CLOSE WINDOW

GT2534: de kho na nyid la 'jugs pa zhes bya ba bde bar gshegs pa'i bka' ma lus pa mdor bsdus te bshad pa'i rab tu byed pa
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཏདྦྷ་བ་ཏཱ་ནཱུ་ཁྱཱ་ས་ཀ་ལ་སྭ་ཀ་ཏ་པ་ཙ་སྟད་པུར་བྱ་ཁྱ་ཀ་ར་ནཱ་མ། བོད་སྐད་དུ། དེ་ཁོ་ན་ཉིད་ལ་འཇུག་པ་ཞེས་བྱ་བ་བདེ་བར་གཤེགས་པའི་བཀའ་མ་ལུས་པ་མདོར་བསྡུས་ཏེ་བཤད་པའི་རབ་ཏུ་བྱེད་པ། རྣམ་རྟོག་དྲ ་བབ་དང་བྲལ་མཁའ་ལྷར་རང་བཞིན་རོ་གཅིག་ཅིང་།། འགྲོ་བ་ཀུན་ལ་ཕན་མཛད་མ་ལུས་དྲི་མེད་སྐུར་ལྡན་པ།། ཉིད་གཞན་དོན་རྣམས་ཡོངས་དག་རྒྱོ་ཆེ་མི་གཡོའི་བདེ་བའི་གཏེར།། རྒྱལ་བ་མཆོག་ལ་བཏུད་དེ་རྒྱལ་བ་གྲུབ་པའི་ཆོ་ག་བཤད།། ཕན་ལ ་མཁས་པ་རྣམས་ཀྱིས་ངེས་པར་བཤད་པའི་བསྒྲུབ་པའི་ཐབས།། འབད་དེ་བྱས་པ་ཆེན་པོ་གལ་ཏེ་ཡོད་མོད་ཀྱི།། འོན་ཀྱང་དེ་ཉིད་འཇུག་པའི་ཚོགས་ཀྱང་ནི་འདི་ཉིད་ནི།། མཁས་པ་རྣམས་ཀྱིས་དེ་ཉིད་རྟོགས་པར་བྱ་ཕྱིར་ཕན་པར་བྱས།། ལུང་ཆེན་པོ་དང་། ་ཐེག་ཆེན་དང་དབུ་མ་ལས་ཀྱང་བདག་གིས་ནི།། ཇི་བཞིན་ལུང་དང་མན་ངག་བཾ་བཞིན།། སྒོམ་པ་བཏུད་དེ་བཤད་པ་ཡིན།། འདྲི་ན་འགྲོ་བ་མ་ལུས་པ་བདག་ཉིད་ཀྱི་སྒྲིབ་པ་རྣམ་པ་གཉིས་སྤངས་པའི་སྐལ་བ་ཅན་དུ་བྱ་བ་ལ་མངོན་པར་འདུ་བྱེད་པ་ལ ་འཇུག་པས་ནི་ཉོན་མོངས་པ་དང་། ཤེས་བྱའི་སྒྲུབ་པ་སྤང་བར་བྱ་བའི་ཕྱིར་རྟོག་པ་སྔོན་དུ་གཏོང་བ་ལ་འབད་པར་བྱའོ་ཞེས་བྱ་བ་ནི་མན་ངག་ཡིན།། དེ་སྐད་དུ། ས་སྟེངས་སྐལ་མེད་ཡོད་མིན་པས།། ཐམས་ཅད་སངས་རྒྱས་འགྱུར་བ་ཡིན།། དེ་བས་རྫོགས་པའི ་བྱང་ཆུབ་ནི།། སྒྲུབ་ལ་སྒྱིད་ལུག་མི་བྱའོ་ཞེས་གསུངས་པ་ཡིན།། དེ་ལ་གསང་སྔགས་ཕ་རོལ་ཕྱིན་བདེན་པའི།། དེ་ཉིད་རྣལ་འབྱོར་མངོན་བརྩོན་རྣམས།། རང་གི་མོས་པའི་ཁྱད་པར་གྱིས།། དེ་ཉིད་རྣལ་འབྱོར་རྣམ་གསུམ་མིན།། དེ་ལྟར་སྐལ་བ་དང་ལྡན་པའི་གདུལ ་བྱའི་སྐྱེ་བོ་རྣམས་ནི་མདོར་བསྡུས་ནས། རང་གི་ལམ་ལ་ཇི་བ་བཞིན་དུ་ལྷག་པར་མོས་པའི་དབྱེ་བས་བྱེ་བྲག་རྣམ་པ་གསུམ་དུ་འགྱུར་ཏེ། གསང་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པ་རྣམས་དང་། ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་བརྩོན་པ ་རྣམས་དང་། འདོད་ཆགས་དང་བྲལ་བ་སྔོན་དུ་འགྲོ་བའི་ལམ་ལ་ལྷག་པར་མོས་པའོ།། དེ་ལ་དང་པོ་ནི་བསྒོམ་པའི་སྟོབས་རྫོགས་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མ་ལུས་པ་ཉིད་ཀྱིས་སྒོམ་པ་ལ་གཅིག་ཏུ་གཞོལ་བའི་ཕྱིར་དུས་ངེས་པ་མེད་པར ་ཀུན་ཏུ་བཟང་པོ་ཉིད་རྫོགས་པར་བྱེད་པ་ཡིན།། གཉིས་པ་ནི་སྨོས་པ་མེད་པར་སྦྱིན་པ་ལ་སོགས་པའི་བྱ་བ་མངོན་པར་རྫོགས་པས་ཕ་རོལ་ཏུ་ཕྱིན་པ་མ་ལུས་པའི་ཚོགས་ཉིད་ཀྱིས་བྱ་བའི་རང་བཞིན་གྱི་ཐབས་ལ་བསླབས་པའི་མཐར་ཐུག་པའི་ཕྱིར་བསྐལ ་པ་གྲངས་མེད་པ་གསུམ་གྱིས་སངས་རྒྱས་ཉིད་རྫོགས་པར་བྱེད་པ་ཡིནོ།། དེ་ལས་གཞན་པ་ནི་ངོ་བོ་ཉིད་མེད་པའི་རང་བཞིན་སྒོམ་པ་དང་བྲལ་པོས་རྟག་པ་ལ་སོགས་པའི་ཕྱིན་ཅི་ལོ་གོ་རྣམས་ཀྱི་གཉེན་པོ་སྡུག་བསྔལ་གྱི་བདེན་པ་ལ་སོགས་པ་བསྒོམ་པས ་འདོད་ཆགས་དང་བྲལ་བ་མངོན་དུ་བྱས་ནས་དུས་ཕྱིས་ཞི་གོན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་རྫོགས་ནས་བསྐལ་པ་གྲངས་མེད་པ་བཞིས་སངས་རྒྱས་ཉིད་རྫོགས་པར་བྱེད་པ་ཡི་ནོ།། གསུམ་པ་དེ་རྣམས་ཀྱང་ཆུང་ངུ་དང་། འབྲིང་དང་། ་ཆེན་པོ་ཉིད་ཀྱིས་སོ་སོ་ཞིང་རྣམ་པ་གསུམ་གསུམ་དུ་འགྱུར་ཏེ། གསང་སྔགས་དང་། ཕ་རོལ་ཏུ་ཕྱིན་པ་དང་། བདེན་པའི་རྣལ་འབྱོར་པ་རྣམས་ནི་དགུར་ཡང་འགྱུར་བ་ཡི་ནོ།། དེ་རྣམས་ཀྱང་རེ་རེ་ཞིང་དབང་པོ་རབ་དང་། འབྲིང་དང་། ཐ་མེ་ཉིད་ཀྱིས་གསུམ་དུ ་འགྱུར་རོ།། དེ་ལ་དབང་པོར་རབ་ནི་གསང་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པ་རྣམས་ཀྱི། དབང་པོ་རབ་ནི་སྙིང་རྗེ་ཆེན་པོ་དང་ལྡན་ཞིང་། ཉོན་མོངས་པ་ཆུང་བ་ཉིད་དང་། ཕྱག་རྒྱ་ཆེན་པོ་དང་གཉི་སུ་མེད་པར་སྦྱོར་བ་སྒོམ་པ་ལ་གཅིག་ཏུ་མོས་པ་ཡིན་པའི་ཕྱིར་རོ།། དབང་པོ ་འབྲིང་ནི་དངོས་པོ་མེད་པར་ལྷག་པར་མོས་སུ་ཟིན་ཀྱང་ཉོན་མོངས་པའི་དབང་དུ་གྱུར་པས་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཡེ་ཤེས་ཀྱི་ཕྱག་རྒྱ་དང་གཉིས་སུ་མེད་པའི་སྦྱོར་བ་སྒོམ་པ་ལ་གཅིག་ཏུ་མོས་པོ་ཡི་ནོ།། དབང་པོ་ཐ་མ་ཡང་སྟོང་པ་ཉིད་ལ་མོས་སུ་ཟིན་ཀྱང་སེམས ་ཀྱི་རྒྱུད་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དྲག་པོའི་དབང་དུ་གྱུར་པས་ཅི་རིགས་པའི་དམ་ཚིག་དང་ལས་ཀྱི་ཕྱག་རྒྱའི་སྙོམས་པོར་འཇུག་པའི་རྣལ་འབྱོར་དང་ལྡན་པར་ཐམས་ཅད་སྒོམ་པ་ཡིན་ཏེ། ཡེ་ཤེས་དང་། དམ་ཚིག་དང་། ལས་ཀྱི་ཕྱག་རྒྱ་དང་གཉིས་སུ ་མེད་པར་སྒོམ་པ་འདི་དག་ཀྱང་ཕྱག་རྒྱ་ཆེན་པོ་དང་གཉིས་སུ་མེད་པའི་སྦྱོར་བ་ལ་འཇུག་པའི་ཕྱིར་ཡིནོ་ཞེས་ཁོ་བོ་སྨྲ་སྟེ། འདི་དག་ཐམས་ཅད་ཀྱང་སོ་སོའི་སྐྱེ་བོ་ཉིད་ཀྱི་གནས་སྐབས་ན་ཕྱིར་མི་ལྡོག་པ་ཡིན་ནོ་ཞེས་བྱ་བ་ནི་མན་ངག་གོ།། ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར ་བརྩོན་པའི་དབང་པོ་རབ་ནི་ཞི་གནས་དང་ལྷག་མཐོང་སྒོམ་པས་སོ་སོའི་སྐྱོ་བའི་གནས་སྐབས་ཉིད་ན་ཕྱག་རྒྱ་ཆེན་པོ་ལས་བྱུང་བ་དང་ལྡན་པ་ཡང་དག་པར་རྟོགས་པས་ཕྱིར་མི་ལྡོག་པའི་རྟགས་ཉིད་དང་། སྙིང་རྗེ་ཆེན་པོ་དང་ལྡན་པས། ཚོགས་གཉིས་རྫོགས་པའི་ཕྱིར་ཤིན ་ཏུ་མངོན་པར་བརྩོན་པར་འདོད་པ་མ་ཡིནོ།། དབང་པོ་ཐ་མ་ཡང་ཕྱག་རྒྱ་ཆེན་པོ་དང་ངེས་པར་ལྡན་པ་མ་ཡིན་པས་ཇི་སྲིད་དུ་རིང་དུ་སོང་བའི་ས་མ་ཐོབ་པ་དེས་ནི་འདི་ནི་དེའི་རྒྱུ་སྙིང་རྗེ་ཆེན་པོ་མེད་པས་རང་གི་ལམ་ལ་ཤིན་ཏུ་དམན་པའི་བརྩོན་པ་འདོད་པ་ཡིནོ།། འདི ་རྣམས་ཀྱང་དང་པོ་ཞི་གནས་དང་ལྷག་མཐོང་སྒོམ་པ་ནི་ཕྱག་རྒྱ་ཆེན་པོའི་གཉི་ས་མེད་པའི་སྦྱོར་བ་སྒོམ་པ་ལ་འཇུག་པའི་ཕྱིར་ཡིནོ་ཞེས་བཤད་དོ།། འདོད་ཆགས་དང་བྲལ་བ་ལ་ལྷག་པར་མོས་པའི་དབང་པོ་རབ་ནི་སྡུག་བསྔལ་ལ་སོགས ་པའི་བདེན་པ་སྒོམ་པ་ལ་མངོན་པར་བརྩོན་དུ་ཟིན་ཀྱང་གཞན་གྱི་དོན་ལ་གཅིག་ཏུ་སྙིང་པོ་ཡིན། དབང་པོ་པོར་མ་ཡང་བདེན་པོ་སྒོམ་པ་ལ་བརྣོན་པ་ཉིད་ཀྱིས་ཅུང་ཟད་གཞན་གྱི་དོན་ལ་སྲེད་པ་ཡིན།། དེ་བས་ན་འདི་གཉིས་ནི་རང་སངས་རྒྱས་སུ་འགྱུར།། དབང་པོ་ཐམ ་ནི་བདེན་པ་སྒོམ་པ་ལ་མངོན་པར་བརྩོན་པ་ཉིད་ཀྱིས་བདག་ཉིད་དུལ་བ་དང་ཞི་བ་ལ་སོགས་པར་གཅིག་ཏུ་འདོད་པས་ཉན་ཐོས་སུ་འགྱུར་བ་ཡི་ནོ།། འདོད་ཆགས་དང་བྲལ་བའི་ལམ་ལ་མངོན་པར་བརྩོན་པ་རྣམས་ཀྱང་ཕྱག་རྒྱ་ཆེན་པོའི་གཉིས་སུ་མེད་པར་སངས ་རྒྱས་སུ་འགྱུར་བ་མ་ཡིན་ནོ་ཞེས་བཤད་དོ།། དེ་ལྟར་དབྱེ་བ་དགུ་པོ་རྣམ་པར་ངེས་པ་ནི།། སྐྱོབ་པས་གདུལ་བའི་འགྲོ་བའི་བསམ་ལས་ཕྱེད།། དེ་བས་དབུ་མའི་རྗེསུ་འབྲངས་ནས་ནི།། མན་ངག་སྟོན་བྱེད་སྤྱོད་པ་བཤད་པ་ཡིན།། དེ་ཁོ་ན་ཉིད་ལ་འཇུག་པ་ལས་དབྱེ་བའི ་རྣམ་པར་ངེས་པ་སྟེ་ལེའུ་དང་པའོ།། །། སློབ་མ་པོརྟགས་དང་སྤྱོད་པ་ལས།། འབད་དེ་ཤེས་པར་བྱས་ནས་ནི།། ཇི་རིགས་པར་ནི་ངོས་སྦྱོར་བ།། སློབ་དཔོན་ཡིན་པར་ཐུབ་པས་གསུངས།། གདུལ་བྱ་ངོ་རྣམས་ཀྱང་རྟགས་དང་། ཀུན་ཏུ་སྤྱོད་པ་འགའ་ཞིག་གིས་ཇི་སྐད ་དུ་བཤད་པའི་མོས་པའི་ཁྱད་པར་ངེས་པར་ཤེས་པར་བྱས་ལ། སློབ་དཔོན་གྱིས་ཇི་ལྟར་འོག་ནས་བཤད་པའི་རང་གི་བསྒོམ་པའི་རིམ་པ་ལ་ངེས་པར་སྦྱར་བར་བྱ་སྟེ། ཇི་སྐད་དུ། བླ་མས་སློབ་མའི་བསམ་ཤེས་ན། རྗེས་སུ་བསྟན་པས་ནུས་པ་གང་།། དེ་ཡིས་སློབ ་མ་བསྡུ་བྱ་ཡི།། རྨོངས་པ་སློབ་མ་བསྡུ་འོས་མིན་ཞེས་བཤད་པ་དང་། དེ་བཞིན་དུ། གུང་དང་གང་ལ་དང་པོར་ཕན།། དེ་དང་དེ་ཡིས་ཀུན་སྤྱོད་ཀྱིས།། སྣོད་ཉམས་གྱུར་ལ་ནམ་ཡང་ནི།། དམ་ཆོས་བསྟན་པར་མི་བྱའོ་ཞེས་བྱ་བ་དང་། གཞན་ཡང་དེ་ཉིད་ཚོལ་ལ་ཐོག་མར་ནི།། ་ཐམས་ཅད་ཡོད་ཅེས་བརྗོད་པར་བྱ།། དོན་རྣམས་རྟོགས་ཤིང་ཆགས་མེད་ནས།། ངའི་འོག་ཏུ་དབེན་པའོ་ཞེས་བཤད་པས་ཐོག་མ་ཁོ་ནར་ཐམས་ཅིང་སྟོང་པ་ལ་ངེས་པར་སྦྱོར་བར་བྱ་སྟེ། ཤེས་རབ་ཉམས་ཆུང་བ་ཉིད་ཀྱིས་དེ་སྤོང་བའི་རྒྱུས་དམྱལ་བ་ལ་སོགས་པར་ཡང ་འགྲོ་བར་འགྱུར་བས་དེ་ལྟར་མི་འགྱུར་བའི་ཕྱིར་རོ།། དེ་ཡང་། སྟོང་ཉིད་བསོད་ནམས་འདོད་པ་ཡིས།། ཐམས་ཅད་དུ་ནི་བརྗོད་མི་བྱ།། གནས་མིན་པར་ནི་སྦྱར་བ་ཡིས།། བདུད་རྩི་དུག་ནི་ཉིད་དུ་འགྱུར།། གཞན་ཡང་སྟོང་པ་ཉིད་ལ་བལྟ་ཉེས་ན།། ཤེས་རབ་ཆུང་ལྡན་ཕུང་བར ་འགྱུར།། ཇི་ལྟར་སྦྲུལ་ལ་གཟུང་ཉེས་དང་།། རིག་སྔགས་ཉེས་པར་བསྒྲུབས་པ་བཞིན།། གཞན་ཡང་འདི་དག་མ་ཤེས་པར།། བླུན་པོ་མཁས་པར་རློམ་བྱེད་པ།། སྤོང་ཞིང་བདག་ལ་ཞེན་པས་ན།། མནར་མེད་ཐུར་དུ་ཁ་ལྟའོ།། དེ་ལྟ་བས་ན་སློབ་དཔོན་གྱིས་དང་པོར་ཡུམ་སྙིང་རྗེ་ཆེན ་པོ་བསྐྱེད་ལ། སེམས་ཅན་ཐམས་ཅད་ཀྱི་སློབ་མར་ཁས་བླངས་ཏེ། ཁེངས་པ་གདུལ་དཀའ་བ་ཡང་གདུལ་བར་བྱའོ།། དེ་སྐད་དུ། འགའ་ཡི་སློབ་མར་བྱ་བ་དང་།། འགའ་ཡི་སློབ་དཔོན་བྱ་བ་ཡིས།། མཁས་པས་སེམས་ཅན་འདུལ་བྱེད་པ།། སྣ་ཚོགས་ཐབས་ཀྱིས་ཐབས ་མཁས་ཡིནི།། བསྒྲུབ་པར་དཀའ་བ་རྣམས་ལ་འབད་པ་ཁོ་ནས་རྫས་སུ་བརྩེ་བར་བྱ་སྟེ། ཇི་སྐད་དུ། ན་བའི་བུ་ལ་ཁྱད་པར་དུ།། མོ་ནི་གདུང་བ་སྐྱེ་བ་ལྟ་རོ།། དེ་བཞིན་བྱང་ཆུབ་སེམས་དཔའ་རྣམས།། དམ་པ་མིན་ལ་ཁྱད་པར་བརྩེ་ཞེས་བཤད་པ་ཡི་ནོ།། སློབ་མ་རྣམས་རང ་དགར་དེ་ཁོ་ན་ཉིད་ལ་འཇུག་པ་ནི་ནམ་ཡང་འདོད་པ་མ་ཡིན་ཏེ། འདིར་བཤད་པ། རྫོགས་སངས་ཀུན་གྱིས་བརྟག་པར་ནི།། སློབ་མ་རང་བཟོ་བཞི་མིན་ཏེ།། ལོང་བ་རང་དགར་རི་བོ་ལ།། འཛེག་པ་བདེ་བར་འགྱུར་མ་ཡིན།། ལུང་ནི་ཡོངསུ་བརྟགས ་པ་ལ།། རང་དགའ་དགག་པ་མ་ཡིན་ཏེ།། ཡོངས་བརྟགས་ཉིད་ཀྱིས་ཐམས་ཅད་དུ།། གང་ཕྱིར་མཁས་པ་རབ་ཏུ་འཇུག། རབ་ཏུ་འཇུག་པས་དེ་ཉིད་ནི།། བླ་མར་རྣམ་པར་ཤེས་འགྱུར་ཞིང་། བསྒོམ་ལ་ངེས་པར་སྦྱོར་འགྱུར་ཞེས།། དེ་ལྟར་རྒྱལ་བས་གསུངས་པ་ཡིན།། ་དེ་ལ་རེ་ཞིག་ཕྱིརའི་རྟགས་ཀྱི་སྐལ་བ་དང་ལྡན་པར་གཟུང་བར་བྱ་སྟེ། ཇི་སྐད་དུ། སོ་སོའི་སྐྱེ་བོར་གྱུར་ཀྱང་སྟོང་ཉིད་ལ།། སྐད་ཅིག་སྐད་ཅིག་ནང་དུ་དགའ་བ་ཐོབ།། རབ་དང་ལས་བྱུང་མི་གཡོ་མཆི་མ་འབྱུང་།། ལུས་ཀྱི་བོ་སྤུ་ལྡང་བའང་འབྱུང་བར་འགྱུར།། གང་ཡིན་དེ་ལ ་བྱང་ཆུབ་ས་བོན་ཡོད།། དེ་ཉིད་བསྟན་པའི་སྣོད་དུ་གྱུར་པ་དེ།། དེ་ལ་དོན་དམ་བདེན་པ་བསྟོན་པར་བྱ།། དེ་ཡི་རིགས་ཀྱི་ང་ལ་ཡོན་ཏན་འབྱུང་།། སྟོང་པ་ཉིད་ཀྱི་ས་བོན་གྱི་མཚན་མ་དེའི་ཡོན་ཏན་ཡང་དེ་ཉིད་དུ་བཤད་དོ། གྲེད་སྟོང་པ་ཉིད་ལ་མངོན་པར་བརྩོན་པ་ནི་སྟོང ་པོ་ཉིད་ལ་མངོན་པར་བརྩོན་པར་ཤེས་པར་བྱི་ཞིང་། གང་དེ་ལ་མངོན་པར་བརྩོན་པའི་དོན་ཉམས་སུ་བླང་བར་བྱ་སྟེ། འདི་ལྟ་སྟེ། ཚུལ་ཁྲིམས་ཡང་དག་པར་བླངས་པ་ལ་རྟག་ཏུ་འཇུག་པ་དང་། སྦྱིན་པ་གཏོང་ཞིང་སྙིང་རྗེ་སྟེན་པ་དང་། བཟོད་པར་བྱེད་ཅིང་དགེ་པའི་རྩ ་པ་དེ་ཡང་བྱང་ཆུབ་ཀྱི་ཕྱིར་སྨོན་པར་བྱེད་ལ། དེ་ཡང་འགྲོ་བ་རྣམས་དགྲོལ་བར་བྱ་བའི་བསྔོ་བ་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་གུས་པ་དང་། ཟབ་ཅིང་རྒྱ་ཆེ་བའི་ཚུལ་ལ་མཁས་པ་ཞེས་བྱ་བ་ལ་སོགས་པའོ།། དེ་ལྟར་བླ་མ་ལམ་ལ་ལེགས་པར་གནས། འགྲོ ་པ་ཀུན་ལ་ཕན་བསམས་ཡང་དག་བསྐྱེད།། དེ་ནི་འགྲོ་བ་ཀུན་གྱི་སྟོན་འགྱུར་ཞིང་།། སྲིད་གསུམ་བླ་མ་གཅིག་པུ་ལྟ་བུར་གྲགས།། སློབ་དཔོན་ཡེ་ཤེས་གྲགས་པས་རྣམ་པར་སྦྱར་བ་དེ་ཁོ་ན་ཉིད་ལ་འཇུག་པ་ལས་སློབ་དཔོན་གྱི་ཚུལ་ཞེས་བྱ་བའི་རྣམ་པར་ངེས་པ་སྟེ་ལེའུ ་གཉིས་པའོ།། །། ད་ནི་བསྒོམ་པ་བསྟན་པར་བྱ་སྟེ།། དེ་ཡང་རང་གི་ཚིག་དང་ཚད་མ་དང་།། ལུང་དང་གང་ཞིག་མི་འགལ་བ།། ད་དོན་བསྒོམ་པ་ལ་སྤྱོད་པའི།། བླ་མས་བསྟན་པོ་ཡིན།། བསྒོམ་པ་ཞེས་བྱ་བ་ནི་རང་གི་ཚིག་དང་ཚད་མ་དང་མི་འགལ་བ། གསུང་རབ་དང་རབ་ཏུ ་འབྲལ་པ། བླ་མ་རྣམས་ཀྱིས་རབ་ཏུ་བསྟན་པའི་དངོས་པོ་ཉམས་སུ་བླང་བ་ཡིནོ།། དེ་ཡང་ཐུན་མོང་དང་དེ་ལས་ཅིག་ཤོས་སོ།། དེ་ལ་ཕྱག་རྒྱ་ཆེན་པོའི་མཉམ་པར་སྦྱོར་བ་བསྒོམ་པ་ནི་རྣལ་འབྱོར་པ་རྣམས་ཀྱི་ཐུན་མོང་སྟེ། གང་གི་ཕྱིར་དེ་ལས་ཕུན་སུམ་ཚོགས་པ་ཐམས ་ཅད་འབྱུང་བ་ཡིན།། བསྒོམ་པ་ཞེས་བྱ་བ་ནི་འབྲས་བུ་མངོན་པར་རྫོགས་པའི་ཕྱིར་ཡིན་ལ། འབྲས་བུ་ཡང་གཞན་གྱི་དོན་བྱེད་པའི་མཚན་ཉིད་དུ་བསྒོམ་པ་དགུ་ཚོར་ལ་འཇུག་པའི་སྤྱི་ཡིན་ལ། དེ་ཡང་སེམས་ཅན་གྱི་ཚོགས་མ་ལུས་པའི་སྒྲིབ་པ་གཉིས་སྤངས་ནས་ཀུན ་ཏུ་བཟང་པོ་ཉིད་རྫོགས་པར་བྱའོ།། དེ་ཡང་གདུལ་བྱའི་སྐྱེ་བོའི་བསམ་པའི་ཁྱད་པར་གྱིས་རྣལ་འབྱོར་དང་། སྤྱོད་པ་དང་། བྱེ་བྲག་ལས་ཕྱག་རྒྱ་དང་། དཀྱིལ་འཁོར་དང་སྔགས་ལ་སོགས་པའི་སྤྲོས་པ་རབ་ཏུ་བསྟན་པར་ནུས་ཤིང་། སངས་རྒྱས་ཉིད་དང་མཚན་ཡང་ཀུན་ཏུ་བཟང་པོ ་ཉིད་ཅེས་བྱ་བ་མེད་པར་ལེགས་པར་རྫོགས་པར་མི་འགྱུརརོ།། དེ་ཡང་དོན་གྱི་འབྲས་བུ་སྟེ། དེ་ཡང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡང་དག་པར་བསྡུ་བ་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ཀྱི་གནས་སྐབས་མེད་པར་ནི་མ་ཡིནོ།། དེ་ཡང་ངེས་པར་འབྱེད་པའི་ཚེའི་མཚན ་ཉིད་ཅན་སྦྱོར་བའི་གནས་སྐབས་ཀྱི་མཚན་ཉིད་ཀྱིས་སོ།། དེའི་འདི་ལྟར་མདོར་བསྟན་འབྲས་བུ་རྣམ་པ་གཉིས་ཏེ། གཙོ་བོན་གཞན་གྱི་དོན་བྱེད་པའི་མཚན་ཉིད་ཅན་ནོ།། དེ་ལས་གཞན་པ་ཐམས་ཅད་ནི་དེའི་དོན་དུ་བྱ་བ་སྟེ་ཐ་མལ་པའོ།། འདིར ་བཤད་པ། སངས་རྒྱས་གཞན་དོན་ཕུན་ཚོགས་པའི།། འབྲས་བུ་གཙོ་བོ་ཡིན་པར་འདོད།། སངས་རྒྱས་ལ་སོགས་དེ་ལས་གཞན།། དེའི་དོན་གྱི་འབྲས་བུར་བཤོད་ཅེས་བྱ་བ་ཡིན།། དེ་ལྟ་བས་ན་འབྲས་བུ་འདི་དག་ཐམས་ཅད་ཀྱང་ཕྱག་རྒྱ་ཆེན་པོ་གཉི་སུ་མེད་པའི ་སྦྱོར་བ་བསྒོམས་པ་དེ་ཉིད་ཀྱིས་རྫོགས་པར་འགྱུར་ཏེ། ཇི་སྐད་དུ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། ཉན་ཐོས་ཀྱི་ས་ལ་སློབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་མཉན་པར་བྱའོ་ཞེས་བྱ་པོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པ་འདི་ཉིད་ལ་རྣལ་འབྱོར་དུ་བྱའོ་ཞེས་བྱ་བ་དང་། དེ་བཞིན་དུ་རང་སངས་རྒྱས་ཀྱི་ས་ལ་ཡང་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ས་ལ་ཡང་ཞེས་བྱ་བ་ལ་སོགས་པའི་བར་རྒྱ་ཆེར་གསུངས་པོ་ཡིན་ལ། ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱི་མཚན་གན་ནྡ་ན ་ཕྱོག་རྒྱ་ཆེན་པོ་སྟེ། དེ་ནི་གཉིས་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར།། བཅོམ་ལྡན་འདས་ཀྱང་ཆོས་ཀྱི་སྐུའི་བདག་ཉིད་ཅན་ཏེ། བྱང་ཆུབ་ཀྱི་སེམས་རྡོ་རྗེ་དེ་བཞིན་གཤེགས་པའི་ངོ་བོ་ཉིད་ཀྱང་ང་ཉིད་དོ།། དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི ་ཤེས་ནི་གཉི་སུ་མེད་པ་སྟེ། དེ་ནི་ང་བཞིན་གཤེགས་པ་རྣམས་ཀྱི་བསྒྲུབ་པར་བྱ་བའོ།། ཕྱག་རྒྱ་ཆེན་པོའི་གཉི་སུ་མེད་པའི་སྦྱོར་བ་ཡང་དེ་ཉིད་དེ། ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན་ཡིན་པའི་ཕྱིའོ།། དེ་ཡང་བྱང་ཆུབ་སེམས་ཀྱི་བདག་ཉིད་ཅན་ཡིན་པོའི་ཕྱིར་བསོད ་ནམས་ཐམས་ཅད་ཀྱི་རང་བཞིན་གྱི་རྣལ་འབྱོར་རོ།། དེ་ནས་དེ་ལ་གོམས་པ་ཉིད་འབྲས་བུ་མ་ལུས་པ་ཡོངསུ་རྫོགས་པ་ཡིན་ཏེ། དེ་ལྟར་ན་འདི་ནི་ཕྱག་རྒྱ་ཆེན་པོ་གཉིས་སུ་མེད་པའི་སྦྱོར་བ་བསྒོམ་པ་ཉིད་འབྲས་བུ་མ་ལས་འ་ཐོབ་པར་བྱེད་པར་རྣལ་འབྱོར་པ ་ཐམས་ཅད་ཀྱི་ཐུན་མོང་ཡིནོ།། དེ་བས་ན་བཅོམ་ལྡན་འདས་ཐེག་པ་གཅིག་སྟོན་པར་མཛད་པར་ཡང་སངས་རྒྱས་བགྲོ་བའི་མདོ་ལས་ངེས་པར་སྟོན་པ་ཡིན་ཏེ། པག་རྒྱ་ཆེན་པོ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཆོས་ཀྱི་དབྱིངས་ལས་མ་གཏོགས ་པར་ཐེག་པ་གཞན་འདི་ན་ཡོད་པ་མ་ཡིནོ།། དེ་ཡང་། ཆོས་དབྱིངས་དབྱེ་བ་མ་མཆིས་པས།། གཙོ་བོ་ཐེག་དབྱེ་ཡོད་མིན་གྱི།། ཁྱེད་ཀྱིས་ཐེག་པ་གསུམ་གསུངས་པ།། སེ་མས་ཅན་རྣམས་ནི་འཇུག་ཕྱི་རོ་ཞེས་འབྱུང་བ་ཡིནོ།། ད་ལྟར་ན་ཅིའི་ཕྱིར་གསང་སྔགས ་དང་། ཕ་རོལ་ཏུ་ཕྱིན་པ་དང་བདེན་པ་ལ་སོགས་པའི་དབྱེ་བས།། བཅོམ་ལྡན་འདས་བསྒོམ་པ་སྟོན་པར་མཛོད་ཅེ་ན། གདུལ་བྱའི་སྐྱེ་བོ་རྣམས་ཀྱི་མོས་པའི་ཁྱད་པར་གྱིས་འདི་དག་མིང་ཙམ་གྱི་ཁྱད་པར་དུ་ཕྱེ་བ་ནི་དེ་དག་འཇུག་པའི་ཕྱིར་ཡི་ནོ།། ཞེས་བཤད ་དེ། དེས་ན་མིང་དོ་ཐོས་པ་ཉིད་ཀྱིས་དེ་རྣམས་དེ་ཁོ་ན་ཉིད་ཀྱི་རྗེསུ་འབྲང་བར་འགྱུར་ཏེ། དེས་ན་མིང་དེ་དང་དེས་མདོ་སྡེ་བསྟན་བཅོས་ལ་སོགས་པ་དེ་དང་དེར་སེམས་ཅན་དེ་དང་དེའི་སེམས་ཀྱི་འཇུག་པའི་རྗེ་སུ་འཇུག་པར་མཛད་པས།། དེ་ཁོ་ན་ཉིད་དུ་དེ ་ཉིད་ཁྱད་པར་མེད་ཀྱང་ཁྱད་པར་ཡོད་པ་ལྟ་བུར་མཛད་དེ་སངས་རྒྱས་བཅོམ་ལྡན་འདས་སྟོན་པ་མཛད་པ་ཡི་ནོ།། ཁྱད་པར་དུ་ཆེ་བའི་མིང་དུ་བསྟན་ན་ཇི་ལྟར་ཁྱད་པར་མེད་པར་ཤེས་པར་ཞེ་ན། སྒྲ་རྣམས་ཀྱི་མིང་དུ་བརྗོད་པ་ལ་ནི་དངོས་པོ་ཡོད་པ་མ་ཡིན ་སྒྲོ་བཏགས་པ་ལས་བཟློག་པར་བྱ་བ་ཁོ་ན་ཙམ་ཉིད་དེ་རྣམས་ཀྱི་བྱ་བ་ཡིནོ།། དེ་ལ་དབང་པོ་བརྟུལ་པོ་རྣམས་ལ་ནི་དེ་ཁོ་ན་ཉིད་དེ་ཉིད་ལ་སྒྲོ་བཏགས་པ་ཅུང་ཟད་ལས་བཟློག་པའི་ཕྱིར་མི་རྟག་པ་ལ་སོགས་པའི་སྒྲས་བཤུད་པ་ཡིན་ནོ།། ་དབང་པོ་བར་མ་རྣམས་ལ་ཡང་གཟུགས་ལ་སོགས་པོའི་སྒྲོ་བཏགས་པ་མ་ལུས་པ་ལས་བཟློག་པའི་ཕྱིར་རམ། དངོས་པོ་ཐམས་ཅད་དུ་སྒྲོ་བཏགས་པ་ལས་བཟློག་པར་བྱ་བའི་ཕྱིར་རིག་པ་ཙམ་མ་མོ།། མིག་གཡོར་ཙམ་ཞེས་བསྟན་པ་ཡིནོ།། དབང་པོ ་མཆོག་རྣམས་ལ་ནི་སྒྲོ་བཏགས་པ་མ་ལུས་པ་ལས་བཟློག་པའི་ཕྱིར། སྟོང་པ་ཉིད་དང་སྤྲོས་པ་མེད་པ་ལ་སོགས་པའི་སྒྲས་བསྟན་པ་ཡིནོ།། དེ་ཡང་ཇི་སྐད་དུ། རྨོངས་པ་རྣམས་ལ་དངོས་པོ་སོགས།། ངེས་པར་ཡོད་ཅེས་གསུངས་པ་ནི།། དངོས་པོར ་འཛིན་ལ་ཞེན་པ་ཡིས།། ཟབ་མོའི་ཚུལ་གྱིས་འཇིགས་པ་ལའོ།། འོད་དག་རྣམ་པར་རིག་ཙམ་དུ།། འགྲོ་བ་སྣ་ཚོགས་ཡང་དག་བཤད།། གཟུང་དང་འཛིན་པོའི་སྦྱོར་བ་དང་།། བྲལ་བ་དབུ་མའི་བློ་ཅན་ལའོ།། དྲི་ཟའི་གྲོང་ཁྱེར་ལྟ་བུར་ནི།། བདེན་པ་གཉིས ་ཀྱི་རྣམ་པར་མཚན།། རྟོགས་པའི་ཆུ་བོ་ཚད་མེད་མང་།། བསྒོམས་པས་དག་པའི་བློ་ཅན་ལ་ཞེས་བཤད་པ་ཡི་ནོ།། དེ་བས་ན་ལས་དང་པོ་པ་རྣམས་དང་པོར་དཔལ་རྡོ་སེམས་དཔའ་ལ་སོགས་པ་བསྒོམ་པ་དང་། སྡུག་བསྔལ་ལ་སོགས་པའི་བདེན་པ ་བསྒོམ་པ་དང་། མིང་གཞན་ཡང་ཕྱག་རྒྱ་ཆེན་པོར་ཡོངསུ་གྱུར་པ་རྣམས་ནི་སྟོང་པ་ཉིད་ལ་འཇུག་པའི་ཕྱིར་ཡི་ནོ་ཞེས་མཁས་པ་རྣམས་ཀྱིས་ངེས་པར་གཟུང་བར་བྱའོ།། དེ་སྐད་དུ། སྟོང་ཉིད་ལྟ་བས་གྲོལ་བར་འགྱུར།། བསྒོམ་པ་ལྷག་མ་དེ་དོན་ཡིན། ་ཞེས་བཤད་དོ།། གསུང་རབ་རྣམས་ལ་སྟོང་པ་ཉིད་བསྒོམ་པ་ཉིད་ནི་ངེས་པའི་དོན་ཡིན་ལ། དེ་ལས་གཞན་པ་རྣམས་ནི་སྟོང་པ་ཉིད་ལ་འཇུག་པའི་དོན་ཡིན་པའི་ཕྱིར་དྲང་བའི་དོན་ཡིན་ཏེ། དེ་བས་ན་ངེས་པར་བྱ་དགོས་སོ།། དེའི་ཕྱིར་བཅོམ་ལྡན་འདས་སྨོས ་པ་མེད་པའི་བསྒོམ་པ་སྟོན་པར་མཛད་པ་ནི། སྤྲོས་པ་མེད་པ་ཕྱག་རྒྱ་ཆེན་པོ་གཉིས་སུ་མེད་པའི་སྦྱོར་བ་བསྒོམ་པ་ལ་འཇུག་པར་བྱ་བའི་དོན་ཡིནོ།། དྲོད་དུ་གཏོགས་པ་ལ་སོགས་པའི་ཡོན་ཏན་གྱི་ཚོགས་དེ་ལ་རོག་ལུས་པ་རྣམས་ནི་ཕྱག་རྒྱ་ཆེན་པོ་གཉིསུ ་མེད་པའི་སྦྱོར་བ་བསྒོམ་པ་དེ་ཉིད་ལ་གཉིས་ཏེ། འདི་དག་ནི་ཕྱག་རྒྱ་ཆེན་པོ་གཉིསུ་མེད་པའི་སྦྱོར་པོ་དེ་ཉིད་མངོན་པར་མཐོ་བ་དང་། ངེས་པར་ལེགས་པ་ཐམས་ཅད་ཀྱི་མཚན་ཉིད་ཅན་གྱི་འབྲས་བུ་མ་ལུས་པ་མངོན་པར་རྫོགས་པ་ཡིནོ།། དེ་ལྟར་གཉིས་པོ་རྒྱལ་སྲས ་སྲས་ཀུན་གྱི།། སྙིང་རྗེ་གཉིས་མེད་རག་ལུས་ཁྱད་པར་རྒྱུ།། དེ་ནས་གཞན་ཡང་བར་ཕྱེ་ཡང་དག་བཤད།། དེ་ལ་ཇི་བཞིན་འཇུག་པ་ཡིན་པར་བཤད།། སློབ་དཔོན་ཡེ་ཤེས་གྲགས་པས་རྣམ་པར་སྦྱར་བའི་དེ་ཁོ་ན་ཉིད་ལ་འཇུག་པ་ལས་ཐུན་མོང་བསྟན་པ་ཞེས་བྱ་བ ་སྟེ་ལེའུ་གསུམ་པའོ།། །། དེ་ལ་རེ་ཞིག་ལེའུ་དང་པོར་དབང་པོ་རབ་ཀྱི་གསང་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པ་རྣམས་ཀྱི་ཕྱག་རྒྱ་ཆེན་པོ་དང་གཉིསུ་མེད་པར་སྦྱོར་བའི་བསྒོམ་པ་ལ་གཅིག་ཏུ་མོས་པོ་བསྟན་ན་དེ་ཕྱག་རྒྱ་ཆེན་པོའི་གཉི་སུ་མེད་པའི་སྦྱོར་བ་གང་ཡིན་ཞེ ་ན། དེ་བཤད་པར་བྱ་སྟེ། ཐབས་དང་ཤེས་རབ་མཉམ་སྦྱོར་བའི།། བསྒོམ་ཉིད་རྣལ་འབྱོར་མཆོག་གི་ནི།། ཕྱག་རྒྱ་ཆེན་པོའི་མཉམ་སྦྱོར་བ།། བསྒོམ་པར་རྒྱལ་པོ་རྣམས་ཀྱིས་གསུངས།། ཐབས་དང་ཤེས་རབ་ཀྱི་བསྒོམ་པ་ཉིད་ཕྱག་རྒྱ་ཆེན་པོ་གཉིསུ་མེད་པའི་སྦྱོར་བ ་བསྒོམ་པ་ཡིནོ།། དེ་ལྟར་ན་ཤེས་རབ་ནི་གང་ཐབས་ནི་གང་ཞིག་ཡིན། དེ་དག་ལྷན་ཅིག་གྲམ་ཐ་དད་ཕྱུར་ཇི་ལྟར་བསྒོམ་པར་བྱ་ཞེ་ན། འདིར་བཤད་པར་བྱ་སྟེ། གང་ཞིག་སྤྲོས་པ་ཐམས་ཅད་ཀྱི།། གནས་དང་ཚིག་ཏུ་མ་གྱུར་པའི།། འཇུག་དེ་ཐབས ་ཀྱི་རྡོ་རྗེ་ཡིས། ཤེས་རབ་ཅེས་ནི་ཡོངསུ་བསྒྲགས།། དེས་ན་ཆོས་ཐམས་ཅད་སྤྲོས་པ་མེད་པ་ཉེཉིད་དུ་རྟོགས་པ་ནི་ཤེས་རབ་བོ།། སྤྲོས་པ་མེད་པ་ཞེས་བྱ་བ་འདི་གང་ཞིག་ཡིམ་ནོ་ནི། སྟོང་པ་ཉིད་དོ།། དེ་ལྟ་ན་ནི་སྟོང་པ་ཉིད་ཅེས་བྱ་བ་སྨྲས་པ་ཡིན་ན་ཇི་ལྟར་སྤྲོས་པ་མེད ་པ་ཉིད་ཡིན་ཏེ། སྟོང་པ་ཉིད་ཀྱི་སྒྲ་ནི་ཅུང་ཟད་ཀྱང་མི་སྟོན་ཏོ།། དེ་ཡང་གང་གི་ཕྱིར་ནམ་ཡང་ཅི་ཡང་ཅུང་ཟད་ཀྱང་མ་ཡིནོ་ཞེས་བྱ་བའི་སྒྲས་ནི་དངོས་པོ་ཅུང་ཟད་ཀྱང་མི་སྟོན་ཏེ། སྒྲ་རྣམས་ཀུན་གྱིས་བྱ་བ་ནི། སྒྲོ་བཏགས་པ་ནི་བི་ཟློག་པ་ཡིན།། སྒྲའི་དོན་ནི་བྱ་བའི ་དོན་མ་ཡིན་གྱི་གཞན་དུ་ན་བྷྲཱུཾ་བཏགས་པ་ལས་བཟློག་པ་ཙམ་ཡིན་པར་གཞན་དག་ལས་སྟོན་ཏོ།། དེ་བས་ན་སྟོང་པ་ཉིད་ཀྱི་ཚི་ག་སྨྲས་པས་ནི་སྒྲོ་བཏགས་པ་མ་ལུས་པ་བཟློག་བསྟན་པས་གདུལ་བྱའི་སྐྱེ་བོའི་རྒྱུད་ལ་དེ་ཁོ་ན་ཉིད་ཀྱི་རང་གི་ངོ་བོ་མངོན་པར་གསལ ་བར་བྱེད་པ་ཡིན་གྱི་གང་གི་དེ་ཉིད་སྤྲོས་པར་འགྱུར་བའོ་སྟོང་པ་ཉིད་ཁོ་ནར་འཇོག་པ་མ་ཡིནོ།། དེ་ཉིད་ཀྱིས་ན་གང་སྟོང་པ་ཉིད་ཀྱི་དོན་མི་ཤེས་པ་ལ་དེ་ཁོ་ན་ཉིད་ཀྱི་དོན་ཉིད་དུ་སྤྲོས་པར་བྱེད་པ་ནི་དེ་རྣམས་སྤྲོས་པ་མེད་པར་ཚིག་གིས་གསལ་བར་དེ་ཁོ་ན་ཉིད་སྟོན་པ ་ཡིནོ།། སྟོང་པ་ཉིད་སྤྲོས་པ་ཡིན་དེ་ཟིན་ཀྱང་སྤྲོས་པར་འགྱུར་ཞེས་ཤེས་པར་བྱས་ནས་གསལ་བར་རྟོགས་པར་ཇི་ལྟར་འགྱུར། སྤྲོས་པ་མེད་པ་ཉིད་སྨོས་པ་ཡིན་ཞེས་བརྗོད་པར་མི་པ་སྟེ། གང་གིས་སྤྲོས་པ་མེད་པ་ཞེས་བྱ་བའི་སྤྲོས་པ་ཡོད་པ་མ་ཡིན་ན་དེ་ཇི་ལྟར་སྤྲོས ་པ་ཡིན། དེ་དངོས་པོ་མེད་པ་ཉིད་ཀྱང་དེ་ཁོ་ན་ཉིད་དུ་རིགས་པ་མ་ཡིན།། དེ་ལྟར་ན་སྒྲོ་བཏགས་པ་མ་ལུས་པ་ལས་བཟློག་པ་ནི་དེ་ཁོ་ན་ཉིད་ཡིནོ་ཞེ་ན་དེ་མ་ཡིན་ནོ་ཞེ་ན་དེ་མ་ཡིན། གང་གི་ཕྱིར་བཟློག་པ་ནི་དངོས་པོ་མེད་པ་ཡིན་ན་དངོས་པོ་མེད་པ་དེ་ཁོ་ན་ཉིད་ཇི་ལྟར་ཡོད ་དེ། འགལ་བའི་མཐའ་ཅན་ཡིན་པའི་ཕྱིར།། དེ་ཡང་དངོས་མེད་མྱ་ངན་འདས་མིན་ན།། དེའི་དངོས་པོ་ག་ལ་ཞིག། དངོས་དང་དངོས་མེད་ཡོངས་རྟོགས་པ།། ཟད་པས་མྱ་ངན་འདས་པར་བཤད།། ཅེས་བྱ་བ་དང་། དེ་བཞིན་དུ། རང་གི་དངོས་དང་གཞན་དངོས་དང་། དངོས ་དདང་དངོས་མེད་ཉིད་དག་ནི།། གང་ཞིག་མཐོང་དང་མི་མཐོང་དེ།། སངས་རྒྱས་བསྟན་ལ་དེ་ཉིད་མིནི་ཞེས་བཤད་པ་ཡིནོ།། དེ་བས་ན་མཐའ་གཉིས་བསལ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་དེ་ཁོ་ན་ཉིད་ནི་དངོས་པོ་མེད་པའི་ཚུལ་དུ་ཡང་རིགས་པ་མ་ཡིནོ།། དྲིས་པ། ཉེས་པ་འདི ་ནི་ཁྱེད་ཉིད་ཀྱི་ཡིན་ཏེ། གང་གི་ཕྱིར་སྟོང་པ་ཉིད་ལ་སོགས་པའི་སྒྲས་བསྟན་པ་ནི་དེ་ཁོ་ན་ཉིད་ཡིན་པར་ཁྱེད་ཉིད་ཀྱིས་བཤད་ལ། སྟོང་པ་ཉིད་ལ་སོགས་པའི་སྒྲས་ཀྱང་སྒྲོ་བཏགས་པ་མ་ལུས་པ་བཟློག་པ་མ་ཡིནོ་ཞེ་ན། སྟོང་པ་ཉིད་ལ་སོགས་པའི་སྒྲས་དེ་ཁོ་ན་ཉིད ་བསྟོན་དུ་ཟིན་ཀྱང་གཙོ་བོ་ཉིད་མ་ཡིན་ཏེ། གང་གི་ཕྱིར། སྒྲོ་བཏགས་ཀུན་ནི་རྣམ་སྤངས་པ།། རང་ཉིད་དེ་ཉིད་སྟོན་པ་ན།། སྟོང་པ་ཉིད་སོགས་མིང་གིས་ན།། དེར་ནི་སྒྲོ་བཏགས་བཟློག་པ་ཡིན།། སྒྲོ་བཏགས་པ་མ་ལུས་པ་བཟློག་པས་རང་ཉིད་དེ་ཁོ་ན་ཉིད་དུ་སྟོན་པས་དངོས་པོ ་དང་དངོས་པོ་མེད་པ་ལ་སོགས་པའི་ཚུལ་གྱིས་དེ་ཁོ་ན་ཉིད་མ་ཡིན་པ་མཐོང་བ་ལ་མངོན་པར་ཞེན་པར་མི་འགྱུར།། དེས་ན་སྟོང་པ་ཉིད་ལ་སོགས་པའི་སྒྲས་དེ་ལ་མངོན་པར་ཞེན་པ་བསལ་བ་བྱས་ནས་དེ་ཁོ་ན་ཉིད་ཀྱི་རང་གི་ངོ་བོ་མངོན་པར་སྟོན་ཏེ། དེ་བས་ན་ཉེ་བར ་གང་གས་པས་དེའི་མིང་དུ་བརྗོད་དོ།། སྟོང་པ་ཉིད་ལ་སོགས་པརའི་སྒྲ་ཡང་སྒྲོ་བཏགས་པ་མ་ལུས་པ་དང་བྲལ་བའི་དེ་ཁོ་ན་ཉིད་ཀྱི་ངོ་བ་ཉིད་ཀྱི་ངོ་བོའི་མཐར་ཐུག་པས་ནོ།། དེ་ལ་འདི་རྣམ་པར་དཔྱད་པར་བྱ་སྟེ། སྟོང་པ་ཉིད་དུ་སྨྲ་བ་རྣམས་ཀྱི ་ཁྱད་པར་བྱ་བ་འདི་གང་ཞིག་ཡིན། གང་གི་ཕྱིར་ཕྱི་རོལ་པ་དང་། རྣམ་པར་ཤེས་པ་ཙམ་དུ་སྨྲ་བ་རྣམས་ཀྱི་ཡང་དེའི་ངོ་བོར་སྟོན་པ་ཡིན་ཏེ། ཐ་སྙད་དུ་འདོགས་པའི་སྐྱེ་བོའི་དྲིས་པས་དེའི་མིང་ཉིད་ཀྱིས་ཉེ་བར་འཇོག་པ་མ་ཡིན་ནམ་ཞེ་ན། འདིར་བརྗོད་པར་བྱ་སྟེ། ་ཁྱོད་པར་དུ་བྱ་བ་ནི་འདི་ཡིན་ཏེ། གང་དེ་རྣམས་ཕྱི་དང་། རྣམ་པར་ཤེས་པའི་ངོ་བོ་མེད་བཞིན་དུ་ཡོད་པར་རྟོགས་པ་ཡིན་ལ། སྟོང་པ་ཉིད་དུ་སྨྲ་བ་རྣམས་ཀྱི་ནི་སྟོང་པ་ཉིད་ལ་སོགས་པའི་ཚུལ་ཡང་ངོ་བོ་ཉིད་དུ་ཡོད་པ་མ་ཡིནོ།། དེ་བས་ན་དེ་རྣམས་ཀྱི་ནི་རང་གི་ངོ་བོ ་ཉིད་ཡོད་པར་སྨྲ་བ་ཉིད་ཡིན་ལ། སྟོང་པ་ཉིད་དུ་སྤྲོ་བ་རྣམས་ཀྱིས་ནི་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་སྟོན་པ་ཡིན་པས་ཤིན་ཏུ་ཁྱད་པར་ཆེ་བ་ཡིནོ།། དྲིས་པ་རྣམ་པར་ཤེས་པ་ཙམ་དུ་སྨྲ་བ་ཡང་དངོས་པོ་མེད་པར་སྨྲ་བ་ཉིད་ཡིན་ཏེ། དེ་ཡང་། འདི་དག་རྣམ་པར ་རོག་ཙམ་ཞེས་དེ་སྙམ་དུ་ནི་དམིགས་ནས་སུ།། ཅི་ཡང་རུང་སྟེ་མདུན་འཇོག་ན།། དེ་ནི་ཙམ་ལ་མི་གན་སོ།། ནམ་ཞིག་ཤེས་པས་དམིགས་པ་རྣམས།། མི་དམིགས་དེ་ཡི་ཚེ་ན་ནི།། རྣམ་པར་རིག་པ་ཙམ་ལ་གནས།། གཟུང་བ་མེད་པས་དེ་འཛིན་མེད་ཅེས་བཤད་པ་ཡིན ་ཞེ་ན། བདེན་མོད་ཀྱི་འདི་ནི་བརྟགས་པ་བཀག་པ་ཡིན་གྱི་དེ་རྣམས་ཡོངསུ་གྲུབ་པ་ནི་རྣམ་པར་ཤེས་པ་ལ་སོགས་པའི་སྤྲོས་པ་དང་བྲལ་བའི་རང་གི་ངོ་བོར་ཡང་ཡོད་དོ་ཞེས་ཁས་འཆེ་བ་ཡིནོ།། ཅི་དེ་ལྟ་བུའི་རྣམ་པ་ཡང་མེད་དམ་ཞེ་ན། དེ་ཡང་ཡོད་པ་མ་ཡིན། དྲིས ་པ། དེ་ཡང་མེད་པར་བཀག་ན་ནི་མྱ་ངན་ལས་འདས་པ་མེད་པར་བཀག་པར་འགྱུར་བས་ཤིན་ཏུ་ཆད་པར་སྨྲ་བ་ཅན་ཉིད་དུ་འགྱུརརོ།། དེ་ཡང་། བསམ་དུ་མེད་ཅིང་དམིགས་མེད་འདི།། དེ་ནི་འཇིག་རྟེན་འདས་ཡེ་ཤེས།། གནས་ངན་ལེན་གཉིས་སྤངས་པ་ལས།། གནས་ནི ་ཡོངསུ་གྱུར་པ་ཡིན།། དེ་ཉིད་ཟག་པ་མེད་པའི་དབྱིངས།། བསམ་མི་ཁྱབ་དག་མི་ཟད་པ།། བདེ་བ་རྣམ་པར་རོལ་སྐུ་འང་།། ཐུབ་ཆེན་ཆོས་སུ་བཤད་པ་ཡིན།། ཁོ་བོ་ཅག་མྱ་ངན་འདས་པའི་ངོ་བོ་ཉིད་མེད་དོ་ཞེས་ནི་སྨྲ་བར་མི་བྱེད་ཀྱི་གཞན་དུ་ན་དེ་ཡོད་མོད་ཀྱི་མེད། ་དོ་ཞེས་བྱ་བ་ནི་དངོས་པོ་དང་དངོས་པོ་མེད་པར་སྒྲོ་འདོགས་པར་བྱེད་པ་འགེགས་པ་ཡིན།། དེ་ཡང་བསྟན་བཅོས་ལས། བློ་ཆུང་གང་ཞིག་ཡོད་པ་དང་།། མེད་པ་ཉིད་དུ་མཐོང་གྱུར་པ།། དེས་ནི་སྤྲོས་པ་ཉེར་ཞི་བའི།། བསྒོམ་པ་མཐོང་བར་མི་འགྱུརརོ།། ཞེས་བཤད་པ་དང་།། ་དེ་བཞིན་དུ་གལ་ཏེ་མྱ་ངན་འདས་དངོས་ཡིན།། མྱ་ངན་འདས་པ་འདུས་བྱས་འགྱུར།། དངོས་པོ་གང་དང་གང་ན་ཡང་།། འདུས་མ་བྱས་པ་ཡོད་མ་ཡིན།། དྲིས་པ། ཡོད་པ་དང་མེད་པ་ཉིད་བཀག་པས་དོན་གྱི་དབང་གིས་མེད་པ་ཉིད་དུ་བསྟན་པར་འགྱུར་ཏེ། གཉི་ག ་བཀླག་པས་གཞན་དག་ཡོད་པ་མ་ཡིནོ་ཞེ་ན། ཅི་གཉིས་པོ་བཀག་པས་གོཉི་སུ་མེད་པའི་རང་བཞིན་ཅན་གྱི་དེ་ཁོ་ན་ཉིད་ཀྱང་མེད་དམ། དེ་ཁོ་ན་ཉིད་གཉིས་སུ་མེད་པའི་ངོ་བོར་ག་ལ་འགྱུར་ཡོད་དེ་མེད་དོ།། དེ་ལྟར་ན་ནི་མེད་པ་དེ་ཡང་མེདོ།། དྲིས་པ། ཡོད་པ་བཀ ་ན་མེད་པ་ཅིའི་ཕྱིར་མེད།། དེ་ཁོ་ན་ཉིད་ནི་འགགས་པ་མ་ཡིནོ།། དེ་ལྟ་ན་ནི་དགག་པ་མེད་པས་ཡོད་པར་གྲུབ་བོ་ཞེ་ན། དེ་ཡང་ཡོད་པ་མ་ཡིནོ།། དྲིས་པ། འདི་ནི་ཕན་ཚུན་འགལ་བ་ཡིན་ན་དེ་ཁོ་ན་ཉིད་ཇི་ལྟར་མ་བཀག། དེ་ཡང་འདིར་སྨྲས་པ། གལ་ཏེ་དེ་ཉིད ་ལས་མི་ལྡོག། འཇུག་པ་ཡོད་པ་འདོད་དམ་ཅི།། དེ་ཡང་འགེགས་པར་མི་བྱེད་ན།། ལྡོག་པ་ཅི་ཕྱིར་འགེགས་པར་བྱེད།། འོན་ཏེ་དེ་ཁོ་ན་ཉིད་ནི་བརྗོད་དུ་མེད་པའི་རང་བཞིན་ནོ་ཞེ་ན། དེས་ན་འདི་ཐལ་ཆེས་པར་འགྱུརརོ།། དེ་ནི་མ་ཡིན་ཏེ། ཡོད་བཞིན་དུ་ལས ་ཇི་ལྟར་ཡང་།། བརྗོད་མེད་ཡོད་པ་མ་ཡིནོ།། དེས་ན་ནུས་པ་དང་བྲལ་ཏེ། དེ་ཕྱིར་དངོས་པོ་མེད་པོའང་ཡིན།། གཞན་ཡང་། གུང་དུ་བཀག་པ་ཉིད་མེད་པ།། དེ་ཉིད་དགག་པ་མེད་པར་འཆད།། དེ་བས་མེད་པར་དེ་བརྗོད་ཀྱིས།། ངོ་མཚར་རུང་བའི་ལྟ་འདི་སྤོངས།། དེ་བས་ན ་གཅིག་ཏུ་བཀག་པས་ངེས་པར་མཐའ་གཞན་དག་ཀྱང་བཀག་པ་ཡིན།། ཅི་སྒྲོ་བཏགས་པ་ལས་ལྡོག་པ་ཙམ་ཉིད་དེ་དེ་ཁོ་ན་ཉིད་ཡིན་པར་ཐལ་བར་མི་འགྱུར་རམ། འདིར་བརྗོད་པར་བྱ་སྟེ། བྱེད་ནི་ཕྱིར་རྒལ་བ་ཙམ་ཤེས་ཀྱི་ཡུལ་ཡང་དག་པར་ཤེས་པ་ནི་མ ་ཡིན་ཏེ། དེ་ཡང་གང་གི་ཕྱིར། འདི་ནི་མཐའ་གཉིས་ཡོད་པར་སྨྲ་བ་ལ། ཡོད་པ་ཐམས་ཅད་ངེས་པར་འཇིག་འགྱུར་གྱིས།། མཐའ་གཉིས་སྨྲ་བ་བཟློག་པར་བྱེད་པ་ལ།། དེ་ལ་བརྟེན་པ་མ་ལུས་ཟོད་པར་འགྱུར།། མཐའ་གཉིས་སྨྲ་བ་ཁས་ལེན་པ་རྣམས་ཀྱིས་ནི་དེ ་ལས་མཐའ་གཅིག་བཀོག་ན་ངེས་པར་མཐའ་གཉིས་པར་ལྟུང་བར་འགྱུར་གྱི་མཐའ་གཉིས་སྨྲ་བ་སེལ་བ་རྣམས་ནི།། སྒྲོ་བཏགས་པ་མ་ལུས་པ་དང་བྲལ་པོ་ཉི་དུ་ཁས་བླངས་པ་ལ་ཉེས་པ་གང་ཡང་རུང་བ་འདི་དག་ག་ལ་ཡོད། དེ་ཡང་བྱང་ཆུབ་ལ་གནས་དམ ་བཅས་དང་།། སྦྱོང་དང་སེམས་ནི་ཡོད་མིན་ཏེ།། དོན་གྱིས་གང་ཞིག་མེད་གྱུར་པ།། དེ་ལ་མེད་ཅེས་ཇི་སྐད་བཤད།། ཡོད་པ་སུན་འབྱིན་གྱུར་འདི་ལ།། དོན་གྱིས་མེད་པར་གྲངས་གྱུར་ན།། མེད་ཉིད་སུན་འབྱིན་པ་ཉིད་ཀྱིས།། ཡོད་པ་ཉིད་དུ་ཅིས་མི་འདྲེན་ཅེས་བྱ་བ་དང་།། ་དེ་བཞིན་དུ་ཡོད་དང་མེད་དང་ཡོད་མེད་མིན།། གང་ལ་ཕྱོགས་ནི་ཡོད་མིན་པ།། དེ་ལ་ཀླན་ཀ་རིང་པོས་ཀྱང་།། སྨྲ་བར་ནུས་པ་མ་ཡི་ནོ་ཞེས་བཤད་པ་ཡི་ནོ།། དེ་བས་ན་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཁོ་ན་ཆོས་ཐམས་ཅད་སྤྲོས་པ་མེད་པ་ཉིད་ཡིན་གྱི་སྟོང་པ་ཉིད་སྤྲོས་པ ་མ་ཡིན་ལ། སྤྲོས་པ་ཁོངསུ་ཆུད་པ་ནི་ཤེས་རབ་ཡིན་ནོ་ཞེས་བྱ་བར་གནས་སོ།། ཐབས་གང་ཞིག་ཡིན་ཞེས་བྱ་བ་འདིར་བརྗོད་པར་བྱ་སྟེ། ཐབས་ནི་བྱང་ཆུབ་སེམས་དཔའ་ཡི།། འགྲོ་ལ་སྙིང་རྗེ་ཆེན་པོ་སྟེ།། དེ་ཡང་དམིགས་པའི་དབྱེ་བ་ཡིས།། རྣམ་པ་གསུམ་དུ་འགྱུར། ་བ་ཡིན་ཞེས་བྱ་བའོ།། དེ་ལ་ཐབས་ནི་བཅོམ་ལྡན་འདས་ཡུམ་སྙིང་རྗེ་ཆེན་པོ་ཡིན་ལ། དམིགས་པའི་དབྱེ་བས་རྣམ་པ་གསུམ་དུ་འགྱུར་ཏེ། དེ་ལ་སེམས་ཅན་ལ་དམིགས་པ་ནི་གང་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་དང་། འགྱུར་བའི་སྡུག་བསྔལ་ཉིད་ཀྱིས་ཉིན་རེ་ཞིང ་ཡོངསུ་གདུངས་པའི་སེམས་ཅན་ལ་དམིགས་ཏེ་སྐྱེ་བའོ།། ཆོས་ལ་དམིགས་པ་ནི་གང་སྐད་ཅིག་མ་རེ་རེ་ཞིང་མི་རྟག་པའི་ཕོངས་པ་ཉིད་ཀུན་དུ་ལྟུང་བའི་ཆོས་ཐམས་ཅད་ལ་དམིགས་ནས་སྐྱེ་བའོ།། དམིགས་པ་མེད་པ་ནི་ཆོས་ཐམས་ཅད་དངོས་པོ་མེད་པ་དམིགས་པ ་མེད་པར་བསྒོམ་པ་ལས་བྱུང་བའོ།། ཇི་ལྟར་ན་དེ་དག་བསྒོམ་པ་དང་ལྷན་ཅིག་གམ་ཐ་དད་ཅེ་ན། དེ་བརྗོད་པར་བྱ་སྟེ། ཤེས་རབ་ཐབས་བདག་ཅན་དེ་ཉིད།། དབྱེར་མེད་བཞིན་དུ་གཅིག་ཉིད་དེ།། དེ་བཞིན་དེའི་བསྒོམ་པ་ནི།། གོམས་པ་ཐ་དད་གྱུར་པ་ཡིན།། དམིགས་པ་མེད ་པའི་སྙིང་རྗེ་བསྒོམ་པའི་གནས་སྐབས་སུ་ནི་ཐབས་དང་ཤེས་རབ་དེའི་བདག་ཉིད་ཡིན་གྱི་སྙིང་རྗེ་ཅིག་ཤོས་བསྒོམ་པའི་གནས་སྐབས་སུ་མ་ཡིན་ཏེ། དེ་དངོས་པོའི་ངོ་བོ་ཉིད་ལ་དམིགས་པ་ཉིད་ཀྱིས་སྤྲོས་པ་མེད་པ་ཉིད་མེད་པས་ཤེས་རབ་ཀྱི་རང་བཞིན་དང་གཅིག ་པ་ཡིན་པར་མི་འཐད་དོ།། དེ་བས་ན་དེའི་བདག་ཉིད་དུ་བསྒོམས་པས་ལྷན་ཅིག་བསྒོམས་པ་ཉིད་ཐབས་དང་ཤེས་རབ་ཀྱི་ཐ་སྙད་ཀྱི་དབྱེ་བར་ཡང་རྣམ་པར་གཞག་པར་བྱས་པ་དེ་ལྟར་སྔར་བསྟན་པ་དང་ཕྱིས་ཀྱང་སྟོན་པར་འགྱུར་རོ།། ཡང་དམིགས་པ་མེད ་པའི་སྙིང་རྗེ་སྒོམ་པའི་གནས་སྐབས་སུ་ཐམས་དང་ཤེས་རབ་དེའི་བདག་ཉིད་ཅན་དུ་བསྒོམ་པར་ཇི་ལྟར་འགྱུར་ཞེ་ན། བརྗོད་པར་བྱ་སྟེ། དངོས་ཀུན་རང་བཞིན་བདག་ཉིད་དུ།། རྣལ་འབྱོར་སྙིང་རྗེ་ཅན་གྱུར་པ།། བསྒོམ་པའི་རིམ་པ་ཕྱི་ནས་ནི།། ཕྱག་རྒྱ་ཆེ་བདག་ཉིད་ཅན་འགྱུར།། རྣལ ་འབྱོར་པ་བསྒོམ་པའི་རིམ་པ་ཉིད་ལས་དངོས་པོ་ཐམས་ཅད་ཀྱི་བདག་ཉིད་ཅན་དུ་གྱུར་ནས་སྙིང་རྗེ་ཆེན་པོའི་རང་བཞིན་ཅན་དུ་འགྱུ་རོ།། དེའི་འོག་ཏུ་ནི་ཕྱག་རྒྱ་ཆེན་པོའི་བདག་ཉིད་ཅན་དུ་འགྱུརརོ་ཞེས་བྱ་བའི་མདོར་བསྡུས་པ་ཡིནོ།། དེ་ལ་ཐབས་དང་ཤེས་རབ་དེའི་བདག་ཉིད་དུ ་བསྒོམ་པའི་མན་ངག་ནི་འདི་ཡིན་ཏེ། དང་པོར་རེ་ཞིག་རྣལ་འབྱོར་པས་རང་གི་ལྷག་པའི་ལྕེའི་རྣལ་འབྱོར་དུ་སྐད་ཅིག་མ་ཉིད་ཀྱིས་བསྐྱེད་ལ་རིམ་པ་འདིས་དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་བདག་ཉིད་བསྒོམ་པར་བྱའོ།། དེ་ལ་བདག་ཉིད་གཏི་མུག་གི་ངོ་བོ་ཉིད་རྣམ་པར་སྙིང ་མཛད་ཀྱི་བདག་ཉིད་ཡིན་པས་ན་འགྲོ་བ་ཐམས་ཅད་ལ་ཁྱབ་པའི་གཟུགས་ཀྱི་ཕུང་པོའི་རང་བཞིན་ཅན་ནོ།། བདག་ན་ང་རྒྱལ་དང་འདོད་ཆགས་དང་ཕྱག་དོག་དང་ཞེ་སྡང་གི་ངོ་བོ་ཉིད་རིན་ཆེན་འབྱུང་ལྡན་དང་། འོད་དཔག་ཏུ་མེད་པ་དང་། དོན་ཡོད་པར་གྲུབ་པ་དང་། མི་བསྐྱོད ་པའི་བདག་ཉིད་ཅན་ཡིན་པས་འགྲོ་བ་ཐམས་ཅད་ལ་ཁྱབ་པའི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་མོའི་བདག་ཉིད་ཅན་ནོ།། དེ་ལྟར་དངོས་པོ་ཐམས་ཅད་ཀྱི་བདག་ཉིད་དུ་གྱུར་ནས་སེམས་ཅན་ལ་དམིགས་པ་དང་། ཆོས་ལ་དམིགས་པའི་སྙིང་རྗེ ་ཆེན་པོ་མངོན་སུམ་དུ་བྱས་ལ། དངོས་པོ་དང་དངོས་པོ་མེད་པ་དང་རང་གི་དངོས་པོ་དང་གཞན་གྱི་དངོས་པོ་ལ་སོགས་པའི་ཡིད་ལ་བྱེད་པ་སྤངས་ཏེ་ཐམས་ཅད་ལས་སེམས་ཡང་དག་པར་བསྡུས་ལ་ཅུང་ཟད་ཀྱང་མི་བསམ་པར་བྱའོ།། དེ་ལྟར་ན་ཅི་ལ་ཡང་མི་སེམས་པའི ་རྣལ་འབྱོར་པ་སྔོན་ཆ་དེ་ཡུན་རིང་དུ་བླ་མ་བསྟན་པར་བྱེད་པ་ལས་གང་བླ་མའི་དྲིན་གྱིས། བཅོམ་ལྡན་འདས་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བར་འགྱུར་ཏེ། ཚད་མས་གཞལ་བ་དང་། གཞལ་བར་བྱ་བའི་འབྲས་བུའི་རྣམ་པར་དབྱེ་བ་ལས་ཡང་དག་པར་ལྡོག ་པས་རང་སྤང་བའི་ངོ་བོ་ཉིད་དང་། སྤྲོས་པ་མེད་པ་ཉིད་ཀྱིས་སྤྲོས་པའི་བདག་ཉིད་ཅན་གྱི་འཁོར་བ་སྡུག་བསྔལ་གྱི་རང་བཞིན་ཅན་དང་བྲལ་བསོ་མཆོག་ཏུ་དགའ་བའི་བདག་ཉིད་ཅན་མེ་ལོང་ལྟ་བུའི་སྦྱོར་བས་ཡང་དག་པར་རྟོགས་ལ། དེའི་མཐུས་ཀྱེ་མའོ་གཏི་མུག་གི་མཐུ ་གང་གིས་སེམས་ཅན་འདི་རྣམས་མྱ་ངན་ལས་འདས་པའི་བདག་ཉིད་ཅན་ཡིན་དུ་ཟིན་ཀྱང་བདག་ཉིད་ཀྱིས་མི་ཤེས་ན། ཇི་ལྟར་ན་འདི་བདག་གིས་ཁོང་དུ་ཆུད་པར་བྱ་ཞེས་རྣམ་པར་བསམས་ནས་དེའི་བདག་ཉིད་ཅན་དུ་སེམས་ཅན་ཐམས་ཅད་བསམས་ན་དམིགས་པ ་མེད་པའི་སྙིང་རྗེ་གང་ཡིན་པ་དེས་སྐྱོ་བར་འགྱུར་ལ། དེའི་བདག་ཉིད་ཅན་གྱི་རང་ཉིད་དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་བསམ་པར་བྱའོ།། དེ་ནས་དངོས་པོ་ཐམས་ཅད་ཀྱི་བདག་ཉིད་ཅན་གྱི་རྣལ་འབྱོར་པ་སྙིང་རྗེ་ཆེན་པོའི་བདག་ཉིད་ཅན་བསྒོམ་པ་སྟོབསུ་གྱུར་ནས་དེའི་འོག ་ཏུ་དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་སྙིང་རྗེ་ཆེན་པོའི་བདག་ཉིད་ཅན་དུ་རང་ཉིད་བཅོམ་ལྡན་འདས་ཡུམ་ཤེས་རབ་ཀྱི་མིང་གཞོན་ཡང་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་དེའི་བདག་ཉིད་ཅན་གྱི་ཐ་མི་དད་པའི་ངོ་བོ་ཉིད་དུ་ཆུ་དང་འོ་མ་ལྟར་གཅིག་ཏུ་འདྲེས་པར་གྱུར་པ་པ ་བར་བྱའོ།། གང་གི་ཚེ་དེ་ལྟར་གྱུར་པ་དེའི་ཚེ། དེའི་བདག་ཉིད་ཅན་བསྒོམ་པ།། དེ་ཉིད་ཡོངསུ་གསལ་བར་འགྱུར།། དེས་ན་རྣལ་འབྱོར་འདི་རྒྱལ་བས།། བསོད་ནམས་ཀུན་གྱི་རང་བཞིན་གསུངས་ཞེས་པ་སྟེ། རྣལ་འབྱོར་པ་འདི་གནས་སྐབས་དེར ་ཐབས་དང་ཤེས་རབ་ཀྱི་ངོ་བོ་ཉིད་གཉི་སུ་མེད་པའི་རང་བཞིན་ཅན་ཡིན་པས་ན་བསོད་ནམས་ཐམས་ཅད་ཀྱི་རང་བཞིན་ཅན་ཏེ། དེ་བཞིན་གཤེགས་པོ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེའི་བདག་པོ་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་ངོ་བོ་ཉིད་ཡིན་ལ། དེ་ཡང ་ཐབས་དང་ཤེས་རབ་གཉིསུ་མེད་པའི་རང་བཞིན་ཅན་ཉིད་ཡིན་པའི་ཕྱི་རོ།། གོང་མ་དེ་དག་ནི་སྒྲོ་བཏགས་པའི་ངོ་བོ་ཉིད་ཙམ་དུ་ཟད་པས་ན་དེ་ཁོ་ན་ཉིད་ནི་མ་ཡིན་ནོ་ཞེས་རྟོགས་ན། དེ་ནི་མ་ཡིན་ཏེ། གང་གི་ཕྱིར་སྒྲོ་བཏགས་པ་འདི་ནི་ཕྱི་རོལ་ཏེ། རང་གི་ངོ་བོ་རང་མཚན་ཉིད།། དེ ་བས་རྣལ་འབྱོར་ཤེས་དེའི་བདག། རང་ཉིད་ཀུན་གྱི་རང་བཞིན་གཙོ།། ཞེས་པ་སྟེ། ཕྱི་རོལ་གྱི་ཤེལྔ་པ་དེ་སྒྲོ་བཏགས་པ་ཡིན་གྱི་རང་གི་ངོ་བོ་ཉིད་མ་ཡིནོ།། ཡང་ཇི་སྐད་དུ། སྒྲ་དོན་འཛིན་བྱེད་གང་གང་དུ།། ཤེས་དེ་དེར་ནི་བཏགས་པ་ཡིན།། རང་གི་ངོ་བོ་སྒྲ་དོན་མིན།། ་དེདེ་ནི་མ་ལུས་མངོན་སུམ་ཡིན།། དེ་བས་ནི་ཐབས་དང་ཤེས་རབ་ཀྱི་ངོ་བོ་ཉིད་གཉི་སུ་མེད་པའི་རྣལ་འབྱོར་པ་ནི་རང་རིག་པའི་མངོན་སུམ་གྱི་ཚད་མ་ཡིན་པར་གྲགས་པས་སྒྲོ་བཏགས་པ་ཙམ་མ་ཡི་ནོ།། གཞན་ཡ་སྤྲོས་པ་མེད་ཅིང་སྣང་བ་མེད། ཐབས ་ཤེས་གཉིས་མེད་བདག་ཅན་གཙོ།། རྣལ་འབྱོར་པ་དེ་སྤྲོས་བདག་གམ།། སྒྲོ་བཏགས་པ་ནི་ཇི་ལྟར་འགྱུར། གལ་ཏེ་གནས་སྐབས་དེ་གནས་ཡོངསུ་གྱུར་པའི་རྣལ་འབྱོར་པ། སྤྲོས་པ་མེད་པའི་ཕྱག་རྒྱ་ཆེན་པོ་གཉི་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་རང་རིག་པ ་གྲགས་པར་གྱུར་པ་དེ་ལ་སྤྲོས་པའི་རང་བཞིན་ཅན་གྱི་སྒྲོ་བཏགས་པ་གང་ཅི་ཡང་རུང་བ་དེ་དག་ཅི་ལྟར་ཡོད་དེ། དེ་ཡང་། ཤེས་རབ་ཐབས་དངོས་ཞི་བ་འདི།། དེ་ཉིད་མཆོག་ཏུ་བཤད་པ་སྟེ།། འདི་ཉིད་གཉིས་མེད་ཡེ་ཤེས་ཏེ།། བྱང་ཆུབ་སེམས་ལ་སོགས་པ་ཉེ་བར ་དམིགས་པ་ལས་ལྡོག་པས་ཕྱི་སྟོང་པའི་བདག་ཉིད་ཅན་དུ་གྱུར་པ་དང་། བཀུག་པ་རྣམས་ཀྱི་རྗེསུ་ཆགས་པའི་རྒྱུར་གྱུར་པའི་རྡོ་རྗེ་ཆགས་པའོ།། ཕྱི་དང་ནང་གི་སྐྱེ་མཆེད་དང་ལུས་དང་གནས་སུ་ཉེ་བར་དམིགས་པ་ལས་ལྡོག་པས་ཕྱི་དང་ནང་གི་སྟོང་པའི་བདག་ཉིད ་ཅན་དུ་གྱུར་པ་དང་། ཆགས་པ་མོད་པའི་སེམས་ཅན་རྣམས་ཀྱི་ཡིད་བདེ་བ་སྐྱེད་པའི་རྒྱུར་གྱུར་པས་རྡོ་རྗེ་ལེགས་པའོ།། མིག་དང་གཟུགས་ལ་སོགས་པའི་བག་ཆགས་ཀྱི་གནས་ཡོངསུ་གྱུར་པ་ཉིད་ཀྱི་མེ་ཁྱོང་ལྟ་བུའི་ཡེ་ཤེས་དེའི་རྐྱེན་དུ་གྱུར་པ་ཆེན་པོ་སྟོང་པ་ཉི་ལ ་སོགས་པ་བཞི་པོའི་ངོ་བོ་ཉིད་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཡིནོ།། སྟོང་པ་ཉིད་དུ་ཉེ་བར་དམིགས་པ་ལས་ལྡོག་པས་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་བདག་ཉིད་ཅན་དུ་གྱུར་པ་དང་། བྱང་ཆུབ་ཀྱི་སེམས་མངོན་པར་འཕེལ་བ་རྣམས་ཀྱི་རྒྱལ་ཚབ་དུ་དབང་བསྐུར་བའི ་རྒྱུར་གྱུར་པས་ན་རྡོ་རྗེ་རིན་ཆེན་ནོ།། དོན་དམ་པར་ཉེ་བར་དམིགས་པ་ལས་ལྡོག་ཅིང་། དོན་དམ་པ་སྟོང་པ་ཉིད་ཀྱི་བདག་ཉིད་ཅན་དུ་གྱུར་པ་དང་། དབང་བསྐུར་བརྙེད་པ་རྣམས་ལ་མི་འཇིགས་པ་རབ་ཏུ་སྦྱིན་པའི་མཚན་ཉིད་ཅན་གྱི་གཟི་བརྗིད་ཀྱི་རྒྱུར་གྱུར་པས ་ན་རྡོ་རྗེ་གཟི་བརྗིད་དོ།། འདུས་བྱས་པའི་བསོད་ནམས་ཀྱི་ཚོགས་སུ་ཉེ་བར་དམིགས་པ་ལས་ལྡོག་པས་འདུས་བྱས་སྟོང་པ་ཉིད་ཀྱི་བདག་ཉིད་ཅན་དུ་གྱུར་པ་དང་། གཟི་བྱིན་ཐོབ་པ་རྣམས་ལ་བྱམས་པའི་མཚན་ཉིད་ཅན་གྱི་མཚན་མའི་རྒྱུར་གྱུར་པས ་ན་རྡོ་རྗེ་དཔལ་ལོ།། འདུས་མ་བྱས་པའི་བྱང་ཆུབ་ཀྱི་ཚོགས་ཀྱི་ཉེ་བར་དམིགས་པ་ལས་ལྡོག་པས་འདུས་མ་བྱས་པའི་སྟོང་པ་ཉིད་ཀྱི་བདག་ཉིད་ཅན་དུ་གྱུར་པ་དང་། བྱམས་པའི་རྒྱལ་མཚན་བསྒྲེད་པའི་མཚན་མ་ཅན་རྣམས་ལ་ཆོས་ཀྱི ་སྦྱིན་པ་བླ་ན་མེད་པའི་རྒྱུར་གྱུར་པས་ན་རྡོ་རྗེ་བཞད་པོའོ།། ཉོན་མོངས་པ་ཅན་གྱི་ཡིད་གནས་གྱུར་པའི་ངོ་བོ་ཉིད་ཀྱིས་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། ཇི་སྐད་དུ་བཤད་པའི་དེའི་ཕྱིན་ཅི་ལོག་སྤོང་བའི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྐྱེན་དུ་གྱུར་པ་སྟོང་པ་ཉིད་སྟོང་པ ་ཉོད་ལ་སོགས་པ་བཞིའི་ངོ་བོ་ཉིད་ནི། རྡོ་རྗེ་རིན་པོ་ཆེ་ལ་སོགས་པ་ཡིནོ།། སྒྲོ་བཏགས་པ་དང་སྐུར་པ་བཏབ་པའི་མཐར་ཉེ་བར་དམིགས་པ་ལས་ལྡོག་པས་ཤིན་ཏུ་སྟོང་པ་ཉིད་དུ་གྱུར་པ་དང་། ཆོས་ཀྱི་སྦྱིན་པའི་ཡིད་བདེ་བ་དེ་ལ་ཞུགས་པ་རྣམས་ཀྱི་ཏིང་འཛིན་གྱི་རྒྱུར་གྱུར ་པས་ན་རྡོ་རྗེ་ཆོས་སོ།། འཁོར་བར་ཉེ་བར་དམིགས་པ་ལས་ལྡོག་པས་ཐོག་མ་དང་ཐ་མ་མེད་པའི་སྟོང་པ་ཉིད་ཀྱི་བདག་ཉིད་ཅན་དུ་གྱུར་པ་དང་། ཏིང་ངེ་འཛིན་རྟོགས་པ་རྣམས་ཀྱི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་སྐྱེད་པའི་རྒྱུར་གྱུར་པས་རྡོ་རྗེ་རྣོན་པོའོ།། དགེ་བའི་ཕྱོགས ་ཡོངསུ་མི་གཏོང་བའི་ཉེ་བར་དམིགས་པ་ལས་ལྡོག་པས་དོར་བ་མེད་པ་སྟོང་པ་ཉིད་ཀྱི་བདག་ཉིད་ཅན་དུ་གྱུར་པ་དང་། ཡེ་ཤེས་ཐོབ་པ་རྣམས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བའི་རྒྱུར་གྱུར་པས་ནཱ་རྡོ་རྗེ་རྒྱུའོ།། ཆོས་ཐམས་ཅད་ཀྱི་རང་བཞིན་ལ་ཉེ་བར་དམིགས་པ་ལས་ལྡོག ་པས་རང་བཞིན་སྟོང་པ་ཉིད་ཀྱི་བདག་ཉིད་ཀྱི་བདག་ཉིད་ཅན་དུ་གྱུར་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་ཞུགས་པ་རྣམས་ཀྱི་གདུལ་བྱའི་སྐྱེ་བོ་རྣམས་ཀྱི་ངོར་ཆོས་སྟོན་པར་རབ་ཏུ་འཇུག་པའི་རྒྱུར་གྱུར་པས་ན་རྡོ་རྗེ་སྨྲ་བའོ།། རྣམ་པར་རྟོག་པ་གནས་གྱུར་པའི་ངོ་བོ་ཉིད ་ཀྱི་སོ་སོར་རྟོག་པའི་ཡེ་ཤེས་ཇི་སྐད་དུ་བཤད་པའི་ཕྱིན་ཅི་ལོག་ལས་རྣམ་པར་དབེན་པའི་ངོ་བོ་ཉིད་ཀྱིས་དེའི་འཁོར་དུ་གྱུར་པ་ཤིན་ཏུ་སྟོང་པ་ཉིད་ལ་སོགས་པ་བཞིའི་ངོ་བོ་ཉིད་གྱུར་པ་ཉིད་ནི་རྡོ་རྗེ་ཆོས་ལ་སོགས་པའི་ངོ་བོ་ཉིད་དོ།། སྟོབས་དང་མི་འཇིགས་པ་ལ་སོགས ་པའི་ཚུལ་གྱི་ཆོས་ཀྱི་སྐུ་ཉེ་བར་དམིགས་པ་ལས་ལྡོག་པས་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་བདག་ཉིད་ཅན་དུ་གྱུར་པ་དང་། དོན་དམ་པའི་སྐལ་བ་ཅན་རྣམས་ཀྱི་སྦྲུལ་མཆོག་འདི་ཡིན།། ཀུན་རྟོག་ཐམས་ཅད་རྣམ་སྤངས་པས།། གནས་ནི་ཡོངསུ་གྱུར་པ་ཡིན།། འདི་ནི་འཇིག ་རྟེན་འདས་ཡེ་ཤེས།། ཐུབ་པ་ཆེན་པོའི་ཆོས་སྐུ་ཡིན།། རྡོ་རྗེ་རྡོ་རྗེ་སེམས་དཔའ་འདི།། སངས་རྒྱས་བྱང་ཆུབ་བླ་མེད་ཡིན།། རྣལ་འབྱོར་ཀུན་དང་ལྷག་རྣལ་འབྱོར།། རྣལ་འབྱོར་འདི་ནི་བླ་ན་མེད།། ཤིན་ཏུ་གཙོ་འགྱུར་རྣལ་འབྱོར་འདི།། དེ་ཉིད་བསྡུས་པར་ངེས་མཛད་ལ།། དམ་ཚིག་ཆེན་པོའི ་རྒྱུད་དང་ནི།། དཔལ་ལྡན་རྡོ་རྗེ་རྩེ་མོ་དང་།། ཐེག་ཆེན་མངོན་པར་རྟོགས་པ་དང་།། དཔལ་ལྡན་རྫོགས་སངས་འདུལ་མཛད་དང་།། དཔལ་མཆོག་དང་པོའོ་རྒྱུད་དང་ནི།། དཔལ་ལྡན་རྡོ་རྗེ་བདེ་ཚན་དང་།། དཔལ་ལྡན་འདས་པའི་རྒྱུད་དུ་ནི།། རྣལ་འབྱོར་འདི་ནི་བླ་མེད་པར།། དངོས་གྲུབ་ཐམས་ཅད ་སྒྲུབ་མཛད་པའི།། ཐུགས་ཀྱི་རྡོ་རྗེར་གསུངས་པ་ཡིན།། གང་འདིར་རྒྱལ་བའི་སྲས་པོ་རྣམས།། ཕྱིན་ཅི་ལོག་ལས་འདས་གྱུར་པ།། དེ་ནི་རིང་པོ་མི་ཐོགས་པར།། འཇིག་རྟེན་གསུམ་ལས་སངས་རྒྱས་འགྱུར་ཞེས་གསུངས་པ་དང་། རྣལ་འབྱོར་པ་ནི་སྒྲོ་བཏགས་དང་།། སྐུར་མཐའ་གང ་དང་གང་དག་གི།། དབྱེ་བ་དེ་དང་དེར་བརྟེན་པ།། དེ་ཉིད་ཚུལ་དུ་ལྡོག་པ་ཡིན།། དེ་དང་དེ་ཚུལ་ལ་གནས་པ།། ཀུན་མཁྱེན་ཡེ་ཤེས་དངོས་རང་ཉིད།། རྫོགས་པའི་བྱང་ཆུབ་སེམས་དཔའི་བདག། ཕ་རོལ་ཕྱིན་ཀུན་རང་བཞིན་ཅན།། དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པ་དེ་སྒྲོ་བཏགས་པ་མ ་ལུས་པ་ལས་ལྡོག་པས་མངོན་པར་བྱང་ཆུབ་པ་རྣམ་པ་ལྔའི་རང་བཞིན་ཅན་གྱི་དཀྱིལ་འཁོར་བའི་ལྷ་རྣམས་ཀྱི་བདག་ཉིད་ཅན་དང་། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་རང་བཞིན་དུ་རྣམ་པར་བཞག་པ་ཡིནོ།། དེ་ལ་འདོད་ཆགས་ལ་སོགས་པའི་དྲི་མམ ་པ་དང་བྲལ་བ་ཉིད་དེ་ལས་གཞན་པའི་ཁྱད་པར་ཅན་གྱི་རྒྱུར་གྱུར་པ་ཉིད་ཀྱིས་ན་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དང་དབྱི་བ་མ་ལུས་པ་དང་བྲལ་བ་ཉིད་ཀྱིས་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཉིད་དོ།། ཕྱིན་ཅི་ལོག་མ་ལུས་པ་དང་བྱལ་བའི་རང་བཞིན་ཉིད་ཀྱིས་ན་སོ་སོར ་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དང་། འགྲོ་བ་མ་ལུས་པའི་ཕན་པ་སྐྱེད་པའི་རྒྱུར་གྱུར་པས་བྱ་བ་སྒྲུབ་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དང་། གཟུང་བ་དང་། འཛིན་པ་རྣམ་པ་གཉིས་དང་བྲལ་བས་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ངོ་བོ་ཉིད་ཡི་ནོ།། དེ་བས་ན་མེ་ལོང་ལྟ་བུའི་ཡེ ་ཤེས་ལ་སོགས་པའི་བདག་ཉིད་ཅན་མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཅན་ཡང་དེ་ཉིད་ཡིན་པས་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཉིད་ཡིནོ།། དེ་ཉིད་ནི་ཉེ་བར་དམིགས་པ་རྣམས་ལས་ལྡོག་པས་སྟོང་པ་ཉིད་ཀྱི་བདག་ཉིད་ཅན་ཡིན་པའི་ཕྱིར་རྡོ ་རྗེ་སེམས་མའོ།། མཚན་མ་མ་ལུས་པ་ལསོ་ལྡོག་ཅིང་མཚན་མ་མེད་པའི་བདག་ཉིད་ཅན་ཡིན་པས་རིན་ཆེན་སེམས་མའོ།། ལོག་པའི་སྨོན་ལས་ལོག་ཅིང་སྨོན་པ་མེད་པའི་བདག་ཉིད་ཅན་ཡིན་པས་ན་ཆོས་ཀྱི་སེམས་མའོ།། ཕྱིན་ཅི་ལོག་གི་མངོན་པར་འདུ་བྱེད་པ་ལས ་ལྡོག་ཅིང་མངོན་པར་འདུས་མ་བྱས་པའི་བདག་ཉིད་ཅན་ཡིན་པས་ན་ལས་ཀྱི་སེམས་མ་སྟེ། རྡོ་རྗེ་སེམས་མ་ལ་སོགས་པ་རིགས་ཀྱི་ཡུམ་པ་ནི་ནི་གོ་རིམས་བཞིན་དུ་སྟོང་པ་ཉིད་ལ་སོགས་པ་རྣམ་པར་ཐར་པའི་སྒོ་བཞིའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ།། དེ་བཞིན་དུ་དེ་ཉིད་ནི་སྣོད ་ཀྱི་འཇིག་རྟེན་གྱི་མཐར་རྟོག་པ་ལས་ལོག་ཅིང་ཆེན་པོ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་དུ་གྱུར་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་རྒྱུར་གྱུར་པས་རྡོ་རྗེ་སེམས་དཔའོ།། མིག་ལ་སོགས་པ་ལ་ཉེ་བར་དམིགས་པ་ལས་ལྡོག་ཅིང་ནང་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་དུ་གྱུར་པ་དང་། བྱང ་ཆུབ་ཏུ་སེམས་བསྐྱེད་པ་རྣམས་ཀྱི་འགུགས་པའི་རྒྱུར་གྱུར་པས་རྡོ་རྗེ་རྒྱལ་བའོ།། གཟུགས་ལོ་སོགས་པའི་མཆོད་པའི་ལས་ཀྱི་རྒྱུར་གྱུར་པས་ན་རྡོ་རྗེ་ལས་སོ།། རང་དང་སྤྱིའི་མཚན་ཉིད་དུ་ཉེ་བར་དམིགས་པའི་མཚན་ཉིད་ལས་ལྡོག་པས་ན་མཚན་ཉིད་སྟོང་པ་ཉིད ་ཀྱི་བདག་ཉིད་ཅན་དུ་གྱུར་པ་དང་། ལས་ལ་རབ་ཏུ་ཞུགས་པ་རྣམས་ཀྱི་སྤྲུལ་པའི་རྒྱུར་གྱུར་པས་ན་རྡོ་རྗེ་སྲུང་བའོ།། ཉེ་བར་མི་དམིགས་པ་དང་། ཉེ་བར་དམིགས་ལས་ལྡོག་པས་ན་མི་དམིགས་པ་སྟོང་པ་ཉིད་ཀྱི་བདག་ཉིད་ཅན་དུ་གྱུར་པ་དང་། བསྲུང་བ་ལ་ཞུགས་པ ་རྣམས་ཀྱི་འགེགས་ཉེ་བར་ཞི་བའི་རྒྱུར་གྱུར་པས་ནི་རྡོ་རྗེ་གནོད་སྦྱིན་ནོ།། དངོས་པོ་མེད་པ་དང་། དངོས་པོ་མི་དམྱིགས་པ་ལས་ལྡོག་པས་ན་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་སྟོང་ཉིད་ཀྱི་བདག་ཉིད་ཅན་དུ་གྱུར་པ་དང་། དེ་ལྟར་བྱ་བ་བྱས་པ་སློབ་པ་ལ་འཇུག་པ་རྣམས་ཀྱི་སྐུ ་དང་གསུང་དུང་ཐུགས་རྡོ་རྗེར་བྱེད་པས་དངོས་གྲུབ་ཐམས་ཅད་རྫོགས་པའི་རྒྱུར་གྱུར་པས་ནཱ་རྡོ་རྗེ་ཁུ་ཚུར་རོ།། མིག་ལ་སོགས་པའི་རྣམ་པར་ཤེས་པ་གནས་གྱུར་པའི་ངོ་བོ་ཉིད་ཀྱིས་བྱ་བ་སྒྲུབ་པའི་ཡེ་ཤེས་ཇི་སྐད་བཤད་པོའི་ཕྱིན་ཙེ་ལོག་རྣམས་ལས་དབེན་པའི ་བོ་ཉིད་ཀྱིས་དེའོ་འཁོར་དུ་གྱུར་པས་ཆོས་ཐམས་ཅད་སྟོང་པ་ཉིད་ལ་སོགས་པའི་ངོ་བོ་ཉིད་ནི་རྡོ་རྗེ་ལས་ལ་སོགས་པ་བཞིན་ནོ།། དེ་བཞིན་དུ་སེར་སྣ་དང་ཚུལ་ཁྲིམས་འཆལ་པ་དང་ཁྲོ་བ་དང་ལེ་ལོ་ལ་སོགས་པ་ཉེ་བར་དམིགསོ་པ་ལས་ལྡོག་ཅིང་དེའི་གཉེན་པ་ཉིད ་ཀྱིས་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་ཅན་དུ་གྱུར་ཕྱག་རྒྱ་ཆེན་པོ་གཉིས་སུ་མེད་པའི་ཡེཀྱི་ངོ་བོ་ཉིད་ཀྱི་རྣལ་འབྱོར་དབང་ཕྱུག་དེ་ནི་གསང་བའི་མཆོད་པའི་ངོ་བོ་ཉིད་རྡོ་རྗེ་སྒེག་མོ་དང་། ་ཕྲེང་བ་མ་དང་། གླུ་མ་དང་། ག་མའི་བདག་ཉིད་ཅན་ཏེ། རྡོ་རྗེ་སྒེག་མོ་ལ་སོགས་པོ་ནི་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ།། དེ་བཞིན་དུ་ཤེས་རབ་འཆལ་པ་དང་། རྣམ་པར་གཡེང་བ་དང་ལོག་པའི་སྨོན་ལམ་དང་། ཐབས་མེད་པ་ལས ་ལྡོག་པས་ཤེས་ར་བ་དང་། བསམ་གཏན་དང་། སྨོན་ལམ་དང་། ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་ཅན་དུ་གྱུར་པའི་ཕྱག་རྒྱ་ཆེན་པོ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཀྱི་རྣལ་འབྱོར་གྱི་དབང་ཕྱུག་དེ་ཉིད་ནི་ཕྱིའི་མཆོད་པའི་རང་བཞིན་རྡོ་རྗེ་བདུག་པ་དང་། ་མེ་ཏོག་དང་། མར་མེ་དང་། དྲིའི་ངོ་བོ་ཉིད་ཡིན་ཏེ། རྡོ་རྗེ་བདུག་པ་ལ་སོགས་པ་ནི་རིམ་པོ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་བཞིའི་ངོ་བོ་ཉིད་ཡིན་པའི་ཕྱིརརོ།། དེ་ཉིད་ནི་ཐེག་པ་ཆེན་པོ་ལ་མངོན་པར་ཡིད་ཆེས་པ་ལས་ལྡོག་པས་དད་པའི་བདག་ཉིད་ཅན ་ཏེ། ཐབས་ཆེན་པོའི་ངོ་བོ་ཉིད་ཡིན་པས་ན་རྡོ་རྗེ་ལྕགས་ཀྱུའོ།། ཐེག་པ་ཆེན་པོ་ལ་མི་འཇུག་པ་ལས་ལྡོག་ཅིང་བརྩོན་འགྲུས་ཀྱི་བདག་ཉིད་ཅན་གྱི་སྤྱོད་པའི་ངོ་བོ་ཉིད་དུ་གྱུར་པས་ན་རྡོ་རྗེ་ཞགས་པའོ།། རྗེད་ངས་པ་ཞུགས་པ་ལས་ལྡོག་ཅིང་དྲན་པའི་བདག་ཉིད་ཅན་བར་དུ ་གཅོད་པའི་དགོས་པ་ལས་ལྡོག་པའི་བདག་ཉིད་ཅན་ཡིན་པས་ན་རྡོ་རྗེ་ལྕགས་སྒྲོག་གོ།། ཚིག་མི་ཤེས་པ་ལས་ལྡོག་པའི་ཏིང་འཛིན་གྱི་བདག་ཉིད་ཅེན་ཡིན་ཞིང་ཆོས་ཐམས་ཅད་མ་སྐྱེས་པར་སྟོང་པ་ཉིད་དུ་གྱུར་པས་ན་རྡོ་རྗེ་འབེབས་པའོ།། དེས་ན་ཐབས་དང་ཤེས་རབ་ཀྱི ་བདག་ཉིད་ཅན་གྱི་རྣལ་འབྱོར་ཆེན་པོ་དེ་ཉིད་ནི་དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་གྱི་ངོ་བོ་ཉིད་དུ་གྱུར་པས་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་སྒོ་བསྲུངས་བཞིའི་ངོ་བོ་ཉིད་ཡི་ནོ།། གང་ཕྱིར་ཤེས་རབ་ཐབས་བདག་ཅན།། དང་པོའི་སྦྱོར་བའི་རང་བཞིན་འདི། ་དེ་ཕྱིར་བྱང་ཆུབ་སེམས་ཀུན་བདག། དཀྱིལ་འཁོར་གྱི་ནི་བདག་པོ་ཡིན།། རྣལ་འབྱོར་པའི་ཕྱག་རྒྱ་ཆེན་པོ་དང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ནི་ཐིབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་ཡིན་པའི་ཕྱིར་དང་པོའི་སྦྱོར་བའི་རང་བཞིན་ཏེ། བྱང་ཆུབ་པའི ་བདག་ཉིད་ཅན་གྱི་སེམས་དཔའ་མ་ལུས་པའི་བདག་ཉིད་ཅན་ཡིན་པས་ན་དཀྱིལ་འཁོར་གྱི་རྒྱལ་པོའི་མཆོག་གི་རང་བཞིན་ཅན་ཡིནོ།། དེ་བསྒོམ་པ་ཉིད་ནི་ཏིང་ངེ་འཛིན་གཉིས་བསྒོམ་པ་ཡོངསུ་རྫོགས་པ་ཡིན་པར་བལྟ་བར་བྱའོ།། གང་ཕྱིར་ཇི་སྐད་བཤད་སྟོང ་པ།། རྣམ་པ་བཅུ་དྲུག་བདག་ཉིད་འདི།། དེས་ནི་བྱམས་སོགས་ཏིང་འཛིན་བདག། བྱང་ཆུབ་སེམས་དཔའི་བདག་ཅན་ཡིན།། འདི་ནི་སྟོང་པ་བཅུ་དྲུག་གི་བདག་ཉིད་ཅན་ཡིན་པའི་ཕྱིར་སྟོང་པ་བཅུ་དྲུག་གི་རང་བཞིན་ཅན་གྱི་ཏིང་འཛིན་གྱི་བདག་ཉིད་ཅན་གྱི་བྱང་ཆུབ ་སེམས་དཔའ་བཅུ་དྲུག་ཀྱང་ཡི་ནོ།། དེ་དག་ཀྱང་བྱམས་པ་དང་། མཐོང་བ་དོན་ཡོད་དང་ངན་སོང་ཐམས་ཅད་སྦྱོང་བ་དང་། མྱ་ངན་དང་མུན་པ་ཐམས་ཅད་ངེས་པར་འཇོམས་པའི་བློ་གྲོས་དང་། སྤོས་ཀྱི་གླང་པོ་དང་། དཔའ་བར་འགྲོ་བ་དང་། ན་མཁའི་མཛོད་དང་། ཡོ་ཤེས་རྟོག ་དང་། འོད་དཔག་མེད་དང་། ཟླ་འོད་དང་། བཟང་སྐྱོང་དང་། དྲ་བ་ཅན་གྱི་འོད་དང་། རྡོ་རྗེ་སྙིང་པོ་དང་། བློ་གྲོས་མི་བཟད་པ་དང་། སྤོབས་པ་བརྩེགས་པ་དང་། ཀུན་ཏུ་བཟང་བའོ།། གང་ཕྱིར་ཐབས་ཆེན་བདག་ཉིད་པས།། འདི་ནི་ཐབས་ཀུན་རང་བཞིན་ཡིན།། དེ་ཕྱིར་འཇིག་རྟེན་པའི་ཡེ ་ཤེས།། ཏིང་འཛིན་ཀུན་བདག་ཉིད་ཅན་ཡིན།། ཚངས་པ་ཡི་སོགས་པ་ནས་པ་ལང་རྫིའི་བར་དུ་སེམས་ཅན་གང་ཅི་ཡང་རུང་བ་ལ་ཡོད་པའི་ཤེས་པ་འམ། མཉམ་པར་བཞག་པ་གཞན་གྱི་དགོས་པའི་ཐབས་སུ་གྱུར་པ་དེ་ཐམས། ་ཅད་དེ་ཉིད་དུ་དེའི་ཡིན་ཏེ། ཐབས་ཐམས་ཅད་ཀྱི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ།། གང་ཚེ་ཡང་དག་བཤད་པའི་རིམ་པ་ཡིས།། རྣལ་འབྱོར་པ་ནི་མཉམ་པར་བཞག་གྱུར་པ།། དེ་ཚེ་དེ་ནི་མགོན་རྟོག་མི་མངའ་ཡང་།། ཇི་སྲིད་ཇི་སྐད་བཤད་པ་ཉིད་དུ་བཞེད།། ་དེ་ལྟར་ན་རེ་ཞིག་རྣལ་འབྱོར་པ་གང་གི་ཚེ་རྣལ་འབྱོར་པ་སྤྲོས་པ་མེད་པའི་ཤེས་རབ་དང་། ཐབས་ཀྱི་རྣལ་འབྱོར་གྱི་བདག་ཉིད་ཅན་ཡིན་པ་དེའི་ཚེ་ཐམས་ཅད་མཁྱེན་པའི་རང་བཞིན་ཅན་ཏེ། དཀྱིལ་འཁོར་པའི་ལྷ་མ་ལུས་པའི་བདག་ཉིད་ཅན་དང་། ཕ་རོལ་ཏུ ་ཕྱིན་པ་མ་ལུས་པའི་རང་བཞིན་དུ་མགོན་པོས་ཡང་དག་པར་འཇོག་པར་མཛད་དོ།། གང་ཚེ་དེ་ནི་རྣལ་འབྱོར་དེ་ལས་ལངས་གྱུར་ཀྱང་།། དེ་ཚེའང་དེ་ཉིད་དུ་ན་དེ་བཞིན་ཉིད་བདག་ཅན། སྤྱོད་ལམ་མ་ལུས་པར་རྟོགས་པའི་ལངས་པ་དག། བདག་ཉིད་ལུས་ནི ་ཀུན་ནས་རྣམ་པར་བསྒོམ་པར་བྱ།། དེ་ཚེ་འང་ཀུན་ལ་ཀུན་དུ་རྣམ་པར་གནས།། ཇི་སྐད་བཤད་པའི་དེ་ཉིད་བདག་ཉིད་ཅན་དུ་འདོད།། དེ་བས་གནས་སྐབས་གཉིས་དང་ཡང་དག་ལྡན་བདག་ཉིད།། རྒྱལ་བ་མགོན་པོ་ཅི་འདྲ་དེ་ལྟ་ཉིད་དུ་འདོད།། དེ་ཁོ་ན་ཉིད་ཀྱི་རྣལ ་འབྱོར་མངོན་སུམ་དུ་བྱེད་པའི་གོནས་སྐབས་དང་། ལྷག་པར་མོས་པའི་གནས་སྐབས་ཏེ། མིང་གཞན་དུ་ན་མཉམ་པར་མ་བཞག་པའི་སྦྱོར་བ་ཞེས་བྱ་བ་དང་ལྡན་པའི་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པའི་རྡོ་རྗེ་སློབ་དཔོན་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི ་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་ངོ་བོ་ཉིད་དུ་བསྟན་ཏོ།། དེ་ཡང་འཕགས་པ་གསང་བ་འདུས་པ་ལས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་གསང་བ་འདུས་པར་མངོན་པར་རྟོགས་པའི་སློབ་དཔོན་ལ་དེ་བཞིན་གཤེགས ་པ་ཐམས་ཅད་ཀྱིས་ཇི་ལྟར་བལྟ་བར་བགྱི། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱང་ཆུབ་ཀྱི་སེམས་སུ་བལྟ་བར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། སློབ་དཔོན་ནི་བྱང་ཆུབ་ཀྱི་སེམས་དང་མཉམ་ཞིང་རྣམ་པ་གཉིསུ་དབྱེར ་མེད་དོ།། རིགས་ཀྱི་བུ་མདོར་བསྟན་ན། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཇི་སྙེད་འཁོད་ཅིང་འཚོ་ལ་སྐྱོད་པ་དེ་དག་ཐམས་ཅད་དུས་གསུམ་དུ་ལྷགས་ནས། སློབ་དཔོན་དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པས་ཡང ་དག་པར་མཆོད་ནས། སངས་རྒྱས་ཀྱི་ཞིང་དེར་ཡང་འགྲོ་ཞིང་དེ་དག་རྡོ་རྗེའི་ཡི་གེ་ཡང་འདི་སྐད་དུ་འབྱིན་ཏོ།། བདག་ཅག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕའོ།། བདག་ཅག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མའོ།། ཞེས་བྱ་བ་ནས། བདག་ཅག་དེ་གཞིན་གཤེགས་པ ་ཐམས་ཅད་ཀྱི་སྟོན་པའོ་ཞེས་བྱ་བའི་བར་དུའོ།། འདི་ལྟ་སྟེ་དཔེར་ན། རིགས་ཀྱི་བུ། སངས་རྒྱས་བཙོ་མྦི་ལྡན་འདས་ཕྱོགས་བཅུ་ན་ཇི་སྙེད་བཞུགས་པ་དང་། སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་བྱུང་བའི་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད ་པ་དེ་བས་ཀྱང་སློབ་དཔོན་གྱི་པོ་སྤུའི་བུ་ག་གཅིག་གི་བསོད་ནམས་ཁྱད་པར་དུ་འཕགས་སོ།། དེ་ཅིའི་ཕྱིར་ཞེ་ན། རིགོས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྙིང་པོར་གྱུར་པའོ།། སྐྱེ་བའི་གནས་སུ་གྱུར་པ་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་འབྱུང་གནས ་ཡིན་པའི་བར་དུའོ་ཞེས་ཇི་སྐད་གསུངས་པ་ཡི་ནོ།། དེ་ཉིད་ཀྱིས་ན་སྦྱོར་དེ་ལས།། ཤེས་རབ་ཐབས་ཀྱི་རང་བཞིན་གཙོ།། དངོས་གྲུབ་ཐམས་ཅད་ཀུན་འབྱུང་བར།། རྫོགས་པའི་སངས་རྒྱས་ཀུན་གྱིས་གསུངས།། དེ་ཉིད་ལས་བཅོམ་ལྡན ་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་དངོས་གྲུབ་གང་ལ་གནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པ། སྐུ་གསུམ་གྱི་གསང་བ་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ནི་རྡོ་རྗེ་སློབ་དཔོན་གྱི་སྐུ་དང་གསུང་དང་ཐུགས ་རྡོ་རྗེ་ལ་གནས་སོ།། སྐུ་དང་གསུང་དང་ཐུགས་རྡོ་རྗེ་གང་དུ་གནས།། གང་ན་ཡང་མ་ཡིན་ནོ་ཞེས་ཇི་སྐད་གསུངས་པ་སྟེ། སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ།། ཡང་ཤེས་རབ་དང་ཐབས་ཀྱི་རང་བཞིན་གཉིས་སུ་མེད་པའི་ཡེ་ཤེས ་བསྒོམ་པ་འདི་ཉིད་ནི་དོན་དམ་པ་ཅན་གྱི་གསང་སྔགས་ཀྱི་སྤྱོད་པ་སྟེ། དེ་ཡང་གང་གི་ཕྱིར། ཡེ་ཤེས་དོན་གྱི་ཡོད་ཀྱི་གཟུགས།། སྔགས་ནི་ཡེ་ཤེས་ཡིན་པར་བཤད།། གཉིས་མེད་ཡིད་ནི་སྐྱོབ་པས་ན། གལ་ཏེ་དེ་ལྟ་ན་ཡང་སྔགས།། སྐད་ཀྱི་དབྱིངས་ལས ་མཱ་ན་ཛྙཱ་ནེ་ཞེས་པ་དང་། མཱ་ན་ཨ་བ་བོདྷ་ནེ་ཞེས་བྱ་བ་ཡིད་ནི་ཤེས་པ་ལས་བྱ་བ་འམ། ཡིད་ནི་ཁོང་དུ་ཆུད་པ་ལ་བྱ་བའི་ཕྱིར་དང་གཙོ་བོའི་དོན་དུ་ངེས་པས་ཇི་སྐད་དུ་བཤད་པོའི་ཕྱག་རྒྱ་ཆེན་པོ་གཉིས་སུ་མེད་པའི་རང་བཞིན་ཅན་སྦེད་པ་ཉིད་ཀྱི་ཡེ་ཤེས་ཉིད ་ལ་སྔགས་ཞེས་བྱ་བ་འམ། ཡང་ན་དེ་ལྟ་བུའི་ཡེ་ཤེས་བསྒོམས་པས་སྒྲིབ་པ་རྣམ་པ་གཉིས་སྤངས་ནས་ཀུན་ཏུ་བཟང་པོ་ཉིད་ཐོབ་པ་ནི་ཡིད་སྐྱོབ་པའི་དོན་གྱིས་ན་དེ་ཉིད་ནི་སྔགས་ཉིད་དོ།། དེ་ཉིད་བསྡུས་པའི་རྒྱུད་དུ་ཡང་།། སེམས་ནི་སོ་སོར་རྟོགས་པ་ཡི།། ཕྱག་རྒྱ ་ཚེ་དང་མཉམ་སྦྱོར་བའི།། བསྒོམ་པ་ཉིད་ལ་བྱ་བར་བཤད།། དེ་ཉིད་ཀྱིས་ན་དཔལ་དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་ལས་ཕྱག་རྒྱ་ཆེན་པོ་དང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་དབང་དུ་མཛད་ནས་གསུངས་པ་ནི།། རིགས་ཀྱི་བུ་རང་གི་སེམས་ལ་སོ་སོར་རྟོག་ཅིང་མཉམ ་པར་ཞོག་རང་བཞིན་གྱིས་གྲུབ་པའི་སྔགསོ་འདི་ཅི་དགར་བཟློས་ཤིང་བསྒྲུབ་པར་གྱིས་ཤིག་ཅེས་བྱ་བ་ཡིན་ཏེ། འདི་ཡང་ཨོཾ་ལ་སོགས་པ་ཀུན་རྫོབ་ཀྱི་སྔགས་ཡིན་ལ་དེ་བསྒྲུབས་པ་ལས་སེམས་སོ་སོར་རྟོགས་པར་བྱེད་པ་ནི་དོན་དམ་པའི་སྔགས་ཉམས ་སུ་ལེན་པ་ཡིན་ལ། སེམས་སོ་སོར་རྟོགས་པ་ཡང་ཕྱག་རྒྱ་ཆེན་པོ་གཉིས་སུ་མེད་པའི་ཡེ་ཤེས་མངོན་སུམ་དུ་བྱེད་པ་ཡི་ནོ།། དེ་བས་ན་གཞོན་ནུ་དོན་ཐམས་ཅད་གྲུབ་པས་ཀྱང་སྔགས་ཉམས་སུ་ལེན་པ་དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མགྲིན། ་གཅིག་ཏུ་བསྟན་པ་ལས་བསྒྲུབས་ཏེ་སྨྲས་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་མཐོང་ལགས་སོ་ཞེས་བྱ་བ་སྟེ། ཡེ་ཤེས་དེ་ཉིད་འདོད་ཆགས་ལ་སོགས་པའི་དྲི་མ་མ་ལུས་པ་དང་བྲལ་བ་ཉིད་ཀྱིས་འོད་གསལ ་བའི་རང་བཞིན་ཅན་ཡིན་པ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཐམས་ཅད་ཀྱི་བདག་ཉིད་ཅན་ཉིད་ཀྱིས་འགྲོ་བ་མ་ལུས་པ། ཀུན་ཏུ་ཚིམ་པར་བྱེད་པའི་རང་བཞིན་ཅན་ཡིན་པའི་ཕྱིར་དང་། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྤྲུལ་པའི་འོད་ཟེར་རྣམས ་ཀྱིས་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་དགོངས་པའི་དོན་བྱེད་པར་ནུས་པའི་ཕྱིར་དང་། ན་མཁའི་ཁམས་ཀྱི་མཐར་ཐུག་པའི་ཕྱོགས་ཀྱི་ཚོགས་ཐམས་ཅད་ཁྱབ་པ་ཉིད་ཀྱིས་ན། ཟློ་བའི་དཀྱིལ་འཁོར་དང་འདྲ་བ་ཉིད་ཡིན་པའི་ཕྱིར་དང་། མངོན་པར་མཐོ་ང ་དང་ངེས་པར་ལེགས་པའི་འབྲས་བུ་རྒྱ་ཆེ་བ་དང་ལྡན་པས། ཡོངསུ་རྫོགས་པ་ཡིན་པའི་ཕྱིར་ཟླ་བའི་དཀྱིལ་འཁོར་ལྟ་བུའོ།། རྣམ་སྣང་མངོན་པར་བྱང་ཆུབ་པའི།། རྒྱུད་རྒྱལ་ལས་ནི་རབ་གསལ་བར།། གཉིས་མེད་ཡེ་ཤེས་འདི་ཉིད་ནི།། ཐུབ་པས ་བསྔགས་ཞེས་བྱ་བར་གསུངས།། དེ་ཡང་། གཞན་ཡང་གསང་བའི་བདག་པོས་སྔགས་ཀྱི་མཚན་ཉིད་ནི་སངས་རྒྱས་ཐམས་ཅད་ཀྱིས་མ་མཛད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མ་བྱིས། བྱེད་དུ་མ་བཅུག། རྗེ་སུ་ཡི་རང་བ་མ་ཡིནོ།། དེ་ཅིའི་ཕྱིར་ཞེ་ན། འདི་ནི་ཆོས་ཐམས ་ཅད་ཀྱིས་ཆོས་ཉིད་དེ། འདི་ལྟ་སྟེ། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། མ་བྱུང་ཡང་རུང་། ཆོས་རྣམས་ཀྱི་ཆོས་ཉིད་དེ་ནི་ཡེ་ནས་གནས་པ་སྟེ། དེ་ཡང་འདི་ལྟར་གསང་སྔགས་རྣམས་ཀྱིས་གསང་སྔགས་ཀྱིས་ཆོས་ཉིད་དོ་ཞེས་བྱ་བ་ནས། གང་གི་ཚེ་སངས་རྒྱས ་བཅོམ་ལྡན་འདས་འཇིག་རྟེན་དུ་འབྱུང་བ་དེའི་ཚེ་ཆོས་ཉིད་དེ་ཚུལ་སྣ་ཚོགས་དང་། དགོངས་པ་སྣ་ཚོགས་ཀྱི་སེམས་ཅན་བསམ་པ་སྣ་ཚོགས་པ་རྣམས་ལ་ཚིག་སྣ་ཚོགས་དང་། ཡིག་འབྲུ་སྣ་ཚོགས་དང་། ཡུལ་ངེས་ཚིག་ཏུ་བརྗོད་པ་སྣ་ཚོགས་དང་། དབྱངས་སྣ་ཚོགས ་སུ་གོ་བ་རྣམས་སུ་བྱིན་གྱིས་བརླབས་ཏེ་གསང་སྔགས་ཀྱི་ཚུལ་འཆིང་དོ་ཞེས་ཇི་སྐད་གསུངས་པའོ།། དཔལ་ལྡན་འདུས་ཚོགས་ཚི་གི་ལས་ཀྱང་།། བཙུན་མོ་ཤེས་རབ་ཉིད་དུ་བཱ་ཤྭད།། བྷ་ག་དྲིའོ་སྙིང་པོ་ཡིན།། བཞུགས་པ་དེའི་ངོ་བོ་ཉིད།། དེར་ཡང་བཅོ་མོ་ལྡན་འདིས་དེ ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་སྙིང་རྗེ་ཆེན་པོ་ནི་རང་བཞིན་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཉིད་ཡི་ནོ།། དེའི་བཙུན་མོ་ནི་ཕྱག་རྒྱ་ཆེན་པོ་བཅོམ་ལྡན་འདས་ཡུམ་ཤེས་རབ་སྟེ། མཚན་གཞན ་ཡང་ཀུན་ཏུ་བཟང་མོ་ཞེས་བྱ་བའོ།། བྷ་ག་ནི་སྙིང་པོ་སྟེ་མིང་གཞན་ཡང་སྟོང་པ་ཉིད་ཅེས་བྱའོ།། བཅོམ་ལྡན་འདས་དེར་བཞུགས་པ་ནི་དེའི་བདག་ཉིད་ཅན་དུ་གྱུར་ནས་ཐ་དད་པའི་དབྱེ་བས་ཐམས་ཅད་དང་བྲལ་བས་གཅིག་ཏུ་འདྲེས་པར་གྱུར་པས་འཁོར་བ་ཇི་སྲིད་པའི་བར ་དུ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་པ་རྣམས་དང་། ཕྱག་རྒྱ་དང་དཀྱིལ་འཁོར་དང་། སྔགས་བྱེ་བ་དང་། ལྷན་ཅིག་རྣམ་པར་རྟོག་པ་མི་མངའ་བར་གྱུར་ཀྱང་སྔོན་གྱི་འཕེན་ཤུགས་ཀྱིས་སེམས་ཅན་ཐམས་ཅད་ལ་ཅི ་བགྱི་ཞེས་བྱ་བའི་ཚུལ་གྱིས་རྣམ་པར་བཞུགས་སོ་ཞེས་བྱ་བའི་དོན་ཏོ།། དེ་ཡང་ཀུན་རྟོག་རླུང་ནི་ཐམས་ཅད་ཀྱིས།། མི་གཡོ་ཡིད་བཞིན་ནོར་བུ་བཞིན།། དེ་ལྟར་བཞུགས་ཀྱང་སེམས་ཅན་གྱི།། བསམ་པ་མ་ལུས་རྫོགས་པར་མཛད།། ཞེས་ཇི་སྐད་བཤད་པའོ།། དེ་བཞིན ་རྒྱུད་ནི་བོ་ནི་རྣམས་སུ།། སྔགས་ཀྱི་དེ་ཉིད་དམ་པ་འདི།། གདུལ་བྱའི་བསམ་རྗེས་འཇུག་མཛད་པའི།། མགོན་པོས་རྗེས་སུ་དཔགས་ཏེ་བསྟན།། སྔགས་ཀྱི་དེ་ཉིད་མི་ཤེས་པ།། མི་ནུས་གང་ཡིན་དོན་དུ།། ཟླ་བ་རྡོ་རྗེ་སོགས་རིམ་གྱིས།། བསྐྱེད་པའི་རྣམ་པ་བསྟན་པ་ཡི། ་འདི་ཉིད་ལས་ནི་མངོན་དགོངས་ནས།། སྔགས་ཀྱི་དེ་ཉིད་ཡེངས་གསལ་བ།། དེ་གསལ་མཛད་པར་དགོངས་པས་དེ།། བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས།། གླེང་གཞིའི་དབང་དུ་མཇིད་ནས་ཀྱང་།། སྔགས་ན་གང་ཞིག་གསུངས་གྱུར་པ།། དེ་ལས་དེ་ཉིད་ཡིན་པར་གསུངས།། ་ལྷག་མ་ཞར་ལ་འོངས་པར་བཞེད།། དེ་ཉིད་ཀྱིས་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལ་སོགས་པར་ཇི་སྐད་དུ་བཤད་པའི་སྔགས་ཀྱི་དེ་ཁོ་ན་ཉིད་བསྟན་པ་སྔོན་དུ་འགྲོ་བས་ཞར་ལ་ཀུན་རྫོབ་ཏུ་སྔགས་ཀྱི་མཚན་ཉིད་གསུངས་པ་ཡི་ནོ།། དེ་ཡང་། རྫོགས ་སངས་རྒྱས་ཀྱི་གསང་སྔགས་ནི།། ཚིག་དང་མིང་དང་བརྡ་ཡིས་མཚན།། ཚིག་དེ་དབང་དུ་གྱུར་པས་ན།། གསང་སྔགས་དོན་རྣམས་ཐམས་ཅད་སྒྲུབ།། ཁ་ཅིག་བསྐུལ་བའི་ཚིག་དང་ལྡན།། ཁ་གཅིག་རང་མིང་ཐོག་མར་སྨོས།། ཧཱུཾ་དང་ཕ་བ་དང་ལྡན་པ་ནི ་གཙུག་ཏོར་རྣམས་ཀྱི་ཡིན་པར་བསྒྲག་པ།། ཟུང་ཟོ་ཚོམས་ཤིག་ཅེས་པ་དང་།། སྨན་སོང་དྲོལ་ཅིག་ཅེས་པ་ནི།། ཕྱོག་བརྙན་རྣམས་དང་ཁྲི་བོ་ཡི།། གསིང་སྔགས་ཡིན་པདེ་ཁྲོ་བོས་གསུང་སོ།། ནཱ་མ་སྭཱ་ཧཱ་ལ་སོགས་ལྡན།། ཏིང་ངེ་འཛིན་ནི་རྟོགས་པས་མཚན།། ཞི་བ་ཡི་གེ་རྣམ ་པར་དག། རེ་བ་ཐམས་ཅད་རྫོགས་བྱེད་པའི།། གསང་སྔགས་སངས་རྒྱས་ཐམས་ཅད་དང་།། བྱང་ཆུབ་སེམས་དཔའ་སྐྱོབ་པ་ཡིན།། ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་པ་དང་། དེ་བཞིན་དུ་འཕགས་པ་དེ་ཁོ་ན་ཉིད་བསྡུས་ལ་སོགས་པའི་རྒྱུད་རྣལ་འབྱོར་དང་སྤྱོད་པ ་དདང་བྱ་བའི་དབྱེ་བས་ཕྱེ་བ་རྣམས་སུ་གང་ཟླ་བ་དང་རྡོ་རྗེ་ལ་སོགས་པའི་ཚུལ་གྱིས་བསྐྱེད་པའི་རིམ་པ་དེ་ཡང་དོན་དམ་པའི་སྔགས་ཀྱི་ངོ་ཁོ་ན་ཉིད་ལ་འཇུག་པར་བྱ་བའི་དོན་ཉིད་ཡི་ནོ།། དེ་བས་ན་སྔགས་པ་རྣམས་ཀྱིས་ཇི་སྐད་དུ་བཤད་པའི་སྤྲོས་པ་མེད་པའི་ཕྱག་རྒྱ ་ཆེན་པོ་གཉིས་སུ་མེད་པའི་སྦྱོར་བ་དང་ལྡན་པ་ཉིད་དུ་བྱའོ་ཞེས་བྱ་བར་ངེས་སོ།། དེ་ལ་དེ་ཉིད་མིན་སྒྲོ་བཏགས། ལས་ལྡོག་པ་ནི་ངེས་པའི་རྒྱུ།། དེ་ཚུལ་ངེས་པར་བྱེད་པ་རྣམས།། སྒྲོ་བཏགས་དེ་ཉིད་ལ་རབ་འཇུག། དེས་ན་སྒྲ་དེའང་དེ་ཉིད་དེ།། དོན་དམ་ཉིད་དུ་དབྱེ་མོད་ཡིན། ་རྡོ་རྗེ་སེམས་དཔའ་སོགས་ཚུལ་གྱིས།། རྟོག་པ་བྱེ་བྲག་ལ་རྟེན་ཡོམ་ཞེས་རྟོགས་པར་བྱའོ།། དངོས་པོ་ཀུན་གྱི་རང་བཞིན་ཅན།། རང་སྣང་ལམ་དུ་གྱུར་པ་ཡིས།། དེ་ཚེ་བདག་ཉིད་དེ་མཚང་བྱ།། ཞེས་བྱ་བ་ལ་སོགས་པ་ལ་བདག་ཉིད་མཆོད་པ་ཉིད་ཀྱིས་ཕུན་སུམ་ཚོགས ་པ་ཐོབ་པ་དང་། རྗེས་སུ་འབྲེལ་པ་ཡིན་ན་གཟུགས་ལ་སོགས་པའི་ཡུལ་ཐམས་ཅད་ཀྱིས་བདག་ཉིད་མཆོད་དེ། ལ་ལ་ནི་ཉམས་སུ་མྱོང་བར་གྱུར་པ་ཡང་དགག་པ་ཡིན་ན་ཇི་ལྟར་མི་འགལ་བར་འགྱུར་ཞེས་རྟོག་ན། དེ་ནི་མ་ཡིན་ཏེ། གང་གི་ཕྱིར། གང་ཚེ་ཁམས ་གསུམ་གང་དུ་གང་།། སྒྲོ་བཏགས་པ་ལས་མ་གྲོལ་བ།། དེ་ཚེ་དེ་ཉིད་སྒྲོ་བཏགས་པའི།། རང་བཞིན་བདག་ཉིད་མི་སྨད་དོ།། སྒྲོ་བཏགས་པ་ནི་རྣམ་པ་གཉིས་ཏེ། དེ་ཁོ་ན་ཉིད་ཀྱི་ཚུལ་དང་། དེ་ཁོ་ན་ཉིད་མ་ཡིན་པའི་ཚུལ་ལོ།། དེ་ལ་དེ་ཁོ་ན་ཉིད་ཀྱི་ཚུལ་དུ་བདག་ཏུ ་སྒྲོསྒོ་བཏགས་པ་ནི་མ་ལ་སོགས་པར་སྒྲོ་བཏགས་པ་དང་འདྲ་བར་གཅིག་ནས་གཅིག་ཏུ་བརྒྱུད་པས་བྱང་ཆུབ་སྒྲུབ་པར་བྱེད་པ་ཡིན་པས་ན་ཉེས་པ་མེད་དོ།། གང་ཡང་ལ་ལ་དག་ནི་ཉམས་སུ་མྱོང་བ་དག་ཀྱང་འགེགས་པར་བྱེད་པ་ཉིད་ཡིན་ན་ཇི་ལྟར་མི ་འགལ་ཞེས་སྨྲ་བ་དེ་ཡང་རིགས་པ་མ་ཡིན་ཏེ། གང་གི་ཕྱིར། སྣང་དང་མི་སྣང་ཡུལ་གཅིག་ཏུ།། གྱུར་པ་འགལ་བ་ཉིད་འགྱུར་གྱི།། ཀུན་ནས་ལྡང་བའི་དབྱེ་ཉིད་ཀྱིས།། ཡུལ་གྱི་དབྱེ་བ་གཉིས་སུ་གྲུབ།། ལས་ནི་ཀུན་ནས་ལྡང་བ་དང་།། ཀུན་ནས་ལྡང་བར་བྱེད་པ་ཡི།། ་དབྱེ་བས་རྣམ་པ་གཉིས་གཉིས་སོ།། དེ་ལ་ལུས་དང་ངག་གི་ལས་ཐམས་ཅད་ནི་ཀུན་ནས་ལྡང་བར་བྱེད་པ་ཡིན་ལ། ཡིད་ཀྱི་ལས་ནི་ཀུན་ནས་ལྡང་བར་བྱེད་པ་མ་ཡིནོ།། དེ་ཡང་རྣམ་པ་གཉིས་ཏེ་མ་ཆགས་པ་ལ་སོགས་པའི་ཚུལ་དང་དེ་ལས་གཞན་པའོ།། དེ་ལ ་འདོད་ཆགས་ལ་སོགས་པས་ཀུན་ནས་བསླང་བའི་ལུས་དང་ངག་གི་ལས་ཐམས་ཅད་ནི་མི་དགེ་བ་ཡིན་ཏེ། དེ་ནི་བཀག་པ་ཡིན་ལ། མ་ཆགས་པ་ལ་སོགས་པས་ཀུན་ནས་བསླང་བ་ཐམས་ཅད་ནི་དགེ་བ་ཉིད་ཡི་ནོ།། དེ་ལྟར་ཕྱག་རྒྱ་ཆེན་པོ་གཉིསུ་མེད་པའི ་སྦྱོར་བ་དང་ལྡན་པའི་རྣལ་འབྱོར་པས་ནི་འགྲོ་བ་ཐམས་ཅད་མ་ཆགས་པ་ལ་སོགས་པའི་བདག་ཉིད་ཅན་དུ་རྣམ་པར་བལྟའོ།། དེ་བས་ན་འདི་ནི་སྟོང་ལམ་ཐམས་ཅད་དང་ལྡན་དུ་ཟིན་ཀྱང་མི་དགེ་བའི་ཆོས་མྱ་དམིགས་པའི་རང་བཞིན་ཅན་ཡིཿ། ་པས་དག་པའི་བདག་ཉིད་ཅན་ཡིནོ།། དེ་ཡང་། བྱང་ཆུབ་སེམས་དཔའི་ཀུན་རྟོག་ནི།། དགེ་བའམ་ཡང་ན་མི་དག་པ།། ཐམས་ཅད་དགེ་བ་ཉིད་འགྱུར་ཏེ།། གང་ཕྱིར་དེ་ཡོད་དབང་གྱུར་ཡིན།། ནས་ཇི་སྐད་བཤད་པ་དང་། དེ་བཞིན་དུ་སྡོམ་པ་ཉི་ཤུ་པ་ལས་ཀྱང་། སྙིང་རྗེ ་ལྡན་ཞིང་བྱམས་ཕྱིར་དང་།། སེམས་དག་པ་ལ་ཉེས་པ་མེད།། ཅེས་བཤད་པ་དང་། དེ་བཞིན་དུ་གཞན་དག་ལས་ཀྱང་ཐུགས་རྗེ་ཆེན་པོས་དོན་གཟིགས་པའོ།། བཀག་པ་རྣམས་ཀྱང་དེ་ལ་གནང་ཞེས་བཤད་པ་དང་། ཡང་གཞི་ནི་དག་ཁས།། མ་ཆགས་ལ་སོགས ་ལེས་བྱུང་པོའི།། ལུས་ངག་ལས་ནི་དགེ་བ་ཡིན།། གང་ཞིག་ཆགས་སོགས་ལས་བྱུང་བའི།། ལས་དམ་དགེ་བར་འདོད་དོ།། དེ་བས་ཐུགས་རྗེའི་བདག་ཉིད་ཀྱིས།། གཞན་ཕར་བྱས་པ་ཐམས་ཅད་ནི།། ལས་དེ་དམས་ཅད་དགེ་ཡིན་པར།། རྫོགས་སངས་རྒྱས་ཀྱིས་རབ་ཏུ ་བསྒྲགས་ཞེས་གསུངས་པ་ཡི་ནོ།། དེ་ལྟར་ཡུམ་གྱི་དབྱེ་བ་ཡིས།། གང་ཚེ་ལས་ལམ་ལ་གནས་པ།། མཁའ་གང་དུའང་འགལ་བ་ནི།། དེ་ཚྭ་གང་ཡང་མི་སྣང་ངོ་ཞེས་བཤད་པ་དང། དེ་བཞིན་དུ་ཆོས་མངོན་པའི་མཛོད་ལས་ཀྱང་།། གང་ཕྱིར་ཀུན་སྐྱོང་མེད་ཐར་པ།། དམ་པའི ་དོན་དུ་དགེ་རྩ་བ།། དེ་ཚེ་ཁྲེལ་ཡོད་བདག་ཉིད་ཀྱིས།། དེ་ངག་དང་ལྡན་མཚུངས་ལྡན་གྱིས།། ཞེས་བཤད་པ་སྟེ། དེ་ལས་བཟློག་པ་ནི་མ་དགེ་བ་ཡི་ནོ།། གཞན་ཡང་། གང་ཕྱིར་སྒྲོ་བཏགས་ཀུན་ལས་གྲོལ།། ཕྱག་རྒྱ་ཆེན་པོའི་བདག་ཉིད་ཅན།། དེ་ཕྱིར་འདི་དྲང་ཇི་སྐད་གསུངས། ་དམ་ཚིག་སྡོམ་པའི་བདག་ཉིད་ཡིན།། དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནས་སེམས་དཔའ་ཆེན་པོའི་མཐར་ཐུག་པ་དང་། སེམས་ཅན་གྱི་ཁམས་རྣམས་སྟོང་པ་ཉིད་ཀྱིས་མི་སྣང་བྱེད་པས་སྲོག་ཆགས་ཐམས་ཅད་གསོད་པ་ཡིན་པར་དགོས ་པས་གསོད་པར་གསུངས་སོ།། བདག་ཉིད་ཉེ་བར་དམིགས་ན་གཞན་དག་ཡོད་པ་མ་ཡིན་པས་གཞན་གྱི་ནོར་ཡང་དམིགས་སུ་མེད་པ་ལ་དགོངས་ནས་གཞན་གྱི་ནོར་ཕྲོག་པར་གསུངས་པ་ཡིནོ།། གཞན་གྱི་སྒྲ་ནི་མཆོག་ལ་ཡང་འཇུག་པས་བུད་མེད་ཀྱི ་མཆོག་ནི་བཅོམ་ལྡན་འདས་ཡུམ་ཤེས་རབ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ་དུ་གྱུར་པ་མཚན་གྱི་རྣམ་པ་གཞན་ཡང་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ཡིན་ཏེ། དེ་དང་གཅིག་ཏུ་འདྲེས་པར་གྱུར་པ་ལ་དགོངས་ནས་གཞན་གྱི་བུད་མེད་བསྟེན་པར་གསུམ ་པ་ཡིན།། དེ་ཡང་སངས་རྒྱས་གཙོ་བོའི་ཡུམ་དག་ལ།། རྣམ་པར་མི་རྟོག་བློ་ཅན་གྱིས།། མཉེས་པར་བྱས་ཀྱང་མི་དོགས་ཏེ།། དེས་ནི་སངས་རྒྱས་འགྲུབ་པར་འགྱུར།། ཞེས་ཀྱང་གསུངས་པ་ཡིནོ།། དངོས་པོ་ཐམས་ཅད་དམིགས་སུ་མེད་པ་ཡིན་པས་དེ་སྟོན་པར ་བྱེད་པའི་ཚིག་བརྫུན་ཉིད་ཡིན་པའི་དོན་འདི་ལས་དགོངས་ནས་ཀྱང་བརྫུན་གྱི་ཚིག་ཀྱང་སྨྲ་བར་བྱའོ་ཞེས་གསུངས་པ་ཡིནོ།། དེ་བས་ན་སྡོམ་པོའི་བདག་ཉིད་དོ།། དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱིས་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པའི་རྣམ་པར་སྣང་མཛད་ལ་སོགས་པའི ་རྫས་རྣམས་ཆོས་ཀྱི་སྐུའི་བདག་ཉིད་ཅན་དུ་རང་གི་ཐམས་ཅད་ལུས་ཀྱི་ནང་དུ་བསྒོམ་པས་དེ་བྱིན་གྱིས་བརླབས་པ་ཡང་རིགས་པ་ཡི་ནོ།། གཞན་ཡང་ཆོས་ཀུན་སྟོང་པར་རོ་གཅིག་པར།། རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ།། འདི་ནི་དེའི་རི་མྱོང་ཚུལ།། དེ་ཚེ་རང ་ཉིད་བཞུགས་པ་ཡིན།། དེ་བས་ན་དམ་ཚིག་གི་བདག་ཉིད་ཀྱང་ཡི་ནོ།། དངོས་པོ་མེད་ལ་དབང་ཐོབ་པས།། དེ་ཕྱིར་དངོས་པོ་ཀུན་བདག་ཉིད།། གཟུགས་ལ་སོགས་པ་ཐམས་ཅད་ཀྱིས།། རྣལ་འབྱོར་པ་ནི་བདག་ཉིད་མཆོད།། ཅེས་ངེས ་པར་བཤད་པར་བྱའོ།། གཞན་ཡང་ཁས་བླངས་འདི་དག་ནི།། སྨྲས་ཀྱི་དེ་ཉིད་དུ་མ་ཡིན།། དོན་དམ་རྣམ་པར་དཔྱད་པ་ལ།། འཇུག་པའམ་ལྡོག་པ་ཡོད་མ་ཡིན།། གཅིག་ཏུ་དོན་དམ་པའི་རྣལ་འབྱོར་པ་ནི་གང་དུ་ཡང་འཇུག་པའམ་ལྡོག་པར་མི་བྱེད་དོ།། བྱ་བའི ་ཚུལ་གྱིས་གང་ཅུང་ཟད།། དམ་ཚིག་ལ་སོགས་ངེས་བསྟན་དང་།། མཚམས་མེད་ལྔ་བྱེད་ལ་སོགས་པ།། སྣོད་དུ་རུང་བ་གང་གསུངས་པ།། དེ་ཀུན་སེམས་ཅན་ཀུན་གྱི་དོན།། གཅིག་ཏུ་མཛད་དགྱེས་རྒྱལ་བ་ཡིས།། སྡིག་དེ་ཟད་པར་གཅིག་ཏུ་མཁོས།། དེ་ཉིད ་འཇུག་པར་བྱ་ཕྱིར་གསུངས།། དེ་ཡང་རིགས་ངན་སྨག་མ་མཁན་ལ་སོགས།། གསོད་དོན་དོན་གཉེར་སེམས་ཅན་རྣམས།། ཐེག་ཆེན་བླ་ན་མེད་པ་ཡི།། ཐེག་མཆོག་འདི་ལ་འགྲུབ་པར་འགྱུར།། སེམས་ཅན་མཚམས་མེད་ལ་སོགས་པའི།། སྡིག་པ་ཆེན་པོ་བྱེད་པ ་ཡང་།། རྡོ་རྗེ་ཐིག་པ་རྒྱ་མཚོ་སྟེ། ཐེག་པ་མཆོག་ནི་འདི་ལ་འགྲུད།། སྲོག་གཅོད་པའི་སེམས་ཅན་དང་།། རྫུན་དུ་སྒྲ་ལ་དགའ་བ་དང་།། གཞན་གྱི་ནོར་ལ་ཆགས་པ་དང་།། རྟག་ཏུ་འདོད་ལ་སྤྱོད་གང་དང་།། བཤད་གཅི་ཟས་སུ་ཟ་བ་སྟེ།། དེ་དག་བསྒྲུབ་པའི་སྣོད་དུ་འགྱུར།། ་མ་དང་སྲིང་མོ་བུ་མོ་དེ།། འདོད་པ་བས་ནི་མཉེས་བྱས་ནས།། ཐིག་ཆེན་མཆོག་གི་ཆོས་ཉིད་ཀྱི།། དངོས་གྲུབ་རྒྱ་ཆེན་ངེས་འཐོབ་བོ་ཞེས་གསུངས་པ་ཡི་ནོ།། དེ་ཡང་སྲོག་གཅོད་པ་དང་མོ་བྱིན་པར་ལེན་པ་དང་། བགྲོད་པར་བྱ་བ་མ་ཡིན་པ་ལ་ཞུགས་པ་ལ་སོགས་པ་ལ ་བདག་ཉིད་ཞུགས་པ་དང་། དགག་པ་མེད་པར་ཞུགས་པ་དག་གིས་དེ་ལྟ་བུ་ཐོས་པ་དང་ཇི་ལྟར་ན་འདིར་བདག་ཅག་སྐལ་པ་དང་ལྡན་པར་ཞེས་རྣམ་པར་བསམས་ནས་དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པའི་རིམ་གྱིས་ཕྱག་རྒྱ་ཆེན་པོའི་གཉིས་སུ་མེད་པའི་རྣལ ་འབྱོར་མངོན་སུམ་དུ་བྱས་པ་དང་། དེ་ལ་བསླབ་པས་སྡིག་པ་ཐམས་ཅད་སྤངས་ཏེ་རྡོ་རྗེ་འཆང་བ་ཉིད་དུ་བྱའོ་སྙམ་མོ།། ཕྱག་རྒྱ་ཆེན་པོའི་གཉིས་སུ་མེད་པའི་རྣལ་འབྱོར་ལ་འཇུག་པས་ཁ་ན་མ་ཐོ་བ་ཐམས་ཅད་རྣམ་པར་དག་པར་འགྱུར་བར་ཐེ་ཚོམ་མེད་དོ།། དེ ་ཡོད། དེ་བཞིན་གཤེགས་པའི་མཛོད་ཀྱི་མདོ་ལས། འོད་སྲུངས་པ་ཡང་ཡིན་ལ་རང་སངས་རྒྱས་ཀྱང་ཡིན་པའི་སྲོག་བཅད་པ་ནི་སྲོག་གཅོད་པའི་ནང་ན་མ་རུང་བ་ཡི་ནོ།། འདི་ལྟ་སྟེ། དཀོན་མཆོག་གསུམ་གྱི་ནོར་ཕྲོགས་པ་ནི་མ་བྱིན་པར་ལེན་པའི་ནང་ན་མ ་རུངས་པའོ།། འདི་ལྟ་སྟེ་མ་ཡང་ཡིན་ལ་དགྲ་བཅོམ་མ་ཡང་ཡིན་པ་ལ་ཉལ་པོ་བྱས་ན་དེ་ནི་འདོད་པས་ལོག་པར་གཡེམ་པའི་ནང་ན་མ་རུངས་པ་ཡིནོ་ཞེས་བྱ་བ་ནས། འོད་སྲུང་མི་དགེ་བའི་ལས་ཀྱི་ལམ་བཅུ་པོ་འདི་དག་ནི་ཁ་ན་མེ་ཐོ་བ་དང་བཅས་པ་ཆེན་པོ་སྟེ། ་འོད་སྲུང་གལ་ཏེ་སེམས་ཅན་ལ་ལ་ཞིག་མི་དགེ་བའི་ལས་ཀྱི་ལམ་བཅུ་པོ་དེ་ལྟར་ཁོ་ན་མ་ཐོ་བ་དང་བཅས་པ་ཆེན་པོ་དག་དང་ལྡན་པར་གྱུར་ལ། དེ་དེ་བཞིན་གཤེགས་པའི་ཆོས་བསྟན་པ་ཐོས་ནས། རྒྱུ་རྐྱེན་དང་ལྡན་པ་ལ་འཇུག་སྟེ། འདི་ན་བདག་གམ་སེམས་ཅན ་ནམ་སྲོག་གམ་གང་ཟག་གམ། གང་བྱེད་པ་འམ། གང་མྱོང་བ་གང་ཡང་མེད་དེ། འདི་ལྟར་ཆོས་ཐམས་ཅད་ནི་མ་བྱས་པ། མངོན་དུ་བྱ་བ་མེད་པ། སྒྱུ་མའི་ཆོས་ཉིད་ཀུན་ནས་ཉོན་མོང་བ་ཅན་མ་ཡིན་པ། རང་བཞིན་གྱིས་འོད་གསལ་བ་ཡིན་པར་རྟོགས་ལ།། ཆོས་ཐམས ་ཅད་གཟོད་མ་ནས་རྣམ་པར་དག་པར་ཡིད་ཆེས་ཤིང་མོས་ན་སེམས་ཅན་དེ་ངན་སོང་དུ་འགྲོ་བ་ང་མི་སྨྲའོ།། དེ་ཅིའི་ཕྱིར་ཞེ་ན། ཉོན་མོངས་པ་རྣམས་ལྔ་ཕུང་པོའི་དངོས་པོ་མེད་དེ། ཉོན་མོངས་པ་ཐམས་ཅད་ནི་བྱུང་ནས་འཇིག་ཅིང་ཞུ་འོ།། ་རྒྱུ་དང་རྐྱེན་ཚོགས་ཤིང་ཕྲད་པ་ལས་བྱུང་ལ་བྱུང་མ་ཐག་ཏུ་འགག་པའོ་ཞེས་གསུངས་སོ།། གཞན་ཡང་། གནོད་སྦྱིན་སྲིན་པོ་ཤི་ཟ་སོགས།། དམ་ཚིག་ཉེ་བར་བསྟན་པ་ནི།། ཡིད་རྟོན་ལ་གུས་སེམས་ལྡན་པ།། དེ་རྣམས་དེ་ནི་སྒྲུབ་ཕྱིར་ཡིན།། གང་ཞིག་དེ ་བསྒྲུབ་པར་འདོད་པ་རྣམས་ལ་དེའི་ཐབས་ནི་འདི་ཡིན་ནོ་ཞེས་ཐབས་བསྟན་པ་ཡིན་གྱི་ངེས་པར་བྱ་དགོས་སོ་ཞེས་བསྟན་པ་ནི་མ་ཡིནོ།། དེ་ལྟར་དེ་ཉིད་མི་ཤེས་པར།། ཐོས་པ་ཙམ་ལ་འཇུག་བྱེད་ཅིང་།། གང་ཞིག་བསོད་ནམས་མ་བྱེད་པའི།། སྐྱེས་བུ་ཐ་མ་དེ་བདག ་འགྱུར།། ཚིག་ཙམ་ལ་ནི་བརྟེན་ནས་སུ།། ཆགས་སོགས་ཞེན་པའི་སེམས་ཀྱིས་ནི།། བསོད་ནམས་མི་ཡིན་བྱེད་པ་གང་།། དེ་ནི་འོག་ནས་འོག་ཏུ་འགྲོ།། གང་ཡང་ཇི་སྐད་དུ་བཤད་འདི་ནི་ཆོས་ཀྱི་དོན་མི་ཤེས་པར་དམ་ཚིག་དང་སྡོམ་པ་ལ་སོགས་པའི་དགོངས་པ་ལ ་བརྟེན་ཏེ་དགེ་བ་ལ་ལྷོད་པ་འབའ་ཞིག་ཏུ་མ་ཟད་ཀྱིས། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དེ་ཁོ་བོ་ཅག་རྣལ་འབྱོར་པ་རྣམས་ལ་རྗེས་སུ་གནང་བ་ཡི་ནོ་ཞེས་སྒྲ་མཐོན་པོར་སྒྲོགས་ཤིང་། ཆགས་པ་ལ་སོགས་པའི་དབདེ་དུ་གྱུར་པའི་སེམས་ཀྱིས་རྒྱུད་ཀྱིས་མི ་དགེ་བ་རྣམས་ཀྱང་བྱེད་པ་དེ་རྣམས་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཡང་སྐུར་པ་བཏབ་ཅིང་བསླུས་པས་ཤིན་ཏུ་དམ་ཚིག་ཉམས་པའི་ཕྱིར། མནར་མེད་པ་ཉིད་དུ་ལྷུང་བས་གནས་པར་འགྱུརརོ།། ། ཤེས་རབ་ཐབས་ནི་མཉམ་སྦྱོར་གི།། རྣལ ་འབྱོར་པ་ནི་གང་ཞིག་ངེས།། དེ་ཀུན་དེ་མེད་སྡིག་སྦྱོར་བྱེད།། སངས་རྒྱས་ཀུན་གྱིས་རབ་ཏུ་མཆོད།། དེ་བས་ན་ཤེས་རབ་ཐབས་ཀྱི་རང་བཞིན་གཉིས་སུ་མེད་པའི་ཡེ་ཤེས་བསྒོམ་པ་ཉིད་སྡིག་པ་ཐམས་ཅད་རྣམ་པར་སྦྱོང་བར་བྱེད་པ་དང་། ངེས་པར་ལེགས་པ ་ཐམས་ཅད་འབྱུང་བར་བྱེད་པ་ཡོནོ།། དེ་ཡང་། གང་དག་རྣམ་པར་དབེན་པ་ལ། གཡོ་བའི་ཡིད་ཀྱང་མི་གཡོ་དེ།། ཉོན་མོངས་སྦྲུལ་གྱིས་དཀྲུགས་པ་ཡིས།། མི་བཟང་སྲིད་པའི་རྒྱ་མཚོ་རྒལ།། ཅེས་བཤད་པ་ཡིན་ནོ།། འདི་ནི་རྣལ་འབྱོར་མཆོག་དེ་ཡིན།། ། ་དེ་ཕྱིར་དེ་བཞིན་གཤེགས་ཕྱག་བྱ།། དེ་ལ་རྣལ་འབྱོར་མཐའ་ཡས་པ།། རབ་ཏུ་འབྱུང་བར་གསུངས་པ་ཡིན།། དེ་ཉིད་ལས་ནི་རྣལ་འབྱོར་དག། མཐའ་ཡས་པ་ནི་ཡང་དག་འགྱུར།། སྔགས་དང་དཀྱིལ་འཁོར་ཕྱག་རྒྱ་རྣམས།། རྣལ་འབྱོར་དེ་ལས་དག་པར ་འགྱུར།། ཞི་དང་རྒྱས་པའི་ལམ་རྣམས་དང་།། གཞན་ཡང་གསང་སྔགས་བྱུང་བ་གང་།། གངྒཱའི་ཀླུང་གི་བྱེ་མ་སྙེད།། དངོས་གྲུབ་ཕྲ་མོ་ཅི་སྙེད་དང་།། གཞན་ཡང་དངོས་གྲུབ་ཚེ་ཉིད་དང་།། ས་སྟེངས་གྲགས་པ་ཇི་སྙེད་པ། རྣལ་འབྱོར་འདི་ལས་ཀུན་འབྱུང་ཞེས།། ་ཐུགས་ཀྱི་རྡོ་རྗེས་གསུངས་པ་ཡིན།། གང་ཡང་ངེས་པར་འབྱེད་པའི་ཆ།། བཞི་དང་ས་ནི་བཅུ་པོ་ལ།། འབྲས་བུའི་གནས་སྐབས་དེ་ཐམས་ཅད།། རྣལ་འབྱོར་འདི་ལས་ཡང་དག་འབྱུང་།། བྱུང་དང་འབྱུང་བར་འགྱུར་གང་དང་།། བྱིང་གྱུར་རྒྱལ་བའི་སྲས་པོ་གང་།། ། ་འཇིག་རྟེན་དབང་སོགས་སེམས་དཔའ་ཆེ།། དེ་ཡང་འདི་ནི་རྣམ་པ་གནས།། འདས་དང་མ་བྱིན་སངས་རྒྱས་དང་།། ད་ལྟར་བྱུང་བའི་རྟོགས་གང་དང་།། རང་རྒྱལ་ཉན་ཐོས་དགེ་འདུན་རྣམས།། དེ་ཡང་འདི་ལས་བྱུང་བ་ཡིན།། རྣལ་འབྱོར་སྤྱོད་བྱའི་དབྱེ་བ་ལས།། ་སྤྲུལ་པ་ཅི་སྟེང་བྱུང་བ་རྣམས།། དེ་སྐྱེད་དེ་དག་ཐམས་ཅད་ནི།། རྣལ་འབྱོར་འདི་ལས་ངེས་པར་བྱུང་།། བག་ཆགས་སྟོབས་ཀྱིས་ཡོངས་བསྒོས་པའི།། ཡོངསུ་བརྟགས་པའི་རང་བཞིན་ཅན།། བརྟན་གཡོ་དངོས་པོ་ཇི་སྙེད་པ།། དེ་སྙེད་དེ་ལ ་བརྟེན་པ་ཡིན།། ཞེས་བྱ་བ་ནི། བསྡུས་པའོ།། དེ་ལྟར་དེ་ཉིད་རྣལ་འབྱོར་པ་ལ་དེ་ཉིད་ཅི་བཞིན་བསྟན།། དེ་ལ་མངོན་བརྩོན་འགྱུར་ཕྱིར་ཡང་དག་འདི་ནི་བཤད་བ་ཡིན།། དེ་ལ་རྣལ་འབྱོར་པ་གཞན་དེའི་སྐལ་མེད་གང་དེའི་ཕྱིར།། དེ་ལ་འཇུག་འགྱུར་ཡེ་ཤེས་བྱག། ་རྒྱ་ཆེན་པོར་བསྟན་པོ་ཡིན།། གསེང་སྔགས་ཀྱི་སྒོའི་སྤྱོད་པ་སྤྱད་པ་དབང་པོ་རབ་ཀྱི་མན་ངག་བསྟན་པའོ།། །། ཕྱག་རྒྱ་ཆེན་པོ་མཉམ་སྦྱོར་བའི།། སྐལ་པ་ཉིད་བྲལ་བ་དག་ཉིད་ལ།། ཡེ་ཤེས་ཕྱག་རྒྱ་རྣམ་སྒོམ་པར།། ཐུགས་ཀྱི་རྡོ་རྗེས་གསུངས་པོ ་ཡིན།། གང་ཡང་སེམས་ཀྱི་རྒྱུད་འདོད་ཆགས་ལ་སོགས་པ་ལོ་ཤིན་ཏུ་ཞེན་པར་འཇུག་པ་རྣམས། དེ་ལས་བྱུང་བའི་སེམས་ཀྱི་རྣམ་པར་གཡོད་པས་ཇི་སྐད་དུ་བཤད་པའི་བཅོམ་ལྡན་འདས་ཡུ་མོ་ཤེས་རབ་མངོན་དུ་བྱ་བར་མི་ནུས་པ་དེའི་ཕྱིར་ཡེ་ཤེས ་ཀྱི་ཕྱག་རྒྱ་དང་མཉམ་པར་སྦྱོར་བའི་ཐབས་དང་ཤེས་རབ་བསྒོམ་པ་དོན་དམ་པའི་ཤེས་རབ་དང་ཐབས་ཀྱིས་རང་བཞིན་གཉི་སུ་མེད་པའི་ཡེ་ཤེས་བསྒོམ་པ་ལ་འཇུག་པར་བྱ་བའི་དོན་དུ། བཅོམ་ལྡན་འདས་ཐུགས་རྡོ་རྗེས་བསྟན་པར་མཛད་པ་ཡི་ནོ།། དེ ་ཡང་།། ཡེ་ཤེས་ཕྱག་རྒྱ་མཉམ་སྦྱོར་བ།། ཞེ་སྡང་རྡོ་རྗེ་སོགས་ཚུལ་གྱིས། རིགས་ཀྱི་དབྱེ་བ་ལ་བརྟེན་ནས།། རྣལ་འབྱོར་པ་ནི་རྣམ་ལྔར་འདོད།། དེ་ལ་སེམས་ཅན་ཐད་ཀྱི་སེམས་ཀྱི་རྒྱུད་ལ་ཁམས་གསུམ་པའི་ཉོན་མོངས་པས་ཡོངསུ་བསྒོས་པ་ཉིད་ཡིན་མོད ་ཀྱི། འོན་ཀྱང་འདོད་ཆགས་དང་ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་དང་། ཕྲག་དོག་གི་བག་ལ་ཉལ་ནི་གཞན་དག་ལས་ཤིན་ཏུ་ཤས་ཆེ་བར་གྱུར་པ་ཡིན་པས་དེ་རྣམས་ལ་དེ་དང་རྗེས་སུ་མཐུན་པའི་བསྒོམ་པ་སྟོན་པར་མཛད་པ་ཡི་ནོ།། དེ་ཡང་། གང་གི ་རང་བཞིན་ཆགས་ལྗང་རྣམ་བྲལ་ཡང་།། འདོད་ཆགས་ལ་སོགས་ཆགས་ཅན་ལྟར་སྟོན་ཅིང་།། གདུལ་བྱའི་དོན་དུ་ཁྲོ་ལ་ཁྲོ་སྟོན་ཕྱིར།། བྱང་ཆུབ་མཆོག་བརྙེས་དེ་ལ་ཕྱག་འཚལ་ལོ་ཞེས་ཇི་སྐད་དུ་གསུངས་པ་ཡི་ནོ།། དེ་ཇི་ལྟར་འདོད་ཆགས་ལ་སོགས་པ ་གཙོ་བོར་གྱུར་པ་དེ་བཞིན་དུ། རིགས་རྣམས་ཀྱང་ལྔ་པོ་ཉིད་ཡིནོ།། དེ་ཡང་། ཞེ་སྡང་གཏི་མུག་འདོད་ཆགས་དང་།། ཡིད་བཞིན་ནོར་བུ་དམ་ཚི་གཽ་སྟེ།། རིགས་ལྔར་གཏོགས་པོ་འདི་རྣམས་ཀྱིས།། འདོད་དང་ཐར་པ་རབ་སྒྲུབ་བྱེད་ཅེས་ཇི་སྐད་དུ་གསུངས་པ་ལྟ་བུའོ།། ་ཡིད་བཞིན་ནོར་བུ་དང་དམ་ཚིག་གི་རིགས་གཉིས་ནི།། ང་རྒྱལ་དང་། ཕྲག་དོག་གི་རང་བཞིན་ཉིད་ཡིན་པའི་ཕྱིར། དེ་ལ་ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་དང་། འདོད་ཆགས་དང་། ཕྲག་དོག་གི་རང་བཞིན་ནི་རིམ་པ་ཇི་ལྟ་བོ་བཞིན་དུ་མི་བསྐྱོད་པ་ལ་སོགས་པའི ་དེ་བཞིན་གཤེགས་པ་ལྔ་ཡི་ནོ།། ཡང་དེ་རྣམས་ཀྱི་ཡེ་ཤེས་ཕྱག་རྒྱ་མདོར་བསྟ་ན།། རྣམ་པ་བཞི་ལ་ཡང་དག་བརྟེན།། མཱ་མེ་ཀཱི་སོགས་དབྱེ་བ་ཡིས།། རྡོ་རྗེ་སེམས་སོགས་རྣལ་འབྱོར་པའི།། མི་བསྐྱོད་རྡོ་རྗེ་སེམས་དཔར་བཤད།། རིན་ཆེན་འབྱུང་ལྡན་རྣལ་འབྱོར ་པའི།། སྙོམས་འཇུག་མཱ་མ་ཀཱི་ཉིད་ཅེས།། བདག་ཅག་རྣམས་ཀྱི་བློ་མས་བཤད།། ཡེ་ཤེས་ཀྱི་ཕྱག་རྒྱ་ནི་རྣམ་པ་བཞི་སྟེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པའི་ནི་སངས་རྒྱས་སྐྱོན་ནོ།། རྡོ་རྗེ་སེམས་དཔའ་དང་མི་བསྐྱོད་པ་དང་། རིན་ཆེན་འབྱུང ་ལྷུན་གྱི་རྣལ་འབྱོར་པའི་ནི་མཱ་མུ་ཀཱིའོ།། འོད་དཔག་ཏུ་མེད་པ་ནི་ན་བཟའ་དཀར་མོའོ།། དོན་ཡོད་པར་གྲུབ་པའི་རྣལ་འབྱོར་པའི་དམ་ཚིག་སྒྲོལ་མའོ།། གང་འདི་བཅོམ་ལྡན་འདས་ཐོག་མཐའ་མེད་པ་རྣམ་སྣང་ཞིང་།། ཀུན་རྟོག ་བརྗོད་དང་བྲལ་བས་སྤྲོས་པ་མེད་གྱུར་པ།། ཆགས་སོགས་རྒྱལ་བ་ལྔའི་སྐུའི་རང་བཞིན་གྱུར།། སེམས་ཅན་བསམ་ལས་དགོངས་ཏེ་དེ་ནི་དེ་ལྟར་མཛད།། བཅོམ་ལྡན་འདས་བྱང་ཆུབ་ཀྱི་སྙེམས་རྡོ་རྗེ་དེ་བཞིན་གཤེགས་པ་ཐབས་དང་ཤེས་རབ་གཉིས ་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ཅན་དེ་ཉིད་འདོད་ཆགས་ལ་སོགས་པའི་རང་བཞིན་དེ་བཞིན་གཤེགས་པ་ལྔ་དང་། རིགས་པའི་ལྷ་མོ་ལ་སོགས་པའི་རྣམ་པར་ཀུན་རྫོབ་ཏུ་སྐུ་ཀུན་ཏུ་འཛིན་པར་མཛད་ནས་ཉོན་མོངས་པས་ཀུན་ཏུ་གང་བའི་སེམས ་ཅན་གྱི་ཁམས་རྣམས་ཀྱི་སེམས་རྒྱུད་དྲི་མ་མེད་པར་བྱ་བའི་ཕྱིར་དང་། གདུལ་བྱ་དེ་རྣམས་ཉིད་དེ་ལྟ་བུའི་ལམ་ལ་འཇུག་པའི་སྐལ་བ་དང་ལྡན་པ་རྣམས་དེ་ཁོ་ན་ཉིད་ལ་ངེས་པར་སྦྱོར་བར་མཛད་ཅིང་། དེ་ལྟར་རྣམ་པར་བཞུགས་ཞེས་བྱ་བ་ནི་མན ་ངག་ཡིནོ།། ཡང་ཇི་ལྟར་ན་ཚུལ་འདིས་དེ་ཁོ་ན་ཉིད་ལ་འཇུག་པོར་འགྱུར་ཞེ་ན། དྲིའི་ཕྱིར་སྨྲས་པ། རྒྱལ་བ་སྐྱེས་མཆོག་རྣམས་ཀྱི་དྲི་མེད་སྐུར་གནས་ནས།། ཆ་གཉིས་བྲལ་བས་ཚོར་བཅས་ཕྱི་རོལ་སྤོང་བྱེད་ཅིང་།། སེམས་རྟོགས་པ་ཡིས་སེམས ་ཙམ་ལ་ནི་ངེས་བརྟེན་ཏེ། དེ་ཡང་སྣ་ཚོགས་སྣང་བས་གཅིག་ཏུའང་ཡོད་མ་ཡིན།། སེམས་ནི་དུ་མ་གཅིག་ཚུལ་གྱིས་ཀྱང་སྣ་ཚོགས་ཉིད།། དེ་བཞིན་ཀུན་ཀྱང་དངོས་པོ་མེད་པ་ཉིད་དུ་ཤེས།། རིམ་པ་འདི་ཡིས་དངོས་རྣམས་དེ་ཉིད་བཅས་འགྱུར་ལ། ་དེ་བསྒོམ་ཉིད་ཀྱིས་སླར་ཡང་དེ་ནི་དེ་བཞིན་འགྱུར།། དེ་ལྟར་ཡེ་ཤེས་ཀྱི་ཕྱག་རྒྱ་དང་མཉམ་པར་སྦྱོར་བ་ཡི་སེམས་དཔའ་ལ་སོགས་པ་བསྒོམ་པ་འདིས། དེ་ཁོ་ན་ཉིད་བསྒོམ་པ་ལ་འཇུག་པའི་རིམ་པ་བསྟན་པ་ཡི་ནོ།། དེ་ཡང་དང་པོར་རེ་ཞིག ་གསང་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པ་རྣམས་ཀྱིས་ཟླ་བ་དང་རྡོ་རྗེ་ལ་སོགས་པ་བསྒོམ་པའི་བསྐྱོད་པའི་རིམ་པས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུ་ཡོངསུ་རྫོགས་པར་བྱས་པ་དང་། བདག་ནི་རྡོ་རྗེ་སེམས་དཔའོ་ཞེས་བྱ་བ་ལ་སོག ་པར་སྒྲོ་བཏགས་པར་བྱས་པ་ཙམ་དུ་ཟད་པས་ཕྱི་དང་ནང་གི་བདག་ཉིད་ཅན་གྱི་སྒྲ་བསྒོམ་པར་བྱ་བ་དང་བསྒོམ་པ་པོ་དང་བསྒོམ་པ་ཉེ་བ་མི་དམིགས་པས། གཟུང་བ་དང་འཛིན་པའི་རྣམ་པ་ལས་རབ་ཏུ་ལྡོག་པའི་ཕྱིར་བླ་མིའི་མན་ངག ་གིས་རྣམ་པར་ཤེས་པོའི་བདག་ཉིད་ཅན་གྱི་རང་གི་སེམས་རྣམ་པར་རྟོག་པའི་སྤྲོས་པའི་ཚོ་གས་གཞན་ངེས་པར་བསལ་བ་སྔོན་དུ་འགྲོ་བའི་རིམ་གྱིས་ཤིན་ཏུ་བརྟན་པ་ཉིད་དུ་བྱའོ།། རྣལ་འབྱོར་པ་ཡོངསུ་རྫོགས་ཤིང་སེམས་བརྟན ་པར་གྱུར་པ་ནི་མཉམ་པར་བཞག་པ་ཡིན་པར་ཤེས་པར་བྱ་སྟེ། ཉེ་བར་བརྟགས་པའི་དངོས་པོ་ལ་སེམས་རྩེ་གཅིག་པ་ནི་ཏིང་ངེ་འཛིན་ཡིན་པའི་རིགས་པས་སོ།། དེའི་ཚེ་འདི་ནི་རྡོ་རྗེ་སེམས་དཔའ་སོགས་པའི་ངོ་བོ་ཉིད་རང་གི་སེམས ་ཀྱི་རྣམ་པ་ཙམ་ཡིན་ཡང་ཕྱི་རོལ་ལ་མངོན་པར་ཞེན་པས་རིང་གི་སེམས་ཀྱི་རྣམ་པར་མི་ཤེས་པར་བལྟ་བར་བྱའོ།། ཡང་གང་གི་ཚེ་ཁྱེད་ཀྱི་སེམས་འདི་ཉིད་རྡོ་རྗེ་སེམས་འདི་ཉིད་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རྣམ་པ་ཡིན་གྱི་ཕྱི་རོལ ་ནི་མ་ཡིན་ནོ་ཞེས་བླ་མའི་མན་ངག་ལས་རྟོགས་པ་དང་། དེའི་ཚེ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུ་ལ་བརྟེན་པའི་ཕྱིར་རོལ་ཡོངསུ་འདོར་བར་འགྱུརརོ།། ཡང་གང་གི་ཚེ་ཁྱེད་ཀྱི་སེམས་ཙམ་འདི་ལ་བསྒོམ་པར་བྱ་བ་དང ་སྒོམ་པ་པོ་དང་། བསྒོམ་པར་མངོན་པའི་ང་རྒྱལ་མི་བྱའོ་ཞེས་ཤེས་པར་བྱས་པ་དེའི་ཚེ་སེམས་ཙམ་ལ་བརྟེན་པའི་གཟུང་བ་དང་འཛིན་པ་གཉིས་དང་བྲལ་བས་རྣམ་པར་རྟོག་པ་མེད་པར། རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུར་རྣམ་པར ་གནས་སོ།། ཡང་རྡོ་རྗེ་སེམས་དཔའ་ལ་སོགས་ལ་སྒོ་གཅིག་པ་ཉིད་དང་དུ་མ་ཉིད་ལ་སོགས་པ་དང་བྲལ་བས་བླ་མའི་མན་ངག་ཉིད་ཀྱིས་དངོས་པོ་མེད་པ་ཉིད་དུ་རྟོགས་པར་འགྱུར་རོ།། དེ་ནས་བླ་མའི་མན་ངག་ཉིད་ལས་ཆོས་ཐམས་ཅད་ཀྱང ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྒྲ་དང་འདྲ་བར་དངོས་པོ་མེད་པ་ཉིད་དུ་རྟོགས་པར་འགྱུརརོ།། དེ་བསྟ་ན་རིམ་པ་འངས་རྡོ་རྗེ་སེམས་དཔའ་ལ་སོགས་པ་བསྒོམས་པས་ཀྱང་ཆོས་ཐམས་ཅད་དངོས་པོ་མེད་པར་རྟོགས་པར་འགྱུརརོ།། སྙམ་དུ ་དགོངས་ནས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་བསྒོམ་པ་དེ་ཁོ་ན་ཉིད་བསྒོམ་པ་ལ་འཇུག་པར་བྱ་བ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་གསུངས་པ་ཡིན་ཞེས་དེ་ཁོ་ན་ཉིད་ཤེས་པར་འདོད་དེ།། འདི་ཉིད་ལ་དགོངས་ནས་གདུལ་བ་རྣམས ་སེམས་ཀྱི་འཇུག་པ་དང་རྗེས་མཐུན་པར་མཛད་པའི་མགྲོན་པོ་ཐུགས་རྗེ་དང་ལྡན་པས་དོན་དང་ལྗོན་པར་གསུངས་པའི་ཚུལ་གྱིས་གཅིག་ནས་གཅིག་ཏུ་བརྒྱུད་པའི་ཚུལ་གྱིས་བརྒྱུད་པ་འམ།། རྒྱུར་གྱུར་པའི་འབྲེལ་པས་དེ་དེང་དེར་རྣམ་པ་དུ ་མར་གསུངས་པ་ཡི་ནོ།། དེ་ཡང་འདི་ལྟ་སྟེ། ལྷ་མོ་བཞི་དང་ཡང་དག་འདུས།། དགའ་བའི་སྦྱོར་ལ་ལེགས་པར་གནས།། རྡོ་རྗེ་རོལ་པ་ལ་སོགས་པས།། བཅོམ་ལྡན་འདོད་པ་ཅན་གྲུབ་འགྱུར།། འདི་ནི་རྣལ་འབྱོར་གཙོ་མཆོག་སྟེ།། དམ་ཚིག་ཆེན་པོ ་བསྒྲུབ་པ་དང་།། དམ་ཚིག་ཆེན་པོ་དེ་ཉིད་ལས།། དེ་ཉིད་སྐུལ་བས་བསྐུལ་བ་ནི།། ཀུན་གྱི་བདོག་ཉིད་འདིར་བཞུགས་ནས།། གསང་བའི་སྙིང་པོ་གྲོང་ཁྱེར་ཆར།། ལྷ་མོ་བཞི་དང་ཡང་དག་པར།། རོལ་མོ་ཀུན་གྱི་གར་མཛད་དོ་ཞེས་བྱ་བ་ཡིནོ།། དེ་ཉིད ་ཀྱིས་ན། ལམ་ལ་གནས་པའང་ཐབས་ཀྱིས་ནི།། གདུལ་བྱ་དྲང་བའི་ཕྱིར་ཡིན་གྱི།། ཉོན་མོངས་དགྲ་ལས་འཇིགས་བྱེད་པ།། མིན་ན་ཅི་ཕྱིར་འབྲས་གནས་ཡིན།། ཞེས་བཤད་པ་ཡིནོ།། དེ་ལྟར་ན་ཡེ་ཤེས་ཀྱི་ཕྱག་རྒྱ་བསྒོམ་པོ་ཉིད་ཀྱི་རིམ་པས ་བླ་མའི་མན་ངག་ཉིད་ལས་ཕྱག་རྒྱ་ཆེན་པོར་འགྱུར་བས་བྱས་ལ། ཡང་དུས་ཕྱིས་སྔར་བཤད་པའི་རིམ་པ་ཉིད་ཀྱིས་ཕྱག་རྒྱ་ཆེན་པོའི་གཉིས་སུ་མེད་པའི་རྣལ་འབྱོར་བསྒོམ་པ་ཉིད་ཀྱིས་འབྲས་བུ་མངོན་པར་རྫོགས་པར་འགྱུརརོ་ཞེས་བྱ་བ་ནི་མུན ་ངག་ཡི་ནོ།། དེ་ལྟར་ལྷག་པའི་ཏིང་འཛིན་ལ་གནས་པའོ།། མི་འཕོའི་གནས་མཆོག་ངག་ཏུ་རབ་མྱུར་འགྲོ།། དེ་ལས་གཞན་པའང་དེ་དང་འདྲ་བར་བཤད།། དེ་ལས་གཞན་པ་ཡང་ནི་དེ་བཞིན་འགྲོ། གསང་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པའི་དབང་པོ་བར ་མའི་མན་ངག་བསྟན་པའོ།། །། གང་ཞིག་གིས་ནི་སེམས་ཀྱི་རྒྱུད།། འདོད་ཆགས་ལ་སོགས་དབང་གྱུར་པ།། དེ་ཕྱིར་རྒྱལ་བས་ལས་ཀྱི་ནི།། ཕྱག་རྒྱ་སོགས་སྒོམས་ཡང་དག་གསུངས།། གང་ཡང་ཤིན་ཏུ་ཉོན་མོངས་པ་ཚོ་བ་ལས་བྱུང་བའི་རྣམ་པར ་གཡེང་བས་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་ཡང་སེམས་མཉམ་པར་འཇོག་པར་མི་ནུས་པ་དེ་རྣམས་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་བཤད་པའི་དམ་ཚིག་དང་ཡོན་ཏན་དང་ལྡན་པའི་དམ་ཚིག་གི་ཕྱག་རྒྱ་དང་སྙོམས ་པར་འཇུག་པ་འམ། ལས་ཀྱི་ཕྱག་རྒྱ་དང་སྙོམས་པར་འཇུག་པའི་ཤེས་རབ་དང་ཐབས་ཀྱི་རང་བཞིན་ཅན་གྱི་བསྒོམ་པ་ཉེ་བར་བསྟན་པ་ཡི་ནོ།། དེ་ཡང་། དེ་བཞིན་གཤེགས་པའི་བཙུན་མོ་མཆོག། སྤྱན་ལ་སོགས་པར་བསྒོམ་པར་བྱ།། དབང་པོ ་གཉིས་ནི་མཉམ་སྦྱར་བས།། སངས་རྒྱས་དངོས་གྲུབ་ཐོབ་པར་འགྱུར་ཞེས་བྱ་བ་དང་། དེ་བཞིན་དུ། བྷ་ག་ལ་ནི་ལིང་ག་གཞག། སངས་རྒྱས་གཟུགས་ནི་བསྒོམ་པར་བྱ།། བ་སྤུ་རྣམས་ཀྱི་བུ་གནས།། མཁས་པས་སངས་རྒྱས་སྤྲིན་རྣམས་སྤྲོ་ཞེས ་བྱ་བ་ལ་སོགས་པོ་གསུངས་པས། སངས་རྒྱས་ལ་སོགས་པས་རྗེ་སུ་དྲན་པ་བསྒོམ་པར་བལྟ་བར་བྱའོ།། འདི་དག་དང་དེ་ལྟ་བུའི་རྣམ་པ་གཞན་རྒྱུད་ལས་རྒྱ་ཆེར་གསུངས་པ་དེ་ཐམས་ཅད་གཅོག་ནས་གཅིག་ཏུ་བརྒྱུད་པའི་ཚུལ་གྱིས་རྒྱུར་གྱུར་པ ་ལོས་དགོངས་པ་ཉིད་ཤེས་པར་བྱའོ།། དེ་ཉིད་ཀྱིས་ན། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་ཀྱང་། གོང་ཞིག་གནོད་པར་མཐོང་ངོ་འང་།། མཁས་པས་ལ་ལར་ཕན་པར་མཐོང་།། ནད་ཀྱི་དབང་གིས་ཐམས་ཅད་ཀྱང་། སྨན་ཉིད་དུ་ནི་འགྱུར་བ་ཡིན་ཞེས ་བཤད་པ་ཡི་ནོ།། དེ་ནི་རྒྱལ་བསོ་དུ་མ་རུ།། ཤིན་ཏུ་གསལ་བར་རྣམ་པར་ཕྱེ།། དེ་བཞིན་སློབ་དཔོན་དུ་མས་ཀྱང་།། སྒྲུབ་ཐབས་ཚོགས་བཤད་པ་ཡིན།། ཆོ་ག་འདི་ནི་དེ་ལྟ་བུར་ལྷག་པར་མོས་པ་གཙོ་བོར་གྱུར་པའི་གདུལ་བྱའི་སྐྱེ་བོ་རྣམས་ཀྱི་ངོར ་གྱུར་པ་གོང་མ་ལ་སོགས་པ་དེ་དང་དེར་བཅོམ་ལྡན་འདས་ཉིད་ཀྱིས་ཤིན་ཏུ་གསལ་བར་གསུངས་པ་དང་། སློབ་དཔོན་རྣམས་ཀྱིས་ཀྱང་། མན་ངག་སྣ་ཚོགས་ཀྱི་དབང་དུ་མཛད་ནས། སྤྲོས་པ་དང་བཅས་པར་སྒྲུབ་པའི་ཐབས་ལ་སོགས་པའི་བྱ ་བའི་སྒོ་ནས་རྣམ་པར་བརྩམས་པ་ཡོད་པས་འདིར་རྒྱ་ཆེར་མ་སྨོས་སོ།། འོན་ཀྱང་། ཉོན་མོངས་པས་གཙེས་སེམས་ལྡན་ལ།། དེ་ནི་མཉམ་འཇོག་བྱེད་པར་འདོད།། དེ་བས་འདིར་བསྡུས་ཉིད་བྱ་ཞེས།། བདག་ཅག་རྣམས་ཀྱི་བླ་མས་བཤད།། འདོད ་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་ཀྱིས་ཉེ་བར་གཙེས་པའི་སེམས་མཉམ་པར་འཇོག་པ་ཙམ་གྱི་དགོས་པ་ཡོད་པས་ཀྱང་ཉམས་སུ་བླང་བ་ཤིན་ཏུ་བསྡུས་པ་ཉིད་འདིར་མཆོག་ཡིན་པར་བསྔགས་སོ་ཞེས་ཁོ་བོ་ཅག་གི་བླ་མས ་བསྟན་ཏོ།། དེ་ཉིད་ཀྱིས་ན། ལས་ཀྱི་ཕྱག་རྒྱ་སོགས་བསྒོམ་པ།། གོང་ནས་གོང་དུ་མཆོག་ཡིན་ཏེ།། ཅིག་ཤོས་གོང་དོན་མི་འདོར་ཞེས།། དེ་ལྟར་བདག་གི་བླ་མས་བཤད།། ཇི་སྲིད་སྔགས་པ་ཡེ་ཤེས་ཀྱི་ཕྱག་རྒྱ་བསྒོམ་པ་ལ་སེམས་མཉམ་པར ་འཇོག་པ་དང་ལྡན་པར་གྱུར་པ་དེ་སྲིད་ཀྱི་བོར་དུ་ལས་ཀྱི་ཕྱག་རྒྱ་དང་སྙོམས་པར་འཇུག་པ་འམ། དམ་ཚིག་ཕྱག་རྒྱ་དང་སྙོམས་པར་འཇུག་པས་ཤེས་རབ་དང་ཐབས་ཀྱི་རང་བཞིན་བསྒོམ་པ་ལ་མངོན་པར་བརྩོན་པ་དང་ལྡན་པར་བྱེད་པར་འགྱུར་ལ། ་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་སྙེམས་པར་འཇུག་པའི་བསྒོམ་པ་ལ་མངོན་པར་བརྩོན་པ་དང་ལྡན་པ་ཡང་ཇི་སྲིད་བླ་མའི་མན་ངག་གིས་བཅོམ་ལྡན་འདས་ཡུམ་ཤེས་རབ་མཚན་གྱི་རྣམ་པ་གཞན་ཡང་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་མངོན་དུ་མི་བྱེད་པ་དེ ་སྲིད་ཀྱི་བར་དུ་བྱེད་པར་འགྱུརོ།། དེ་མངོན་སུམ་དུ་གྱུར་ནས་ཀྱང་ཕྱག་རྒྱ་ཆེན་པོའི་གཉིས་སུ་མེད་པའི་རྣལ་འབྱོར་བསྒོམ་པ་ཉིད་ལས་བདེ་བར་གཤེགས་པའི་ཡོན་ཏན་གྱི་ཚོགས་དཔག་ཏུ་མེད་པ་ཡོངསསུ་རྫོགས་པ་སྔོན་དུ ་འགྲོ་བས་ཀུན་ཏུ་བཟང་པོ་ཉིད་དུ་གྱུར་ཅིང་སྐྱེ་བ་འདི་ཉིད་དམ་སྐྱེ་བ་གཞན་དུ་བསྒོམ་པ་མཆོག་དང་རབ་ཏུ་མཆོག་ཏུ་རྫོགས་པའི་དབོང་གིས་སངས་རྒྱས་ཉིད་དང་། རྡོ་རྗེ་འཆང་བ་ཉིད་མངོན་སུམ་དུ་བྱེད་པར་འགྱུར་རོ་ཞེས་བྱ་བ་ནི་ཤིན་ཏུ་བསྡུས་ཏེ། ་བསྟན་པ་ཡི་ནོ།། གངྒཱ་ཞིག་ཡེ་ཤེས་ཕྱག་རྒྱ་སོགས།། བསྒོམ་ལོ་མངོན་དགའ་མེད་གྱུར་པ།། ཤེས་རབ་ཉམ་ཆུང་ཉིད་ཡིན་ཕྱིར།། ཕྱག་རྒྱ་ཆེན་པོ་བསྒོམ་པ་མིན།། དེ་ལ་ཀུན་མཁྱེན་ཕན་བཞེད་པསོ།། ཕྱག་རྒྱ་ཆེན་པོའི་མིང་གིས་ནི།། རྡོ་རྗེ་སེམས ་དཔའ་ལ་སོགས་པའི།། གཟུགས་དེ་ཉིད་ནི་ངེས་པར་བསྟན།། ཡེ་ཤེས་ཀྱི་ཕྱག་རྒྱ་ལ་སོགས་པ་བསྒོམ་པར་མངོན་པར་མི་དགོའ་བོ་དང་། ཇི་སྐད་དུ་བཤད་པའི་ཕྱག་རྒྱ་ཆེན་པོ་བསྒོམ་པའི་ཕྱིར་སྣོད་དུ་མ་གྱུར་པ་ཉིད་ཀྱིས་ལ་ཁ་དག་ལ་རྡོ་རྗེ་སེམས ་དཔའ་ལ་སོགས་པའི་གཟུགས་ཉིད་ཕྱག་རྒྱ་ཆེན་པོ་ཡིན་པར་བསྟན་པོ་ནོ་ཅི་ནས་དེ་བསྒོམས་པ་ཉིད་ལས་ཀྱང་ཇི་སྐད་དུ་བཤད་པའི་རིམ་གྱིས་ཕྱག་རྒྱ་ཆེན་པོ་ཉིད་མངོན་སུམ་དུ་བྱེད་པར་ལཱི་གྱུར་རོ།། རྣལ་འབྱོར་སྤྱོད་པའི་དབྱེ་བ་ལས།། ཇི་རྙེད་གཟུགས ་ནིརྣམ་བསྒོམས་པའི།། དེ་སྐྱིད་དེ་ཉིད་འཇུག་དོན་ཡིན།། དེ་ལྟར་དེ་ཉིད་ཤེས་རྣམས་འད།། དཔལ་མཆོག་དང་པོའི་ཆོ་གར་ཡང་།། ཚངས་དང་དྲག་པོ་སོགས་བསྒོམ་པ།། དེས་འདུལ་པོ་ལ་གོསུངས་པ་ནི།། དེ་ཉིད་ལ་ནི་འོཇུག་ཕྱིར་ཡི་ནོ།། དེ་ལྟར་རྡོ་རྗེ་སེམས ་སོགས་སྐུ་ནི་མ་ལུས་བསམ་མི་ཁྱབ།། ལས་ཀྱི་ཕྱག་རྒྱ་སོགས་ལྡན་ཆ་བྲལ་མིན་པ་གང་བཤད་དང་།། གང་ཡང་ཆ་བྲལ་གཞན་དག་ཐམས་ཅད་རྣམ་པར་བསྒོམ་པར་བྱ།། གང་ཕྱིར་དེ་ཡང་རྣལ་འབྱོར་པ་རྣམ་ས་དེ་ཉིད་རིགས་འགྱུར་ཕྱིར་བསྟན་ནོ།། ། ་གསང་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པའི་དབང་པོ་ཐ་མའི་མན་ངག་བསྟན་པའོ།། །། གང་ཞིག་བསྒོམ་སྟོབས་ཡོངསུ་རྫོགས།། ཚོགས་གཉིས་ཀྱི་ནི་རྒྱུར་གྱུར་པ།། སངས་རྒྱས་ཉིད་ལ་ཡང་དག་བརྟེ་ནི།། བསྒོམ་པའི་སྐལ་དང་མི་ལྡན་པ།། དེ་ཕྱིར་འགྲོ ་བའི་མགོན་པོ་ཡིས།། ཤེས་རབ་ཞི་གནས་བསྒོམ་པ་གསུངས།། དེ་ནི་བརྩེ་ཆེན་རྫོགས་བྱང་ཆུབ།། འགྲོ་བའི་རྒྱུད་ལ་སྐྱེད་བྱེད་ཡིན།། གང་ཡང་བསྒོམ་པའོ་སྟོབས་ལས་ངེས་པར་འབྱུང་བའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཀྱི་རྒྱུ ་ཀུན་ཏུ་བཟང་པོ་ཉིད་ལ་རྒྱུན་མི་འཆད་པར་མངོན་པར་བརྩོན་པའི་རྣལ་འབྱོར་པས་དུས་ཡུན་རིང་པོར་མི་ཐོགས་པར་རྫོགས་པ་མངོན་སུམ་དུ་བྱེད་ལ། དེ་བྱེད་པའི་སྐལ་བ་མེད་པ་དེ་རྣམས་ཀྱི་ཕྱིར། ཐུགས་རྗེ་ཆེན་པོ་དང་ལྡན་པའི་མགོན་པོས་ཞི ་གནས་ལྷག་མཐོང་ཟུང་དུ་འཇུག་པའི་ལམ་ཉེ་བར་བསྟན་པར་མཛད་པ་ཡིན་ཏེ། དེ་ལྟར་ན་དེ་བསྒོམ་པས། བཅོམ་ལྡན་འདས་ཡུམ་ཤེས་རབ་མངོན་སུམ་དུ་བྱས་ནས། དེའི་རང་བཞིན་ཅན་གྱི་སྦྱིན་པ་ལ་སོགས་པའི་བྱེ་བའི་དངོས་པོའི་ཐབས ་ལ་བསླབས་པ་ལས་སངས་རྒྱས་ཉིད་དུ་མངོན་པར་འགྲུབ་པར་འགྱུར་ཞེས་དགོངས་པ་ཡིནོ།། དེ་ཡིང་སྙིང་རྗེ་ཆེན་པོ་སྐྱེས་པས་བྱང་ཆུབ་ཀྱི་སེམས་བསྐྱོད་ལོ།། དེ་ཉིད་གོང་ནས་གོང་དུ་རྣམ་པར་རྟོག་པ་སྤོང་བས་ཡོངསུ་དག་པ་བསྐྱེད་པར ་བྱ་བའི་ཕྱིར་བརྩོན་པར་བྱེད་དེ།། སྙིང་རྗེ་ཆེན་པོ་དང་ལྡན་པ་ནི་གཞན་གྱི་སྡུག་བསྔལ་བ་ཉིད་ཀྱིས་འདི་དག་ཐམས་ཅད་ཉིད་སྡུག་བསྔལ་རྣམས་ལས་བཏོན་ལ་སངས་རྒྱས་ཉིད་ལ་ངེས་པར་སྦྱར་བར་བྱའོ་ཞེས་བྱང་ཆུབ་ཀྱི་སེམས ་བསྐྱེད་པར་བྱེད་ཅིང་། འདི་རྣམས་ཀྱང་དམ་བཅས་པའི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་དང་། སྦྱིན་པ་ལ་སོགས་པའི་བྱ་བའི་དངོས་པོའི་ཐབས་ལ་བསླབས་པ་མེད་པར་དེ་གོང་ནས་གྲོང་དུ་ཡོངསུ་དག་པ་མེད་པར་རྫོགས་པར་མི་འགྱུར་སྙམ་དུ ་དགོངས་ནས་གཉིས་སུ་མེད་པའི་ཡེ་ཤེས་རྫོགས་པར་བྱ་བའི་ཕྱིར་ཞི་གནས་དང་ལྷག་མཐོང་ཟུང་དུ་འཇུག་པའི་ལམ་ཡོང་སྒོམ་པར་མཛད་དོ་ཞེས་བྱ་བ་ནི་མདོར་བསྡུས་ཏེ་བསྟན་པ་ཡི་ནོ།། བྱང་ཆུབ་ཀྱི་སེམས་དེ་ཡང་རྣམ་པ་དུ་ཞིག་ཅེ་ན། སྨྲས་པ ་བྱང་ཆུབ་སེམས་གང་གཞན་དོན་དུ།། ཡང་དག་བྱང་ཆུབ་འདོང་པོ་ཡིན།། ང་ནི་དབྱེ་བ་གཉིས་ཀྱིས་གཉིས། དག་ཉི་ཤུ་གཉིས་སུའང་འགྱུར།། བྱང་ཆུབ་ཀྱི་སེམས་ནི་སྟོན་པའི་སྙེམས་དང་འཇུག་པའི་སེམས་སོ།། དེ་ཡང་སྡོང་པོ་བཀོད་པ་ལྟས། རིགས ་བློ་སེམས་ཅན་གྱི་ཚོགས་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་ནི་རྙེད་པར་དཀའོ།། དེ་བས་ཀྱང་སེམས་ཅནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་མངོན་པར་ཞུགས་པ་དེ་ནི་ཆེས་རྙེད་པར་དཀའོ་ཞེས་གསུངས ་པ་ཡི་ནོ།། གཉིས་པོ་དག་ཀྱང་རྣམ་པ་ཉི་ཤུ་རྩ་གཉིས་སུ་དབྱེ་བར་བྱ་སྟེ།། དེ་ཡོང་འཕགས་པ་བྱམས་པས།། དེ་ཡང་ས་གསེར་ཟླ་བ་མེ།། གཏེར་དང་རིན་ཆེན་འབྱུང་གནས་མཚོ།། རྡོ་རྗེ་རི་སྨན་པ་ཤེས་གཉེན་དང་།། ཡིད་བཞིན་ནོར་བུ་ཉི་མ་གླུ། རྒྱལ ་པོ་མཛོད་དང་གླང་པོ་ཆེ།། བཞོན་པ་བཀོད་པའི་ཆུ་དང་ནི།། སྒྲ་བརྙན་ཆུ་བོ་སྤྲིན་རྣམས་ཀྱིས།། རྣམ་པ་ཉི་ཤུ་རྩ་གཉིས་སོ།། ཞེས་ཇི་སྐད་བཤད་པ་ཡིནོ།། དེ་ལ་ཡང་འདི་ལྟར་བལྟ་བར་བྱ་སྟེ། འདུན་པའི་གནས་སྐབས་སོགས་དབྱེ་བས།། སྨོན་པའི་སེམས ་ཀྱི་རྣམ་པ་གསུམ།། འཇུག་པ་ཞེས་ནི་བྱ་བའི་སེམས།། རྣམ་པ་བཅུ་དགུ་དག་ཏུ་འདོད་།། དེ་ལ་སྨོན་པའི་སེམས་ནི་རྣམ་གསུམ་དུ་དབྱེ་སྟེ།། འདུན་པ་དང་ལྷན་ཅིག་འདྲེས་པའི་ཆོས་ཐམས་ཅད་མངོན་པར་བྱང་ཆུབ་པར་འདོད་པའི་མཚན་ཉིད་ཅན ་ནི་ས་ལྟ་བུ་ཡིན་ནོ།། བསམ་པ་དང་ལྷན་ཅིག་འདྲེས་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྤྱོད་པའི་མཚན་ཉིད་དེ། ཕྱིས་འབྱུང་བ་དང་ད་ལྟར་གྱི་འགྱུར་པ་མེད་པའི་ཕྱིར་གསེར་བཟང་པོ་ལྟ་བུ་ཡི་ནོ།། ལྷག་པའི་སེམས་དང་འདྲེས་པ་ནི་བྱང་ཆུབ་ཀྱི། ་སེམས་ཆོས་སུམ་ཅུ་རྩ་བདུན་སྒོམ་པར་འདོད་པའི་མཚན་ཉིད་ཅན་ནི་དཀར་པོའི་ཕྱོགས་ཐམས་ཅད་འཕེལ་པོར་འདོད་པའི་ཚུལ་གྱིས་ཟླ་བ་ཆེ་ས་པ་ལྟ་བུ་ཡིན་ནོ།། འཇུག་པའི་སེམས་ཀྱི་དབྱེ་བོ་ནི་རྣམ་པ་བཅུ་དགུ་སྟེ། སྦྱོར་བ་དང་འདྲེས་པ་གཅིག ་དང་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་བཅུ་དང་། མངོན་པར་ཤེས་བྱ་ལྡན་པ་དང་། བསོད་ནམས་དང་ཡེ་ཤེས་དང་ལྡན་པ་དང་། བྱང་ཆུབ་ཀྱི་ཕྱོགས་དང་ལྡན་པ་དང་། ཞི་གནས་དང་ལྷག་མོཐོང་དང་ལྡན་པ་དང་། གཟུངས་དང་སྤོབས་པ་དང་ལྡན ་པ་དང་། གཟུངས་དང་སྤོབས་པ་དང་ལྡན་པ་དང་། ཆོས་ཀྱི་སྐྱེད་མོས་ཚལ་དང་ལྡན་པ་དང་། བགྲོད་པ་གཅིག་པའི་ལམ་དང་ལྡན་པ་དང་། ཆོས་ཀྱི་སྐུ་དང་ལྡན་པའོ།། འདི་ཡིས་དེ་དག་མ་ལུས་ཁྱབ།། དེ་བས་གནས་སྐབས་རྣམ་བཞི་སྟེ།། འབྲས་བུ་རྒྱུ་དང ་སྦྱོར་སོགས་དང་།། ལས་ཀྱི་གནས་སྐབས་དབྱེ་བས་སོ།། དེ་ལ་གསུམ་ནི་ལས་དང་པོ་པའི་གནས་སྐབས་སོ།། བཞི་པས་ནི་ངེས་པར་བྱེད་པའི་ཆའི་གནས་སྐབས་སོ།། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པའི་སེམས་ཀྱིས་ནི་རྒྱུའི ་གནས་སོ།། མངོན་པར་ཤེས་པ་ལ་སོགས་པའི་གནས་སྐབས་དྲོང་ལྷན་ཅིག་གནས་པའི་བརྒྱད་ཀྱིས་ནི་འབྲས་བུའི་གནས་སྐབས་ཁྱབ་པ་ཡིནོ།། དེ་ལོ་དང་པོ་མགོན་པོ་ཡིས།། གསོལ་བའི་རྣམ་པར་ཡང་དག་བཤད།། གཉིས་པ་སྦྱིན་སོགས་ལ ་འཇུག་པ།། འཇུག་པའི་རྣམ་པར་རབ་ཏུ་བསྒྲགས།། གསོལ་བའི་རྣམ་པ་སྨོན་པའི་སེམས་ནི་རྣམ་པ་གསུམ་སྟེ། དེ་ཡང་སྔར་བཤད་པ་ཡིནོ།། འཇུག་པའི་རྣམ་པ་ནི་གང་ནས་བརྩམས་ཏེ་སྡོམ་པ་འཛིན་པ་སྔོན་དུ་འགྲོ་བས་སྦྱིན་པ་ལ་སོགས་པའི ་ཚེགས་ལ་འཇུག་པ་དེ་ནི་འཇུག་པའི་སེམས་སོ།། སྡོམ་པ་ཡང་བླ་མ་སྡོམ་པ་ལ་གནས་ཤིང་མཁས་པ་ནུས་པ་དང་ལྡན་པ་ལས་བླང་བར་བྱའོ།། དེ་མེད་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མདུན་དུ་བཞུགས་པར་ཡིར་ལ་བྱས་ལ་བླང ་བ་བྱའོ།། དེ་ཡང་། སྦྱིན་སོགས་ཤེས་རབ་དང་བྲལ་བ།། ཐབས་མ་ཡིན་ནོ་སྙ་མ་ཡིན། དེ་བསུ་ཤེས་རབ་བསྐྱེད་བུཾ་།། ནི་གནས་ཀྱང་ནི་བ་སྐྱེད་པར་བྱ།། ཤེས་རབ་མེད་པོ་ནི་སྦྱིན་པ་ལ་སོགས་པས་ཕ་རོལ་ཏུ་ཕྱིན་པའི་མིང་མི་འཐོབ་ཙོང་ཐུབས ་ང་མོ་ལ་ནོ།། དེ་བཞིན་ཤེས་རབ་བརྗོད་པའི་ཕྱིར་དང་། ནི་གནས་བསྐྱེད་པའི་ཕྱིར་འབང་བར་བྱའོ།། དེ་ལ་གང་འོག་ཁྲིམས་ལྡན་སྡུག་བསྔལ་བཟིང་ནུ་སོང་ངོང་།། གང་ལ་བརྩོན་དང་བགོ་ཡོད་བརྟན་པ་འཆང་།། གང་ཚེ་ཡོང་དག་དང་ཡང་ལྡན་འགྱུར་ཏེ། ་དེའི་ཏིང་འཛིན་ཤིན་ཏུ་མྱུར་དུ་རྫོགས་པར་འགྱུར། ཞི་གནས་ཀྱི་ཚོགས་ཚུལ་ཁྲིམས་ལ་སོགས་པ་གསུམ་ལྔ་རྣམ་པར་གནས་པས་ཡིད་དང་རྗེས་སུ་མཐུན་པའི་ཕྱོགས་སུ་སྟན་བདེ་བ་ལ་འདུག་སྟེ། ལུས་དྲང་པོར་གཞག་ལ་སྙིང་རྗེ་ཆེན་པོ་མངོན ་སུམ་དུ་བྱ་སྟེ། སེམས་ཅན་མེ་ལུས་པ་གདོན་པའི་བསམ་པས་སེམས་རྩེ་གཅིག་པའི་མཚན་ཉིད་ཅན་གྱི་ཏིང་ངེ་འཛིན་བསྐྱེད་པར་བྱའོ།། དེ་ལ་མན་ངག་ནི་འདི་ཡིན་ཏེ།། ཁམས་སོགས་དབྱེ་བས་དངོས་པོ་ཐམས་ཅད་ལ།། ཡང་དག་དམིགས་ཏེ་ཇི ་སྲིད་མཉམ་གཞག་ཐོབ།། དེ་སྲིད་ཡིད་ནི་སྐད་ཅིག་རེ་རེ་གཞུག། དང་པོར་རེ་ཞིག་རྣལ་འབྱོར་པས།། ཁམས་ལ་སོགས་པའི་རྣམ་པར་དབྱེ་བས་དངོས་པོ་མ་ལུས་པ་ལ་རྒྱ་ཆེར་རྣམ་པར་དཔྱོད་ལ། ཆོས་ཐམས་ཅད་ནི་འདི་ཙམ་དུ་ཟད་དོ་ཞེས་དེ་ལྟར ་ངེས་པར་བྱ་སྟེ། ཡང་སེམས་ཀྱི་རྒྱུད་ཀྱི་སྐད་ཅིག་མས་དེ་ཉིད་དུ་གཏད་པར་བྱའོ།། གལ་ཏེ་ཡིད་ནི་ཆགས་སོགས་ཀྱིས་གཡེངས་འགྱུར།། མི་གཙང་ལ་སོགས་གཉེན་པོ་བསྒོམ་པ་ཡི་སོ།། ཛ་སྲིད་དེ་ནི་བརྟན་པ་མ་ཐོབ་པ།། དེ་སྲིད་བློ་དང་ལྡན་པས་དེ ་ཞི་བྱ།། ཡོང་གང་གི་ཚེ་བར་སྐབས་སུ་འདོད་ཆགས་ལ་སོགས་པས་སེམས་རྣམ་པར་གཡེངས་པར་གྱུར་པ་དེའི་ཚེ་མེ་གཙང་བ་སྒོམ་པ་ལ་སོགས་པས་རྣམ་པར་གཡེང་བཞི་པར་བྱས་ལ་སེམས་ཡང་ནས་ཡང་དུ་དེ་ལ་གོང་ནས་གོང་དུ་གཏད་པར་བྱའོ།། དེ ་ལ་ཡང་བཅོམ་ལྡན་འདས་ཀྱིས་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་འདོད་ཆགས་རྣམ་པ་དགུནི་ཆེན་པོ་ཉིད་དུ་བསྟན་ཏེ། འདི་ལྟ་སྟེ། དབྱི་བས་ལ་ཆགས་པ་དང་། རེག་པ་ལ་ཆགས་པ་དང་། ཙན་དན་ལ་སོགས་པ་བསྐུས་པ་ལས་བྱུང་བའི་ལུས་ཀྱི ་དྲི་ལ་ཆགས་པ་དང་། རྒྱན་གྱིས་བརྒྱན་པ་ལས་བྱུང་བའི་ལུས་མཛེས་པ་ལ་ཆགས་པ་དང་། ལུས་ཀྱི་ཁ་དོག་ལ་ཆགས་པ་དང་། ཤ་རྒྱས་པ་ལ་ཆགས་པ་དང་། ལུས་དང་ཡན་ལག་གི་རྩེ་འཇོ་ལ་ཆགས་པ་དང་། སོ་མཛེས་པ་ལས ་བྱུང་བའི་ཆགས་པ་དང་། ཁ་དོག་དང་དབྱིབས་ལྔ་ཆགས་པའོ།། དེའི་གཉེན་པོར་གྱུར་པའི་མི་གཙང་བ་ཡང་རྣམ་པ་དགུ་སྟེ། དེ་ནི་འདི་ལྟ་སྟེ། དབྱིབས་ལ་ཆགས་པ་རྣམས་ཀྱི་གཉེན་པོ་ནི་རྣམ་པར་བམ་པའི་འདུ་ཤེས་སོ།། ལུས་ཀྱི་རེག་པ་ལ་ཆགས་པའི ་ནི་འབུས་གཞིགས་པའི་འདུ་ཤེས་སོ།། ལུས་ཀྱི་དྲི་ལ་ཆགས་པའི་ནི་རྣམ་པར་རུལ་པའི་འདུ་ཤེས་སོ།། ལུས་མཛེས་པོ་ལ་ཆགས་པའོ་མི་རྣམ་པར་དམར་བའི་འདུ་ཤེས་སོ།། ལུས་ཀྱི་ཁ་དོག་ལ་ཆགས་པའི་ནི་རྣམ་པར་སྤྲོས་པའི་འདུ་ཤེས་སོ།། ཤ་རྒྱས ་པབྱལྔ་ཚོགས་པའི་ནི་རྣམ་པར་ཟོས་པའི་འདུ་ཤེས་སོ།། ལུས་དང་ཡན་ལག་གི་བརྩེ་འཇོ་ལ་ཆགས་པའོ་ནི་རྣམ་པར་འཐོར་བའི་འདུ་ཤེས་སོ།། སོ་མཛེས་པ་ལ་ཆགས་པའི་ནི་ནུས་གོང་གི་འདུ་ཤེས་སོ།། ཁ་དོག་དང་དབྱིབས་ལ་ཚོགས་པའི་གཉེན ་བོ་རྣམ་པར་སྡིག་པའི་འདུ་ཤེས་སོ།། ནཱི་སྣད་ལས་བྱུང་བའི་རྣམ་པར་གཡེང་བའི་གཉེན་པོ་ནི་བྱམས་པ་བསྒོམ་པའོ།། གཏི་མུག་ལས་བྱུང་བའི་རྣམ་བདག་ཡེང་བའི་གཉེན་པོ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་འི་སྒོམ་པའོ།། གང་གི་ཚེ་སེམས ་ངང་མངོན་པར་མི་དགྲའ་བ་མཐོང་བའི་། ཏིང་དྲིའིཛིན་གྱི་ཡོད་ཏན་ལ་བམ་པ་དང་། མི་གྲོའ་བའི་གྱོ་མི་བསམ་པས་ངོ་ཡོ་ནི་བ་བྱའོ།། གླེང་གི་ཚེ་གཅིད་དང་དྲུགས་པ་ལས་སེམས་ཞུམ་པར་མཐོང་བ་དའི་ཅི། སྣང་བའི་དུན ་བསྒོམ་པ་དང་། རབ་ཏུ་དགའ་བ་ཡིད་ལ་བྱེད་པ་སངས་རྒྱས་ལ་སོགས་པའི་ཡོན་ཏན་སྙིད་ལ་བྱེད་པས་ཞུམ་པ་དེ་ཡང་ནི་བདྲ་བྱའོ།། ཡང་གླང་གི་ཚེ་སྣརོན་སྤྱོད་པ་དང་། རྩེ་ཞིང་དགའ་བ་རྗེ་སུ་དྲན་པས་སེམས་པར་སྐབས་རྒོད་པར་མཐོང་བ་དེའི་ཚེ་མི་རྟག་པ་ཡིད ་ལ་བྱེད་པས་དེ་ཡང་ཞི་བར་བྱའོ།། ཡང་གོང་གི་ཚེ་ཞུམ་པོ་དང་། རྒོད་པ་དག་དང་། བྲལ་བ་ཉིད་ཀྱིས་ཆ་མཉམ་པར་འཇུག་ཅིང་སེམས་རང་གི་མཚན་ཉིད་ཀྱིས་གནས་པར་མཐོང་བ་དེའི་ཚེ། སྒྲིམ་པ་དང་གློད་པ་བཏང་སྙོམས་སུ་བྱས་ཏེ། གལ་ཏེ་སེམས་མཉམ ་པར་འཇུག་ཏུ་ཟིན་ཀྱང་བསྒོམ་པ་བྱས་ན།། དེའི་ཚེ་སེམས་རྣམ་པར་གཡེང་བར་འགྱུརརོ།། ལེ་ལོ་དང་ནི་དམིགས་པ་བརྗོད་པ་དང་།། དེ་བཞིན་ནུམ་རྒོད་མི་རྩོལ་བ་དང་རྩོལ།། ཏིང་ངེ་འཛིན་ལ་ཐམས་ཅད་ཉེས་པར་འགྱུར།། དང་སོགས་སེམས་ཉིད་དེའི་གཉེན ་པོ་ཡིན།། མདོར་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་ཉེས་པ་ཉིད་ནི་རྣམ་པ་དྲུག་ཡོད་དེ། འདི་ལྟ་སྟེ་ལེ་ལོ་དང་། དམིགས་པ་བརྗེད་པ་དང་། ཞུམ་པ་དང་། རྒོད་པ་དང་། བསྒྲིམས་པ་དང་། མ་བསྒྲིམས་པའོ།། དེ་རྣམས་ཀྱི་གཉེན་པོར་སྤོང་བའི་འདུ་བྱེད་བརྒྱད་བསྒོམ ་པར་བྱའོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། འདི་ལྟ་སྟེ། དད་པ་དང་། འདུན་པ་དང་། རྩོལ་བ་དང་། ཤིན་ཏུ་སྦྱངས་པ་དང་། དྲན་པ་དང་། ཤེས་བཞིན་དང་། བཏང་སྙོམས་དང་། སེམས་པའོ།། དེ་ལ་དང་པོ་བཞི་ནི་ལེ་ལོའི་གཉེན་པོ་ཡིན་ཏེ། དེ་ཡང་ཏིང་ངེ་འཛིན ་གྱི་ཡོན་ཏན་རྣམས་ལ་མངོན་པར་ཡོད་ཆེས་པོའི་མཚན་ཉིད་རྐྱེན་གྱི་དང་པས་རྡོལ་འབྱེར་པ་རྣམས་དེ་ལ་མངོན་པར་འདོད་པའི་སེམས་སྐྱེ་བར་འགྱུར་ལ།། མངོན་པར་འདོད་པ་དེ་ལས་རྩོལ་བ་བཅོམ་པར་འགྱུར།། དེ་ལས་ཀྱང་ལུས་དང་སེམས་ལས་སུ་རུང་། ་ཉིད་ཐོབ་པར་འགྱུར་ལ། ཤིན་ཏུ་སྦྱངས་པ་དེ་ལས་ལུས་དང་སེམས་ལེ་ལོ་ལས་ལྡོག་པར་འགྱུརརོ།། དེ་བས་ནཱ་དད་པ་ལ་སོགས་པ་ནི་ལེ་ལོ་སྤང་བའི་ཕྱིར་བ་སྒོམ་པར་བྱའོ།། དྲན་པ་ནི་དམིགས་པ་བརྗེད་པའི་གཉེན་པོའོ།། ཤེས་བཞིནན ་ནུམ་པ་དང་རྒོད་པའི་གཉེན་པོ་ཡིན་ཏེ། དེས་ཞུམ་པོ་ཇི་རྒོད་པ་དག་ཉེ་བར་ཤེས་པ་ཡིན་པའི་ཕྱིར།། ཞུམ་པ་དང་། རྒུད་པ་མ་ཞི་པའི་དུས་སུ་ནི་མི་རྩོལ་བ་ཉེས་པ་ཡིན་ཏོ། དེའི་གཉེན་པོར་ནི་སེམས་པ་བསྒོམ་པར་བྱའོ།། ཞུམ་པ་དང་། རྒད་པ་དང་། ཉེ ་པར་གྱུར་ནས་གང་གི་ཚེ་སེམས་རང་གི་རྒྱུན་གྱིས་འཇུག་པ་དེའི་ཚེ་ནི་རྩོལ་བ་ཉེས་པ་ཡིན་པས་དེའི་གཉེན་པོར་བཏང་སྙོམས་བསྒོམ་པར་བྱའོ།། སྤོང་བའི་འདུ་བྱེད་བརྒྱད་པོ་དེ་དང་ཡང་དག་པར་ལྡན་པའི་ཏིང་ངེ་འཛིན་གང་གིས་རྫུ་འཕྲུལ་ལ་སོགས་པའི ་ཡོན་ཏན་རྫོགས་པར་བྱེད་པར་མཆོག་ཏུ་ལས་སུ་རུང་བར་འགྱུར་རོ།། དེ་བས་ན་མདོ་ལས་སྤོང་བའི་འདུ་བྱེད་བརྒྱད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་བསྒོམ་པོར་བྱེད་དོ་ཞེས་གསུངས་པ་ཡི་ནོ།། བསྒོམ་པའི་རིམ་པ་འདི་ཉིད་ལས་དགོངས་ནས། བཅོམ་ལྡན ་འདས་ཡུམ་ལས། དེ་ལོ་སེམས་མཉམ་པར་གཞག་པར་བྱ། ཡང་དག་པར་འཇོག་པར་བྱེད། རྣམ་པར་འཇོག་པར་བྱེད། ཉེ་བར་འཇོག་པར་བྱེད། དུལ་བར་བྱེད། ཞོ་བར་བྱེད། ཉེ་བར་ཞི་བར་བྱེད། གཅིག་པ་ཉིད་དུ་བྱེད། ཏིང་ངེ་འཛིན་དུ་བྱེད་དོ་ཞེས་གསུངས་པ ་ཡིན།། ཡང་དག་པར་འཇོག་པ་ནི་དམིགས་པ་དེ་ཉིད་ལ་རྒྱུན་གྱིས་འཇུག་པར་བྱེད་པའོ།། རྣམ་པར་འཇོག་པ་ནི་རྣམ་པར་གཡེང་བ་ཤེས་པར་བྱས་ཏེ་དེ་ཉེ་བར་ཞི་བར་བྱེད་པའོ།། ཉེ་བར་འཇོག་པར་བྱེད་པོ་ནི་རྣམ་པར་གཡེང་བ་ཉེ་བར་ཞི་བར་བྱས ་ནས་དེ་ཉིད་ལ་གོང་དུ་གཏོང་བར་བྱེད་པའོ།། དུལ་བར་བྱེད་དགའ་བ་སྐྱེད་པར་བྱེད་བྱའོ།། ཞི་བར་བྱེད་པ་ནི་མི་དགའ་བ་ཉེ་བདུན་པར་པྱོང་པའོ།། ལྟོ་བ་ན་པར་པྱོད་པ་ནི་གཉིད་དང་རྨུགས་པ་ལ་སོགས་པ་བྱུང་བ་སོལ་བར་བྱེད་པའོ།། གཅིག་པ་ཉིད་དུ་བྱེ་པ། ་ནི་དམིགས་པ་ལ་མངོན་པར་འདུ་བྱེད་པ་མེད་པར་འཇུག་པར་འབད་པར་བྱེད་པའོ།། ཏིང་ངེ་འཛིན་དུ་མཉམ་པར་འཇོག་པ་ནི་སེམས་མཉམ་པ་ཉིད་ཐོབ་པ་ལ་བཏང་སྙོམས་སུ་བྱེད་པས་ཡང་དག་པར་འཛིན་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ།། ཚིག་དགུ་པོ ་འདི་དག་གི་བཤད་པ་ནི། སློབ་དཔོན་ཐོགས་མེད་ཀྱི་མཛད་པ་ལས་བྲིས་པོ་ཡི་ནོ།། ཡང་རིམ་པ་འདིས་ཏིང་ངེ་འཛིན་རྫོགས་པ་གང་གི་ཚེ་འགྱུར་ཞེ་ན། དེའི་ཕྱིར་སྨྲས་པ། གང་ཚེ་སེམས་ནི་རྩོལ་བ་མེད་པས་ནི།། རང་གི་རིང་གིས་འཇུག་པར་གྱུར་པ་ནས།། དེ་ཚེ་སངས ་རྒྱས་མཉམ་འཇོག་ལ་བརྟན་ཏེ།། འདི་ནི་ཏིང་འཛིན་ཀུན་གྱི་ཚུལ་ཡིན།། གང་གི་ཚེ་དམིགས་པ་དེ་ལ་མངོན་པར་འདུ་བྱེད་པ་མེད་པར་འཇུག་པས་སེམས་གནས་པར་གྱུར་པ་དེའི་ཆེ་ཞི་གནས་རྫོགས་པ་ཡིན་པར་ཤེས་པར་བྱའོ།། དེ་ལྟར་མཉམ་འཇོག་ཤེས་ནས་ནི། ་དེ་ནས་ཤེས་རབ་བསྐྱེད་བྱ་སྟེ།། གཟུགས་དང་གཟུགས་མེད་དབྱེ་བ་ཡིན།། དོན་དེ་ཉིད་ནི་རྣམ་དཔྱད་པ།། དེ་ལ་རེ་ཞིག་གཟུགས་ཅན་ཉིད་རྣམ་པར་དཔྱད་པར་བྱ་སྟེ། ཅི་སྔོན་པོ་ལ་སོགས་པའི་རྣམ་པ་འདི་དག་རྣམ་པར་ཤེས་པ་ལས་ཐ་མི་དད་པ་ཡིན་ནམ། ཐ་དད ་པ་ཡིན། དེ་ལ་ཤེས་པ་ལས་ཐ་མི་དད་པ་ཉིད་ཡིན་ན།། ཁམས་གསུམ་དེའི་རང་བཞིན་དུ་འགྱུར་ཏོ།། ཐམས་ཅད་སེམས་ཀྱི་དངོས་པོ་ཉིད་དུ་ནི་རེ་ན་གང་གི་ཕྱིར་སྔོན་པོ་ལ་སོགས་པའི་རྣམ་པ་གཅིག་པ་ཉིད་དུ་མཐོང་བ་དེ་ཡང་ཤེས་པ་ཡིན་ཏེ། དེ་ལས་གཞན་ཉེ ་བཱར་མ་དམ།། དེ་ན་ནི་འདི་ལྟར་འགྱུར་ཏེ། གྲང་ཡང་མདུན་ན་གནས་པའི་སྔོན་པོ་ལ་སོགས་པ་ནི་རྣམ་པར་ཤེས་པའི་རང་བཞིན་ཡིན་མོད་ཀྱི། འོན་ཀྱང་དེ་ནི་ཡུལ་དང་དུས་ལ་སོགས་པའི་ངེས་པ་གཞན་དུ་མི་འཐད་པས་བྱའོ ་དོན་དུ་བརྟགས་པ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། དམ་པ་བློ་ཡི་ངེས་པ་ཡང་།། ནང་གི་རྒྱུད་ལས་གྲུབ་པར་འདོད། ནང་གི་ཤེས་པར་བྱེད་པ་ཉིད་ཡུལ་དང་དུས་ཀྱི་ངེས་པར་རིགས་ཀྱི་དོན་གྱི་དབང་གིས་ཤེས་པར་བྱ་བ་མེད་པས། ཕྱི་རོལ་ཏུ་རྟོག་པ ་ནི་ལེགས་པ་མ་ཡིནོ།། ཙ་ཕྱི་རོལ་ལས་མ་ཡིན་ནོ་ཞེས་གལ་ཏེ་ཟེར་ན། ཤེས་པར་བྱེད་པ་ལས་གཞན་དུ་མི་འཐད་པ་ཉིད་བརྟག་པར་བྱས་ལ། དེ་ཡང་ཕྱི་རོལ་ཉིད་དུ་བརྟག་པར་བྱ་བ་མ་ཡིན་ནམ་ཞེ་ན། དེ་ནི་མ་ཡིན་ཏེ། ཐམས་ཅད་མི་དམིགས་པ ་ཉིད་ཀྱིས་གཡཱ་ཏེ་ཅུང་ཟད་ཙོག་རྟག་ཏུ་ཟད་ན། མ་མཐོང་བ་བརྟགས་པ་ཡིན་ན་རྟའི་རཱ་ལ་སོགས་པ་ཡང་ཤེས་པར་བྱེད་པ་ཉིད་དུ་ཞན་པས་ཐལ་ཆེས་པ་ཉིད་དུ་འགྱུར།། རྟའི་རཱ་ལ་སོགས་པ་ནི་མྱེད་པས་ཞེན་པ་མེད་དོ་ཞེ་ན། ཕྱི་རོལ་ཇི་ལྟར་ཡོད། དེས ་པ་གཞན་དུ་མི་རིགས་སོ་ཞེ་ན། ཙའི་རྭ་དང་མཉམ་པ་དང་གཅིག་ལ་གཅིག་བརྟེན་པ་ཉིད་ཀྱིས་གཞན་དུ་མི་འཐད་པ་ལོས་ནི་མཐོང་བ་ཉིད་ཡིན་ན། མཐོང་བ་ལས་ནི་གཞན་དུ་མི་འཐད་པ་ཉིད་ཡི་ནོ།། གཞན་ཉིད་ན་ནི་འགྲོ་བ་རྣམས།། གང་ཕྱིར་ལོང་བ ་གླེན་ཉིད་འགྱུར།། སྔོན་པོ་ལ་སོམས་པར་བེམས་པོ་ཉིད་ཀྱིས་མི་སྣང་བའི་རིང་བཞིན་ཅན་ཡིན་པའི་ཕྱིར། འགྲོ་བ་རྣམས་ལོང་བར་ཐལ་བར་འགྱུར་རོ།། སྣང་བར་བྱེད་པ་དེ་སེམས་ཀྱི་རང་བཞིན་ཅན་གཞན་ཞིག་གྱུར་པ་ཉིད་མ་ཡིན་ནམོ་ཞེ་ན། དེ་ནི ་མ་ཡིན་ཏེ། གང་གི་ཕྱིར་སེམས་ཀྱི་རང་བཞིན་གཞན་དག་ཡོད་པ་མ་ཡིན་ན། འདི་ག་ལ་ཡོད། གང་མངོན་སུམ་དུ་ཡང་མེད་ལ་རྗེས་སུ་དཔག་པར་ཡང་མེད་པ་དེར་སྔོན་པོ་ལ་སོགས་པ་དང་ཐ་དད་པ་དང་སེམས་ཀྱི་ངོ་བོ་གཞན་དག་འདྲི་ན ་མངོན་སུམ་དུ་མི་སྣོད་ལ། དེ་རྗེས་སུ་དཔག་པ་ཡང་མེད་དེ། དེ་ནི་མངོན་སུམ་སྔོན་དུ་འགྲོ་བ་ཉིད་ཡིན་པའི་ཕྱིརརོ།། ཡང་ན་འཁྲུལ་པ་ལ་སོགས་པའི་ཚུལ་དུ་གཟུགས་ལ་སོགས་པ་ཉེ་བར་མ་དམིགསོ་ཞེ་ན། དེ་ནི་མ་ཡིན་ཏེ། གང་གི་ཕྱིར ་གཟུང་བར་བྱ་བ་ལས་བྱེ་བྲག་མེད་པ་ཉིད་ཀྱིས་འཁྲུལ་པ་ལ་སོགས་པའི་ཚུལ་མ་ཡིན་ཏེ། འཁྲུལ་པ་ནང་གི་རེག་བྱའི་ཡུལ་གྱི་ཚུལ་ཉིད་ཀྱིས་ཕྱི་རོལ་ཡིན་པའི་ཕྱིར། དྲོའི་ཁྱད་པར་གྱིས་ཀྱང་གཟུང་བར་བྱ་བའི་ཁྱད་པར་མི་འགྱུར་བ་དང་། རིགས་མཐུན ་པ་དང་ཐ་དད་པའི་སྐྱེས་པས་ཀྱང་མ་ཡིནོ།། འོན་ཏེ་མངོན་སུམ་དུ་དམིག་སུ་མེད་ཀྱང་དོན་གྱི་དབང་གིས་ཉེ་བར་དམིགས་ཏེ། དེ་ཡང་དོན་མི་ཤེས་པོ་ལ་གང་ཡང་ཕྱིའི་དམིགས་པ་མི་སྐྱེའི་ཤེས་པ་ལས་རྗེསུ་དཔག་པོ་ཉེ་བར་དམིགས་པར་འགྱུར་ཞེས ་བཤད་དོ་ཞེ་ན། དེ་ནི་མ་ཡིན་ཏེ། གང་གི་ཕྱིར་གཞན་དུ་འཐད་པ་མ་ཡིན་པ། སེམས་ཀྱི་མ་ཡིན་ཟད་པར་འགྱུར།། སེམས་ཀྱི་ཚུལ་མ་ཡིན་པ་ཉིད་ཀྱིས་བེམས་པོ་ཡིན་པས་ན་སོ་སོར་སྣང་བ་དང་ལྡན་པ་མ་ཡིནོ།། གཞན་དུ་མི་འཐད་པ་འཛིན་པ་པོའི་ཆར ་ཡོངསུ་བརྟག་པ་བརྟག་པར་འགྱུར་དུ་ནི་སེམས་ཚུལ་ཉིད་དུ་དེ་མི་འཐད་དོ།། བེམས་པོ་ཉིད་ཀྱི་དབང་བྱས་ནས་གཞན་དུ་མི་འཐད་པ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། གང་གི་ཕྱིར་ཕན་ཚྭ་ནི་བརྟེན་པའི་ཉེས་པ་ནི། ཚངས་པས་ཀྱང་ནི་ཟློག་མི་ནུས།། གཞན ་དུ་མི་རིགས་པ་ནི་འཛིན་པ་པོའི་ཆར་ཡོངསསུ་བརྟག་པ་བེམས་པོ་དང་བེམས་པོ་མ་ཡིན་པ་གཞན་པ་ཉིད་དུ་རིགས་པ་མ་ཡིནོ།། དེ་བས་ན་སྟོན་པོ་ལ་སོགས་པའི་རྣམ་པ་གཅིག་བླ་ཉིད་དུ་མཐོང་གི་དེ་ལས་ཐ་དད་པའི་བེམས ་པོ་འམ་སེམས་ཀྱི་ཚུལ་གཞན་ནི་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་གནས་སོ།། དེ་ཅིའི་ཕྱིར་ཞེ་ན། ཉེ་བར་བརྟགས་པ་འདིས་ན། སེམས་ཙམ་ལ་ནི་གནས་ནས་སུ།། ཕྱི་རོལོ་ངན་ལ་མི་བརྟག་གོ་ཞེས་བྱ་བས་ཏེ་ཕྱི་རོལ་མེད་པས་གཟུང་བར་བྱ་བ་མེད་པའི་ཕྱིར། ་འཛིན་པ་པོའི་རྣམ་པར་ཤེས་པའང་ཡོད་པ་མ་ཡིན་ལ་གཟུང་བར་བྱ་བ་དང་འཛིན་པོའི་རྣམ་པ་དང་བྲལ་བས་གཉིས་སུ་མེད་པའི་ཚུལ་དང་དེ་བཞིན་གྱི་ངོ་བོ་ཉིད་ལ་གནས་ནས། གཟུང་བ་དང་འཛིན་པའི་ཚུལ་གྱིས་སེམས་ཙམ་ཡང་སྤང་བར་བྱའོ།། དེ་ཡང ་ཇི་སྐད་དུ། དེ་བཞིན་ཉིད་ལ་དམིགས་ནས་སུ།། སེམས་ཙམ་ལས་ཀྱང་བཟླ་བར་བྱ།། ཞེས་གསུངས་པ་ཡི་ནོ།། དེའི་ཕྱིར་རྣམ་པར་ཤེས་ལ་བརྟེན་ནས་སུ།། ཕྱིའོ་དོན་ནི་ཡོངསུ་སྤང་།། སྟོང་ཉིད་དམིགས་པ་ལ་གནས་ནས།། འཛིན་བྱེད་ཆ་ཡང་སྤང་བར་བྱ།། དེ་ལྟར་ན ་ཚུལ་རྣམ་པ་གཉི་ག་དང་བྲལ་བས་སྟོང་པ་ཉིད་ཀྱི་རང་བཞིན་ཅན་གྱི་སེམས་ཀྱི་ཚེ་ཁྱུ་ནི་འགྲོ་བ་ཡིནོ་ཞེས་ངེས་པར་བྱས་ནས། ཡང་དེ་ཉིད་རྣམ་པར་དཔྱད་པར་བྱ་སྟེ། ཅི་དེ་གཅིག་པ་འམ་དུ་མ་འམ་གཉི་གའི་རང་བཞིན་ཅན་ནམ། སྐྱེ་བའམ་མི་སྐྱེ་བ་ཡིན། སྐྱེ་ན ་བདག་ལས་སམ་གཞན་ལས་སམ། རྒྱུ་མེད་པ་ལས་ཡིན་ཏེ། དེ་བཞིན་དུ་དངོས་པོའི་རང་བཞིན་ཅན་ཡི་མ་དམ་ན་པ་ད་ཅན་མ་ས་རྒྱལ་པ་རོ་ག་བ་གུང་པྱོད་དེ་ལ་རོ་ཞོག་འགྲོ་བ་སྣ་ཚོགས་ཉིད་ཡིན་ཕྱིར། གཅིག་ཉིད་མ་ཡིན་དུ་མའང་མིནོ།། སེམས་ཀྱི་ཚུལ་ཡང་མོ་ཤིས ་པས།། དེ་ཕྱིར་གཉི་གའི་ཚུལ་ཉིད་མིན།། སྐྱེ་བ་མ་ཡིན་འགག་པ་མེད།། འགྲོ་བ་དངོས་དང་དངོས་མེད་མིན།། དེ་ཕྱིར་དེ་ནི་དངོས་མེད་ཕྱིར།། རང་ཉིད་ཆོས་སྐུའི་བདག་ཉིད་ཅན།། དེ་ལ་རེ་ཞིག་གཅིག་པ་ཉིད་མ་ཡིན་ཏེ། གལ་ཏེ་གཅིག་ཏུ་གྱུར་ན། སྔོན་པོ་དང་སེར་པོ་ལ ་སོགས་པའི་ཚུལ་གྱིས་སྣ་ཚོགས་པར་སྤོང་བའི་ཤེས་པར་མི་འགྱུར་ཏེ། སེར་པོ་ལ་སོགས་པ་མ་ལུས་སྔོན་པོའི་ནང་ཉིད་དུ་འདུས་པར་ཤེས་པར་ཐལ་བར་འགྱུརརོ།། སྔོན་པོ་ཡང་སྔོན་པོ་དང་ཕྱི་མ་དང་དབུས་ཀྱི་དབྱེ་བ་དང་རགས་པར་སྣང་བས་ཤེས་པར་མི ་འགྱུར་ཏེ། གང་ལ་ཕྱོགས་ཀྱི་ཆ་ཡོད་པ།། དེ་ནི་གཅིག་པ་ཉིད་མི་འཐད།། ཅེས་བྱ་བའི་རིགས་པ་ཉིད་ཀྱིས་སོ།། དེའི་ཕྱིར་རྡུལ་ཕྲ་རབ་ཙམ་ཉིད་དུ་སོ་སོར་སྣང་བར་འགྱུརརོ།། དུ་མ་ཉིད་དུ་ཡང་མ་ཡིན་ཏེ། དུ་མ་ཉིད་ཡིན་ན་གཟུང་བ་དང་འཛིན་པ་དང་བྲལ་བའི་སྟོང ་བ་ཉིད་ཀྱི་ངོ་བོ་ཉིད་ཀྱི་དེ་ཁོ་ན་ཉིད་ལ་རྡུལ་ཕྱུར་བ་དབྱེ་བ་མེད་པ་དང་དེ་ལས་གཞོན་པའི་ཡང་དག་པ་མེད་པས་རྡུལ་ཕྲ་ར་བཻ་རེ་རེ་ཞིང་རང་རིག་པའི་ཚུལ་གྱིས་དེ་ཉིད་རྡུལ་ཕྲ་རབ་ཐ་དད་པར་སྣང་བར་ཐལ་བར་འགྱུརརོ།། གཉི་གའི་ཚུལ་དུ་ཡང་མི་རིགས་ཏེ་དེ་ལྟ་བུའི ་ཤེས་པ་མེད་པའི་ཕྱིརརོ།། ཐམས་ཅད་དུ་ཁོ་བོ་ཅག་གི་ཚད་མ་ནི་མངོན་སུམ་པ་ཡིན་ན། རྗེ་སུ་འཇུག་པ་འམ། ལྡོག་པའི་ཚུལ་དུ་ལྷན་ཅིག་གྲམ་ཐ་དད་པར་མངོན་སུམ་དུ་ཤེས་པ་ཉེ་བར་མ་དམིག་སོ།། དེ་ལས་གཞན་པ་ཡང་དེ་སྔོན་དུ་འགྲོ་བ་ཡིན་པས་མ་ལ་དེ་ལྟར ་མ་དམིགས་ན་རྗེསུ་འཇུག་པ་དང་། ལྡོག་པ་ཚད་མ་མེད་པར་ཇི་ལྟར་ཡོངསུ་བརྟགས་པར་བྱ།། འོན་ཏེ་སྣ་ཚོགས་པ་ཉིད་ཀྱིས་རིགས་པའི་རྣམ་པར་རང་གི་ཤེས་པའི་ཚུལ་གྱིས་རིག་པ་ནི་རེ་ཞིག་གཞན་དགག་པའི་ཚུལ་གྱིས་ཡོད་པ་དེ་ཡང་རྗེསུ་འཇུག་པ་དང་ལྡོག ་པ་མེད་པ་དུ་མ་ཡིནོ།། དེ་ནི་དེའི་ངོ་བོ་ལས་གཞན་དུ་མི་འཐད་པར་ཡོངསུ་བརྟག་པར་བྱའོ་ཞེ་ན། མ་ཡིན་ཏེ། ཉམ་སུ་མྱོང་བའི་ཚུལ་ཉིད་ཀྱིས་སྨོས་པ་མེད་པས་དེ་ཤིན་ཏུ་གསལ་བར་འཐད་པས་དོན་གྱིས་ཤེས་པར་བྱ་བ་མེད་པའི ་ཕྱིར།། དེ་ཉིད་ཀྱིས་ན་སྐྱེ་བའང་མི་རིགས་ཏེ། རྒྱུ་དང་འབྲས་བུའི་ཚུལ་གྱིས་ཚད་མ་མེད་བྱས་སོ།། སྔོན་དང་ཕྱི་མའི་ཚུལ་གྱིས་ཚད་མ་ལ་འཇོག་ན་རྒྱུ་དང་འབྲས་བུའི་ཚུལ་དུ་གཞག་པའི་རྣམ་པ་གཉིས་པོ་ལས་རྣམ་པར་དབེན་པ་གཉིས་སུ་མེང་བའི་ཤེས ་བལ་ནི་སྟོན་དང་ཕྱི་མའི་འཇུག་པ་དང་ལྡན་པ་མི་ཡིན་ལ། དེ་ལས་གཞན་པའི་ཤེས་པ་ཡོད་པ་མ་ཡིན་པས་ཚད་མ་མེད་པར་བཤད་པ་ཡིན་ལ། དེ་ལྟར་གང་གི་ཚེ་རྒྱུ་དང་འབྲས་བུའི་ཚུལ་གྱི་ཚད་མ་མེད་པས་སྐྱེ་བ་ཉིད་ཀྱང་མེད་པ་དེའི་ཚེ་བདག་དང་གཞན ་ལས་སམེ། གཉི་ག་ལས་སམ། རྒྱུ་མེད་པ་ལས་ག་ལས་སྐྱེ། དེ་བས་ན་ཡང་དག་པའི་ཤེས་པ་ནི་རྣམ་པར་དཔྱད་པ་འདི་ཉིད་ཀྱིས་ཆོས་ཐམས་ཅད་སྐྱེ་བ་མཐོང་བ་རློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས། མུ་རིག་རྐྱེན་ལས་བྱུང་བ་ཡི།། ཡང་དག་ཤེས་པ་ལ་ལྟ་བས ་སྐྱེ་བ་འམ་ཡང་ན་འགག་པ་ནི།། འགྲོའ་ཡང་ཉེ་བར་མ་དམིག་སོ་ཞེས་བཤད་པ་ཡི་ནོ།། དེ་ལྟར་དེ་ཁོ་ན་ཉིད་ལ་སྐྱེ་བོ་མེད་པས་དངོས་པོའི་ཚུལ་ཉིད་དུ་ཡང་ཡོད་པ་མ་ཡིན་ཏེ། འབྱུང་བས་ན་དངོས་པོ་སྟེ་ཡོད་པ་སྔོན་དུ་འགྲོ་བ་ཅན་གྱི་འབྱུང་བ་ཉིད་ལ་རྣམ་པར་འཇོག་པ ་ཡོནི།། དེ་ལྟར་དེ་འཇིག་པའི་ཚུལ་གྱི་རང་བཞིན་ཅན་དངོས་པོ་མེད་པའི་ཚུལ་ཉིད་ཀྱང་མེད་དོ།། དངོས་པོ་དང་དངོས་པོ་མེད་པའི་ངོ་བོ་ཉིད་མེད་པས་སྤྲོས་པ་ཐམས་ཅད་ཀྱང་མེད་པ་ཡིན་ཏེ། དེ་རྣམས་ནི་དངོས་པོ་དེང་དངོས་པོ་མེད་པ་དག་ལ་གནས་པ་ཉིད་ཀྱིས་དེ ་གཉིས་ཀྱིས་ཁྱབ་པ་ཡིན་པའི་ཕྱིར་ཏེ། དེ་ལྟར་སྒྲུབ་པ་པོ་མེད་པདྨ་ཁྱབ་པར་བྱ་བ་ཡང་མེད་པའི་བྱོར།། དེ་བས་ན་རྣམ་པ་དཔྱ་པ་འདིས་སྤྲོས་པ་མེད་པ་ཉིད་ཡིན་པའི་ཕྱིར་འགྲོ་བ་རྣམས་ཆོས་ཀྱི་སྐུའི་བདག་ཉིད་དུ་ཤེས་པར་བྱས་པ་སེམས་ཙམ་ལས་ཡོས ་བཟླས་པ་གཙོག་དང་དུ་མ་ཉིད་ལ་སོགས་པའི་ཚུལ་གྱིས་དེ་ཁོ་ན་ཉིད་ཀྱང་སྣང་བ་མེད་པའི་ཚུལ་དུ་བཟླ་བར་བྱའོ།། དེ་བས་ནོ་སེམས་ཙམ་ལས་ནི་འདས་ནས་སུ།། སྣང་པོ་མེད་ལས་བཟླ་བར་བྱ་ཞེས་གསུངས་པ་ཡི་ནི།། སྤྲོས་པ་མེང་བའི་ཚུལ་ཡང་སྣང་བ་མེད ་པ་ལ་རྣམ་པར་གནས་པ་ནི་དེ་ཁོ་ན་ཉིད་དེ། ཐེག་པ་ཆེན་པོ་ཞེས་བྱ་ལ། མཚན་གྱི་རྣམ་པ་གཞན་དུ་ནི་ཕྱག་རྒྱ་ཆེན་པོ་ཞེས་བྱ་སྟེ། དེ་མཐོང་བར་འགྱུརརོ་ཞེས་གསུངས་པ་ནི། སྣང་མེད་གནས་པོའི་རྣལ་འབྱོར་པ།། དེ་ཡི་ཐེག་པ་ཆེན་པོ་མཐོང་ཞེས་བྱ་བ་དང་། འགྲོ་དང་། ་ལྗང་དང་འདུག་པ་དང་།། ཉལ་ནའང་མཉམ་པར་བཞུག་པ་ཡིན།། མཐོང་དང་ཐོས་དང་དེ་བཞིན་བསྒོམ།། མྱོང་དང་རེག་པར་དེ་བསྒོམ་ཡང་།། ཤེས་རབ་མོ་གི་ནི་དག་པའི་བདག། རྣམ་པར་དཔྱོད་ལ་གཅིག་ཏུ་བརྩོན།། ཆོས་རྣམས་ཐམས་ཅད་མི་ཤིས་པས།། མཐོ ་ནའང་མཐོང་བ་མ་ཡི་ནོ།། དེ་ཁོ་ན་ཉིད་མཐོང་བ་འདི་ཉིད་ནི་གང་ཤེས་རབ་ཀྱིས་རྣམ་པར་བཏགས་ན་ཡང་དག་པའི་ཡེ་ཤེས་མཐོང་བས་ཆོས་ཐམས་ཅད་མོ་མཐོང་བ་ཡིན།། དེ་ཡང་བཅོམ་ལྡན་འདས་ཡུམ་ལྔས། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཀྱི ་སྤྱན་གང་ཞེ་ན། གང་གིས་ཅི་ཡང་མ་གཟིགས་པའོ་ཞེས་བྱ་བ་དང་། དེ་བཞིན་དུ་དོན་དམ་པ་མཐོང་བ་གང་ཞེ་ན། གང་ཆོས་ཐམས་ཅད་མཐོང་བ་མེད་པའོ་ཞེས་ཇི་སྐད་གསུངས་པ་ཡི་ནོ།། དེ་བསེན་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པོ་རྣམས་ཀྱང་སྤྱོད་ལམ་ཐམས་ཅད་པ ་གནས་པ་ན་ཆོས་ཐམས་ཅད་མཐོང་དུ་ཟིན་ཀྱང་མ་མཐོང་བ་ཡིནོ།། དེ་ལྟ་བུ་ཉིད་ལ་མཐོང་བ་མེད་པ་ཞེས་བྱ་བར་མངོན་པར་འདོད་ཀྱི་གཉིད་ལོག་པའམ། མིག་བཙུམས་པ་དང་འདྲ་བར་གང་ཡིད་ལ་མི་བྱེད་པ་ནི་མ་ཡིནོ།། དེ་ལྟ་ན་ནི་བག ་ཆགས་མ་སྤངས་པས་འདུ་ཤེས་པའི་སྙོམས་པར་འཇུག་པ་ལ་སོགས་པ་ལས་ལྡང་བ་བཞིན་དུ་སླར་ཡང་གཟུགས་ལ་སོགས་པ་ལ་མངོན་པར་ཞེན་པའི་བག་ཆགས་ཀྱི་རྩེ་བ་ཅན་གྱི་འདོད་ཆགས་ལ་སོགས་པ་སྐྱེ་བ་ཉིད་ཀྱིས་རྣལ་འབྱོར་པར ་མིམི་འགྱུར་ཏེ། ཐོག་མ་མེད་པའི་དུས་ཅན་གྱི་གཟུགས་ལ་སོགས་པའི་མངོན་པར་ཞེན་པ་ཡིད་ལ་མི་བྱེད་པ་ཙམ་གྱིས་ཡོང་སུ་སྤངས་པར་མི་འགྱུར་ཏེ། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་སོགས་པས་ཀྱང་དེ་སྤངས་པར་འགྱུར་རོ།། གཟུགས་ལ ་སོགས་པའི་ཡུལ་རྣམས་ཀྱི་ཐེ་ཚོམ་མ་སྤངས་པར་དེ་ཡིད་ལ་བྱེད་པ་ཡོངསུ་སྤང་བར་ཡང་ནུས་པ་མ་ཡིན་ཏེ། མེ་ཡོངསུ་མ་སྤངས་པར་ཚ་བ་སྤོང་མི་ནུས་པ་དང་འདྲའོ།། དེ་བས་ནི་ཐེ་ཚོམ་གྱི་ས་བོན་དང་བྲལ་བ་ཉིད་ཀྱིས་གཟུགས་ལ་སོགས་པ་ལ་མངོན་པར ་ཞེན་པ་བསལ་བར་བྱའི། ཚོར་མ་འབྱིན་པ་ལྟ་བུར་བྱ་བ་མ་ཡིན་ཞེས་བྱ་བར་ངེས་སོ།། ཐེ་ཚོམ་གྱི་ས་བོན་དང་བྲལ་བར་བྱ་བ་ཡང་ཞི་གནས་དང་ལྷག་མཐོང་ཕན་ཚུན་རྗེས་སུ་མཐུན་པར་འཇུག་པར་བྱའོ།། དེ་ཡང་སེམས་རྩེ་གཅིག་པའི་མཚན་ཉིད་ཅན་གྱི ་ཞི་གནས་ཀྱི་སྣང་བ་སྐྱེས་པར་གྱུར་ན་ཤེས་རབ་མིག་གི་རྣམ་པར་དཔྱོད་པའི་རྣལ་འབྱོར་པའི་ཐེ་ཚོམ་དང་བྲལ་བར་འགྱུར་རོ།། དེ་དང་བྲལ་བས་གཟུགས་ལ་སོགས་པ་ལ་མངོན་པར་ཞེན་པ་དང་བྲལ་ལོ།། དེ་དང་བྲལ་ནས་ཀྱང་ཆོས་ཐམས་ཅད་དངོས་པོ ་མེད་པར་རྟོགས་ཏེ། དེ་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། ཡང་དེའི་ཚེ་ཞི་གནས་དང་ལྷག་མཐོང་དག་དེའི་བདག་ཉིད་ཅན་ཡིན་ཏེ། དེ་ཉིད་ནི་མཆོག་ཏུ་རྣམ་པར་མི་རྟོག་པའི་རྣལ་འབྱོར་རོ།། དེ་ཡང་། ཀུན་རྟོག་ཐམས་ཅད་སྤངས་པ་དེས།། འདི་ནི ་རྣལ་འབྱོར་དམ་པ་ཡིན།། རྣལ་འབྱོར་པ་གང་མངོན་སུམ་དུ།། གནས་པ་ཀུན་མཁྱེན་བཅོམ་ལྡན་འགྱུར།། དེ་ལྟར་རིམ་པ་འདིས་ཞི་གནས་དང་ལྷག་མཐོང་དག་གིས་སམ། བླ་མའི་མུན་ངག་གིས་བཅོམ་ལྡན་འདས་ཡུམ་ཤེས་རབ་བསྐྱེད་ལ། བྱང་ཆུབ ་སེམས་དཔའ་དབང་པོ་རབ་དང་ལྗོན་པ་ཡིན་པའི་ཕྱིར་དེ་ངེས་པའི་རྒྱུ་ཉིད་ཀྱིས་ཕྱིར་མི་ལྡོག་པ་ཉིད་རྟོགས་པར་བྱས་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་དང་། སྦྱིན་པ་ལ་སོགས་པའི་ཐིབས་ལ་རབ་ཏུ་འཇུག་གོ།། དེ་ཡང་འཕགྲོས་པ་གཱ་ཡའི ་འགྲོའི་རེ་ལས། གཉིས་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་ལམ་མདོར་བསྡུས་པ་སྟེ། འདི་ལྟ་སྟེ། ཐབས་དང་ཤེས་རབ་བོ་ཞེས་གསུངས་པ་ཡིན་ཏེ། ཐོབས་ནི་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚད་མེད་པ་དང་བསྡུ་བའི་དངོས་པོ་ལ་སོགས་པའི ་དབྱེ་བྱས་ཕྱེ་བ་སྟེ། དེ་ཉིད་ཀྱང་འཕགས་པ་བློ་གྲོས་མི་ཟད་པ་དང་། དཀོན་མོཆོག་སྦྱིན་ལ་སོགས་པའི་མདོ་ལས་གསུངས་པའོ།། ཤེས་རབ་ནི་ཐབས་དེ་ཉིད་ཕྱིན་ཅི་མ་ལོག་པར་ཡོངསུ་གཅོད་པའི་རྒྱུའོ།། དེས་ཀྱང་ཐབས་ཡང་དག་པར་བརྟགས་ནས་ཕྱིན་ཅི ་མམོ་ལོག་པོས་བདག་དང་གཞན་གྱི་དོན་ཇི་ལྟ་བ་བཞིན་ཉམ་སུ་ལེན་པས་སྔགས་ཀྱིས་ཟིན་པའི་དུག་སྤྱོད་པ་དང་འདྲ་བར་ཀུན་ནས་ཉོན་མོངས་པར་མི་འགྱུརརོ།། དེ་ཡང་མདོ་དེ་ཉིད་ལས་ཐབས་ནི་བསྡུ་བ་ཤེས་པའོ།། ཤེས་རབ་ནི་ཡོངསུ་གཅོད་པའོ་ཞེས་གསུས ་པ་དང་། འཕགས་པ་དད་པའི་སྟོབས་བསྐྱེད་པ་ལས། ཐབས་ལ་མཁས་པ་གང་ཞེ་ན། གང་ཆོས་ཐམས་ཅད་ཀྱི་བསྡུ་བ་ཤེས་པ་ལ་མཁས་པའོ།། ཤེས་རབ་གང་ཞེ་ན། གང་ཆོས་ཐམས་ཅད་དབྱེར་མེད་པར་ཤེས་པ་ལ་མཁས་པའོ་ཞེས ་གསུངས་པ་འདི་ཡི་ནོ།། འདི་དག་ནི་ས་ལ་གནས་པས་ཀྱང་བརྟེན་པར་བྱའི། ཤེས་རབ་ཙམ་འའ་ཞིག་ནི་མ་ཡི་ནོ།། གང་གི་ཕྱིར་ས་བཅུ་པོ་ལ་སོགས་པའི་མདོ་ལས། ཕ་རོལ་ཏུ་ཕྱིན་པ་ལྷག་མ་རྣམས་ལ་ཡང་མི་སྤྱོད་པ་མ་ཡི་ནོ།། ཞེས་གསུངས་པས། བྱང ་ཆུབ་སེམས་དཔའ་ས་བཅུ་པོ་ཐམས་ཅད་དུ་ཡང་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ལ་ཀུན་དུ་སྤྱོད་པར་བྱའོ་ཞེས་བཤད་དོ།། དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཅིག་ཏུ་དགའ་བོའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་དུ་མཛད་ནས་ཡོངསུ་རྒྱས་པའོ། ་མདོ་ཆོས་ཐམས་ཅད་བསྡུས་པ་ལས་བྱམས་པ་གང་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱང་ཆུབ་ཀྱི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་ཡང་དག་པར་གཟུད་པར་བྱ་བ་དེ་ལ་སྐྱེས་བུ་བླུན་པོ་རྣམས་འདི་ལྟར་བྱང་ཆུབ་སེམས་དཔས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་པ་འབའ་ཞིག་ལ་བསླབ་པར་བྱའི་ཕ་རོལ་ཏུ་ཕྱིན་པ་ལྷག་མོ་རྣམས་ཀྱིས་ཅི་ཞིག་དགོས་ཞེས་ཟེར་ཞིང་། དེས་རོལ་ཏུ་ཕྱིན་པ་གཞན་དག་ལ་སྨོད་པ་ཉིད་དུ་སེམས་པར་འགྱུར་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་པ་དང་། འཕགས་པ་རྣམ་པར་སྣང་མཛོད ་མངོན་པར་རྫོགས་པར་བྱང་ཆུབ་པའི་རྒྱུད་ལས་ཀྱང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་འདི་ནི་སྙིང་རྗེ་ཆེན་པོ་ས་ཅད། བྱང་ཆུབ་ཀྱི་སེམས་ཀྱི་རྒྱུད་དང་ལྡན་པ། ཐབས་ཀྱིས་མཐར་ཕྱིན་པའོ་ཞེས་གསུངས་པ་ཡི་ནོ།། དེ་བས་ན་གཉི་ག་ཡང་དུས་ཐམས་ཅད་དུ ་བརྟེན་པར་བྱའོ།། དེ་ལྟར་ན་བཅོམ་ལྡན་འདས་མི་གནས་པའི་མྱ་ངན་ལས་འདས་པར་གྲུབ་པ་ཡི་ནོ།། དེ་ཡང་སྦྱིན་པ་ལ་སོགས་པའི་ཐབས་ཀྱིས་གཟུགས་ཀྱི་སྐུ་དང་ཞིང་དང་འཁོར་ལ་སོགས་པའི་ལོངསུ་སྤྱོད་ཆེན་པོ་འབྲས་བུ་ཕུན་སུམ་ཚོགས་པ་ཡོངས ་འཛིན་པར་མཛད་པས་བཅོམ་ལྡན་འདས་མྱ་ངན་ལས་འདས་པ་ལ་གནས་པར་མི་མཛད་དོ།། ཤེས་རབ་ཀྱིས་ཕྱིན་ཅི་ལོག་མ་ལུས་པར་སྤངས་པས་འཁོར་བར་གནས་པར་མི་མཛད་དེ། འཁོར་བར་ནི་ཕྱིན་ཅི་ལོག་གི་བདག་ཉིད་ཅན་ཡོན་པའི་ཕྱིར་རོ།། དེ་ཡང ་ཆོས་ཀྱི་རྣམ་གྲངས་གཟིངས་ལྟ་བུར་ཤེས་པ་རྣམས་ཀྱིས་ནི་ཆོས་རྣམས་ཀྱང་སྤང་བར་བྱ་ན་ཆོས་མ་ཡིན་པ་ལྟ་ཙཱ་སྨོས་ཞེས་ཇི་སྐད་དུ་གསུངས་པ་ལྟ་བུ་ཡིན་ཏེ། དེ་ལ་ཅི་ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པ་ཉིད་སྤང་བར་བྱའོ་ཞེས་གསུངས་ཀྱི་དགོས་པའི་དོན ་རྫོགས་པར་བྱ་བའི་དོན་དུ་ཡང་གནས་པར་མི་བྱའོ་ཞེས་གསུངས་པ་མ་ཡིནོ།། དེ་ཡང་། ཆོས་ཡོངསུ་གཟུང་བར་བྱའི་མི་གཟུང་བར་ནི་མི་བྱའོ་ཞེས་གསུངས་ཏེ། ལམ་ལོག་པར་གཟུང་བར་མི་བྱའོ་ཞེས་བྱ་བའི་དོན་ཏོ།། དེ་བོས་ན་དངོས་པོ་ཐམས་ཅད་དེ་ལྟར ་གཟིགས་ཏེ་གསུངས་པ་ནི།། དུས་ཀུན་དུ་ནི་ཐབས་དང་ནི།། ཤྲཱིས་རབ་ཕ་རོལ་ཕྱིན་བདག་ཅན།། བརྟེན་བྱ་གང་ཕྱིར་དེ་ལས་ནི།། མི་གནས་མྱ་ངན་འདས་པར་འགྱུར་ཞེས་བྱ་བ་ཡི་ནི།། དེ་ཉིད་ཀྱིསོ་ན་སྦྱོར་ཞེས་བྱའི།། སེམས་བསྐྱེད་ཡིན་ཏེ་དེ་ཡང་ནི།། དྲོད་སོགས ་དབྱེ་བ་ལ་བརྟེན་ནས།། རྣམ་པ་བཞིར་ནི་གནས་མ་ཡིན།། དེ་ཉིད་ཀྱི་ཕྱིར་ཤེས་རོབ་དང་ཐབས་ཀྱི་རང་བཞིན་ལ་བསླབས་པ་ལས་སྦྱོར་བ་ཞེས་བྱ་བའི་ངེས་པར་འབྱེད་པའི་ཚེའི་སེམས་སྐྱེ་བར་འགྱུར།། དེ་ཡང་རྣམ་པ་བཞི་སྟེ། འོད་ལྟ་སྟེ་དྲོད་དང་རྩེ་མོ་དང་བཟོད་པ ་དང་། ཆོས་ཀྱི་མཆོག་ཅེས་བྱ་སྟེ། འདི་དག་ནི་མཉམ་པར་བཞུག་པའི་བྱེ་བྲག་ཉིད་ལས་གྱུར་ཏོ།། དེ་ལ་དང་པོའི་སེམས་ནི་སྣང་བ་ཐོབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡི་ནོ།། གཉིས་པ་ནི་སྣང་བ་མཆེད་པའོ།། གསུམ་པ་ནི་དེ་ཁོ་ན་ཉིད ་ཀྱི་དོན་ལ་ཕྱོགས་གཅིག་པ་ཡི་ནོ།། བཞི་པ་ནི་བར་ཚོད་མེད་པའི་ཏིང་ངེ་འཛིན་ཏོ།། འདི་ནི་རྣམ་རྟོག་དགུ་པོ་དག། རེ་རེ་ཡོངསུ་སྤོང་བྱེད་དེ།། གཟུང་དང་འཛིན་པའི་ཀུན་རྟོག་གི། དབྱེ་བས་དམིགས་པའི་དབྱེ་བ་ཉིད།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན ་མོངས་པ་ནི་རྣམ་པར་རྟོག་པ་ཉིད་ཡིན་ཏེ། རྣམ་པར་རྟོག་པ་དེ་ཡང་རྣམ་པ་དུ་མ་སྟེ། འོག་ནས་བཤད་པའི་ལམ་གྱིས་སྤང་བར་བྱའོ།། དེ་ལ་རེ་ཞིག་ངེས་པར་འབྱེད་པའི་ཆ་དང་པོ་སྐྱེ་བ་ན་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་གཉིས་ལ་དམིགས་པ་ན ་དང་པོར་གཟུང་བའི་རྣམ་པར་རྟོག་པ་དགུ་སྤོང་བ་ནི་འདི་ལྟ་སྟེ། མ་རིག་པའི་རྣམ་པར་རྟོག་པ་ནི་བུམ་པ་ལ་སོགས་པའི་དངོས་པོར་མི་རྟོག་པས་སོ།། ཕུང་པོར་རྟོག་པ་དང་། མིང་དང་གཟུགསུ་རྟོག་པ་དང་། མཐའ་གཉིསུ་རྣམ་པར་རྟོག་པ་དང་། ཀུན་ནས་ཉོན ་མོངས་པ་དང་རྣམ་པར་བྱང་བ་མི་ཤེས་པའི་རྣམ་པར་རྟོག་པ་དང་། འཕགས་པའི་ལམ་ལ་མི་གནས་པའི་རྣམ་པར་རྟོག་པ་དང་། ཉེ་བར་དམིགས་པའི་རྣམ་པར་རྟོག་པ་དང་། བདག་ལ་སོགས་པའི་རྣམ་པར་རྟོག་པ་དང་། མ་སྐྱེས་ལ་སོགས་པའི་རྣམ་པར་རྟོག ་པའོ།། གཉིས་པ་ནི་གཟུང་བའི་རྣམ་པར་རྟོག་པ་དགུ་པོ་རྣམ་པར་བྱང་བ་ལ་དམིགས་པ་སྤོང་སྟེ། དེ་ལ་རྣམ་པར་བྱང་བའི་ཡན་ལག་ཅན་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དེ་རྟོག་པ་གསུམ་དང་། དེ་རྣམས་ཉིད་སྐྱེ་བའི་རྣམ་པར་རྟོག་པ་དང་། ནང་སྟོང་པ་ཉིད་ལ ་སོགས་པའི་རྣམ་པར་རྟོག་པ་དང་། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་རྣམ་པར་རྟོག་པ་དང་། མཐོང་བའི་ལམ་གྱི་རྣམ་པར་རྟོག་པ་དང་། བསྒོམ་པའི་ལམ་གྱི་རྣམ་པར་རྟོག་པ་དང་། མི་སློབ་པའི་ལམ་གྱི་རྣམ་པར་རྟོག་པའོ།། གསུམ་པ་ནི་གང་ཟག་ལ་དམྱིགས ་པའི་འཛིན་པ་དེའི་རྣམ་པར་རྟོག་པ་རྣམ་པ་དགུ་སྤོང་སྟེ། འདི་ལྟ་སྟེ། རང་གི་བརྒྱུད་ཀྱི་བདག་ཏུ་འཛིན་པ་ཞེས་བྱ་བའི་རྣམ་པར་རྟོག་པ་དང་། བདག་གཅིག་པུ་ཉིད་དང་། རྒྱུའི་བདག་དང་། ལྟ་བ་པོ་ཡང་བདག་ཡིན་པ་དང་། དེ་བཞིན་དུ་ཀུན་ནས་ཉོན་མོངས་པ་འཛིན ་པ་དང་། འདོད་ཆགས་དང་བྲལ་བའི་འཛིན་པ་དང་། མཐོང་བ་འཛིན་པ་དང་། བསྒོམ་པ་འཛིན་པ་དང་། དོན་བྱས་པ་ཉིད་འཛིན་པའི་རྣམ་པར་རྟོག་པའོ།། བཞི་པར་ནི་བརྟགས་པའི་སྐྱེས་བུ་ལ་གནས་པའི་འཛིན་པ་པོའི་རྣམ་པར་རྟོག་པ་གཉིས་པ་རྣམ་པ་དགུ་སྤོང་སྟེ། ་དེ་ལ་ཕུང་པོ་དང་། སྐྱེ་མཆེད་དང་། ཁམས་ཉིད་ལ་འཛིན་པ་པོ་ཉིད་དུ་རྣམ་པར་རྟོག་པ་ཉིད་དང་། རྟེན་ཅིང་འབྲེལ་པར་འབྱུང་བར་བརྟགས་པའི་རྣམ་པར་རྟོག་པ་དང་། རྣམ་པར་བྱང་བར་བརྟགས་པའི་རྣམ་པར་རྟོག་པ་དང་། མཐོང་བ་དང་སྒོམ་པ་དང་ཁྱད་པར་དང་མི ་སློབ་པའི་ལམ་དུ་བརྟགས་པའི་རྣམ་པར་རྟོག་པ་བཞི་པའོ།། དེ་དག་ནི་སྦྱོར་བ་ལྷན་ཅིག་ཐོབ་པའི་ཡེ་ཤེས་ཀྱི་མེའི་ཁྱད་པར་དུ་རྟོགས་པས་མེ་དང་འདྲ་བའི་སེམས་སྐྱེད་པ་བཞི་པའོ།། གནས་སྐབས་འདིར་ནི་རྣལ་འབྱོར་པའི་མོས་པ་གཙོར་གྱུར་པ་ཉིད་དང་། ཇི་སྐད ་དུ་བཤད་པའི་ཡོན་ཏན་གྱི་གཞིར་གྱུར་པ་ཉིད་ཀྱིས་འདི་ནི་ཟག་པ་དང་བཅས་པའི་མོས་པ་སྤྱོད་པའི་ས་ཞེས་བྱ་བར་གནས་སོ།། དེ་ལྟར་གོང་ནས་གོང་དུ་ཡོན་ཏན་གྱི་གཞིར་གྱུར་པ་ཉིད་ཀྱི་ཟག་པ་མེད་པའི་ས་བཅུ་གཅིག་ཡིན་པར་ཤེས་པར་བྱའོ།། དེ་ལས་ཀྱང ་ནི་རྒྱུའི་གནས་སྐབས།། ཕ་རོལ་ཏུ་ཕྱིན་པ་བཅུའི་བདག་ཉིད་ཅན། དེ་ལས་དང་པོ་མཐོང་ལམ་ཉིད།། དེ་ལས་གཞན་པ་བསྒོམ་བདག་ཅན།། སེམས་བསྐྱེད་པ་དང་པོ་ནི་མཐོང་བའི་ལམ་གྱི་རང་བཞིན་ཅན་ཡིན་པས་དེ་སྐྱེས་པ་ན ་རྣལ་འབྱོར་པ་ཉོན་མོངས་པ་བརྒྱ་རྩ་བཅུ་གཉིས་སྤོང་བར་བྱགྱུརོ།། དེ་ནི་འདི་ལྟ་སྟེ། འདོད་པའི་ཁམས་ཀྱི་སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་རེ་རེ་ཞིང་སྤོང་བར་བྱ་བ་བཅུ་བཅུ་ཡོད་པས་ན་བཞི་བཅུའོ།། དེ་བཞིན་དུ་གཟུགས་དང་གཟུ། ་མེད་པའི་ཁམས་ཀྱི་ཁོང་ཁྲོ་བ་བཏོན་ན་བདུན་ཅུ་རྩ་གཉིས་སོ།། དེ་ལས་གཞན་པ་རིསི་དགུ་པོ་ནི་བསྒོམ་པའི་བདག་ཉིད་ཅན་ཡིན་ཏེ།། དེ་རྣམསུ་བསྒོམས་པས་སྤང་བར་བྱ་བ་ཉིད་བཅུ་དྲུག་སྤོང་བ་ནི།། འདི་ལྟ་སྟེ། རྣམ་པར་མི་རྟོག་པ་ལ་འཇིག་ཚོགས་ལ་སྟེ ་བ་དང་ལོག་པར་ལྟ་བ་ནི་ལྷན་ཅིག་སྐྱེས་པ་དང་། འདོད་ཆགས་དང་ཁོང་ཁྲོ་བ་དང་ང་རྒྱལ་དང་མ་རིག་པ་སྟེ་གྲོང་མའི་ཁོང་ཁྲོ་བ་ནི་མ་གཏོག་སོ།། དེ་ཡང་ཉོན་མོངས་པ་བརྒྱ་རྩ་བཅུ་གཉིས་སྤངས་པ་དང་། འཛམྦུའི་གླིང་གི་དབང་ཕྱུག་ཏུ་གྱུར་ཀྱང་ཇི་སྲིད་ལྟུང་བ་ཕྲ ་མོ་རྣམས་ལ་ཤེས་བཞིན་དུ་གནས་པར་གྱུར་པར་མི་ནུས་པ་དེ་སྲིད་ས་དང་པོའི་སེམས་བསྐྱེད་པ་ཡིནོ།། སེམས་ཅན་ཚད་མེད་པའི་སེམས་ཀྱི་རྒྱུད་ཚིམ་པར་མཛད་པས་ཀུན་ཏུ་འཛིན་པར་སྤྱོད་པས་གཏེར་ཆེན་པོ་དང་འདྲ་བ་ཡི་ནོ།། ལྟུང་བ་ཕྲ་མོའི་དྲི་མོ་སྤོང ་བར་ནུས་པ་ཉིད་ཀྱིས་ན་ས་གཉིས་པ་དྲི་མ་མེད་པའོ།། དེ་ཡང་གླིང་བཞི་པའི་དབང་ཕྱུག་ཏུ་གྱུར་ཀྱང་ཇི་སྲིད་འཇིག་རྟེན་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་མི་ནུས་པ་ཇི་སྲིད་དུ་ནི་ས་གཉིས་པ་སྟེ། དོན་ཐམས་ཅད་རིན་ཐང་མེད་པའི་རིན་པོ ་ཆེ་རྣམས་དེ་ལས་འབྱུང་བར་བྱེད་པ་ཡིན་པས་རིན་པོ་ཆེའི་འབྱུང་གནས་དང་འདྲའོ།། དེ་ནུས་ནས་ནི་ཏིང་ངེ་འཛིན་གྱི་མཐུ་ཐོབ་པས་གསུམ་པ་འོད་བྱེད་པའི་སའོ།། དེ་སུམ་ཅུ་རྩ་གསུམ་པའི་བདག་པོར་གྱུར་ཀྱང་ཇི་སྲིད་བྱང་ཆུབ་ཀྱི་ཕྱོགས་བསྒོམ་པར་མི་ནུས་པ་ན ་མི་སྡུག་པའི་ཉེ་བར་འཚེ་བ་ཐམས་ཅད་ཀྱིས་མི་བསྐྱོད་པས་རྒྱ་མཚོ་ཆེན་པོ་དང་འདྲའོ།། ནུབ་པར་གྱུར་ནས་ནི་དེའི་མཐུས་ས་བཞི་པ་འང་འཕྲོ་བ་ཡིན་ནོ།། དེ་འཐབ་བྲལ་གྱི་བདག་པོར་གྱུར་ཀྱང་ཇི་སྲིད་བདེན་པ་བསྒོམ་པར་མི་ནུས་པ་ན་དེ་ཡང་དག་པའི་ཤེས་པ་ལ ་བརྟན་པས་མི་ཕྱེད་པའི་ཕྱིར་རྡོ་རྗེ་དང་འདྲའོ།། ནུས་པར་གྱུར་ནས་བདུད་ཐམས་ཅད་ཀྱིས་ཟིལ་གྱིས་མི་ནོན་པས་ན་ལྔ་པ་སྦྱང་དཀའ་བའོ།། དེ་དགའ་ལྡན་གྱི་བདག་པོར་གྱུར་ཀྱང་ཇི་སྲིད་མཚན་མ་མེད་པ་བསྒོམ་པ་ལྷུན་གྱིས་གྲུབ་པར་འཇུག་མི་ནུས་པ་དེ་སྲིད ་དམིགས་པ་ཐམས་ཅད་རྣམ་པར་གཡེང་བས་བསྒྲུབ་པར་མི་ནུས་པས་ནི་རི་བོ་དང་འདྲའོ།། ནུབ་པར་གྱུར་ནས་སངས་རྒྱས་ཀྱི་ཆོས་ཐམས་ཅད་མངོན་དུ་གྱུར་པས་ན་དྲུག་པ་མངོན་དུ་གྱུར་པའི་སའོ།། དེ་འཕྲུལ་དགའི་ལྷའི་རྒྱལ་པོར་གྱུར་ཀྱང་དེ་སྲི་ད་ཀླགས ་སྐབས་མེད་པར་བསྒོམ་མི་ནུས་པར་སྲིད། དེ་སྒྲིབ་པ་གཉིས་ཀྱིས་ནད་རབ་ཏུ་ཞི་བར་བྱེད་པས་ན་སྨན་དང་འདྲའོ།། དེ་ཡན་ཆད་ཀྱིས་ཕ་རོལ་ཏུ་ཕྱིན་པ་བཞོ་ནི་འདི་ལྟར་ཤེས་རབ་ཀྱི་བདག་ཉིད་ཅན་ཡིན་པས་ཤེས་རབ་ཉིད་ཁྱད་པར་ཅན་གྱི་རྣམ་པར་འཇུག་པ་ནི ་ཐབས་དང་སྨོན་ལམ་སྟོབས་དང་ཡེ་ཤེས་སོ།། མཚན་མ་མེད་པའི་བསྒོམ་པ་དང་། བར་སྐབས་མེད་པར་བསྒོམ་པར་ནུས་པར་གྱུར་པ་ན་ལམ་ལོ་འབད་པ་མེད་པའི་ཐབས་དང་འབྱོར་པས་རིང་དུ་སོང་བའི་ཕྱིར་ས་བདུན་པ་རིང་དུ་སོང་བའོ།། དེ་གཞན་འཕྲུལ་དབང ་བྱེད་ཀྱི་བདག་པོར་གྱུར་ཀྱང་ཇི་སྲིད་ལྷུན་གྱིས་གྲུབ་པར་འཇུག་པར་མི་ནུས་པ་དེ་སྲིད་དེ་གནས་སྐབས་ཐམས་ཅད་དུ་སེམས་ཅན་གྱི་དོན་ཡོངསུ་མི་སྤོང་བས་མཛའ་བོ་དང་མཚུང་སོ།། དེ་ནུས་པར་གྱུར་ནས་མཚན་མ་མེད་པ་ལྷུན་གྱིས ་གྲུབ་པས་མི་གཡོ་བ་ཉིད་ཀྱིས་ན་ས་བརྒྱད་པ་མི་གཡོ་བའོ།། དེ་ནི་སྟོང་ཆུང་ངུའི་བདག་པོར་གྱུར་ཀྱང་ཇི་སྲིད་ངེས་པའི་ཚིག་ལ་སོགས་པའི་ཚིག་གིས་རྣམ་པ་ཐམས་ཅད་དུ་ཆོས་ཐམས་ཅད་སྟོན་པར་མི་ནུས་པ་དེ་སྲིད་དེ་སྨོན་ལམ་ཇི་ལྟ་བའི་འབྲས ་བུ་ཡིད་བཞིན་གྱི་ནོར་བུ་དང་འདྲའོ།། ནུས་པར་གྱུར་ནས་ཆོས་སྟོན་པ་ལ་མཁས་པ་ཉིད་ཀྱིས་ན་ས་དགུ་པ་ལེགས་པའི་བློ་གྲོས་སོ།། སྟོང་གཉིས་པའི་བདག་པོ་ཚངས་པར་གྱུར་ཀྱང་ཇི་སྲིད་ཆོས་ཀྱི་ལོངས་སྤྱོད་ཡོངསུ་རྫོགས་པས་སེམས་ཅན ་རྣམས་ཡོངསུ་སྨིན་པར་མི་ནུས་པ་དེ་སྲིད། གདུལ་བྱའི་སྐྱེ་བོ་ཡོངསུ་སྨིན་པར་བྱེད་པས་ན་ཉི་མུ་དང་འདྲའོ།། ནུས་པར་གྱུར་ནས་ཆོས་ཀྱི་ཆུའི་ཆར་འབེབས་པས་ས་བཅུ་པ་ཆོས་ཀྱི་སྦྱིན་ནོ།། དེ་གནས་གཅིང་མ་པ་རྣམས་ཀྱི་བདག་པོར་གྱུར་ཀྱང ་ཇི་སྲིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་བསྐྱེད་པར་ནུས་པ་དེ་སྲིད། དེ་གདུལ་བྱའི་སྐྱེ་བོ་རྣམས་ཀྱི་ཡོད་དགའ་བར་བྱེད་པའི་ཆོས་སྟོན་པར་བྱེད་པས་ན། དབྱངས་སྙན་པ་གྲུ་དང་མཚུང་སོ།། དེ་ལ་འདི་ལྟར་རྣམ་པར་དཔྱད་པར་བྱ་སྟེ། དྲི་མ་མེད་པ ་ལ་སོགས་པའི་ས་དགུ་ནི། བསྒོམ་པའི་ལམ་གྱི་བདག་ཉིད་ཅན་དེའི་སྤྲིང་བར་བྱ་བ་ནི་བག་ལྀ་ཉལོ་བཅུ་དྲུག་ཡིན་ནོ་ཞེས་བཤད་ན། དེ་ལྟར་གལ་ཏེ་ས་དགུས་སྤང་བར་བྱོ་ན། དེའི་ཚེ་ས་བཅུ་པའི་མདོ་དང་འགལ་བར་འགྱུར་ཏེ། དེ་ལོས་ས་བརྒྱད་པར་རྣམ་པར ་མི་རྟོག་པའི་ཡེ་ཤེས་ཀྱི་ཉི་མ་ཤར་བས་ཉོན་མོངས་པ་ཐམས་ཅད་མུན་པ་དང་ཨུ་བ་ཅྡོཾ་འགྱུརོ་ཞེས་གསུངས་ལ། དེ་ནི་ཁམས་གསུམ་པའི་ཆགས་པ་དང་བྲལ་བའི་དབང་དུ་མཛད་ནས། གསུངས་པས་དེ་ཉིད་འདིའི་མྱ་ངན་ལས་འདས་པར་འགྱུརརོ།། འདོད ་ཆགས་དང་མ་བྲལ་བའི་མྱ་ངན་ལས་འདས་པར་བརྟག་པ་ནི་མེད་པ་ཡིན་པའི་ཕྱིར་རོ།། འོན་ཏེ་སྤངས་པ་ཡིན་ན་ཉོན་མོངས་པ་རྣམས་ཇི་ལྟར་ངེས་པར་མ་བསྲེགས་ཞེས་བྱ་བ་ལ་སོགས་པ་དང་། ཡང་འཁོར་བ་འགགས་པར་གྱུར་ན། ཇི་ལྟར་སངས་རྒྱས ་ཀྱི་ཆོས་རྣམས་ཡོངསུ་རྫོགས་པར་མ་གྱུར་ཞེ་ན། འདི་ལ་ནི་བརྗོད་པར་བྱ་སྟེ། འགགསུ་ཟིན་ཀྱང་དབང་བཅུ་ཐོབ་པས་དེ་ཡིད་ཀྱི་རང་བཞིན་གྱི་ལུས་ཀྱིས་སངས་རྒྱས་ཀྱི་ཆོས་རྣམས་ཡོང་སུ་རྫོགས་པར་བྱེད་པ་ལ་འགལ་བ་མེད་དོ།། ངེས་པར་མ་བསྲེགས་པ ་ཞེས་བྱ་བ་ལ་སོགས་པ་གང་། བག་ཆགས་ཀྱི་དབང་དུ་མཛད་ནས་གསུངས་པ་ཡིན་ན་འཁོར་བ་དང་མྱ་ངན་ལས་འདས་པ་ཉན་ཐོས་ཇི་ལྟ་བ་བཞིན་ག་ལ་འགྱུར་ཏེ། འདི་དག་ནི་སྙིང་པོ་མེད་པའི་ཚིག་ཏུ་ཟད་དོ།། དེ་ཡང་། ཉེས་པ་བག་ཆགས་བཅས་པ་ནི།། ་སྐྱོབས་གཅིག་པུ་ལ་མི་མངའ་ཞེས་བཤད་པ་ཡིན།། དེ་ནས་ཀུ་བཟང་ཞེས་བྱ་བ།། ཡེ་ཤེས་ལྔའི་རང་བཞིན་ཅན།། སྐུ་གསུམ་གྱི་ནི་ངོ་བོ་ཉིད།། རྣམ་པ་ཐམས་ཅད་མཁྱེན་རང་བཞིན།། ཡང་གང་གི་ཚེ་ཤེས་རབ་དང་ཐབས་ཀྱི་རང་བཞིན་ཅན་གྱི་དེ་ཁོ་ན ་ཉོཉིད་ལ་བསླབས་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྐྱེད་པར་ནུས་པ་དེའི་ཚེ་ཡེ་ཤེས་ལྔའི་བདག་ཉིད་ཅན། སྐུ་གསུམ་གྱི་ངོ་བོ་ཉིད་ཀུན་ཏུ་བཟང་པོ་ཞེས་བྱ་བའི་སངས་རྒྱས་ཀྱི་སར་རྣམ་པར་བཞགོ།། དེ་ལ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་། གང་ཡང ་ཀུན་གཞི་རྣམ་པར་ཤེས་པ་རྣམ་པ་ཐམས་ཅད་དུ་རྣམ་པར་དག་པས་མེ་ལོང་ལྟ་བུའི་ཡེ་ཤེས་ཉིད་དུ་ཡོངསུ་གྱུར་པ་སྟེ་གཉིས་པོ་དག་ནི་ཆོས་ཀྱི་སྐུའོ།། དེ་ཡང་གང་ཡང་ཀུན་གཞི་རྣམ་ཤེས་ནི།། མེ་ལོང་ལྟ་བུའི་ཡེ་ཤེས་བྱར ་དེ་ཡང་ཆོས་དབྱིངས་ངོ་བཱི་རུ། ད་ཡང་ཆོས་ཀྱི་དབྱིངས་ཀྱི་མོ།། ངོ་བོར་ལྔ་ལ་འདོད་པ་ཡིན་ཞེས་བྱཤད་པ་ཡིན་ནོ།། དེ་ཉིད་ཀྱིས་ན་དེ་གཉིས་ཀྱི་ངོ་བོ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དང་མི་བསྐྱོད་པ་ཉིད་དར་བདག་པོ་ཉིད་ཡི་ནོ།། སྤྲུལ་པའི་འཁོར་ལོ ་མ་ལུས་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཉིད་ལ་རབ་ཏུ་འཇུག་པ་ཡི་ནོ།། མཉམ་པ་ཉིད་དང་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་བདག་ཉིད་ནི་དེ་ཡང་། ཉོན་མོངས་ཅན་ཉིད་གནས་གྱུར་པ།། མཉམ་ཉིད་ཡེ་ཤེས་ཡིན་པར་བཤད།། ཡིད་ཀྱིས་རྣམ་ཤེས་ཉིད་གང ་ཡིན།། སོ་སོར་རྟོག་བྱེད་ཡེ་ཤེས་སོ།། ཆོས་ཀྱི་ལོངས་སྤྱོད་སྟོན་པ་དང་།། བྱང་ཆུབ་སེམས་དཔའ་ཆེན་པོའི་ང་།། ཆོས་ཀྱི་ལོངས་སྤྱོད་རྫོགས་ཉིད་ཀྱིས།། དེ་གཉིས་ལོངས་སྤྱོད་རྫོགས་སྐུ་ཉིད་ཅེས་བཤད་པ་ཡི་ནོ།། དེ་ཉིད་ཀྱིས་ན་དེ་དག་གི་ངོ་བོ་ཉིད་བཅོམ་ལྡན་འདས ་རིན་ཆེན་འབྱུང་ལྡན་དང་། འོད་དྲདག་ཏུ་མྱེད་པ་གཉིས་ནི་ཆོས་ཀྱི་ལོངས་སྤྱོད་རྫོགས་པའི་ངོ་བོ་ཉིད་དོ།། བྱ་བ་བསྒྲུབ་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་ནི་སྤྲུལ་པའི་སྒྲ་སྟེ། དེ་ཡང་། གང་ཞི་གི་དབང་པོ་ལྔ་རྣམ་ཤེས།། དེ་ནི་དོན་ཀུན་ཡོངས་འཛིན་པས།། སེམས་ཅན ་ཀུན་གྱི་དོན་ཐོབ་པ། བྱ་སྒྲུབ་ཡེ་ཤེས་སྣོང་ཉིད་དོ།། དེ་ཡང་ཀུན་དུ་དུས་ཀུན་དུ།། ཇི་བཞིན་དུས་སུ་བསམོ་པ་བཞིན། སྤྲུལ་པ་ཀུན་གྱི་རྒྱུར་གྱུར་པས།། སངས་རྒྱས་རྣམས་ཀྱི་སྤུས་སྐུ་ཡིན་ཞེས་བཤད་པ་ཡི་ནོ།། དེ་བས་ན་དེའི་ངོ་བོ་བཅོམ་ལྡན་འདས་དོན་ཡོད ་པར་གྲུབ་པ་ནི་མངོན་པར་མཐོ་བ་དང་། ངེས་པར་ལེགས་པར་གྲུབ་པའི་སྤྲུལ་པའི་ལས་ཅན་ཡི་ནོ།། དེར་ནི་སེམས་བསྐྱེད་རྣམ་པ་བརྒྱད།། གཞན་དོན་གཅིག་པུ་ལ་དགོངས་ཡིན།། རྟོག་མི་མངའ་ཡང་འཕེན་ཤུགས་ཀྱིས།། ཐུབ་པའི་འཇུག་པའི་ཆོས ་ཉིད་ཡིན།། དེ་ཡང་མངོན་པར་ཤེས་པ་དང་ལྷན་ཅིག་པར་གཏོགས་པ་ནི་མཐུ་ཐོགས་པ་མེད་པ་མངའ་བ་ཉིད་ཀྱིས་གཞན་གྱི་དོན་ལྷུར་མཛད་པས་རྒྱལ་པོ་ཆེན་པོ་དང་འདྲའོ།། བསོད་ནམས་དང་ཡེ་ཤེས་དང་ལྷན་ཅིག་པ་ནི་མཛོད་དང་འདྲ་བས་མཛོད་ཀྱི་ཁང ་པ་དང་འདྲའོ།། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དང་ལྷན་ཅིག་པར་གཏོགས་པ་ནི་འཕགས་པ་ཐམས་ཅད་བཙུད་ཅིང་རྗེསུ་འགྲོ་བ་ཡིན་པས་ལམ་ཆེན་པོ་དང་འདྲའོ།། ཞི་གནས་དང་ལྷག་མཐོང་དང་ལྷན་ཅིག་པ་གཏོགས་པ་ནི་འཁོར་བ་དང་མྱ་ངན་ལས ་འདས་པར་མི་ལྟུང་བར་བདེ་བར་འདགས་པས་བཞོན་པ་དང་འདྲའོ།། གཟུངས་དང་སྤོབས་པ་དང་ལྷན་ཅིག་པར་གཏོགས་པ་ནི་བསྟན་པ་མཐའ་ཡས་པ་ཉེ་བར་འབྱེད་པས་བཀོད་མ་དང་འདྲའོ།། ཆོས་ཀྱི་སྦྱིན་པ་དང་ལྷན་ཅིག་པར་གཏོགས་པ་ནི་ཐར་པ ་འདོད་པ་རྣམས་ཀྱིས་ཐོས་ན་དགའ་བ་ཡིན་པས་ཀུན་ཏུ་དགའ་བའི་སྒྲ་དང་མཚུངས་སོ།། བགྲོད་པ་གཅིག་པའི་ལམ་དང་ལྷན་ཅིག་པར་གཏོགས་པ་ནི་ཐམས་ཅད་ཀྱི་རྒྱུ་གཅིག་པུ་ཡིན་པའི་ཕྱིར་དང་། རླུང་གི་ངང་གིས་འཇུག་པ་ཉིད་ཀྱིས་ན་ཆུ་བོའི་རྒྱུན ་དང་འདྲའོ།། ཆོས་ཀྱི་སྐུ་དང་ལྷན་ཅིག་པར་གཏོགས་པོ་ནི་དོན་གྱི་བྱ་བ་ཐམས་ཅད་དེ་ལ་རག་ལས་པའི་ཕྱིར་སྤྲིན་དང་འདྲའོ།། གཞན་དག་ན་རེ་སེམས་བསྐྱེད་པ་བརྒྱད་པོ་འདི་དག་ནི་མ་ངེས་པའི་ཚུལ་ཅན་ཡིན་ནོ་ཞེས་ཟེར་རོ།། དེ་ལྟར་ཞི་གནས་རྣམ་བསྒོམ ་ཤེས་རབ་རྣམ་པར་དཔྱོད་པ་དང་།། དེ་དང་རྗེས་མཐུན་དེ་གཉིས་ཀྱི་ནི་ཡེ་ཤེས་བསྐྱེད་ནས་སུ།། མ་ཚང་མེད་པ་ཐབས་དེ་བརྟེན་ལ་ངེས་པའི་བདག་ཉིད་ཅན།། གང་ཡིན་རྣལ་འབྱོར་པ་དེ་ཀུན་ཀྱང་དབང་པོ་མཆོག་ཏུ་འགྱུར།། དེ ་བས་དེ་ནི་མོས་སྤྱོད་ལས།། སྔ་མ་ཉིད་དུ་མི་ལྡོག་པར།། ཤེས་རབ་ཕ་རོལ་ཕྱིན་སོགས་སུ།། རྫོགས་པའི་སངས་རྒྱས་ཀུན་གྱིས་བརྩིས།། ཕ་རོལ་ཏུ་ཕྱིན་པ་མཆོག་གི་མན་ངག་བསྟན་པའོ།། །། འདི་དག་ཐམས་ཅད་ཡོངས་རྫོགས་པར།། དབང ་འབྲིང་གིས་ཀྱང་བསྒོམ་པར་བྱ།། ཤེས་རབ་བསྐྱེད་ནས་དེ་ནས་ནི།། དེ་དང་ཚུལ་འཐུན་སྦྱིན་སོགས་ཡིན།། དབང་པོ་འབྲིང་པོ་རྣམས་ཀྱིས་ཀྱང་། འདི་སྐད་དུ་བཤད་པའི་ཞི་གནས་རྣམ་པར་བསྒོམས་ལ་ཤེས་རབ་ཀྱིས་ཀྱང་ཀྱང་དོན་རྣམ་པར་དཔྱད ་དེ་གཉིས་ཀྱིས་ཤེས་རབ་བསྐྱེད་པ་དང་རྗེསུ་མཐུན་པའི་ཐབས་ལ་བསླབ་པར་བྱའོ།། དེ་རྣམས་སྐྱེ་མཆེད་རྣམ་པ་ཡིས།། དོན་ཀུན་དམིགས་པར་རྒྱལ་བ་རྣམས།། བཞེད་ཀྱི་ཞི་གནས་བསྐྱེད་པ་ལ།། ཁམས་སོགས་དབྱེ་བས་མ་ཡིན།། ཡང་དེ་རྣམས་སྐྱེ་མཆེད ་ཀྱི་རྣམ་པ་གཉིས་ཀྱི་དོན་ཐམས་ཅད་ལ་ཡང་དག་པར་དམིགས་ཏེ་ཞི་གནས་བསྐྱེད་པར་བྱེད་པ་ཡི་ནོ།། རྒྱལ་བའི་སྲས་དེ་ཇི་སྐད་དུ།། རབ་དགའི་སར་ནམ་ཞུགས་ལ།། དེ་ཉིད་དྲིས་གྱུར་དེ་སྲིད་དུ།། མི་ལྡོག་ཉིད་ཀྱང་མ་ཡིནོ།། གང་གི་ཕྱིར་དེ་རྣམས་ཀྱིས་ཞི་གནས ་དང་ལྷག་མཐོང་དག་གི་དེ་ཁོ་ན་ཉིད་བསྐྱེད་དུ་ཟིན་ཀྱང་ཇི་སྲིད་པར་དུ་དགའ་བའི་ས་མ་ཐོབ་པ་དེ་སྲིད་རྡོ་རྗེ་ལྟ་བུའི་དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་མེད་པས་ཕྱིར་མི་ལྡོག་པ་མ་ཡིན་ཞིང་རང་གི་ལམ་ལ་མངོན་པར་བརྩོན་པར་གྱུར་པའང་མ་ཡིནོ།། ཕ་རོལ་ཏུ་ཕྱིན ་པ་ལ་སྤྱོད་པ་དབང་པོ་བར་མའི་མན་དག་བསྟན་པའོ།། ། དབང་པོ་ཐ་མ་ཞི་གནས་བསྐྱེད།། གཟུགས་དང་གཟུགས་མེད་དབྱེ་བས་སམ།། ཕུང་པོ་ཡི་ནི་དབྱེ་བ་ཡིས།། དོན་ཀུན་དམིགས་པ་གསལ་བར་འདོད།། དབང་པོ་ཐམས་ཅད་ཀྱང་དེ ་བཞིན་དུ་ཐམས་ཅད་བསྒོམ་ཞིང་བསྟེན་པར་བྱ་མོད་ཀྱི་འོན་ཀྱང་དེ་རྣམས་ཁམས་དང་སྐྱེ་མཆེད་ཀྱི་དབྱེ་བ་རྣམ་པར་སྤངས་ནས་གཟུགས་ཅན་དང་གཟུགས་ཅན་མ་ཡིན་པའི་དབྱེ་བ་ཉིད་ཀྱི་དོན་ཐམས་ཅད་ལ་དམིགས་པར་བཤད་དོ།། དེ་ཉིད་ལ་ནི ་ངེས་རྒྱུ་ཅན།། ཇི་སྲིད་རིང་དུ་སོང་མ་ཞུགས།། དེ་སྲིད་དེར་ནི་ཕྱིར་མི་ལྡོག། མ་ཡིན་ཞེས་ནི་རྒྱལ་བས་གསུངས།། །། དྲིས་པ་སོ་སོའི་སྐྱེ་བོར་གྱུར་ཀྱང་ཞི་གནས་དང་ལྷག་མཐོང་དག་གིས་ཡང་དག་པའི་ཡེ་ཤེས་བསྐྱེད་པ་དེ་ཇི་ལྟར་མ་ངེས་པ་ཡིནོ།། ་ཡང་བླ་ན་མེད་པའི་དེ་ཁོ་ན་ཉིད་མངོན་སུམ་དུ་བྱས་སུ་ཟིན་ཀྱང་ཇི་ལྟར་ན་ངེས་པ་ཙམ་མེད་པས་ཕྱིར་ལྡོག་པར་རྟོག། འདོད་ཆགོས་དང་བྲལ་བའི་ལམ་གྱི་འབྲས་བུ་ཐོབ་ཀྱང་འབྲས་བུ་དེ་ལས་ཉམས་པས་དེ་ཉིད་དེ་བསྐྱེད་པར་བྱེད་པ་ཡིནོ།། དེ ་ཡང་ཤི་ནས་འབྲས་བུ་མི་ཉམས་སོ་ཞེས་བཤད་པ་ཡིན། འདིར་བརྗོད་པར་བྱ་སྟེ། དེ་ཁོ་ན་ཉིད་མངོན་དུ་མི་བྱས་པ་ནི་གང་ལ་ཡང་ཡོད་པ་མ་ཡིན་གྱི། དེ་ལས་གོ་བཟློག་པ་མ་ངེས་པ་ཙམ་ཉིད་ནི་འཁོར་བ་པ་ཞེས་བྱའོ།། དེ་བས་ནི་ཞི་གནས་དང་ལྷག ་མཐོང་གཉིས་ཡང་དག་པའི་ཡེ་ཤེས་བསྐྱེད་པ་ལ་དེ་དང་རྗེ་སུ་མཐུན་པར་སྤྱོད་པ་ཡི་ན།། དྲིས་པ་གལ་ཏེ་ཐཾད་ཐམསན་དུ་དེ་ཁོ་ན་ཉིད་མངོན་སུམ་དུ་བྱེད་པ་ཡིན་ན་ཡང་དག་པའི་ཡེ་ཤེས་བསྐྱེད་པ་འདི་གང་ཞིག་ཡིན།། ད་ནི་གང་འདི་དེ་དང་རྗེ་སུ་མཐུན ་པར་སྤྱོད་པ་བྱེད་པ་རྣམས་ཡི་ནོ།། དེ་དེ་ལྟ་ཡིན་ན་དེས་པ་ཡིན་མོད།། དེ་ལྟ་མ་སྨིནྣ་ཏེ་བརྟན་པར་གྱུར་པས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཉིད་ཡིན་པར་ངེས་པ་ཡི་ནོ།། དེ་ལྟ་ན་ངེས་པར་འབྱེད་པའི་ཆ་ལས་འབྱུང་བ་ཇི་ལྟར་འབྱུང་ཞེན། ་དེ་ཙམ་ཉིད་ནས་དེ་ཁོ་ན་ཉིད་ལ་མིས་ཤིང་མིས་པ་ཁས་འབྱུང་ངོ་ཞེས་དེ་ཁོ་ན་ཉིད་སྨྲ་བ་རྣམས་འདོད་དོ།། ཡང་ཕྱིར་ལྡོག་པར་རྟོག་པ་ཇི་ལྟར་འགྱུར་ཞེས་གང་སྨྲ་བ་དེ་ནི་རྡོ་རྗེ་ལྟ་བུའི་སེམས་མེད་པ་ཉིད་ཡྀནྡོ།། ཞེས་ཁོ་བོ་ཅག་སྨྲའོ།། དོན་འདི་ཉིད ་དགོངས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕྱིར་མི་ལྡོག་པའི་རྟགས་ཀྱི་ལེའུ་ལས་སོ་སོའི་སྐྱེ་བོའི་གནས་སྐབས་དང་། ས་དང་པོ་ལ་སོགས་པའི་གནས་སྐབས། བྱང་ཆུབ་སེམས་དཔའ་རྣམས་ཕྱིར་མི་ལྡོག་པའི་རྟགས་ཉིད་དང་ལྡན་པར ་གསུངས་པ་ཡི་ནོ་ཞེས་ཁོ་བོ་ཅག་གི་བླ་མས་བཤད་པ་ཡིནོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་དབང་པོ་ཐ་མའི་སྤྱོད་པ་བསྟན་པའོ།། འཕོ་མེད་བྱང་ཆུབ་ལ་བརྟེན་ཤིན་ཏུ་གསལ་བར་བཤད་འདི་ལ།། གང་ཞིག་དེ་ཉིད་རབ་མྱུར་ཡང ་དག་མིན་བརྟེན་པ།། དེ་ལ་ཆེ་འབྲིང་ཐ་མའི་ལམ་གཞན་དག་ཀྱང་གང་ཡིན་པ།། དེ་ལས་གཞན་པར་གང་གིས་མྱུར་འགྱུར་བདག་གིས་བཤད་པར་བྱ།། མངོན་སུམ་མ་ཡིན་ཡེ་ཤེས་དང་།། ལས་ཀྱི་ཕྱག་རྒྱ་སོགས་རིམ་གྱིས།། སྒྲོ་བཏགས་ཀུན་དང ་རྣམ་བྲལ་གྱིའོ།། དེ་ཉིད་བསྒོམ་པར་མི་ནུས་པ།། དེ་ཕྱིར་དང་པོར་རྒྱལ་བས་ནི།། དེ་ཉིད་རབ་ཏུ་གསལ་བ་དང་། ཉོན་མོངས་མེད་པའི་རྒྱུ་དང་ནི།། སྒྲ་བ་ཏ་གོས་རྣམས་ནི་སྤངས་པ་གསུངས།། གང་ཞིག་ཇི་སྐད་དུ་བཤད་པའི་རྣམ་པ་དྲུག་གིས། དེ་ཁོ་ན་ཉིད་སྐྱེད ་པར་མི་ནུས་པ་དེ་རྣམས་ཀྱི་ཕྱིར་དེ་ཁོ་ན་ཉིད་དེ་ཉིད་འདོད་ཆགས་ལ་སོགས་པ་བསྐྱེད་པའི་རྒྱུའི་སྒྲོ་བཏགས་པ་ཅུང་ཟད་ལས་ལྡོག་པ་བསྒོམ་པར་བྱ་བའི་ཕྱིར། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་མངོན་པར་གསུངས་པ་ཡིནོ།། ། དེ་ཡང ་བདེ་སོགས་སྒྲོ་བཏགས་ལས་གྲོལ་བ།། སྡུག་བསྔལ་བདེན་སོགས་མིང་ཉིད་དུ།། རྫོགས་པའི་སངས་རྒྱས་ཀྱིས་བསྟན་ཅིང་།། དེ་ཉིད་ཁོ་ནས་ལྷག་པར་བརྟགས།། དེ་ལ་རྟག་པོ་དང་བདེ་བ་དང་མདག་དང་བདག་གིར་སྒྲོ་བཏགས་པ་ལས་བཟློག་པར་བྱ་བའི ་ཕྱིར། མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་དང་། བདག་མེད་པའི་རྣམ་པར་བསྒོམ་པ་ན་དེ་ཁོ་ན་ཉིད་ག་བསྔལ་གྱི་བདེན་པ་ཞེས་བྱ་བར་བཏགས་པའོ།། དེ་ནས་འདོད་པའི་དབང་ཕྱུག་ལ་སོགས་པའི་རྒྱུ་མེད་པས་ན་ཆོས་ཐམས་ཅད་ནི་རྒྱུ་མེད་པའོ།། ་དུས་ལ་སོགས་པ་ནི་སེམས་མེད་ཅིང་རྟག་པའི་དངོས་པོའི་དོན་གྱི་རྒྱུ་ཅན་ཡིན་པའི་ཕྱིར་རྒྱུ་གཅིག་པ་དང་། གཙོ་བོ་ཚངས་པ་ལ་སོགས་པའི་རྒྱུ་ཅན་ཡིན་པས་ན། དངོས་པོ་འགྱུར་བའི་རྒྱུ་ཅན་ནོ།། དབང་ཕྱུག་ལ་སོགས་པའི་རྒྱུ་ཅན་ཡིན་པས་ན་བློ་དང་ལྡན་པའི་རྒྱུ ་ཅནོ་ཞེས་བྱ་བ་དེའི་གཉེན་པོར་རྒྱུ་དང་ཀུན་འབྱུང་བ་དང་རབ་ཏུ་སྐྱེ་བ་དང་རྐྱེན་ཅེས་བྱ་བ་ལྡོག་པ་བཞི་བསྟན་ཏེ། དེ་བསྒོམ་པ་ན་ཀུན་འབྱུང་གི་བདེན་པ་ཞེས་བྱ་བར་བཏག་སོ།། ཐར་པ་མེད་དོ་ཞེས་བྱ་བ་དང་། ཐར་པ་ནི་སྡུག་བསྔལ་བ་ཞེས་བྱ་བ་དང་། བསམ་གཏན་གྱི ་བདེ་བ་ཉིད་གྱ་ནོམ་པ་ཡིན་ནོ་ཞེས་བྱ་བ་དང་། གྲོལ་བ་རྣམས་ཀྱང་སླར་འཁོར་བར་ལྟུང་བར་འགྱུརརོ་ཞེས་བྱ་བའི་གཉེན་པོར་འགོག་པ་ཉིད་དང་། ཞི་བ་ཉིད་དོང་། གྱ་ནོམ་པ་ཉིད་དང་། ངེས་པར་འབྱུང་བ་ཉིད་ཅེས་བྱ་བ་ལྡོག་པ་མ་བཞི་སྟན་ཏོ།། དེ་རྣམས་སྒོམ་པ་ན་འགོག ་པའི་བདེན་པ་ཞེས་བྱ་བར་བཏག་སོ།། མྱ་ངན་ལས་འདས་པ་མ་ཐོབ་པས་སྐྱོན་པོ་ལ་སོགས་པ་ལས་ཐ་དད་པ་དང་། དེ་བཞིན་དུ་བདག་ཡོད་པས་མཚན་ཉིད་ཅན་གྱི་ལམ་མེད་པ་དང་། འདི་ནི་ཡུམ་ངན་པ་སྟེ་ལམ་མེད་པ་དང་། སླར་ལྡོག་པའི། ་ལམ་ཡི་ནོ་ཞེས་བྱ་བའི་གཉེན་པོར་ལམ་དོང་། རིགས་པ་ཉིད་དང་། སྒྲུབ་པ་ཉིད་དང་། ངེས་པར་འབྱོན་པ་ཉིད་ཅེས་བྱ་བ་ལྡོག་པ་བནི་བསྟན་ཏེ། དེ་བསྒོམ་པ་ན་ལམ་གྱི་བདེན་པ་ཞེས་བྱ་བར་བ་ཏོག་སོ།། སྔོན་པོ་ལ་སྩོགས་པ་ལས་ཐ་དད་པར་མྱ་ངན་ལྔས ་འདས་པ་མ་མཐོང་བའི་ཕྱིར།། དེ་ལྟར་ན་དེ་ཁོ་ན་ཉིད་དབྱེར་མེད་པའི་རང་བཞིན་ཅན་ཡིན་ན་ཡང་ལྡོག་པ་ཙམ་ཉིད་ཀྱི་དབྱེ་བས་བྱིས་པ་རྣམས་ལ་སྡུག་བསྔལ་ལ་སོགས་པའི་བདེན་པོའི་དབྱེ་བས་བསྟན་པ་ཡིནོ།། ཡང་མི་རྟག་པ་ལ་སོགས་པའི་རྣམ ་པར་དབྱེ་བ་རྣམ་པ་བཅུ་དྲུག་ཏུ་ཡང་བསྟན་ཏོ།། དེ་བསྒོམ་པ་ནི་གང་ཡིན་པ།། མངོན་པར་རྒྱལ་བ་མཆོག་གིས་བསྟན།། མདོར་བསྡུས་མཛོད་དུ་སློབ་དཔོན་ནོ།། དབྱིག་གཉེན་གྱིས་ཀྱང་དེ་བཤད་དོ།། དེ་བས་དེ་ནི་བསྒོམ་འདོད་པས། དེ་དག་ལས་དེ་ཤེས ་པར་བྱ།། སྦྱོར་བ་མཐོང་བ་ལ་མི་སྤོང་ལམ།། སློབ་པའི་རྣམ་དབྱེ་རྣམ་པ་བའི།། གལ་ཏེ་དེ་ལྟ་ཡིན་དུ་ཟིན་ཀྱང་ཆོས་མངོན་པའི་མཛོད་ལས་བཤད་པ་དབང་པོ་ཐ་མོ་དང་། བར་མ་དང་། རབ་ཀྱི་དབྱེ་བས་ཕྱེ་བ་གསུམ་ཆར་གྱིས་ཡང་ཅུང་ཟད་ཅིག་འདིར་བཤད ་པར་བྱའོ།། དེ་ལ་རེ་ཞིག་དང་པོར་རྣལ་འབྱོར་པས་སོ་སོར་ཐར་པོའི་སྡོམ་བླངས་པས།། ཚུལ་ཁྲིམས་ལ་གནས་པར་བྱ་སྟེ།། ཚུལ་ཁྲིམས་ས་ལྟར་ཡོན་ཏན་ནི།། མ་ལུས་ས་བོན་བརྟེན་འགྱུར་གྱིས་ནས་ཤེས་པར་བྱས་ལ། དེ་རྣམ་པར་དག་པར་བསྲུང་བ་ལ་འབད ་པར་བྱའོ།། དེ་ནས་འཕགས་པའི་བདེན་པ་བཞི་དང་། རྗེ་སུ་མཐུན་པའི་བསྟན་བཅོས་མཉན་པ་དང་། དཔྱད་པ་བདག་གི་ཐོས་པ་དང་བསམ་པའི་རང་བཞིན་ཅན་གྱི་ཤེས་རབ་བསྐྱེད་ལ། བསྒོམ་པ་ལ་རབ་ཏུ་སྦྱར་བར་བྱའོ།། དེ་ཡང་ཚུལ་གནས་ཐོས་དང་བསམ ་ལྡན་པས། བསྒོམ་པ་ལ་ནི་རབ་སྦྱར་བྱ།། ཞེས་བཤད་པ་ཡིན།། དེ་ནས་བསྒོམ་པ་ལ་སྦྱོར་བའི་དུས་སུ་དམ་པ་མ་ཡིན་པ་དང་འདྲེས་པ་དང་། རྣམ་པར་རྟོག་པར་ཡོངསུ་སྤངས་པོས་ལུས་དང་སེམས་ཉེ་བར་སྤྱོད་པར་འགྱུརརོ།། དེ་ལྟར་ལུས་དང་སེམས་ཉེ་བར ་སྡུད་པ་ཡང་ཆོ་ག་ཤེས་པ་དང་། འདོད་པ་ཆུང་བར་འགྱུར་གྱི་འདོད་པ་ཆེ་བ་དང་ཆོ་ག་མི་ཤེས་པ་རྣམས་ནི་མ་ཡིནོ།། དེ་ཡང་འདོད་པ་ཆེ་བ་དང་། ཆོ་ག་མི་ཤེས་པ་ལས་ཉེ་བར་སྡུད་པ་གཉིས་དང་ལྡན་པར་མི་འགྱུར་རོ།། དེ་ཡང་འདོད་ཆགས་ལ་སྤྱོད་པད ་རྣམ་པར་རྟོག་པ་ལ་སྤྱོད་པ་རྣམ་པ་གཉིས་ཡོད།། དེ་ལ་འདོད་ཆགས་ལ་སྤྱོད་པས་ནི་དང་པོར་སེམས་མཉམ་པར་གཞག་པར་བྱ་བའི་ཕྱིར་མི་གཙང་བསྒོམ་པར་བྱའོ།། རྣམ་པར་རྟོག་པ་ལ་སྤྱོད་པས་ནི་དབུགས་རྔུབ་པ་དང་འབྱུང་བ་རྗེསུ་དྲན་པ་བསྒོམ ་པར་བྱའོ།། དེ་ཡང་། དེ་ལོ་འཇུག་པ་མཱི་གཙང་བྱ་འམ། དབུགས་འབྱུང་རྔུབ་པ་དྲན་པས་སོ་ཞེས་བཤད་པ་ཡི་ནོ།། དེ་ནས་ཞི་གནས་ཐོབ་པར་གྱུར་ནས་ནི། ལུས་དང་ཚོར་བློ་དང་། སེམས་དང་། ཆོས་རྗེསུ་དྲན་པ་སྟེ། རྗེས་དྲོན་བཞི་བསྒོམ་པར་བྱའོ།། དེ་རྣམས ་ཀྱི་བསྒོམ་པ་ནི་རང་དང་སྤྱིའི་མཚན་ཉིད་ལ་ཡོངསསུ་བརྟག་པའོ།། དེ་ལ་རང་གི་མཚན་ཉིད་ནི་གཟུགས་གཟུགསུ་རུང་བ་ཞེས་བྱ་བ་ལ་སོགས་པའོ།། སྤྱིའི་མཚན་ཉིད་ནི་སྟོང་པ་དང་བདག་མེད་པ་ཞེས་བྱ་བ་ལ་སོགས་པའོ།། དེ་ཡང་། ཞི་གནོས་ཐོབ་པར་གྱུར ་ནས་ན།། ལུམ་དང་ཚྭ་བསམས་ཆོས་ཀྱིས།། མཚན་ཉིད་གཉིས་ནི་ཡོངས་བརྟགས་པས།། དྲན་པ་ཉེར་གཞག་བསྒོམ་པར་བྱ་ཞེས་བཤད་པ་ཡི་ནོ།། དྭེ་ལྟར་མཱི་གནང་བ་དང་། དབུས་འབྱུང་བ་དང་རྔུབ་བརྗེ་སུ་དྲན་པར ་བ་ལ་བསླབས་པས་རང་གི་མཚན་ཉིད་ཀྱི་རིགས་དང་ལྡན་པ་དག་འདི་རྗེས་སུ་དྲན་པ་ན་འཇུག་པར་འགྱུར་ཏེ། དེ་ཡང་མི་གཙང་བ་ལ་གཙང་བར་འདུ་ཤེས་པའི་ཕྱིན་ཅི་ལོག་པའི་གཉེན་པོ་ཡི་ནོ།། དེ་ནས་ཚོར་བ་རྗེ་སུ་དྲན་པ་ལ་སྟེ། དེ་ཡང ་སྡུག་བསྔལ་བདེ་བར་ཕྱིན་ཅི་ལོག་པའི་གཉེན་པོ་ཡི་ནི།། དེ་ནས་ཡང་སེམས་རྗེ་སུ་དྲན་པ་ལ་སྟེ། དེ་ཡང་མི་རྟག་པ་ལ་རྟག་པར་ཕྱིན་ཅི་ལོག་པའི་གཉེན་པོ་ཡིན་ནོ།། དེ་ནས་དེའི་འོག་ཏུ་ཆོས་རྗེ་སུ་དྲན་པ་སྟེ། དེ་ཡང་དད་པ་ལ་སོགས་པའི ་ཆོས་ཙམ་དུ་དམིགས་པས་བདག་མེད་པ་ལ་བདག་ཏུ་ཕྱིན་ཅི་ལོག་པའི་གཉེན་པོ་ཡིན་པ། དེ་བས་ན་ཕྱིན་ཅི་ལོག་བཞིའི་གཉེན་པོ་ཡིན་ཞེས་གསུངས་པ་ཡི་ནོ།། གང་གི་ཚེ་རང་གི་མཚན་ཉིད་འཛིན་པས་ན་ཆོས་ཞེས་བྱ་བས་ཕུང་པོ་ལྔ་ལ་དམིགས ་པ་ཉིད་ཆོས་རྗེ་སུ་དྲན་པ་སྟེ། དེའི་ཚེ་ཆོས་ཐམས་ཅད་ལ་དམིགས་པའི་ཆོས་རྗེ་སུ་དྲན་པ་ལ་མི་རྟག་པ་དང་། སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པའི་རྣམ་པར་ཆོས་ཐམས་ཅད་བསྒོམ་པ་ཡི་ནོ།། དེ་བས་ན། ཆོས་ཀུན་དྲན་པ་ཉེར་གཞག ་པར།། མ་ལུས་དམིགས་པ་ལ་གནས་པའི།། མི་རྟག་སྡུག་བསྔལ་སྟོང་པ་དང་།། བདག་མེད་དེ་ནི་རྣམ་པར་མཐོང་། ཞེས་གསུངས་པ་ཡི་ནོ།། དེ་ནས་ཕྱིས་འབྱུང་བར་འགྱུར་བའི་འཕགས་པའི་ལམ་གྱི་མིའི་སྔ་རྟགས་གཙུབ་ཤིང་གི་མེའི་སྔོན ་དུ་དྲོ་བ་འབྱུང་བ་དང་འདྲ་བའི་དྲོད་དུ་གཏོགས་པའི་ངེས་པར་འབྱེད་པའི་ཆུ་བསྐྱེད་པར་བྱེད།། དེ་བདེན་པ་བཞིའི་ཡུལ་ལྔ་རྣམ་པ་བཅུ་དྲུག་ཏུ་དམིགས་ལ། དེ་ནས་ཡུང་རྩེ་མྱོར་གཏོགས་པ་སྟེ། དེ་དང་འདྲ་བ་ཉིད་དོ།། དེ་ནས་ཀྱང་བཟོད་པའོ།། ་དེ་ནས་བཟོད་པ་ལས་ཆོས་ཀྱི་མཆོག།། འདི་དག་ནི་ངེས་པར་འབྱེད་པའི་ཆུ་བཞི་བསྒོམ་པའི་རིང་བཞིན་ཅན་ཉིད་ཀྱི་དྲག་བའི་རྩ་བ་ཡི་ནོ།། དེ་ཡང་དེ་ལྟར་ངེས་འབྱེད་ཆ་བཞི་པོ། བསྒོམ་པ་ནི་རང་བཞིན་ཅན་ཞེས་བཤད་པ་ཡིན་ཏེ། འདི་ཙམ་ནི ་སྦྱོར་བའི་ལམ་ཡིནོ།། དེ་ཡན་ཆད་འཕགས་པའི་བདེན་པ་རྣམ་པ་བཞིའི་ཡུལ་ལ་སྐད་ཅིག་མ་བཅུ་དྲུག་ཅན་གྱི་བདེན་པ་མངོན་རྟོགས་པས་ཟག་པ་མེད་པ་མངོན་པར་རྟོགས་པ་སྐྱེ་བར་ཟད་དོ།། དེ་ཡང་འདི་ལྟ་སྟེ། སྡུག་བསྔལ་ལ ་ཆོས་ཤེས་པའི་བཟོད་པ་དང་། སྡུག་བསྔལ་ལ་ཆོས་ཤེས་པ་དང་སྡུག་བསྔལ་ལ་རྗེསུ་ཤེས་པའི་བཟོད་པ་དང་། སྡུག་བསྔལ་ལ་རྗེསུ་ཆོསུ་ཤེས་པ་སྟེ། སྡུག་བསྔལ་གྱི་བདེན་པ་ལ་དམིགས་པའི་སྐད་ཅིག་མ་བཞིའོ།། དེ་བཞིན་དུ་ཀུན་འབྱུང་། ་བྱ་དང་། འགོག་པ་དང་། ལམ་གྱི་བདྲེན་པ་ལ་བསྟུ་པར་བྱའོ།། དེ་ལ་ཆོས་ཤེས་པའི་བཟོད་པ་དང་། ཆོས་ཤེས་པའི་སྐད་ཅིག་མ་བརྒྱད་དེ་ནི་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་རྣམས་ཀྱི་གཉེན་པོ་ཡི་ནོ།། རྗེསུ་རྟོགས་པའི་བཟོད་པ་དང་། རྗེ ་རྟོགས་པའི་ཆོས་ཤེས་པའི་སྐད་ཅིག་མ་བརྒྱད་ནི། གཟུགས་དང་གཟུགས་མེད་པ་ན་སྤྱོད་པའོ་ཉོན་མོངས་པ་རྣམས་ཀྱི་གཉེན་པོ་ཡིནོ།། དེ་ཡང་། འཇིག་རྟེན་པའི་ཆོས་མཆོག་ལས།། ཆོས་ཤེས་བཟོད་པ་ཟག་པ་མེད་ཞེས་བཤད་པ ་ཡི་ནོ།། དེ་ལ་ལམ་ལ་རྗེསུ་རྟོགས་པའི་ཤེས་པའི་སྐད་ཅིག་མུ་ཡོངསུ་སྤངས་ནས། དེ་ཡན་ཆད་ནི་མཐོང་བའི་ལམ་ཡིན་ཏེ་རྗེ་སུ་རྟོགས་པ་ཤེས་པ་ཉིད་ནི་མཐོང་བའི་ལམ་ཡོངསུ་རྫོགས་པ་ཡིན་པའི་ཕྱིརརོ།། སེམས ་སྐད་ཅིག་མ་བཅུ་དྲུག་པ་ལ་ནི་ཤེས་པར་བྱ་བ་སྔོན་མེད་པ་ཡོད་པར་འདོད་ཀྱི་མཐོང་བར་བྱ་བ་ནི་མེད་དེ་བཟོད་པ་ཉིད་མཐོང་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ།། བསྒོམ་པའི་ལམ་གྱིས་ཡང་དག་པར་བསྡུས་པའི་ལམ་གྱི་རྗེ་སུ་ཤེས་པ་ཞེས ་བྱ་བ་ནི་ཆོས་མངོན་པ་ལས་གསལ་བར་བྱ་སྟེ། དེ་ཡང་། མ་མཐོང་མཐོང་ཕྱིར་མཐོང་བའི་ལམ། དེར་ནི་སྐད་ཅིག་བཅོ་ལྔའོ་ཞེས་བཤད་པ་ཡི་ནོ།། དེ་ལ་བཟོད་པའི་སྐད་ཅིག་མ་དེ་ཉིད་ཉོན་མོངས་པ་སྤོང་བར་བྱེད་པས་བར་ཆད་མེད་པའི་ལམ་གྱི ་ངོ་བོ་ཉིད་དོ།། ཤེས་པའི་སྐད་ཅིག་མ་ནི་རྣམ་པར་གྲོལ་བའི་ལམ་གྱི་ངོ་བོ་ཉིད་དོ།། ཉོན་མོངས་པ་ཡང་མདོར་བསྡུས་ན། སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་དང་ལམ་དང་། བསྒོམ་པས་སྤང་བར་བྱ་བའི་དབྱེ་བས་རྣམ་པ་ལྔར་འགྱུརརོ།། དེ་ལ ་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་བཅུ་སྟེ། འདོད་ཆགས་དང་། ཁོང་ཁྲོ་བ་དང་། ང་རྒྱལ་དང་། མཱ་རིག་པ་དང་། ཐེ་ཚོམ་སྟེ་ལྔ་དང་། འཇོག་ཚོགས་ལ་ལྟ་བ་དང་། མཐར་འཛིན་པར་ལྟ་བ་དང་། ལོག་པར་ལྟ་བ་དང་། ལྟ་བ་མཆོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་དང་། གུལ ་ཞུགས་མཆོག་ཏུ་འཛིན་པ་དང་ལྔ་སྟེ་བཅུའོ།། ཀུན་འབྱུང་དང་འགོག་པ་མཐོང་བས་སྤང་བར་བྱ་བ་ནི་བདུན་ཏེ། དེ་དག་ཉིད་ལས། འཇོག་ཚོགས་དང་། མཐར་འཛིན་པ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་ཏུ་འཛིན་པ་མ་གཏོགས་པ་གོང་མ་རྣམ་སོ།། ལམ ་མཐོང་བས་སྤང་བར་བྱ་བ་ནི་བརྒྱད་དེ། བདུན་པོ་དེ་དག་ཉིད་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པར་བལྟའོ།། བསྒོམ་པས་སྤྲད་པར་བྱ་བ་ནི་བཞི་སྟེ། འདོད་ཆགས་དང་། ཁོང་ཁྲོ་བ་དང་། ང་རྒྱལ་དང་། མ་རིག་པ་སྟེ་འདི་དག་ནི་འདོད་པའི་ཁམས ་ཀྱི་ཡིནོ།། གཟུགས་དང་གཟུགས་མེད་པའི་ཁམས་དག་ལ་ཡང་དེ་དག་ཉིད་ལས་ཐམས་ཅད་དུ་ཁོང་ཁྲོ་བ་བཏོན་པ་ལྷག་མ་གསུམོ།། དེ་ཉིད་ཀྱིས་ན་ཉོན་མོངས་པ་དགུ་བཅུ་རྩ་བརྒྱད་དུ་འགྱུརརོ།། དེ་ཡང་དེ་དུག་བཅུ་དང་བདུན་བདུན་བརྒྱད།། ལྟ ་པ་གསུམ་གཉིས་མ་གཏོགས་པ།། འདོད་ན་སྡུག་བསྔལ་ལ་སོགས་པ།། མཐོང་བས་རིམ་བཞིན་སྤོང་བར་བྱེད།། བཞི་ནི་བསྒོམ་པས་སྤང་བྱ་ཡིན།། ཁོང་ཁྲོ་བ་མ་གཏོགས་དེ་དག་ཉིད།། གཟུགས་ཁམས་གཟུགས་མེད་དེ་དང་འདྲ།། དེ་ལྟར་དགུ་བཅུ་རྩ ་བརྒྱད་འདོད་ཅེས་པཤད་པ་ཡིནོ།། དེ་ལ་འཇིག་རྟེན་ཆོས་ཀྱི་མཆོག་གི་རྗེས་ཐོགས་ལ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་སྐྱེ་བ་ན་འདོད་པའི་ཁམས་ན་སྤྱོད་པའི་སྡུག་བསྔལ་བཅུའི་ཐོབ་པ་སྤོང་སྟེ། དེ་ཡང་ཤེས་རབ་ཀྱི་བདག་ཉིད་ཅན་ཡིན་པ་ཉིད ་ཀྱིས་སྡུག་བསྔལ་མཐོང་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ།། སྡུག་བསྔལ་ལ་ཆོས་ཤེས་པ་ཡང་བཟོད་པས་ཡོང་སུ་མཐོང་བའི་སྡུག་བསྔལ་ལཱ་ངེས་པའི་བདག་ཉིད་ཡོན་ཏེ། དེ་ཡང་མཚུངས་པར་ལྡན་པ་རྣམས་དང་ཐོབ་པ་ལྷན་ཅིག་སྐྱེ་བ་ཡིནོ།། དེ་ལྟར་ན། ་བཟོད་པ་ཐམས་ཅད་ནི་སྡུག་བསྔལ་ལ་སོགས་པ་མཐོང་བའི་བདེག་ཉིད་ཡིན་ལ། ཤེས་པ་རྣམས་ནི་ངེས་པའི་བདག་ཉིད་ཅན་ཡིན་ཏེ། འདི་གཉིས་ཀྱིས་རྐུན་པ་འབྱིན་པ་དང་སྒོ་གཏན་འཛུད་པའི་ཚུལ་དུ་ཉོན་མོངས་པ་ཐམས་ཅད་སྤོང་བར་བྱེད་དོ།། དེ ་བཞིན་སྡུག་བསྔལ་ལ་རྗེསུ་ཆོས་ཤེས་པའི་བཟོད་པ་སྐྱེ་བ་ན་གཟུགས་དང་གཟུགས་མེད་པའི་ཁམས་ན་སྤྱོད་པའི་སྡུག་བསྔལ་མཐོང་བྱས་སྦྱང་བར་བྱ་བ་བཅོ་བརྒྱུད་ཀྱི་ཐོབ་པ་སྦྱོང་བར་བྱེད་ལ། སྡུག་བསྔལ་ལ་ཆོས་ཤེས ་པ་ཡང་དེ་དང་མཚུངས་པར་ལྡན་པའི་ཐོབ་པ་ལྷན་ཅིག་སྐྱེ་བར་འགྱུརོ།། ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པ་སྐྱེ་བ་ནཱ་དེའི་སྤང་བར་བྱེང་བའི་ཉོན་མོངས་པ་འདོད་པོའི་ཁམ་སོན་སྤྱོད་པའི་ཉོན་མོངས་པ་བདུན་གྱི་ཐོབ་པ་སྤོང་བར་འགྱུརརོ།། ཆོས ་ཤེས་པ་ཡང་དེ་དང་མཚུངས་པར་ལྡན་པའི་ཐོབ་པ་དང་ལྷན་ཅིག་སྐྱེ་བར་འགྱུརརོ།། ཀུན་འབྱུང་ལ་རྗེསུ་ཆོས་ཤེས་པའི་བཟོད་པ་སྐྱེ་བོ་ན་དེའི་སྤང་བར་བྱ་བའི་ཉོན་མོངས་པས་གོང་མ་པ་ཡིན་པའི་ཕྱིར།། ཉོན་མོངས་པའི་ཐོབ་པ་བཅུ་གཉིས ་སྦྱོསྤྱོང་བར་འགྱུར་ལ། རྗེ་སུ་ཤེས་པ་ཡང་དེ་དང་མཚུངས་པར་ལྡན་པའི་ཐོབ་པ་དང་ལྷན་ཅིག་སྐྱེ་བར་འགྱུརརོ།། འགོག་པ་ལ་ཆོས་ཤེས་པའི་བཟོད་པ་སྐྱེ་བོར་འགྱུར་བ། དེའི་སྤང་བར་བྱ་བའི་ཉོན་མོངས་པ་འདོད་པའི་ཁམས་ན་སྤྱོད་པའི་བདུན་གྱི ་ཐོབ་པ་སྤོང་བར་འགྱུར་ལ། ཆོས་ཤེས་པ་ཡང་དེ་དང་མཚུངས་པར་ལྡན་པའི་ཐོབ་པོ་དང་ལྷན་ཅིག་སྐྱེ་བར་འགྱུར་རོ།། འགོག་པ་ལ་རྗེསུ་ཆོས་ཤེས་པའི་བཟོད་པ་སྐྱེ་བ་ན། དེའི་སྦེང་བར་བྱ་བའི་ཉོན་མོངས་པ་གོང་མ་བཅུ་གཉིས་ཀྱི་ཐོབ་པ ་སྤོང་བར་འགྱུར་ལ། རྫི་བུ་ཆོས་ཤེས་པ་ཡང་དེ་དང་མཚུངས་པར་ལྡན་པའི་ཐོབ་པ་དང་ལྷན་ཅིག་སྐྱེ་བར་འགྱུརོ།། ལོ་མ་ལ་ཆོས་ཤེས་པའི་བཟོད་པ་སྐྱེ་བ་དེའི་སྤོང་བར་བྱ་བའི་ཉོན་མོངས་པ་འདོད་པོའི་ཁམས་ན་སྤྱོད་པ་བརྒྱད་སྤོང་བར་འགྱུར་ལ། ཆོས ་ཤེས་པ་ཡང་དེ་དང་ཚུངས་པར་ལྡན་པའི་ཐོབ་པ་དང་ལྷན་ཅིག་སྐྱེ་བར་འགྱུ་རོ།། ལམ་ལ་རྗེསུ་ཤེས་པའི་བཟོད་པ་སྐྱེ་བ་ན་དེའི་སྤང་བར་བྱ་བའི་ཉོན་མོངས་པས་གོང་མ་བཅུ་བཞིའི་ཐོབ་པ་སྤང་བར་འགྱུར་རོ།། འདི་ཙམ་གྱིས་ལམཱ་ལ་གནས་པའི ་རྣལ་འབྱོར་པ་ནི་རྒྱུན་ཏུ་ཞུགས་པའི་རྒྱུ་ལ་ཞུགས་པ་ཞེས་བྱའོ།། རྣཾ་སུ་ཆོས་ཤེས་པ་དེ་དང་མཚུངས་པར་ལྡན་པ་ཐོབ་པ་ལྷན་ཅིག་བྱུང་བའི་སྐད་ཅིག་མ་དེའི་ན་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་གནས་པ་ཉིད་ཡིནོ།། དེ་ལྟར་རེ་ཤིག་མཐོང་བའི་ཁམ ་གྱིས་དེའི་སྤོང་བར་བྱ་བ་སྤངས་པ་ཡིནོ།། དེའི་འོག་ཏུ་ནི་བསྒོམ་པའི་ལམ་སྐྱེ་བར་འགྱུར་ཏེ། དེས་ཀྱང་དེ་སྤང་བར་བྱ་བ་སྤོང་བར་འགྱུར།། དེ་ཡང་འདོད་པ་དང་གཟུགས་དང་གཟུགས་མེད་པའི་དབྱེ་བས་བཅུར་འགྱུར་ལ། བཅུ་པོ་དེ་དག་རེ་རེ་ཞིང་ཡང ་རྣམ་པ་དགུ་དགུར་བྱས་ཏེ། འཁོར་བ་ནི་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་བསམ་གཏན་བཞི་དང་། གཟུགས་མེད་པའི་ཁམས་བཞི་སྟེ། ས་དགུ་ཡི་ནོ།། དེ་ལ་འདོད་པའི་ཁམས་ནི་འདོད་ཆགས་དང་། ཁོང་ཁྲོ་བ་དང་། ང་རྒྱལ་དང་། མ་རིག ་པ་དགུར་དབྱེ་བ་དང་། གཟུགས་དང་གཟུགས་མེད་པའི་ས་རྣམས་ཀྱི་འདོད་ཆགས་དང་། ང་རྒྱལ་དང་། མ་རིག་པ་ཡང་རེ་རེ་ཞིང་དགུ་དགུར་དབྱེ་སྟེ། དྲི་ལྟར་བྱས་ན་སྲའི་རྣམ་པའི་དབྱེ་བས་བརྒྱད་ཅུ་རྩ་གཅིག་ཏུ་འགྱུར་ཏེ། རྣམ་པ་འདི་ཉིད་ཀྱིས་བསྒོམ ་པའི་ལོ་མ་ཡོང་བརྒྱད་ཅུ་རྩ་གཅིག་ཉིད་ཡིན།། དེ་ཡང་། ས་དང་ས་ལ་ཉེས་རྣམ་དགུ། དེ་བཞིན་དུ་ནི་ཡོན་ཏན་རྣམས། ཆུང་དང་འབྲིང་དང་ཚེ་རྣམས་ཀྱི།། ཆུང་ངུ་ལ་སོགས་ཐ་དད་ཕྱིར་ཞེས་བཤད་པ་ཡིནོ།། བྱེ་བྲག་ནི་འདི་ཡིན་ཏེ། ས་རེ་རེ་ཞིང་ཉོན ་མོངས་པའི་རྣམ་པ་དང་པོ་ཆེན་བུའི་ཆེན་པོའི་ནས་ཐ་མ་ཆུང་ངུའི་ཆུང་ངུའི་བར་ཉིད་ལྔ་ལམ་གྱི་རྣམ་པ་ཡང་། དང་པོ་ནི་ཆུང་ངུའི་ཆུང་ངུ་ཡིན་ལ། ཐ་མ་ནི་ཆེན་པོའི་ཆེན་པོ་ཡིནོ།། དེ་ཡང་གང་གི་ཕྱིར་དེ་ནི་སྡུག་བསྔལ་གྱི་བདེན་པ ་ལ་སོགས་པ་མཐོང་བ་རྣལ་ཡང་དང་ཡང་དུ་རྩོལ་བས་བསྒོམ་པ་ཡིན་ལ། རྩོལྔ་བ་ཡང་དང་པོ་མ་གོམས་པའི་གནས་སྐབས་ནི་ཆུང་ངུའི་ཆུང་ངུ་ཉིད་སྐྱེ་བར་འགྱུར་ལ། དེ་ལས་ཀྱང་ཆུང་ངུའི་བར་མཱ་ཉིད་སྐྱེ་བར་འགྱུར་བ་ནས་མཽཥྛཿནམཚན་པ་འི་དུ་སྐྱེ་བར་འགྱུར།། ་དེ་ཉིད་ཀྱིས་ན་ཉོན་མོངས་པའི་རྣམ་པ་ཆེན་པོའི་ཆེན་པོ་ལམ་གྱི་རྣམ་པ་ཆུང་ངུའི་ཆུང་ངུས་སྤོང་བར་འགྱུར་ལ་ཆུང་ངུའི་ཆུང་ངུ་ནི་ཆེན་པོའི་ཆེན་པོས་སྦྱོང་པོར་འགྱུར་ཏེ། དེ་ནི་ཁྲུས་མཁན་གྱིས་གོས་ཀྱི་ཚུལ་དུ་ཤེས་པར་བྱའོ།། དེ་ལ་གང་ལམ་གྱི་རྣམ་པ་བརྒྱད་ཅུ ་རྩ་གཅིག་པོ་འདི་དག་གིས་ཉོན་མོངས་པའི་རྣམ་པ་དེ་ལས་རེ་རེ་སྤོང་ཞིང་བར་བྱེད་པ་ན་ར་རེ་ཞིང་བར་ཆད་མེད་པ་དང་། རྣམ་པར་གྲོལ་བའི་ལམ་གྱི་ངོ་བོ་ཉིད་ཡིན་པར་ཤེས་པར་བྱའོ།། དེ་ལ་གང་འདོད་པར་གཏོགས་པའི་ཉོན་མོངས་པ་རྣམ་པ་ལྔ་སྤང་བའི་བར ་ནི་ལན་ཅིག་ཕྱིར་འོང་བའི་རྒྱུ་ལ་ཞུགས་པ་ཡིན་ལ། དྲུག་པ་སྤངས་པ་ནི་ཕྱིར་འོང་བ་ཉིད།། ཉོན་མོངས་པའི་རྣམ་པ་བདུན་པ་དང་བརྒྱུད་པ་སྤངས་པ་ནི་ཕྱིར་མི་འོང་བའི་འབྲས་བུ་ལ་ཞུགས་པའོ།། འདོད་པར་གཏོགས་པའི་ཉོན་མོངས་པ་དགུ་པ་སྤངས་པ་ནི ་ཕྱིར་མི་འོང་བོ་ཉིད་དོ།། སྲིང་པོའི་རྩེ་མོའི་ཆི་བརྒྱད་སྤངས་པའི་བར་ནི་དགྲ་བཅོམ་པའི་རྒྱུ་ལ་ཞུགས་པའོ།། དགུ་པ་སྤོང་བ་བར་ཆད་མེད་པའི་ལམ་ནི་རྡོ་རྗེ་ལྟ་བུ་ཞེས་བྱ་ལ། རྣམ་པར་གྲོལ་བའི་ལམ་ནི་ཟད་པ་ཤེས་པ་ཞེས་བྱ་བའོ།། ཟད་པ་ཤེས་པ་སྐྱེ་བར ་གྱུར་པ་ཆུང་ངུ་དང་བར་མཱ་དང་ཆེན་པོའི་དབྱེ་བས་ཕྱེ་བའི་ཁམས་གསུམ་པའི་ཉོན་མོངས་པ་དེ་དག་ཐམས་ཅད་སྤངས་པ་ནི་ངགྲ་བཅོམ་པར་འགྱུརརོ།། དེ་དག་ནི་བསྒོམ་པའི་ལམ་ཡིན་ནོ།། དེ་ཡང་གཡོ་བ་དང་། མི་གཡོ་བའི་བར་གྱི་དབྱེ་བས་རྣམ་པ་མང ་དུ་འགྱུར་ཏེ། དེ་ལ་གང་མི་གཡོ་བའི་ཆོ་སོ་ཅན་གཅིག་པུ་ལ་ནི་དེའི་ཚེ་ཟད་པར་ཤེས་པ་སྐྱེ་བར་འགྱུརརོ།། གལ་ཏེ་ཟད་པར་ཤེས་པ་མ་ཡིན་ན་མི་སློབ་པའི་ཤེས་རབ་སྐྱེ་བར་འགྱུར་ལ། དེ་དག་ཐམས་ཅད་ཀྱང་དགྲ་བཅོམ་པ་ཡིན་པར་བྱེ་བྲག་མེད་དོ།། ། ་དེ་ཡང་། གལ་ཏེ་མི་གཡོ་ཟད་ཤེས་ལས།། མི་སྐྱེ་བའི་བློ་གྲོས་ཡོད་མིན་ན།། ཟད་ཤེས་སོམ་ནི་མི་སློབ་ལྟར།། དེའི་དགྲ་བཅོམ་ཐམས་ཅད་ལ་ཞེས་བཤད་པ་ཡིན།། དེ་ཉིད་ཀྱིས་ན་ཟད་པ་ཤེས་པའི་རྗེས་ཐོགས་ལྔ་མི་སློབ་པའི་ལོམ་དུ་རྣམ ་པར་བཞག་པ་ཡིནོ།། དེར་ཡང་ལུས་ཀྱི་མངོན་སུམ་དུ་བྱེད་པ་ལ་སོགས་པའི་དབྱེ་བས་གང་ཟག་མང་པོ་ཡོད་མོད་ཀྱི་སྐབས་འདིར་དགོས་པ་མེད་པའི་ཕྱིར་དང་། གཞུང་མངས་ཀྱིས་དོགས་པས་མི་བཤད་པ་ཡི་ནོ།། ཁམས་གསུམ་པའི་ཉོན་། ་མོངས་ཟད།། ཀུན་མཁྱེན་ཡེ་ཤེས་ཀྱིས་བསྐུལ་ནས།། ཕྱག་རྒྱ་ཆེ་དང་མཉམ་སྦྱོར་པོ།། ཐོབ་ནས་རྒྱལ་བ་དམ་པར་འགྱུར།། དེ་ལ་རེ་ཤིག་དབང་པོ་རབ་ནི་ཁམོས་གསུམ་པའི་ཉོན་མོངས་པ་རྣམས་སྤངས་པ་ཡིན་དུ་ཟིན་ཀྱང་ཐམས་ཅད་མཁྱེན་གྱི ་ཡེ་ཤེས་དང་། བསོད་ནམས་ཀྱི་ཚོ་གས་ལས་ངེས་པར་འོ་བྱུང་བའི་གཟུགས་ཀྱི་སྐུ་མེད་པར་སེམས་ཅན་མ་ལུས་པའི་དགོས་པ་བྱེད་ནུས་པར་མ་མཐོང་བ་དང་། སྙིང་རྗེ་ཆེན་པོའི་བདག་ཉིད་ཅན་ཉིད་ཀྱིས་སེ་ན་མ་ལུས་པ་གདོན་པའི་བསམ་པའོ།། རྗོ ་དབང་དུ་བྱས་པ་ཉིད་ཀྱིས་དེའི་དུས་ཕྱི་ཞིག་ན་བཅོམ་ལྡན་འདས་ཡུམ་ཤེས་རབ་ཀྱི་མཚན་རྣམ་པ་གཞན་ཡང་། ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་བསྐྱེད་དེ། དེ་བསླབ་པ་ཉིད་ཀྱིས་བསོད་ནམས་དྲང་ཡེ་ཤེས་ཀྱི་ཚོགས ་བསགས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པར་བྱང་ཆུབ་ནས། སངས་རྒྱས་བཅོམ་ལྡན་འདས་སུ་འགྱུརརོ་ཞེས་བྱ་བ་ནི་མན་ངག་གོ།། དེ་བས་ན་དེའི་ཕྱག་རྒྱ་ཆེན་པོའི་སྦྱོར་བ་བསྒོམས་པ་ཉིད་ལས་འཚང་རྒྱ་བ་ཉིད་ཅེས་བྱའི། སངས་རྒྱས ་ཉིད་ཐོབ་པའི་ལམ་དེ་ལས་གཞན་དག་ཡོད་པ་མ་ཡིན་ནོ་ཞེས་ཤེས་པར་བྱའོ།། ཕྱག་རྒྱ་ཆེན་པོ་ལ་འཇུག་པའི་དོན་དུ་འདོད་ཆགས་བྲལ་བའི་ལམ་བསྒོམ་པ་ནི་འགལ་བ་མེད། སྟོང་ཉིད་བསྒོམས་པས་གྲོལ་འགྱུར་ཏེ། བསྒོམ་པ་ལྷག ་མ་དེ་དོན་ཡིན་ཞེས་བཤད་པ་ཡིན།། གང་ཡང་འདོད་ཆགས་དང་བྲལ་བའི་ལམ་སྐྱེད་དུ་ཟིན་ཀྱང་འདོད་ཆགས་བྲལ་བའི་ལམ་མངོན་སུམ་དུ་མ་བྱས་པ་ཉིད་དུ་དུས་བྱས་པ་དེ་རྣམས་ནི་ལུས་ཀྱི་སྟོན་པར་མངོན་པར་འདོད་པའི་དབ་དང་། ་ལམ་ཡོངསུ་སྨིན་པར་དམ་པའི་ཆོས་ནུབ་པར་འགྱུར་བ་ན། རང་སངས་རྒྱས་ཀྱི་བྱང་ཆུབ་མངོན་སུམ་དུ་བྱས་ནས་ཐེག་པ་མེད་པའི་དབྱིངས་ཉི་དུ་འཁོད་པར་འགྱུརརོ།། དྲི་ཡང་བསྟན་བཅོས་ལས།། རྫོགས་སངས་རྒྱས་རྣམས་མ་བྱུང་ཞིང་།། ། ་ཉན་ཐོས་རྣམས་ནི་ཟད་པ་ན།། རང་སངས་རྒྱས་ཀྱི་ཡང་ཤེས་ནི།། རྟེན་པ་མོད་ལ་སོ་རབ་ཏུ་སྐྱེ།། ཞེས་ཇི་སྐད་བཤད་པ་ཡིནོ།། གང་ཡང་དང་པོ་ནས་བདག་ཉིད་དུལ་བ་དང་ཞི་བར་གཅིག་ཏུ་མངོན་པར་འདོད་པ་ཉིད་ཀྱིས་འདོད་ཆགས་དང་བྲལ་བ ་མངོན་སུམ་དུ་བྱེད་པ་དེ་རྣམས་ཀྱང་མྱ་ངན་ལས་འདས་པ་ཐོབ་པ་ཞེས་བྱ་སྟེ། ཟག་པ་མེད་པའི་དབྱིངས་ཉིད་ལ་གནས་ལ། ཕྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་འོད་ཟེར་གྱིས་ཡང་དག་པར་བསྐུལ་བ་ཉིད་ཀྱིས་ཕྱག་རྒྱ ་ཆེན་པོ་ལ་འཇུག་པའི་རིམ་གྱིས་སངས་རྒྱས་ཉིད་ཐོབ་པར་འགྱུར་བ་ཡིན་ཞེས་བྱ་བ་ནི་མདོར་བསྡུས་པའོ།། དེ་ཡང་བསྟན་བཅོས་ལས། ཐུགས་རྗེ་ཆེན་པོ་དང་བྲལ་བས།། འདི་དག་རང་གི་དོན་ལ་གཞལ།། རང་བྱུང་སྒྲ་ལས་སྐྱེས་པ་སྟེ། ་ཐེག་པ་ཆེན་པོར་མི་བསྔགས་སོ།། ཐེག་པ་ཚེ་ལས་བསྟན་པ་ཡི།། རྒྱལ་བའི་ཡོན་ཏན་མཐའ་ཡས་དང་།། བྱང་ཆུབ་སེམས་དཔའི་མཐུ་ཐོས་པས།། དེ་དག་སྨོད་ཉིད་འགྱུར་བ་ཡིན།། གང་གི་ལམ་གྱིས་ཐེག་ཆེན་ནོར།། མ་ལུས ་བསྲེགས་པར་གྱུར་པ་དེ།། བྱང་ཆུབ་སེམས་པ་དཔའ་རྣམས་ནང་ན།། སྐྱེས་བུ་དབུལ་པོ་ལྟ་བུར་གནས།། བྱང་ཆུབ་གཉིས་པོ་ཐོབ་པ་དེ།། སྲིད་པས་ཤིན་ཏུ་སྐྲག་བྱས་ན།། ཚེ་ཟད་པ་ནི་དགུའ་གྱུར་པ།། མྱ་ངན་འདས ་ཐོབ་མིང་ཅན་ཡིན།། འདི་ཉིད་མྱ་ངན་འདས་མིན་གྱི།། འོན་ཀྱང་སྲིད་གསུམ་སྐྱེ་བ་ནི།། དེ་ལ་ཡོད་པ་མ་ཡིན་པས།། དེ་རྣམས་ཟག་མེད་དབྱིངས་ནི་འཁོད།། མི་ཤེས་ཉོན་མོངས་མྱི་ནི་ཡང་ཕྱིར།། ཕྱི ་ནས་སངས་རྒྱས་ཀྱིས་རབ་བསྐུལ།། བསོད་ནམས་ཚོགས་ནི་བསགས་པ་ལས།། དེ་ཡང་འཇིག་རྟེན་འདྲེན་པར་འགྱུར་ཞེས་ཇི་སྐད་དུ་རྒྱ་ཆེར་བཤད་པའོ།། དེ་བས་ཕྱག་རྒྱ་ཆེ་མཉམ་སྦྱོར།། རྣལ་འབྱོར་དང་ནི་བྲལ་བ་ཉིད།། ་རྫོགས་པའི་བྱང་ཆུབ་མ་ཐོབ་ཅིང་།། མངོན་མཐོའི་འབྲས་བུ་ཉིད་མ་ཡིན།། དེ་ཉིད་ལ་ནི་འཇུག་པའི་ཕྱིར།། བདེན་པ་བཞིན་རྣམ་བསྒོམ་པ།། རྡོ་རྗེ་སེམས་སོགས་བསྒོམ་པ་ཡི།། རྣལ་འབྱོར་པ་ལ་འགལ་བ་མེད།། འོན་ཀྱང་གྲཏ ་དུ་བྱ་བ་གཞན་ཡང་ཡོད་དེ།། བདག་གཞན་ལྟ་ལ་ཆགས་པ་དང་།། སྣང་བ་སྟེ་ཉེས་བཅོམ་ཡིད་སྤངས་ཏེ།། རྣམ་པར་དཔྱོད་ལས་གཞན་པའི་རྒྱུ།། དེ་ཉིད་ངེས་ལ་མ་མཐོང་ངོ་།། དེ་བས་དེར་གུས་རྣལ་འབྱོར་པོས།། རྗེས་ཆགས་ཁོང་ཁྲོ་སྟ་སོནས་མ ་པ་ཀུན་ལ་མཁས་བྱས་ཞེས།། དེ་ལྟར་རྒྱལ་བ་དམ་པས་གསུངས་ཞེས་བྱ་བ་ཡིན།། དེ་ལྟར་ཀུན་མཁྱེན་གྱིས་གསུངས་བཀའ།། ཀུན་ཕན་མ་ལུས་བརྟགས་ནས་ནི།། མདོར་བསྡུས་ནས་ནི་བསྟན་པ་འདི།། དེ་ཉིད་ཤེས་རྣམས་མགུ་དུཥྚི་ཐཱས།། དེ ་ལྟར་ལམ་ལ་རྣམ་ཞུགས་སེམས་ནི་ངེས་པར་མི་གཡོ་གང་།། གཡོ་བར་གྱུར་ནའང་དེ་ཚེ་ཡང་དག་བཀོའི་ན་རྣམས་བསྒོམས་ལ།། རྒྱལ་བའི་གསུང་གི་ཚོགས་ནི་ཐོག་མ་བར་དང་མཐའ་དག་ལ།། བརྟེན་ཅིང་མི་ཕྱེད་ཚུལ་རྣམས་ཀུན་གྱིས་མོ་པར ་བརྟགས་པས་བརྟན་པར་འགྱུར།། དེ་ལྟར་མ་ལུས་བདེ་གཤེགས་བཀའ།། བདག་གིས་ཡང་དག་བཤད་པ་ཡི།། བསོད་ནམས་གྲང་ཡིན་དེ་འགྲོ་ཀུན།། དེ་ཡི་གཞུང་ལ་གཅིག་དགར་ཤོག། དེ་ཁོ་ན་ཉིད་ལ་འཇུག་པ་ཞེས་བྱ་ད་བདེ་བར་གཤེགས་པའི་བཀའ ་མ་ལུས་པ་མདོར་བསྡུས་ཏེ་བཤད་པའི་རབ་ཏུ་བྱེད་པ། སློབ་དཔོན་དཔལ་ཡེ་ཤེས་གྲགས་པས་མཛད་པ་རྫོག་སོ།། རྒྱ་གར་གྱི་མཁན་པོ་པདྨེ་ཀ་ར་བརྨ་དང་། ཆུ་ཚན་གྱི་ལོ་ཙ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ་