམ་ལྡན་འདས་ཐམས་ཅད་མཁྱེན་ཅིང ་ཐམས་ཅད་ག་གས་པ་ཉིད་ཀྱིས་མ་འོངས་པའི་སེམས་ནྡྷ་རྣམས་ཀྱི་སྤྱོང་བ་མ་བྱེན་ནས་སྔགས་ཀྱི་ཚུལ་ལ་དགག་པ་གསུངས་པ་ཡིན་ནོ།། དེ་ཡང་བཅོམ་ལྡན་འདས་ཀྱིས་གསང་སྔགས་ཀྱི་ཕོག་པའི་ཚུས་ལས།། ་ཤེས་རབ་དོན་མི་ཤེས་ཤིང་།། ངང་འཛིན་དྲི་མས་སྐྱུགས་པ་རྣམས།། དེའི་འཇིག་རྟེན་འདས་སྤྱོད་བྱ།། དམྱལ་བ་འགྲོ་བ་ཁོ་ནར་བྱེད།། ཅེས་གསུངས་པ་དང་། ཡ་དེ་ཉིད་ལས།། ཐབས་བཟངས་རྣམ་པར་སྤངས་ནས ་ནི།། འགལ་བའི་དམ་ཚིག་ལྔ་པོ་གུས་པ།། གང་ཞིག་གཞན་དུ་བྱེད་པ་དག། དེ་ནི་དྲ་འབྲོད་དག་ཏུའི་རྗོད།། དཔོར་ན་འདི་ན་རབ་འབར་མེར།། དྷུ་དང་ཤིང་ལ་སོགས་པའི་ཚོགས།། བཅུག་པ་ཐལ་བ་ཉིད་འགྱུར་གྱི།། སླ ་ནི་རབ་ཏུ་སྐྱེ་མོ་འགྱུར།། དེ་བཞིན་དེ་ཉིད་རྣམ་བྲལ་བར།། ཤིན་ཏུ་མི་བཟང་རྨད་བྱུང་ལས་བྱེད་པ།། ཇི་སྲིད་ན་མཁའ་གནས་དཱུརྱ་དུ།། ཤིན་ས་དམྱལ་བར་འགྲོ་བར་འགྱུར་ཞེས་གསུངས་པ་དང་། གཞན་ཡང་།། ལེགཔ ་བརྟག་པ་ལོགས་པར་དཔྱད་ནས་ནི།། མཁལ་པས་རབ་ཏུ་འཇུག་བྱ་འོ།། གཞན་དུ་མིན་ནི་འཇོག་པ་ཡིས།། བཅུ་དྲུག་། ཆར་ཡང་མི་ཕོད་དོ་ཞེས་གསུངས་པོ་དང་། ཡང་དེ་ཉིད་དེ་ཉིད་ཀྱིས་ཤེས་ནས།། ལྷག་པར་མྱོས་པར་དེས་བརྟེན ་གང་།། ངེས་གྲུབ་འགྱུར་གྱིས་གཞན་དུ་དེ།། དམྱལ་བཆེན་པ་པོ་ལྟུང་བར་འགྱུར།། ཞེས་བྱ་བ་ལ་སོགས་པ་རྒྱ་ཚོར་གསུངས་པས་སེམས་ཅན་པ་ལ་བ་རྣམས་ལ་སྔགས་ཀྱི་ཚུལ་བསྟན་པ་དགག་པར་མཛད་པ་ཡིན་ནོ།། ཁོ་བོ་ཅག ་གིས་ཀྱང་བཅོམ་ལྡན་འདས་ཀྱིས་དགག་པར་གསུངས་པའི་བཀའ་འདི་ཉིད་ཀྱིས། དེ་ཁོ་ན་ཉིད་ཀྱི་སྙིང་པོ་བསྡུས་པ་འདིར་གསང་སྔགས་ཀྱི་ཚུལ་ལ་བསྟན་པའི་ཐབས་ཀྱི་ཁྱད་པར་མ་བསྟན་པ་ཡིན་ནོ།། ཐེག་ཆེན་དོན་ནི་ཅུང་ཟད་ཅིག། ་བཏུས་ནས་སྙིང་པོས་པོར་བསྡུས་པ་ལ།། གང་འདིར་ཅུང་ཟད་མི་བསལ་བ།། དེ་ནི་གཞན་དུ་ལེགས་པར་བརྟག། འདི་ནི་ཆོས་གྲགས་ལ་སོགས་པས།། དབུ་མོའི་ལུང་དུ་མང་པོར་ནི།། སྤྲོས་པས་རྣམ་པར་ཕྱེ་བས ་ན།། རྣམ་པར་རྨོངས་པ་བཤོལ་བ་ཡིན།། ཐེག་ཆེན་ལ་དགའི་བདག་ཉིད་ཅན།། སེམས་ཅན་དང་པོའི་ལུས་ཅན་རྣམས།། ཡང་དག་དེ་ཉིད་རྟོགས་བྱའི་ཕྱིར།། དེ་ཉིད་སྙིང་པོ་བདག་གིས་བཤད།། ་སྙིང་རྗེ་བདུད་རྩིའི་རོས་བརླན་ཅིང་།། སེམས་ཅན་དོན་ལ་དགའ་སེམས་ཀྱིས།། དད་པས་བྱང་ཆུབ་འདོད་པའི་ཕྱིར།། དུ་ཡིས་འདི་ནི་བསྡུས་པ་ཡིན།། འདིར་གང་བློ་གྲོས་དམན་གྱུར་པའམ།། ་མ་དཔྱད་པར་ནི་གང་བྱས་པ།། ཅུང་ཟད་བརྒོལ་བཅས་དེ་དག་ཀུན།། མཁས་པས་བདོག་ལ་བཟོད་པར་མཛོད།། དེ་ཉིད་བདུད་རྩི་དག་པ་འདིས།། ཐུགས་རྗེའི་རྒྱུད་ནི་དག་པ་ཡཱ། ་བཞིན་གཤེགས་པ་མ་གཏོགས་གཞན།། ཉིད་ལོངས་སྤྱོད་དོན་མོ་རུང་ཡིན།། དེ་ཉིད་ཀྱིས་ནི་བཤང་དཀའ་བ།། གྲུབ་མཐོའི་རྗེས་འགྲོའི་བློ་ཅན་ཝ། བློ་གྲོས་དེ་ནི་དགེ་བྱའི་ཕྱིར།། སྙིང ་རྗེས་བསྟན་ལ་འཇུག་པ་ཡིན།། རང་ཟབ་ཤིན་ཏུ་རྒྱ་ཆེ་ལ།། སྦྱངས་པ་མ་བྱས་བདག་ཉིད་ཅན།། རྨོངས་པའི་དགྲ་བོ་བདག་གཞན་གྱི།། ཐེག་པ་ཆེ་ལ་སྤྱོད་པར་བྱེད།། ་མྱ་ལ་རྨོངས་པས་བསྒྲིབས་ནཔ་ནི།། དེ་ཉིད་ལ་ནི་འགེགས་བྱེད་གང་།། དེ་ལ་བདེ་འགྲོ་འང་ཡོད་མིན་ན།། ཐར་པ་ཐོབ་པར་ག་ལ་འགྱུར།། ཐག་པ་ཆེན་པོའི་ཚུལ་གནས་པ།། བྲམ་ཟེ་ཀླུའི་དོང ་བོའི་བུ།། ཆོས་ཀྱི་དབང་པོ་དཔལ་ལྡན་གྱིས།། དེ་ཉིད་བསྡུས་པའི་སྙིང་པོ་བྱས།། དེ་བཞིན་གཤེགས་པའི་དེ་ཉིད་བདུད་རྩི་མཚོ་ནང་ནས།། འགྲོ་ལ་སྙིང་རྗེས་བླངས་ནས་ཡང་དྲུག་དགེ་བྱུ་གླང་།། བསག ་བྱ་དེས་ནི་འགྲོ་བའི་ཉེས་པ་ཀུན་བསལ་ཏེ། ལུས་ཅན་ཐམས་ཅད་དེ་བཞིན་ཉིད་གཅིག་ལ་གཞོལ་ཤིག།། དེ་ཁོ་ན་ཉིད་ཀྱི་སྙིང་པོ་བསྡུསྨྲ་། ་མ་གྱི་དབང་པམི་མཛད་པརྫོགས་སོ།། ། རྒྱ་གར་གྱི་མཁན་པོ་ཛིན་དྷན་དང་། བོད་ཀྱི་ལོ་ཙབ་དགི་སློང་ངོན་ཆེན་བབང་ས ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ། ་