| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། མནྟྲ་ན་ཡཱ་ལོ་ཀ། བོད་སྐད་དུ། གསང་སྔགས་ཀྱི་ཚུལ་གྱི་སྣང་བ། བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་ལ་ཕྱག་འཚ་ལོ།། རྣམ་དག་དགའ་བ་ཡང་དག་འབབ།། རབ་མཛེས་རྒྱ་ཆེའི་སྐུ་མངའ་བ།། ཤེས ་རབ་ཐབས་བདག་ཉིད་རྡོ་རྗེ།། སྐུ་གསུང་ཐུགས་ལ་ཕྱག་འཚལོ།། དུས་ཀྱི་བདག་ཉིད་ངན་པ་དང་། འགྲོ་བའང་སྐལ་པ་མེད་པ་དག། གཟིགས་ནས་བདོག་གི་བླ་མ་ཡིས།། གསང་སྔགས་ཚུལ་བཤད་བཀག་པ་ཡིན།། འདི་ལྟར་དེ་ཉིད་ཀྱིས ་མཛད་པའི།། དེ་ཉིད་སྙིང་པོ་བསྡུས་པར་ནི།། དེ་མ་བཤད་པའི་རིགས་པ་དང་།། དགོངས་པ་ཡང་ནི་བསྟན་པ་ཡིན།། གང་ཡང་བློ་དམན་ཁ་ཅིག་ནི།། དེར་ངསྔ་མ་རྟོགས་པ་ཉིད་དང་།། ཕྲག་དོག་ཡིན་པར་དོགས་བྱེད་ཅིང་།། རྨོངས་པ་ཡིས་ཀྱང་དེ ་བརྙས་བྱེད།། དེ་སྤོང་སྡིག་པའི་མྱེ་ནང་དུ།། ཕྱེ་མ་ལེབ་ལྟར་ཇི་སྲིད་ནི།། ལྟུང་བར་མ་གྱུར་དེ་སྲིད་དུ།། དེ་སྐྱོབ་པ་ལ་བདག་འབད་དོ།། འདི་ནི་ཆོས་བདག་མྱེད་པ་ནི།། ཐོས་པ་ཙམ་གྱིས་བློ་དོན་རྣམས།། ཕྲལ་ཆེར་རྒྱད་པན་གྲུབ་མཐའ་ཡི།། གཞུང་ལུགས ་ལ་ནི་ཀུན་ཏུ་བརྟེན།། ཟས་དང་སྤྱོད་ལམ་ལ་སོགས་པ།། ངན་པ་རང་དགའ་ཉིད་དུ་བྱེད།། བླ་མ་དགེ་བའི་པོ་ཤེས་གཉེན་ཡང་།། མི་ཤེས་དྲེགས་པས་སྨོད་པར་བྱེད།། བདག་དང་བདག་གིར་འཛིན་སྐྱོ་བྱེད།། ཅུང་ཟད་ཙམ་ཡང་བཙལ་བར་ནི།། མི་ནུས ་བཞིན་དུ་ཆོས་རྣམས་ཀྱི།། ངོ་བོ་མེད་པ་ཉིད་དུའང་སྨྲ།། ཐུབ་པ་ཆེན་པོའི་བསྟན་པ་ཡི།། དེ་ཉིད་དོན་ནི་མི་ཤེས་པར།། མི་བཟད་ལས་ཀྱིས་བཅོམ་པ་རྣམས།། གཞན་དག་ཀྱང་ན་རླིག་པར་བྱེད།། བདེ་གཤེགས་གཞུང་དུ་བཅོས་པ་ཡི།། བསྟན་པ་འཇིག ་བྱེད་བདུད་དེ་ནི།། གཞོམ་པའི་དོན་དུ་བདག་ཅག་གིས།། དེ་ཉིད་ཅུང་ཟད་བསྟན་པར་བྱ།། འཇིག་རྟེན་གྲགས་ལམ་པ་ཟདེ་སྤྱོད་པ།། འཇིག་རྟེན་རྒྱང་ཕན་མ་གཏོགས་པ།། མུ་སྟེགས་པ་ཡང་འདོད་མིན་ན།། སངས་རྒྱས་རྗེས ་འབྲང་སྨོས་ཅི་དགོས།། ཉོན་མོངས་ཤེས་བྱའི་སྒྲིབ་འཇིག་ཅིང་།། བདུད་རྣམས་འཇོམས་པའི་བསྟན་པ་ནི།། ཉེས་པ་ཀུན་ལས་རྣམ་གྲོལ་བ།། བློ་གྲོས་དྲན་པས་དྲི་མས་བསྒོས།། བདེ་གཤེགས་གཞུང་ནི་གང་ཡིན་ལ།། ཟས་སྤྱོད་ངན་འདིག ་ལ་ཡོད།། ཉི་མ་དག་དང་མུན་ནཱག་ནི།། ལྷན་ཅིག་གནས་པར་སྣང་བ་ཡིན།། འོན་ཏེ་དེ་ཉིད་རྣལ་འབྱོར་པ།། བདག་ཅག་ལ་ནི་ཁ་ཟས་དང་། སྤྱོད་ལམ་སོགས་ཀུན་ཅི་དགའ་བར།། རྣལ་འབྱོར་རྒྱུད་ལས་སྐྱོབ་པས་གནང་།། དེ་ཡོད་འདྲི་ནི ་གསལ་ཉིད་དུ།། ཟླ་གསང་ཐིག་ལེ་ལ་སོགས་ལས།། རྣལ་འབྱོར་པ་ཡིས་མི་བྱ་བ།། ཅི་ཡང་མེད་ཅེས་གསུངས་པ་ཡིན།། གཞན་ཡང་། ཆོས་དང་ཆོས་མིན་ལ་སོགས་པ།། ཐམས་ཅད་བསམ་པས་བརྟག་པར་ཟད།། དངོས་པོ་དེ་ལྟའི་རང ་བཞིན་ཡིན།། ཁྱོད་ཀྱི་ཚད་མ་ཅི་ཡང་མེད།། བྱ་བའི་འབྲས་བུ་བསམ་པ་ལ།། རག་ལས་དེ་ཕྱིར་དེ་བཞིན་གཤེགས།། བརྩེར་ལྡན་དེ་ཉིད་གཟིགས་པ་ཡིས།། བཀག་པ་རྣམས་ཀྱང་གནང་བར་མཛད།། གཞན་ཡང་འདི་དག་རང་བཞིན་གྱིས།། ཆོས ་རྣམས་ཐམས་ཅད་བདག་མེད་དེ།། ན་མཁའི་ཨུཏྤ་ལ་སོགས་བཞིན་གསོག། ཉོན་མོངས་ཅི་ཞིག་བྱེད་པར་འགྱུར།། ཡང་ན་འདི་དག་ཁྱད་འཕགས་པའི།། ཚོགས་པ་དང་ནི་ལྡན་གྱུར་པས།། འབྲས་བུ་ཁྱད་འཕགས་ཉིད་འབྱིན་ཏེ།། རྒྱུ་སྐྱེགས་ཀྱིས ་བསྒོས་ས་བོན་མཚུངས།། རྫས་སོགས་མཉམ་ཉིད་གོམས་པ་ལས།། ངེས་པར་དག་པ་ཉིད་གྱུར་པའི།། སེམས་ཀྱི་བྱང་ཆུབ་ཐོབ་འགྱུར་ཞེས།། དེ་ལྟར་དེ་ཉིད་ཤེས་རྣམས་གནས།། ཆོས་རྣམས་སྒྱུ་མུ་ལྟ་བུ་ཡི།། དོན་དམ་པ་ཉིད་མཐོང་ན་ནི།། ། ་རྫོགས་སངས་རྒྱས་ལྟར་འཇིག་རྟེན་འདིར།། ཅི་བདེ་བར་ནི་གནས་པར་བྱ།། དཀའ་བའི་ལས་ནི་གང་ཅི་ཡང་རུང་།། གང་ཞིག་ཉོན་མོངས་སྐྱེད་འགྱུར་བ།། དེ་ནི་འཇིག་རྟེན་མགོན་པོ་ཡིས།། སྔགས་སྦྱོང་གནས་པ་རྣམས་ཕྱིར་བཀག། དེ་བས ་བྱང་ཆུབ་ཐོབ་འགྱུར་སོགས།། གསུང་ལ་མ་གུས་པ་རྣམས་ནི།། བསྟན་བཅོས་མི་ཤེས་འདི་ནི་ཞེས།། དམ་ཚིག་སྣང་རྣམས་བདག་ལ་སྨོད།། དེ་ལྟར་ཡིད་ནི་མ་རིག་པའི།། གཉིས་ཀྱིས་ཡེ་ཤེས་མིག་རྒྱུ་བཏབ།། སད་མ་གྱུར་པས ་བློ་ངན་རྣམས།། དེ་དང་དེ་ནི་སྐྱེ་བར་བྱེད།། སྤྱིར་ནི་རྒྱུད་རྣམས་ཐམས་ཅད་ལུས།། འདི་འདྲའི་དམ་ཆོག་སྡོམ་པ་ནི།། མགྲིན་པོས་གསུང་བ་བདེན་མེད་ཀྱི།། འོན་ཀྱང་འདི་དེ་རྣམས་དཔྱད་བྱ།། བཟའ་མིན་བགྲོད་མིནི་བརྟེན་ལྔ་སོགས།། གལ ་ཏི་བྱང་ཆུབ་འགྲུབ་འགྱུར་ན།། ཐ་མལ་པ་དྲང་དུད་འགྲོ་ཡང་།། ཅི་ཕྱིར་ད་དུང་གྲོལ་མ་གྱུར།། དུག་གི་ནུས་པ་འཆི་བ་དང་།། འཁྲུ་བུའི་ནུས་པ་འཁྲུ་བ་ལྟར།། བཟའ་མིན་སོགས་པ་སྡིག་སྐྱེད་དེ།། དངོས་རྣམས་ནུས་པ་སྣ་ཚོགས་ཡིན།། ལ་ལས་དུག ་ནི་ཟོས་པ་ཡིས།། དེའི་མཐུ་རྟོགས་མ་ཡིན་གྱིས།། འོན་ཀྱང་འཇིག་རྟེན་གྲགས་ཕྱིར་རམ།། བསྟན་བཅོས་ལས་ནི་ཤེས་པ་ཡིན།། གུར་ཀུམ་ལ་སོགས་སེར་བ་དང་།། བཤང་བ་ལ་སོགས་སྨད་པ་ཉིད།། ངོ་བོ་ཉིད་ཀྱིས་གྲུབ་པ་ལ།། གཞན་དུ་བྱ་བར ་སུ་ཡིས་ནུས།། དུག་སོགས་ནུས་པ་དེ་ཡང་ནི།། མཐོང་བ་ཉིད་ན་ཉམས་མྱོང་འགྱུར།། བཟའ་མིན་སོགས་ནི་མི་མཐོང་ཡང་།། དེ་ནི་དེ་བཞིན་རྟོགས་པར་འགྱུར།། ཕྱིན་ཅི་ལྡོག་གི་ལས་བྱེད་ན།། རེ་ཞིག་འཇིག་རྟེན་སྨོད ་བྱེད་ལ།། དེ་བཞིན་རྒྱལ་པོ་ལ་སོགས་ཀྱིས།། ཆད་པས་རྨོངས་པ་འཇིག་པར་འགྱུར།། ཇི་ལྟར་བཅོས་མའི་གུསེར་ལ་སོགས།། གསང་སྟེ་འཚོ་བར་བྱེད་པ་ཡིན།། དེ་བཞིན་སྔགས་སྤྱོད་རུང་གི་ནི།། ཉམ་སུ་ལོན་ལ་འཇུག་པར་འོས། བཀྲིམ ་སྐོམ་ཚ་གྲང་རྨུགས་པ་དང་།། གཉིད་སོགས་ཀྱིས་རབ་གདུངས་གྱུར་པ།། སྣང་ན་ད་རུ་ཁྱོད་ཀྱི་ནི།། དངོས་པོ་མེད་པ་གང་དུ་སོང་།། ཆོས་རྣམས་ཐམས་ཅད་བདག་མེད་ལ།། རྙེད་དང་བཀུར་སྟི་འདོད་པ་ཉིད།། སྣང་ན་རྣལ་འབྱོར་པ་དག་ནི།། ཤིན ་ཏུ་ངོ་མཚར་ཅིས་མ་བྱེད།། ཕན་བྱེད་སྡུག་པར་མཐོང་བ་དང་།། ལ་ལ་གནོད་བྱེད་མཐོང་བ་དོག། དངོས་ལ་དབང་པོ་འདས་ཞེས་ལ།། མ་མཐོང་བ་ལའང་ངེས་པ་འདིའོ།། ཁྱེད་ཀྱིས་སྤང་བྱ་སྤང་བ་དང་།། བླང་བྱ་བླང་བར་ཅིས་མི་སྣང་།། འཇིག་རྟེན་ཕ་རོལ ་དག་ཏུ་ཡུང་།། འདི་ལོ་ཙོ་ཕྱིར་མངོན་མི་དགའ།། བྱ་བ་རྣམས་ཀྱི་འབྲས་ཡོད་ཅེས།། ཁྱེད་རྣམས་ཀྱིས་ཀྱང་ངེས་པར་བྱ།། དེ་ལྟར་མིན་ན་ཟས་སྐོམ་སོགས།། འཐོབ་ཕྱིར་སྤྱོད་པ་ཙོ་སྟི་བྱེད།། ཐུབ་པའི་བསྟན་པ་ངོས་པོ་དང་།། དཱུང་བའི་དོན་གྱི་དབྱེ་བས་ཕྱེ།། དམ ་ཚིག་ལ་སོགས་དྲང་དོན་ནོ།། མིན་ཞེས་ངེས་ཉིད་ཇི་ལྟར་བྱེད།། འདི་ནི་གསལ་བར་དྲང་དོན་ནི།། ཡིན་པར་ཡེ་ཤེས་གྲགས་པས་བཤད།། དེ་ན་དེ་ཉིད་འཇུག་པ་ལསོ།། དེའི་ཚིག་འདི་ནི་མཉན་པར་གྱིས།། གནོད་སྦྱིན་སྲིན་པོ་ཤ་ཟ་སོགསོ།། དམ་ཚིག ་བསྟན་པར་མཛད་པ་ནི།། ཡིད་རྟོན་སེམས་ཀྱི་ཞེན་པ་དག། དེ་རྣམས་དེ་བསྒྲུབ་ཕྱིར་ཡིནོ།། ལོག་རྟོག་དྲ་བ་ཐམས་ཅད་ལ།། ངེས་པར་ཟློག་ཕྱིར་སྐྱོབ་པ་ཡིས།། རིགས་ཀྱི་དབྱེ་བ་ལ་བརྟེན་ལ།། དམ་ཚིག་ངེས་པར་གསུང་བ་ཡིན།། གལ་ཏེ་དངོས ་རྣམས་སྟོང་ཉིད་དུ།། ཡང་དག་ཉིད་དུ་ཁས་ལེན་ན།། ཅི་ཕྱིར་ལ་ལར་མངོན་ཞེན་པས།། འདི་ཉིད་ལ་ནི་ཁས་འཆེས་བྱེད།། འོན་ཏེ་སེམས་ཅན་ཆེན་པོ་འགའ།། དམ་ཚིག་ལ་སོགས་བསྟན་པ་ཡིས།། དངོས་གྲུབ་ཉེ་བར་ཐོབ་ཅེས་ཐོས།། བདག ་ཅག་རྣམས་ཀྱང་དེ་རྗེས་འབྲེང་།། ཁྱེད་འདྲའི་བློ་གྲོས་ཆུང་ངུ་དག། དེ་ཉིད་མཐོང་བ་དེ་ལྟ་བུའི།། བསམ་པའི་རྒྱ་མཚོ་ག་ཏིང་ཟབ་པར།། འཇུག་པར་ནུས་པ་ག་ལ་ཡིན།། བྱིས་པས་རྡུལ་ཙམ་ལ་ནི།། བཟའ་བ་འདི་དང་བཏུང་བ་འདི།། ཚོད་མ་སྣ་ཚོགས ་ཀྱང་ཟོ་ཞེས།། རྩེད་མོ་བྱེད་པ་ཇི་ལྟ་བར།། དེ་བཞིན་དེ་ཉིད་མི་ཤེས་པའི།། སྔགས་ཀྱི་བསྟན་བཅོས་ལ་བསྒོམ་པ།། རང་གི་རྟོག་པས་ཀུན་བསྐྱེད་པའི།། འབྲས་བུ་མེད་པར་ད་ལྟར་སྣང་།། བསྟན་བཅོས་བདེན་པ་ལ་བསྟེན་ཅིང་།། བླ་མའི་ལུང་ནི ་བསྒོམ་པ་དག། བྱེད་ན་རྣལ་འབྱོར་འབྲས་བུ་འདི།། མེད་ཅེས་ཅི་ཕྱིར་སེམས་པར་བྱེད།། ཡང་དག་པའི་རྣལ་འབྱོར་པ།། དངོས་མེད་རྟོགས་ཤིང་བརྩེར་ལྡན་ལ།། རྒྱལ་བས་འདྲ་གསུང་བདེན་མོད་ཀྱི།། དེ་ལྟར་འདི་འདྲ་འགའ་མ་མཐོང་།། རྫོགས་སངས་རྒྱས་ལྟར ་འཇིག་རྟེན་འདིར།། ཙོ་བདེར་གནས་བྱ་གང་སྨྲ་བ།། ཁྱོད་ལ་རྫོགས་སོངས་མཚན་མིའི་ཆ།། ཡོད་པར་ཅི་ཡི་ཕྱིར་མི་སྣང་།། གལ་ཏེ་སྔགས་ཀྱི་བསྟན་པ་ལ།། སྣོད་དུ་གྱུར་པ་ཁྱོད་ཡིན་ནོ།། བདག་ཅག་དམ་ཚིག་ལ་སྡང་བས།། འགལ་བར་སྨྲ་བར་གྱུར་པ་ཡིན།། ་གལ་ཏེ་ཟས་སྐོམ་སྒོ་ནས་ནི།། རྫས་སོགས་མཉམ་པར་སློབ་བྱེད་ན།། སྦྱིན་ལ་སོགས་པའི་ལམ་གྱིས་ནི།། མི་སློབ་ཅེས་པ་ངོ་མཚར་ཆེ།། གལ་ཏེ་སྒྱུ་མ་ལྟར་གནས་པ།། འདི་ལ་ཁྱོད་ཀྱིས་བརྟེན་བཅསན།། བཀྲེས་སྐོམ ་གང་སོགས་གནོད་པ་ལ།། ཁྱེད་ཀྱི་སྒྱུ་མ་གང་དུ་སོང་།། འཇིག་རྟེན་གཉེན་གྱིས་སྔགས་པ་ལ།། ཚོགས་པ་ཁྱད་པར་ཅན་གསུངས་པ།། དེའི་ཆི་ཁྱོད་ལ་ཡོད་མིན་པས།། རྒྱུ་མེད་འབྲས་བུ་ག་ལས་བྱུང་།། བདེ་བོས་བྱང་ཆུབ་ཐོབ་འགྱུར་དང་།། དཀའ ་བར་སྤྱོད་པའང་སྤང་བ་ནི།། ཉོན་མཚན་བསྒོམ་བརྩེན་རྣལ་འབྱོར་པ།། གང་ཡིན་དེ་ཡི་དེ་གསུངས་སོ།། རྒྱལ་བས་གསུང་ཚིག་གང་གང་ཡིན།། སྔ་མའི་ཕྱོགསུ་བསྟན་པ་རྣམས།། རང་ཉིད་གསད་ཕྱིར་གཤིང་བྱེད་ནི།། རང་ཉིད་ཇི་ལྟ་སློང་བར་བྱེད།། དེ་བཞི།། ། ་ཉིད་གཽནས་རྣལ་འབྱོར་པ།། ཤེས་རབ་ཐབས་མཆོག་བདག་ཉིད་ཅན།། དེ་ལ་གསུངས་པ་དེའི་ནང་ནས།། ཁྱེད་ལ་ཆུང་ངུའང་འགངས་འཐོང་།། གང་ཡང་མགོན་པོས་སྔགས་ཚུལ་ལས།། དགག་པ་མང་པོ་གསུངས་པ་དག། ད་ནི་སྐལ་མེད་ཕྱིར་ཡིན་ན། ཆོངས ་པ་ཁྱོད་ཀྱིས་ཅེས་མ་མཐོང་།། རབ་བརྟགས་ཤིན་ཏུ་ལེགས་དཔྱད་ནས།། མཁས་པ་རྣམས་ནི་འཇུག་བྱི་ཡི་ན།། གཞན་དུ་འདི་ནི་མེར་འཇུག་པས།། བཅུ་དྲུག་ཆར་ཡང་མི་ཕོད་དོ།། དེ་ཉིད་དེ་ཉིད་ཀྱིས་ཤེས་ནས།། གང་ཞིག་ལྷག་མས་ངེས་སྟོན་པ།། དེ་འགྲུབ ་འགྱུར་གྱི་གཞན་དུ་དེ།། དམྱལ་བ་ཆེན་པོར་ལྟུང་བར་འགྱུར།། འཇོག་རྟེན་འདས་སྤྱོད་གསང་བར་ནོ།། རྣམ་པར་མི་རྟོག་ཉིད་དུ་སྤྱད།། གཞན་དུ་བག་མེད་པར་གྱུར་ན།། དེ་ནི་རྣམ་རྟོག་འཕྱོས་པར་འགྱུར།། གལ་ཏེ་ཤེས་རབ་ཐབས་དག་ལས།། སེམས་ན ་གཞན་དུ་མི་འཕྲོ་ན།། དེ་ནི་ངེས་པར་བྱང་ཆུབ་ཆེ།། རབ་ཏུ་སྦྱིན་བྱེད་ཡིན་པར་བཤུད།། སྟོན་བྱེད་སྐྱེ་བོ་ངན་པ་དང་།། ཕྲད་པས་བསྟན་པ་དཀྱུས་གྱུར་པས།། བདག་གི་བླ་མས་སེམས་ཅན་རྣམས།། དེ་བཞིན་ལམ་སོགས་སོང་བར་གཟིགས།། དེས་ན་སྔགས ་ཚུལ་གསང་བར་ནི།། བྱ་ཞེས་དེ་ལྟར་བསྟན་པ་ནི།། གང་ཞིག་བསྐལ་དང་ལྡན་པ་དེས།། བླ་མའི་ཁཾ་ལས་ཤེས་པར་འགྱུར།། དེ་ལྟར་གསང་སྔགས་ཚུལ་སྣང་བྱ།། བླ་མའི་བཀའ་ཡི་རྗེས་འབྲངས་ཏེ།། བྱས་པ་འདིས་ནི་མཁས་པ་རྣམས།། དགའ་བར་འདི ་ནི་ངེས་པར་འགྱུར།། གང་ཞིག་ཅུང་ཟད་ཤེས་པ་ཡི།། དྲེགས་པས་འདི་ལས་བརྙས་མི་རིགས།། བདག་ཉིད་ཆེ་དང་སུ་ཞིག་འགྲན།། རྣལ་འབྱོར་ཅན་དེ་བཟོད་པར་མཛད།། བློ་ཆེན་གང་ཞིག་གསང་སྔགས་ཀྱི།། སྤྱོད་ལ་ཡང་དག་འཇུག་འགྱུར་བ།། དེས་ནི་བདག ་གི་ཚིག་གི་ནི།། གཅེས་དང་མི་གཅེས་རྟོགས་པར་འགྱུར།། དེ་ལྟར་བླ་མའི་ཚིག་གི་སྙིང་པོ་ལེགས་པར་བརྟགས་ནས་ནི།། རྒྱ་ཆེན་སེམས་ལྡན་དགའ་བར་བྱེད་པ་འདི་ནི་བཤད་བྱས་པས།། འདི་ལས་བདག་གིས་དགེ་བ་གང་བསགས་དེས་ནི་འཇིག ་རྟེན་རྣམས།། ཐུབ་པའི་ཁྱུ་མཆོག་གསུང་གིས་མུན་པ་ཐམས་ཅད་འཇིག་བྱེད་ཤོག། གསང་སྔགས་ཀྱི་ཚུལ་གྱི་སྣང་བ་ཞེས་བྱ་བ། རྡོ་རྗེ་སློབ་དཔོན་ཆེན་པོ་མཐོ་བཙུན་བཙོ་ཡགས་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། ་རྒྱ་གར་གྱི་མཁན་པོ་པདྨ་ཀར་བརྨ་དང་། ཞུ་ཆེན་གྱི་ལོ་ཅི་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ་