CLOSE WINDOW

GT2533: de kho na nyid grub pa zhes bya ba'i rab tu byed pa
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཏཏྟ་སིདྡྷི་ནཱ་མ་པྲ་ཀ་ར་ཎ། བོད་སྐད་དུ། དེ་ཁོ་ན་ཉིད་གྲུབ་པ་ཞེས་བྱ་བའི་རབ་ཏུ་བྱེད་པ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚ་ལོ།། བདེ་ཆེན་བདེ་བ་འབྱུང་བའི་གནས།། རྡོ་རྗེ་ཐེག་ལ་ཕྱག་འཚལ་ཏེ། ཀུན་དུ ་རྨོངས་ལས་བཟློག་པའི་ཕྱིར།། དེ་ཉིད་གྲུབ་པ་བཤད་པར་བྱ། འདི་ན་གང་ལ་ལ་རྡོ་རྗེའི་ཐེག་པ་ཆེན་པོ་ལོ་དགེ་བའི་རྩེ་བོའི་བག་ཆགས་ཀྱི་རྒྱུད་མ་བསགས་པ། དངོས་པོ་སྒྲོ་བཏགས་པོ་ལ་གོམས་པ། རང་གི་རྣམ་པར་རྟོག་པའི་རླུང་གིས་བློ་ཕྲོགས་པ། རྩོད་པའི་དུས་ཀྱི་རྙོག་པའི་འདུས ་གྱི་ཚོགས་མ་ལུས་པའི་དྲི་མས་ཡིད་དྲི་མ་ཅན་དུ་གྱུར་པ། འཁོར་བའི་རྒྱ་མཚོ་ལས་སྒྲོལ་བྱའི་ཐབས་ཡང་དག་པར་ཤེས་པ། རང་གཟོའ་རྣམ་པར་རྟོག་པ་མང་པོས་བློ་གྲོས་བསླད་པ། ཉམ་ང་བའི་མདུད་པའི་གནས་ཀྱི་རི་སུལ་དུ་ལྷུང་བ། རྟོགས་པར་དཀའ་བའི་གདོན་གྱིས་ཟིན་པའི ་དབང་གིས་སེམས་དཀྲུགས་པ། སློབ་དཔོན་རྣམས་ཉེ་བར་མ་བརྟེན་པ། དོན་དམ་པ་བསྒོམ་པའི་མན་ངག་དང་བྲལ་བ་རྣམས་ནི་དཔལ་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའ་ལམ་གཞན་དག་གིས་བསྐལ་པ་དུ་མ་གྲངས་མེད་པས་རྟོག་པར་བྱ་བ། རྡོ་རྗེ་ཐེག་པའི་ཐབས་དང་ལྡན་པ ་རྣམས་ཀྱིས་ཚེ་འདི་ཉིད་ལ་དཀའ་བ་མེད་པར་བསྒྲུབ་པར་བྱ་བ། རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་ཐོག་མ་དང་ཐ་མ་མེད་པ། གནས་མེད་པ་སེམས་ཅན་མ་ལུས་པའི་རྒྱུད་ལ་རང་རིག་པའི་ངོ་བོ་ཉིད་བསོད་ནམས་ཆེན་པོའི་རྒྱུ་མངོན་པར་རྟོགས་པའི་མཚན་ཉིད་ཅན ་དེའི་ཐབས་སུ་གྱུར་པ། རྡོ་རྗེ་སྡིག་པ་ཆེན་པོ་མ་ལུས་པའི་ངོམ་པོའི་དམ་པར་གྱུར་པའི་ལུང་གི་མཚན་ཉིད་ཅན་རྟོགས་པར་མི་འགྱུར་བ་དེ་རྣམས་ཀྱི་མི་ཤེས་པའི་རབ་རིབ་ཀྱི་ལིང་ཏོག་རྣམ་པར་བསལ་བར་བྱ་བའི་ཕྱིར་ལུང་དང་རིག་པ་དག་གིས་ཅུང་ཟད་བརྗོད་པར་བྱའོ།། ཇེ ་ལ་གཟུགས་ལ་སོགས་པ་ཡུལ་རྣམས་ནི་ཐབས་དང་ཤེས་རབ་ཀྱིས་རྣམ་པར་ཟིན་པར་ཡོངསུ་ལོངས་སྤྱོད་པའི་ངོ་བོར་གྱུར་པ་ནི་འབྲས་བུ་ཁྱད་པར་ཅན་ཐོབ་པར་འགྱུར་བ་ཡིནོ་ཞེས་རྟོག་པ་དང་ལྡན་པ་རྣམས་ཀྱིས་ངེས་པ་ཁོ་ནར་ཁས་བླང་བར ་བྱ་སྟེ། གང་གིས་ན་ཁྱད་པར་ཅན་གྱི་ཚོགས་པ་རྣམས་ནི་ཁྱད་པར་གྱི་འབྲས་བུ་ཉིད་སྐྱེད་པར་བྱེད་པ་ཡི་ནོ་ཞེས་སྨྲ་བ་པོ་ཐམས་ཅད་ལ་གྲགས་པ་ཡི་ནོ།། དེ་ཡང་དཔེར་ན་ས་ལ་སོགས་པ་ལས་སྐྱེས་པའི་སྐྱུ་རུ་རའི་འབྲས་བུའི་རོ་བསྐ་བར་སྣང་ལ། ཡང་འོ་མར་སྤང་བ་ལ ་སོགས་པའི་ལྷག་མའི་རྒྱུ་རྣམས་དང་ཕྲད་པ་ན་དེ་ཉིད་མངར་བ་ཉིད་དུ་ཤེས་པར་འགྱུརརོ།། དེ་བས་ན་ཇི་ལྟར་རྒྱུའི་རྣམ་པ་གཞན་གྱིས་མངོན་པར་འདུས་བྱས་པའི་འབྲས་བུ་ཁྱད་པར་ཅན་འབྱུང་བར་བྱེད་པ་ཉིད་དུ་མངོན་སུམ་ཉིད་ན་སྣང་བ་ཡིན།། དེ་བཞིན་དུ་གཟུགས ་ལ་སོགས་པའི་ཡུལ་རྣམས་རྣལ་འབྱོར་པས་ཕྱག་རྒྱ་ཆེན་པོར་བསྐྱེད་ལ། སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས་པ་ལ་ནི་ཤིན་ཏུ་ཁྱད་པར་ཅན་གྱིས་འབྲས་བུ་བསྐྱེད་པར་བྱེད་པ་ཡིནོ་ཞེས་དམ་པ་རྣམས་ཀྱིས་ཁོང་དུ་ཆུད་པར་བྱའོ།། དེ་ཡང་གང་གི་ཕྱིར་ཚོགས་པ ་ལས་བྱུང་བ་ཡིན་གྱི་ཚིག་རྐྱང་བ་ལས་བྱུང་བ་ནི་འགའ་ཡང་མེད། དེ་བས་ན་ཁྱད་པར་ཅན་གྱི་རྒྱུ་གཞན་དག་ལས་འབྲས་བུ་ཁྱད་པར་ཅན་ཉིད་འབྱུང་བར་འགྱུར་ཏེ། ཐམས་ཅད་མཁྱེན་པའི་རྒྱུ་དང་རྐྱེན་གྱི་ནུས་པ་ནི་བསམ་གྱིས་མི་ཁྱབ་པ་ཡིན་པའི་ཕྱིར། ་དེ་ལ་འདིར་སྦྱོར་བ་ནི་གང་ཁྱད་པར་ཅན་གྱི་རྒྱུས་མངོན་པར་བསྒྲུབས་པ་དེ་ནི་འབྲས་བུ་ཁྱད་པར་ཅན་ཉིད་འབྱིན་པར་བྱེད་དེ་དཔེར་ན་འོ་མར་སྤངས་པའི་སྐྱུ་རུ་རེ་ལ་སོགས་པ་ནི་འབྲས་བུ་མངར་བར་འགྱུར་ཏེ། གཟུགས་ལ་སོགས་པ་ཡོད་རྒྱུ་ཁྱད་པར་ཅན ་གྱིས་མངོན་པར་བསྒྲུབས་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་ཡིན་ཏེ། དེ་ལ་འདིར་ཁྱབ་པར་ཅན་གྱི་རྒྱུ་གཞན་གྱིས་མངོན་པར་བསྒྲུབས་པ་ཙམ་དང་། རྗེ་སུ་འབྲེལ་པའི་རང་བཞིན་གྱིས་འབྲས་བུར་མངོན་པར་འདོད་པའི་དངོས་པོ་ཁྱབ་པར་བྱེད ་རང་བཞིན་མངོན་པར་འདུས་བྱས་པ་ནི་ཁྱབ་པར་བྱ་བ་ཡིནོ།། དེ་ལྟ་བས་ན་གང་དང་གང་ཁྱད་པར་ཅན་གྱི་རྒྱུ་གཞན་གྱིས་མངོན་པར་འདུས་བྱས་པའི་རང་བཞིན་ཡིན་པ་དེ་དང་དེ་ནི་རྒྱུ་མ་ཚང་བ་མེད་པ་དང་། གགས་བྱེད་པ་མེད་པ་ཡིན་ན། ཁྱད་པར་ཅན་གྱི་རྒྱུ ་གཞན་གྱིས་མངོན་པར་འདུས་བྱས་པ་ལས་ཁྱད་པར་ཅན་གྱི་འབྲས་བུ་འབྱུང་སྟེ། དེ་ཙམ་དང་རྗེ་སུ་འབྲེལ་པ་ཡིན་པའི་ཕྱིར།། དེ་བས་ན་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་དངོས་པོ་གྲུབ་ན་ཁྱབ་པར་བྱེད་པ་བསྒྲུབ་པར་བྱ་བ་ལ་ཁྱབ་པར་བྱ་བ་ནི་གཏན་ཚིགས ་ཡིནོ།། དཔེར་ན་ཁྱབ་པར་བྱེད་པོ་ཤིང་ལ་སོགས་པ་བསྒྲུབ་པར་བྱ་བ་ལ་ཁྱབ་པར་བྱ་བ་ཤ་པ་ལ་སོགས་པ་ནི་གཏན་ཚོགས་ཡིན་ཏེ། ཁྱབ་པར་བྱེད་པ་ཁྱབ་པར་བྱ་བའི་དངོས་པོ་ཡིན་པའི་ཕྱིར།། འདིར་ཡང་ཁྱབ་པར་བྱ་བ་དང་། ཁྱབ་པར་བྱེད་པའི་དངོས་པོ ་ལས་རྒྱུ་གཞན་ནི་མེད། དེ་ལྟ་བུར་འདིར་ཡང་ཤེས་པར་བྱའོ།། དེ་ཉིད་ཀྱི་ཕྱིར། ཟླ་གསང་ཐིག་ལེ་ལ་སོགས་པ།། རྣལ་འབྱོར་རྒྱུད་ནི་མ་ལུས་ལས།། ཤེས་རབ་ཐབས་ལྡན་སེམས་ཀྱིས་ནི།། མི་བྱེ་བ་ནི་ཅི་ཡང་མེད།། རྟག་ཏུ་དོགས་པ་མྱེད་གྱུར་པས།། འདོད་པ། ་ལྔ་ནི་སྤྱད་པར་བྱ་ཞེས་བྱ་བ་དང་།། སྨན་གྱི་ཕྱེ་མའི་སྦྱོར་བ་ཡིས།། སྤྲུབ་ཉིད་འཆིང་བར་འགྱུར་བ་བཞིན།། འདོད་ལྡན་རྟག་ཏུ་ཆགས་བྱེད་ལ།། གླུ་དང་རོལ་མོ་ལ་དགའ་ཞིང་།། འདོད་པའི་བདེ་བས་ངོམས་མེད་པ།། འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད།། གང་གི ་བྱང་ཆུབ་སེམས་བརྟན་ཞིང་།། བློ་གྲོས་ཆགས་པ་མེད་གྱུར་པ།། ཐེ་ཚོམ་དག་ནི་མི་བྱ་སྟེ།། དེ་ཡིས་འདིར་ངེས་འགྲུབ་པར་འགྱུར་ཞེས་བྱ་བ་དང་། ལེགས་བརྟགས་ཤིན་ཏུ་དཔྱད་ནས་ནི།། མཁས་པ་རྣམས་ནི་འཇུག་བྱ་ཡི།། གཞན་དུ་མེར་ནི ་འཇུག་པ་ཡིས།། བཅུ་དྲུག་ཆར་ཡང་མི་ཕོད་དོ།། དེ་ཉིད་དེ་ཉིད་ཀྱིས་ཤེས་ནས།། གང་ཞིག་ལྷ་མོ་ལ་བརྟེན་པ།། དེ་འགྲུབ་འགྱུར་གྱི་གཞན་དུ་ནི།། དམྱལ་པོ་ཆེན་པོར་ལྟུང་བར་འགྱུར།། ཞེས་གསུངས་པ་ཡི་ནོ།། གཟུགས་ལ་སོགས་པའི་ཡུལ་རྣམས་ཉོན ་མོངས་པ་བསྐྱེད་པའི་རྒྱུར་གྱུར་པ་ཉིད་ཀྱིས་ན་ངན་འགྲོའི་རྒྱུ་ཡིནོ་ཞེས་བརྗོད་པར་ནུས་པ་ཡང་མ་ཡིན་ཏེ། ཉོན་མོངས་པ་རྣམས་ནི་བདག་དང་བདག་གིར་འཛིན་པ་ལ་མངོན་པར་ཞེན་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་གཟུགས་ལ་སོགས་པ་རྒྱུ་མ་ཡིན་ཏེ། ་གང་གིས་ན། བདག་ཡིད་ལ་ནི་གཞན་དུ་འདུ་ཤེས་ཤིང་།། བདག་གཞན་དུ་འདུ་ཤེས་ཤིང་།། བདག་གཞན་ཆ་ལས་ཡོངསུ་འཛིན་དང་སྡང་།། འདི་གཉིས་དང་ནི་ཀུན་ཏུ་འབྲེལ་པ་ལས།། ཉེས་པ་ཐམས་ཅད་འབྱུང་བར་འགྱུར་བ་ཡིན།། དེ་བས་ན་གང་ལ་བདག ་ཏུ་ལྟ་བ་ཡོད་པ་དེ་ལ་ཉོན་མོངས་པ་འདི་དག་འབྱུང་བར་འགྱུརརོ།། གང་ཡང་བདག་མེད་པ་ལ་ཤིན་ཏུ་གོམས་པར་བྱས་པས་བདག་མེད་པའི་རོ་ཡང་དག་པར་སྒྲུབ་པ་དེ་ལ་ནི་འདི་དག་དེ་ལྟར་མི་འགྱུརརོ།། ཡང་གལ་ཏེ་ཡུལ་རྣམས་རྣམ་པ་ཐམས་ཅད་དུ་འདོད ་གས་ཀྱི་རྒྱུ་ཡིན་ན་དེའི་ཚེ་མི་གཙང་བ་ལ་སོགས་པའི་རྣམ་པ་ཕྱིན་ཅི་ལོག་ཡིན་ན་ཡང་གོམས་པའི་སྟོབས་ཀྱིས་ཤེས་པ་སྐྱེད་པ་ཇི་ལྟར་བྱེད།། དེས་ན་ཇི་ལྟར་སྒྲོ་བཏགས་པ་ཉིད་ལས་རྣམ་པར་ཤེས་པ་འདི་དག་ངེས་པར་འགྱུར་བ་ཡི་ནོ།། དེ་ལྟར་ན་ཁྱད ་པར་ཅན་གྱི་སྒྲོ་བཏགས་པ་དང་། ཁྱད་པར་ཅན་གྱི་ཡོསསུ་གྱུར་པ་ལས་ཁྱད་པར་ཅན་བྱི་འབྲས་བུ་སྐྱེད་པར་བྱེད་པའི་རྒྱུའི་ངོ་བོ་ཉིད་ཡིན་པར་འགྱུར་བར་ཅིའི་ཕྱིར་མི་འདོད། ཇི་ལྟར་བུད་མེད་ཅིག་གི་ལུས་ལ་ནི།། རབ་ཏུ་བྱུང་དང་འདོད་ལྡན་ཁྱི།། རོ་དང་འདོད་ལྡན ་བཟའ་བ་སྟེ།། དེ་ལྟར་རྣམ་པ་གསུམ་དུ་རྟོག། འདི་དག་ཀྱང་ཁྱད་པར་གྱི་སྒྲོ་བཏགས་པ་དང་། དེ་བཞིན་དུ་ཡོངསུ་གྱུར་པ་ལས་འཁོར་བར་འཆིང་བའི་རྒྱུར་གྱུར་པ་ནི་མ་ཡིན་ཏེ། སྦྱིན་པར་བྱ་བ་དང་། སྦྱིན་པ་པོ་དང་། ལན་པ་པོ་མ་དམིགས་པ་ཉིད་ཀྱིས་འཁོར ་གསུམ་ཡོང་སུ་དགྲ་པ་ཡིན་པའི་ཕྱིར།། གང་གི་ཕྱིར་འཁོར་གསུམ་ཡོངསུ་དག་པས་སྔགས་དང་ཕྱག་རྒྱའི་རྣམ་པར་འགྱུར་ཏེ། དེ་བས་ན་སྔགས་ལ་སོགས་པས་མངོན་པརརོ་སྦྱངས་པོའི་ཁྱད་པར་གྱིས་གཟུགས་ལ་སོགས་པའི་ཡུལ་རྣམས་བླ་ན་མེད ་པའི་འབྲས་བུ་ཉིད་སྐྱེད་པར་བྱེད་དོ།། ཇི་ལྟར་དུཀ་ལ་སོགས་པ་སྔགས་ལ་སོགས་པས་མངོན་པར་སྦྱད་པ་ལ་ཉེ་བར་སྦྱར་བ་ན་བཅུད་ཀྱིས་ལེན་པ་ལ་སོགས་པའི་འབྲས་བུ་གཞོན་དག་འབྱོན་པར་བྱེད་ལ། དེ་བྱིས་པ་གཞན་རྣམས་ལ་ནི་ངེས་པར་འཚོ་བ་ཉིད ་བྱེ།། དེ་བཞིན་དུ་ཡུལ་རྣམས་ཀྱང་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས་པ་ནི་ཤིན་ཏུ་ཁྱད་པར་ཅན་གྱི་འབྲས་བུ་ཉིད་མངོན་དུ་བྱེད་པ་ཡིནོ་ཞེས་ངེས་པར་ཁོང་དུ་ཆུད་པར་བྱའོ།། དེ་ཡང་དཔལ་མཆོག་དང་པོ་ལས། འདོད་ཆགས་ཞེ་སྡང་གཏི་མུག་སྟེ།། གསུམ ་པོ་འདི་ཉིད་དུག་ཉིད་འགྱུར།། མི་མཉམ་པ་ཡི་སོ་བསྟོན་ན་ནོ།། འདི་དག་དུག་ནི་ཉིད་དུ་འགྱུརརོ།། བདུད་རྩི་ཉིད་ཕྱིར་བསྟེན་ན་ནི།། བདུ་རྩི་ཉིད་འགྱུར་བ་ཡིན་ཞེས་གསུངས་པ་དེང་། དཀོན་མཆོག་རྩེགས་པ་ལས་ཀྱང་། འོད་སྲུངས་འདི་ལྟ་སྟེ་དཔེར་ན། གྲོང་ཁྱེར་ཆེར ་པོའི་ལུང་གང་ཡིན་པ་དེ་ནི་བུར་རམ་ཤིང་གི་ཞིང་དག་དང་། རྐུན་འབྲུམ་གྱི་ཞིང་དག་ལ་ཕན་པར་འགྱུར་བ་ཡིནོ་ཞེས་གསུངས་པ་དང་། དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཉོན་མོངས་པའི་ལུང་གང་ཡིན་པ་དེ་ཡང་ཐམས་ཅད་མཁྱེན་པ་ཉིད་ལ་ཕན ་པར་གྱུར་པ་ཡི་ནོ།། འོད་སྲུངས་འདི་ལྟ་སྟེ་དཔེར་ན། སྔགས་དང་སྨན་གྱིས་ཡོང་སུ་ཟིན་པོའི་དུག་གིས་ནི་འཆི་བར་བྱེད་མི་ནུས་སོ།། འོད་སྲུངས་དེ་བཞིན་དུ་ཤེས་རབ་དང་ཐབས་མཁས་པས་ཡོང་སུ་ཟིན་པའི་བྱང་ཆུབ་སེམས་དཔའི་ཉོན་མོངས་པའི་དྲུག་གིས་ཀྱང ་ལོག་པར་ལྟུང་བར་བྱེད་མི་ནུ་སོ་ཞེས་གསུངས་པ་དང་། ཡང་སློབ་དཔོན་ནཱ་གྲཱ་དྷུ་མ་སྨིན་ལ་སྔ་ནས་ཀྱིས་ཀྱང་། མགོན་པོ་ཁྱེད་རྒྱ་ཉོན་མོངས་པ།། བག་ཆགས་རྩ་བའི་མཐར་ཐུག་སྦྱངས།། ཉོན་མོངས་རང་བཞིན་ཉིད་ལས་ནི།། ཁྱོད་ཀྱི་བདུད་རྩི་ཉེ་བར་བསྒྲུབས་ནས ་བཤད་པ་དང་། ཡང་ཉེ་བར་འཁོར་གྱིས་ཞུས་པའི་མདོ་ལས་ཀྱང་། འདོད་ཆགས་ནི་བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་ཆེན་པོ་ཉིད་ཀྱིས་འཇུག་སྟེ། སེམས་ཅན་ཁ་རྗེསུ་ཆགས་པར་བྱེད་པའི་ཕྱིར་ཞེས་གསུངས་པས། ཚོགས་པའི་དབྱེ་བ་ལས་འབྲས ་བུའི་དབྱེ་བར་སྣང་བ་དང་། ཆོས་བདག་མེད་པར་རྟོགས་པས་དེ་ལ་མངོན་པར་ཞེན་པ་ཅི་ནས་ཀྱང་འབྱུང་བར་མི་འགྱུར་གྱི། བླ་ན་མེད་པའི་བདེ་བ་ཆེན་པོའི་འབྲས་བུ་ཐོབ་པར་བྱ་བ་ལ་བསྒྲུབ་པ་གཞན་མེད་པས། དེའི་ཕྱིར་ཟས་དང་སྤྱོད་ལམ་ལ་སོགས་པའི་བདེ་བ ་ཉིད་ཀྱི་འོ་བྲས་བུ་དེ་མངོན་སུམ་དུ་བྱ་སྟེ། གང་གི་ཕྱིར་དེ་ཅི་འདྲ་བ་ལས་དེ་འདྲ་བར་འགྱུར་གྱི། གཞན་ལས་འབྱུང་བ་ལས་དེ་ལྟ་བུར་ཇི་ལྟར་འགྱུར། དེ་ཉིད་ཀྱི་ཕྱིར་མཉམ་སྦྱོར་ལས། བདག་ཉིད་སངས་རྒྱས་ཐམས་ཅད་དང་།། དཔའ་བོ་ཐམས་ཅད་ཉིད་ཡི་ནོ།། དེ་བས་བདག ་གི་ལྷར་སྦྱོར་བས།། བདག་ཉིད་རབ་ཏུ་བསྒྲུབ་པར་བྱ།། གཟུགས་བརྙན་ལུགས་ལ་སོགས་པ་ལ།། རྣལ་འབྱོར་འབྱུང་བར་མི་འགྱུར་གྱི།། བྱང་ཆུབ་སེམས་ལ་རབ་བརྩོན་ན།། དེ་ལས་རྣལ་འབྱོར་ལྟར་འགྱུར་རོ།། དེ་ཉིད་ཡོངསུ་སྤངས་ནས་ནི།། དཀའ་ཐུབ་ཀྱིས་ཀྱང་མ ་གདུངས་ཤིག། ཅི་བདེ་བར་ནི་བདེ་བར་གཟུང་།། འོ་ནི་མ་བྱོན་རྫོགས་སངས་རྒྱས།། འདི་ལ་ཁྲུས་དང་བསྒོམ་མི་གོས།། དཀའ་ཐུབ་དཀའ་བར་སྤྱོད་མི་དགོས།། དཀའ་ཐུབ་སྡོམ་པ་མེད་པ་དང་།། བདེ་བ་དང་དགའ་བས་འགྲུབ་ཅེས་གསུངས་པ་དང་། ཅི་ལྟར་བཅོམ་ལྡན ་འདས་ཀྱིས་གཟུགས་ལ་སོགས་པ་དང་། དེ་ལས་བྱུང་བའི་བདེ་བ་ཡོངསུ་གྱུར་པ་ནི། འབྲས་བུ་བླ་ན་མེད་པའི་རྒྱུ་ཡིན་པར་གསུངས་པ་དེ་ལྟར་རིག་པ་ལས་བྱུང་བའི་བདེ་བ་ཡོང་སུ་གྱུར་པ་འདི་ཡང་དེ་དང་འདྲའོ།། འོན་ཏི་ལུང་དང་འགལ་བའི་ཕྱིར་མི་འགྱུརརོ་ཞེས ་ན། ལུང་གི་རེག་པའི་ཁྱད་པར་ཡང་དག་པར་བསྟེན་པ་ལས་འབྲས་བུ་འཐོབ་པར་འགྱུར་བ་ཡིན་པའི་ཕྱིར། ཙོ་དེར་ཡང་འགལ་བ་ཅི་ཞིག་ཡོད།། དེ་ལས་བཀག་པའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། དགག་པའི་ཡུལ་ནི་ངེས་པ་ཅན་ཡིན་པའི་ཕྱིར་ཏེ། གང་ཞིག་འདི ་ཐབས་དང་ཤེས་རབ་དང་བྲལ་ཞིང་བདག་གིར་འཛིན་པ་ལ་མངོན་པར་ཞེན་པས་ཡོངསུ་གྱུར་པ་མི་ཤེས་པར་རེག་པའི་ཁྱད་པར་ཀུན་ཏུ་བསྟན་པ་མ་རིག་པས་ཡོངསུ་བཟུང་བའི་རང་བཞིན་ཅན་དེ་རྣམས་ཀྱིས་ཡུལ་བསྙེན་པ་དེ་ནི་ངན་འགྲོའི་རྒྱུར་འགྱུར་རོ།། ་དེ་ཡང་བཅོམ་ལྡན་འདས་ཀྱིས། གང་ཞིག་དགེ་སློང་དངོས་གནས་དང་།། མི་གང་རྟོག་ལ་དགའ་བ་དང་།། གང་ཡང་རྒན་པོའི་དངོས་གནས་པ།། དེ་ལ་དེ་ཉིད་མི་བསྟན་ཏོ་ཞེས་གསུངས་པས། བཅོམ་ལྡན་འདས་ཀྱིས་དེ་དག་ལས་དགོངས་ནས་དགག་པ་གསུངས་པ ་ཡན།། དཔལ་གསང་བ་འདུས་པ་ལས་ཀྱང་། དགེ་བ་བཅུའི་ལས་ཀྱི་ལམ། ཡེ་ཤེས་སྤངས་པ་རྣམས་འདོད་དོ་ཞེས་གསུངས་པ་དང་། དེ་བཞིན་དུ་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་ལས་ཀྱང་། ཐབས་དང་མི་ལྡན་ཡེ་ཤེས་དང་། ་བསླབ་པ་དག་ཀྱང་བཤད་པ་ནི།། དཔའ་བོ་ཆེན་པོས་ཉན་ཐོས་རྣམས།། དེ་ལ་གཟུད་པའི་ཕྱིར་བཤད་དོ་ཞེས་གསུངས་པས་ཐབས་དང་ཤེས་རབ་ཀྱིས་ཡོངསུ་ཟིན་པའི་རང་བཞི་ནི་ཁྱད་པར་ཅན་གྱི་འབྲས་བུ་ཡོངསུ་ཚོལ་བ་རྣམས་ཀྱི་ཡོངསུ་འགྱུར་པའི་འབྲས ་བུ་ན་ཁྱད་པར་ཉམསུ་མྱོང་བ་ཡིན་པས་དོན་དམ་པའི་ཆོས་ཀྱི་དེ་ཁོ་ན་ཉིད་རྟོགས་པ་དེ་རྣམས་ཀྱིས་ཉེས་པ་ཆུང་ངུའི་ཡང་སྐལ་བ་ཅན་དུ་འགྱུར་བ་མ་ཡིན།། འོན་ཀྱང་བསམ་པའི་ཁྱད་པར་དང་ལྡན་པ་དེ་ལས་བླ་ན་མེད་པའི་འབྲས་བུ་ཐོབ་པར་འགྱུར་ཏེ། སེམས ་རྙོག་པ་མེད་པའི་ཕྱིར།། དེ་བས་ན་བསམ་པའི་ཁྱད་པར་གྱི་བྱ་བ་ལས་བསོད་ནམས་དང་བསོད་ནམས་མ་ཡིན་པ་འོདི་ཉིད་དབྱེ་བ་ངེས་པར་བྱས་པ་ཡིན་གྱི་དངོས་པོ་ཇི་ལྟ་བ་བཞིན་གོནས་པའི་ཚུལ་གྱིས་ནི་མ་ཡིན་ཏེ། འཕགས་པའི་ལྷས་ཀྱང་། བྱང་ཆུབ་སེམས ་དཔའི་ཀུན་རྟོག་ཡོག།། དགེ་བ་འམ་ཡང་ན་མི་དགེ་བ། ཐམས་ཅད་དགེ་བ་ཉིད་འགྱུར་ཏེ།། གང་ཕྱིར་དེ་ཡིད་དབང་གྱུར་ཡིན་ཞེས་བཤད་པོ་ཡིནི།། དེ་བས་ན་ཀུན་ཏུ་རྟོག་པས་བྱས་པའི་བསོད་ནམས་དང་བསོད་ནམས་མ་ཡིན་པ་རྣམས་ལ་ཁྱད་པར་དུ་བྱས ་བའི་ཀུན་ཏུ་རྟོག་པའི་ཁྱད་པར་ལས་དེ་གཟུགས་ལ་སོགས་པ་རྣམས་ལ་བསམ་པའི་ཁྱད་པོར་དེ་ལས་འབྲས་བུ་ཁྱད་པར་ཅན་ཉིད་ངེས་པར་འགྱུར་བས་གཞོན་དག་མི་འདོད་དུ་ཟིན་ཀྱང་ཁས་བླང་བར་བྱའོ།། དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་ཆོས་རྣམས ་སྒྱུ་མ་དང་འདྲ་བ་ལ་སོགས་པར་མོས་པ་དང་ལྡན་པས་ལོངས་སྤྱོད་ཐམས་ཅད་ནི་རུང་བ་ཡི་ནོ་ཞེས་གསུངས་པ་དང་། ཡང་དགེ་སློང་དད་པ་མེད་པ་ནི་དད་པས་བྱིན་པ་ཡོངསུ་ལོངས་སྤྱོད་པའི་འོས་མ་ཡིནོ་ཞེས་གསུངས་པ་དང་། ཡང་མཉམ་སྦྱོར་གྱི་རྒྱུད་ལས ་ཐམས་ཅད་ན་མཁའི་མཚན་ཉིད་དེ།། ན་མཁའ་ལ་ཡང་མཚན་ཉིད་མེད།། ཁམས་གསུམ་དག་ནི་མ་ལུས་པ།། ཐམས་ཅད་སྒྱུ་མ་ལྟ་བུ་སྟེ།། ཇི་ལྟར་སྒྱུ་མ་ཐམས་ཅད།། མཐོང་བ་དང་ནི་རེག་པར་འགྱུར།། དམིག་སུ་ཡོད་པ་མ་ཡིན་ཏེ།། དེ་བཞིན་འགྲོ་བ་ཀུན་གྱིས ་ཚུལ།། ཕྱག་རྒྱ་འདི་ཡིས་རྣལ་འབྱོར་པས།། ས་གསུམ་པོ་ནི་སྦྱང་བར་ཞེས་གསུངས་པ་དང་། ལྷ་ཐམས་ཅད་འདུས་པའི་རྒྱུད་ལས་ཀྱང་།། ཐམས་ཅད་རྫོགས་པའི་སྦྱོར་བ་ཡིས།། གང་གིས་བླུན་པོ་འཆིང་འགྱུར་བ།། དེ་ཡིས་འདི་ན་མཁས་པ་ཆེ།། སེམས་ནི་རྫོགས་པའི ་རྣལ་འབྱོར་པ།། གཞན་དུ་མར་མོ་ལྟར་འགྲུབ་པོ་ཞེས་གསུངས་པ་དང་། ཡང་འཇིག་རྟེན་འདས་སྤྱོད་གསང་བ་ནི།། རྣམ་པར་མི་རྟོག་ཉི་དུ་སྤྱད།། གཞན་དུ་བག་མེད་པར་གྱུར་ན།། དེར་ནི་རྣམ་རྟོག་འཕྲོས་པར་འགྱུར།། རྣམ་པ་ཀུན་གྱིས་ཐམས་ཅད་དུ།། རྣམ་པར་མི ་རྟག་ངོ་བོར་ནི།། སེམས་གཞག་ན་ནི་དོགས་མེད་པ།། དེ་ཚེ་འགྲུབ་པར་ཐེ་ཚོམ་མེད།། གནས་སྐབས་ཀུན་ཏུ་ཐམས་ཅད་དུ།། དོགས་པ་མེད་པའི་སེམས་ཀྱིས་ནི།། སྤྱོད་པ་ཀུན་ལ་འཇུག་ན་ཡང་།། འོཆིང་བ་ཉིད་དུ་མི་འགྱུརརོ།། རྣམ་པར་མི་རྟོག་སེམས་ཀྱིས་ནི།། སྤྱོད ་པ་མ་ལུས་ཀུན་སྤྱད་ཅིང་།། དབང་པོ་ཀུན་ལ་ལོངས་སྤྱོད་པས།། སེམས་དཔར་གནས་ན་འཆིང་མི་འགྱུར་ཞེས་གསུངས་པ་དང་། ཡང་གཟུགས་འདི་ཐམས་ཅད་སྟོང་པོ་སྟེ།། མིག་ཀྱང་སྟོང་པའི་རྣམ་པ་ཡིས།། མཐོང་བཞིན་རྣམ་པར་མི་རྟོག་པའི།། དམ་པ་དོགས་པ ་མེད་དར་འགྱུར།། ཡང་དེ་ཉིད་ལས་ཐམས་ཅད་ན་མཁའི་རང་བཞིན་ཏེ།། སེམས་ཀྱང་ནམཁའི་རང་བཞིན་དུ།། རྟེན་ན་རྣམ་རྟོག་མེད་ཉིད་དང་།། དོགས་པ་མེད་པ་ཉིད་རབ་སྐྱེ།། ཞེས་གསུངས་པ་དང་། ཡང་རྣལ་འབྱོར་པ་རྣམས་ཀྱིས་རྟུལ་ཞུགས་ཅི ་བུ་ཡིན་ཞེ་ན། དོགས་པ་མེད་པའི་སེམས་ཀྱིས་ནི།། ལས་རྣམས་ཀུན་ལ་ཐབས་བཅས་པར།། གང་ཚེ་ཐེ་ཚོམ་མེད་སྤྱོད་པ།། བརྟུལ་ཞུགས་རྣམས་ཀྱི་མཆོག་གི་མཆོག། དཀའ་ཐུབ་ཅི་ཞིག་ཡིན་ཞེ་ན།། ལས་རྣམས་ཐམས་ཅད་རྣམ་ཀུན་ཏུ།། རྣམ་པར་མི་རྟོག་སེམས ་ཀྱིས་ནི།། དོགས་པ་མེད་པར་ཀུན་སྤྱོད་པ།། དཀའ་ཐུབ་ཀུན་གྱི་མཆོག་གི་མཆོག། རྣམ་རྟོག་མེད་པའི་སེམས་ཀྱིས་ནི།། ཡུལ་རྣམས་བརྟེན་པར་གྱུར་པ་ན།། སྨོད་པར་གྱུར་པས་མི་གནོད་པ།། དཀའ་ཐུབ་དེ་ནི་འདའ་བར་དཀའ།། གང་ཞིག་ལས་རྣམས་ཐམས་ཅད ་ཤེས་རབ་ཀྱིས་ནི་ངེས་སྦྱོར་ཞི་།། དེ་ཡང་སྟོང་པའི་གནས་སུ་སྦྱར།། བདག་ཉིད་ཆེན་པོའི་དཀའ་ཐུབ་འདི།། ཤེས་རབ་འཕོ་བའི་ངོ་བོས་ནི།། རྣམ་པར་རྟོག་པ་མེད་སེམས་ཀྱིས།། དོགས་པ་མེད་པར་ཀུན་སྤྱད་སྤོང་།། བདག་ཉིད་ཆེ་དེའི་དཀའ་ཐུབ་ཡིན།། གལ་ཏེ ་ཐབས་དང་ཤེས་རབ་ལས།། སེམས་ནི་གཞན་དུ་མི་འཇུག་པ།། ངེས་པོར་དེ་ནི་བྱང་ཆུབ་ཆེ།། རབ་ཏུ་སྦྱིན་བྱེད་ཡིན་པར་བསྟན།། རྣལ་འབྱོར་པ་ནི་མངོན་བརྩོན་པས།། རྣམ་པར་མི་རྟོག་རྗེས་འགྲོ་བ།། དེའི་འབྱོར་པ་ཐམས་ཅད་ནི།། ལོངས་སྤྱོད་དོན་དུ་སྤྲུལ་པ་ཡིན།། ཤེས་རབ ་མེ་ལོང་ལ་འཕོ་ན།། འདུ་བྱེད་དེའི་རྣམ་པ་ཡིན།། དེའི་དྲན་ཤེས་རབ་ཀྱིས་བསྐྱེད་པ།། རྣམ་རྟོག་མེད་པའི་བདག་ཉིད་སེམས།། མེ་ཡོང་གི་ནི་གཟུགས་བརྙན་དང་།། རྨི་ལམ་སྒྱུ་མ་ཆུ་སུར་དང་།། མིག་འཕྲུལ་དང་ནི་འདྲ་བ་རུ།། གང་གིས་མཐོང་དེ་གཙོ་བོར་བཤད།། འདུས ་བྱས་རྣམས་ཀྱི་འགྱུར་བ་ནི།། གློག་དང་དྲི་ཟའི་གྲོང་ཁྱེར་གྱི།། རྣམ་པ་ཅི་འདྲང་མཐོང་གྱུར་པ།། སྐྱེ་དགུ་དེའི་དབང་གྱུར་བཤད།། ཅེས་གསུངས་པ་ཡི་ནོ།། དེས་ན་གད་དུ་མངོན་པར་ཞེན་པར་འགྱུར་བའི་གནས་ནི་གང་ཡང་ཡོད་པ་མ་ཡི་ནོ།། གང་གི་ཚེ་དེ་ལྟ་བུའི ་སྐྱོ་མ་ལྟ་བུའི་དངོས་པོ་ཁྱད་པར་ཅན་གྱི་ལོངས་སྤྱོད་ལས་ཡང་དག་པར་བྱུང་བའི་བདེ་བ་ཡོངསུ་གྱུར་པ་ལས་འབྲས་བུ་ཁྱད་པར་ཅན་ཅུང་ཞིག་ཙམ་ཐོབ་པ་དེའི་ཆི་ཅིའི་ཕྱིར་མི་འདོད། འདི་དག་ནི་ངོ་བོ་ཉིད་ཀྱིས་བརྟན་པ་མ་ཡིན་གྱི་འོན་ཀྱང་སྣང་བ་ཙམ་གྱི ་མམཚན་ཉིད་ཡིནོ།། གལ་ཏེ་འདི་དག་ཁྱད་པར་ཅན་གྱི་སྒོམ་པ་གོམས་པའི་སྟོབས་ཀྱིས་བདེ་བ་དང་། ཡིད་བདེ་བ་ལ་སོགས་པའི་ཁྱད་པར་ཅན་གྱི་འབྲས་བུ་བསྐྱེད་པ་ན་བླ་ན་མེད་པ་ཐོབ་པའི་རྒྱུའི་ངོ་བོར་དེའི་ཚེ་འགྱུར་པ་ལ་འགལ་བ་ཡང་མེད་དོ།། དེ་ཡང་དཔལ ་མཆོག་དང་པོ་ལས། བདག་ཉིད་སངས་རྒྱས་ཐམས་ཅད་དེ།། དཔའ་བོ་ཐམས་ཅད་ཉིད་ཀྱང་ཡིན།། རང་གི་ལྷ་ཡི་སྦྱོར་བ་ཡིས།། བདེ་བས་བདག་ཉིད་བསྒྲུབ་པར་བྱ།། དཀའ་ཐུབ་སྡོམ་པ་མི་བཟད་པས།། ལུས་ཅན་ལུས་ནི་སྐམས་འགྱུར་ལ།། སྡུག་བསྔལ་གྱིས ་ནི་སེམས་གཡེངས་ཤིང་།། གཡེངས་པས་དངོས་གྲུབ་གཞན་དུ་འགྱུར།། ཡིད་ཀྱི་ལུས་ནི་བརྟན་པའི་ཕྱིར།། བདེ་བ་ཐམས་ཅད་བརྟན་པར་འགྱུར།། སྡུག་བསྔལ་གྱིས་ནི་གཡོ་འགྱུར་བའམ། འགོག་པ་ཐོབ་པར་འགྱུར་བ་ཡིན།། ཞེས་གསུངས་པ་དང་། ཡང ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་རྡོ་རྗེའི་རྒྱུད་ལས། བདེ་བས་དངོས་གྲུབ་ཐོབ་འགྱུར་གྱི།། ལུས་ཀྱི་གདུང་བས་འགྲུབ་མི་འགྱུར།། གང་ཕྱིར་ཏོང་འཛིན་ལས་བྱུང་བའི།། བ་པ་ཀུན་ལ་འཚང་རྒྱ་ཉིད།། ཟས་གཅོད་ལ་སོགས་དྲག་པོ་དང་། དེ་བཞིན་དཀའ ་ཐུབ་གཞན་སོགས་ཀྱིས།། ལུས་གདུང་པ་ཡིས་རྣམ་པར་གཡེང་།། གཡེངས་པས་དངོས་གྲུབ་གཞན་དུ་འགྱུར།། སེམས་ཅན་དམན་པས་མི་འགྲུབ་སྟེ།། དེ་བས་དཀའ་སྤྱད་མིན་པར་བཤད་ཅེས་གསུངས་པ་དང་། ཡང་དཔག ་གསང་བ་འདུས་པ་ལས།། དཀའ་ཐུབ་སྡོམ་པ་མི་བཟད་པ།། བརྟེན་ཀྱང་འགྲུབ་པར་མི་འགྱུར་གྱི།། འདོད་པའི་ལོངས་སྤྱོད་ཐམས་ཅད་ལ།། བརྟེན་ན་མྱུར་དུ་འགྲུབ་པར་འགྱུར།། སློངས་མོ་ཟ་ཞིང་མི་བཟླ་སྟེ།། སློངས་ལ་དགའ་བར་མི་བྱའོ།། འདོད་པ་ཀུན ་ལ་ལོངས་སྤྱོད་ཅིང་།། སྔགས་ཀྱི་ཡན་ལག་མ་ཉམས་བཟླས།། ལུས་དང་ངག་དང་སེམས་རྣམས་ནི།། བདེ་བར་གནས་ནི་བྱང་ཆུབ་ཐོབ།། གཞན་དུ་དུས་མིན་འཚོ་བ་དང་།། དམྱལ་བར་ངེས་པར་སྲེག་པར་འགྱུར།། ཞེས་གསུངས་པ་ཡིནོ།། དེ་བས་ན་ཡང་ནོར ་བུ་ཚོན་ཤེ་ལོ་དང་འདྲ་བར་རང་བཞིན་གྱིས་འོད་གསལ་བ་ཡིན་ལ། གཟུགས་ལ་སོགས་པས་མངོན་པར་འདུས་བྱས་པའི་ཁྱད་པར་ལས་བདེ་བ་དང་། ཡིད་བདེ་བའི་མཚན་ཉིད་ཅན་གང་ཡིན་པ་དེ་དེར་ཐབས་དང་ཤེས་རབ་ཀྱིས་ཡོངསུ་ཟིན་པའི ་གོམས་པའི་ཁྱད་པར་གྱི་སྟོབས་ཀྱིས་རབ་ཀྱི་མཐར་ཐུག་པའི་ངོ་བོ་ཉིད་ཐོབ་པར་འགྱུར་བ་ཡིནོ།། དེ་ཡང་འདི་ལྟར་ཤེས་རབ་དང་བཟོ་དང་སྒྱུ་རྩལ་ལ་སོགས་པ་དང་འདྲ་བར་གཟུགས་ལ་སོགས་པའི་ཡུལ་ཉམས་སུ་མྱོང་བ་ལས་ཡང་དག་པར ་བྱུང་བའི་འདུ་ས་བྱས་པའི་ཁྱད་པར་ལས་རྣལ་འབྱོར་པོའི་ཤེས་པས་རྒྱུན་ཏུ་བསྒོམ་པ་གོམས་པའི་སྟོབས་ཀྱིས་མཆོག་ཏུ་རྟག་པའི་ངོ་བོ་ཉིད་འཐོབ་པར་འགྱུར་བ་ཡིན་ཏེ། བསྒོམ་པའི་རབ་ཀྱི་མཐར་ཐུག་པར་སོན་པོ་ཡིན་པའི་ཕྱིར་རང་གི་གྲུབ ་པའི་མཐའ་ལས་བདེ་བར་གཤེགས་པ་ལ་སོགས་པ་འདྲ་ལ། འཇིག་རྟེན་ན་ཡང་འདོད་པ་དང་། མྱ་ངན་དང་། འཇིགས་པ་དང་། སྨྱོས་པ་ལ་སོགས་པ་དང་འདྲ་བར་རེག་པ་ལས་བྱུང་བའི་བདེ་བ་དང་། ཡིད་བདེ་བ་ལ་སོགས་པ་ཡང་གོམས ་བས་ཡིནོ།། དེ་བས་ན་དེ་རྣམས་ཀྱང་མཆོག་ཏུ་ཁྱད་པར་དུ་གྱུར་པ་དང་ལྡན་པ་ཡིན་པས་རང་བཞིན་འགལ་བ་དམྱིགས་པ་ཡིན་ཏེ། འ་དིར་ཡང་སྡུག་བསྔལ་ལ་སོགས་པ་དང་མི་མཐུན་པ་བདེ་བ་དང་ཡིད་བདེ་བ་ལ་སོགས་པའི་མཚན་ཉིད་ཅན་ནི ་འབྲས་བུ་ཡིན་ལ། དེ་ཡང་གང་གི་ཚེ་གོམས་པའི་སྟོབས་མངོན་སུམ་དུ་གྱུར་པ་ཐོབ་པ་དམིགས་པར་གྱུར་པ་དེའི་ཚེ་དེ་དང་མི་མཐུན་པའི་སྡུག་བསྔལ་དང་ཡིད་མི་བདེ་བ་ལ་སོགས་པ་ལྡོག་པར་འགྱུར་ཞིང་། རང་གི་ཡོན་ཏན་གྱི་ཚོགས་རྣམས་ཀྱང ་སྡུད་པར་འགྱུརརོ།། དེ་བས་ན་དར་གོམས་པར་གྱུར་པས་གནས་པ་དང་། དེ་དང་མི་མཐུན་པའི་སྡུག་བསྔལ་ལ་སོགས་པའི་གོ་སྐབས་དབྱེ་བ་འགོག་པར་བྱེད་དོ།། འདི་ལྟ་སྟེ་དཔེར་ན། གྲང་བ་ལ་སོགས་པ་དང་མི་མཐུན་པ་དྲོ་བ་ལ་སོགས་པ་དང་ཕྲད་པར ་གྱུར་པ་ན་གྲུང་བ་ལ་སོགས་པ་མེད་པ་སྐྱེད་པར་བྱེད་དོ།། གང་གིས་གཞི་གཅིག་ལ་ཕན་ཚུན་མོ་མཐུན་པ་གཉིས་ཡོད་པར་དམིགས་པར་མི་འགྱུར་རོ།། དེ་བཞིན་དུ་བདེ་བ་དང་སྡུག་བསྔལ་འདི་གཉིས་ཀྱང་རྒྱུད་གཅིག་གི་བདག་ཉིད་དུ་ཇི་ལྟར་ཡང་འབྱུང་མ ་སྲིད་དེ། དེ་ནི་དེ་དང་མི་མཐུན་པ་ཡིན་པའི་ཕྱིར།། དེ་བོས་ན་བདེ་བ་དང་ཡིད་བདེ་བ་ལ་སོགས་པ་གོམས་པར་བྱེད་པ་ཉིད་ནི་སྡུག་བསྔལ་ལ་སོགས་པ་ཇི་ལྟར་ཡང་འབྱུང་བར་འགྱུར་བའི་གནས་རྙེད་པར་མི་འགྱུར་ཞེས་བྱ་བ་ནི་རིགས་པར་སྨྲས་པ་ཡིནོ།། ་རང་བཞིན་འགལ་བ་དམིགས་པ་དེའི་ངོ་བོ་ཡང་མེད་པ་གོ་བར་བྱེད་པ་ཡིན་པས་རབ་ཀྱི་མཐར་ཐུག་པར་འགྲོ་བའི་ཡང་རྒྱུ་ནི་གོམས་པའི་ཁྱད་པར་ཡིན་ཏེ། ཤེས་རབ་དང་བཟོ་དང་། སྒྱུ་རྩལ་ལ་སོགས་པ་དང་འདྲ་ལ། དེའི་ཁྱད ་པར་ལས་འགལ་བ་དམིགས་པ་ཡིན་པར་ཁོང་དུ་ཆུད་པར་བྱའོ།། འདི་ལྟར་ཡང་བསྒོམ་བཞིན་པ་ལས་གལ་ཏེ་ཁྱད་པར་ཐོབ་པར་གྱུར་པ་ན་ཡང་སླར་ཟློག་པར་འདོད་ན། དེའི་ཚེ་ཟད་པར་ས་ལ་སོགས་པར་ཡང་བསྒོམ་པའི་རབ་ཀྱི་མཐོར ་ཐུག་པ་ལ་འཇུག་པ་རྣམས་དེ་བཞིན་དུ་ལྡོག་པར་འགྱུར་པ་ཞོག་ན་དེ་ལྟར་མི་འདོད་དེ་གང་གི་ཕྱིར་གང་ཞིང་། རབ་ཀྱི་མཐར་ཕྱིན་པ་ལ་འཇུག་པས་རང་གི་བདག་ཉིད་ཀྱི་ངོ་ཉིད་ཐོབ་པར་གྱུར་པ་རྣམས་ནི་དེ་དག་ལྡོག་པར་མི་འགྱུར་ཏེ། དཔེར ་ན་ཟད་པར་ས་ལ་སོགས་པ་དང་འདྲའོ།། བདག་ཉིད་ཀྱི་ངོ་བོ་ཉིད་ཐོབ་པར་གྱུར་པ་ནི་ཁྱད་པར་གྱི་བོདེ་བ་དང་ཡིད་བདེ་བ་ལ་སོགས་པ་བརྟེན་པ་དེ་ལས་དེ་ཡང་ལྡོག་པར་མི་འགྱུར་ཏེ། ལྡོག་པའི་རྒྱུ་མེད་པའི་ཕྱིར་ཏེ། གང་ཡང་ཉེས་པ་ལས ་ལྡོག་པའི་སྐལ་བ་ཅན་ཡིན་པ་དེ་ལ་དེ་ལྟར་འདི་ཡོད་པ་མ་ཡོ་ནོ།། དེའི་རྗེས་ཐོགས་ལ་སྡུག་བསྔལ་འབྱུང་བར་འགྱུར་བ་ཡང་མ་ཡིན་ཏེ། རབ་ཀྱི་མཐར་ཐུག་པུ་དེ་ཕྱིན་པར་གྱུར་པ་ལ་དེ་མི་སྲིད་དོ།། གཞན་དུ་ནི་མཐར་པའི་རྗེས་ལ་ཡང་འཁོར ་བར་འགྱུར་རོ་ཞེས་བྱ་བར་ནི་འདོད་པའམ་རིགས་པ་མ་ཡིན་ཏེ། གང་གས་ན་ཐར་པ་ཐོབ་པ་རྣམས་འཁོར་བར་སྐྱེ་བར་འགྱུར་བ་ནི་མི་འདོད་པ་ཁོ་ན་ཡོནོ།། དེ་ཡང་དེའི་ཚེ་མ་རིག་པའི་བག་ཆགས་ལས་རྣམ་པར་ལྡོག་པའི་ཕྱིར་དང་རྒྱུ་མེད་པའི་ཕྱིར་རོ།། ་གང་གཞན་གྱི་དོན་དུ་ཡང་དག་པར་སྐྱེ་བ་ནི་འཁོར་བ་པ་མ་ཡིན་ཏེ། སྔོན་གྱི་སྨོན་ལམ་ལ་སོགས་པའི་ཤུགས་ཀྱི་སྟོབས་ཉིད་ཀྱིས་དེར་འཇུག་པ་ཡིན་པའི་ཕྱིརརོ།། བག་ཆགས་ཀྱི་སྟོབས་ཀྱིས་ནི་མ་ཡི་ནོ།། དེ་བས་ན་ཇི་ལྟར་ཐར་པའི་རྗེས་ཐོགས་ལ ་འཁོར་བར་འགྱུར་བ་མ་ཡིན་པ་དེ་བཞིན་དུ་བདེ་བ་རབ་ཀྱི་མཐར་ཐུག་པའི་རྗེས་ཐོགས་ལ་སྡུག་བསྔལ་གྱི་སེམས་ཀྱང་སྐྱེ་བར་མི་འགྱུར་ཏེ། དེ་ནི་ནོར་བུ་ཚོན་ཤེལ་དང་འདྲ་བར་རང་བཞིན་གྱིས་ཡོང་སུ་དག་པ་ཡིན་པའི་ཕྱི་རོ།། གང་དང་གང་ལ་བརྟེན ་པ་དེ་དང་དེརུ་གོམས་པའི་སྟོབས་ཀྱིས་ཤིན་ཏུ་ཁྱད་པར་དུ་འཕགས་པའི་ངོ་བོ་ཉིད་གསལ་བར་བྱེད། སླར་ཡང་མི་ལྡོག་པའི་ཆོས་ཀྱི་མཚན་ཉིད་ཡི་ནོ།། དེ་བས་ན་དངོས་པོ་གང་དང་གང་གིས་ནི།། མི་རྣམས་ཡིད་ནི་དགའ་འགྱུར་བ།། དེ་དང་དེའི་རང ་བཞིན་འགྱུར།། སྣ་ཚོགས་ནོར་བུ་ཇི་བཞི་ནོ།། ཞེས་བཤད་པ་ཡི་ནོ།། དེས་ན་འདི་དག་ཐམས་ཅད་ནི་ཁྱད་པར་ཅན་ཡོངསུ་གྱུར་པའི་ཕྱིར་ཡོངསུ་འགྱུར་བཞིན་པ་ལས་ཁྱད་པར་ཅན་གྱི་འབྲས་བུ་ཐོབ་པར་བྱེད་པ་ཡིནོ།། དེ་བས་ན་ཡོངསུ་གྱུར་པ་ན་ལེགས ་པ་སྐྱེད་པར་མི་འགྱུར་ཞིང་། སྔོན་གྱི་ཡས་ཀྱི་འཕེན་པའི་ཤུགས་ལས་དེ་ལྟར་མི་འགྱུར་བ་ནི་ཅི་ཡང་མེད་དེ། གཞན་དུ་ན་ཁྱད་པར་ཅན་གྱི་ཡོངས་སུ་གྱུར་པ་དོན་མེད་པར་འགྱུར་ཞིང་ཐམས་ཅད་དུ་ཡིད་བརྟན་དུ་མི་རུང་བར་འགྱུར་རོ།། དེ་ཡང་རྒྱལ་བའི་ཡུམ་ལས ་རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པ་དང་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ལྷའི་དྲི་འབུལ་ཞིང་དེ་འདི་སྙམ་དུ་བདག་གི་དགེ་བའི་རྩ་བ་འདིས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང ་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དུ་སེམས་ཅན་ཐམས་ཅད་ལྷའི་རེག་པའི་ཁྱད་པར་སྔོན་དུ་གྱུར་ཅིག་ཅེས་བསྔོལ། གཞན་ཡང་རབ་འབྱོར་འདོད་པ་ཙམ་གྱིས་འདོད་པའི་ཡོན་ཏན་ལྔ་སངས ་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དང་། སེམས་ཅན་ཐམས་ཅད་ལ་སྟོབ་ཅིང་། དེ་ལྟར་ཡང་དག་པར་ཤེས་པས་འདི་ལྟར་བདག་གི་དགེ་བའི་རྩ་བ་འདིས་སངས་རྒྱས་ཀྱི་ཞིང་དུ་བླ་ན་མེད་པ་ཡང་དག་པར་རྫོགས ་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དང་། སེམས་ཅན་ཐམས་ཅད་ཀྱང་འདོད་པ་ཙམ་གྱིས་ཡིད་བཞིན་དུ་འདོད་པའི་ཡོན་ཏན་ལྔ་འབྱུང་བར་འགྱུར་ཅིག་ཅེས་བསྔོ་ལ། གཞན ་ཡང་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་ཉན་ཐོས་ཀྱི་དགེ་འདུན་དང་སེམས་ཅན་ཐམས་ཅད་དང་བཅས་པ་ལ་འདོད་པའི་ཡོན་ཏན་ལྔ་སྟོབ་པར་བྱེད་ཅིང་ཞེས་བྱ་བ་ལ་སོགས ་པ་གསུངས་སོ།། དེ་ལྟར་ན་བག་ཆགས་ཀྱི་སྟོབས་ལས་འགྱུར་ཏེ། དེ་ལྟར་མཐོང་བའི་འབྲས་བུ་ལ་ཡང་ཇི་ལྟར་འཇིག་རྟེན་ནམ་དུ་ལུང་གཱ་ལ་སོགས་པའི་རྒྱུ་སྐྱེགས་ལ་སོགས་པས་བསྒོས་ན་དེ་དང་འདྲ་བར་སྣང་ངོ་།། དེ་བྱས་ན་སེམས་ཀྱང་བྱའི། ་རེག་པ་ལ་སོགས་པ་ལ་བརྟེན་པ་ན་བདེ་བ་ལ་སོགས་པ་སྦྱོང་བའི་ཁྱད་པར་སོ་སོར་རྟོགས་པ་བསྐྱེད་པའི་ཁྱད་པར་གྱིས་ཡང་དེ་ཉིད་མངོན་དུ་ཕྱོགས་པར་འགྱུར་ཏེ། སེམས་དེ་ལ་རྗེསུ་ཆགས་པའི་ཕྱིར།། དེར་ཞེན་པ་ནི་དེ་ཉིད་ལ་བརྟན་པར་འགྱུར ་དེ་ཡང་ཇི་ལྟར་དྲ་དུ་རཱ་དང་། ར་ས་བྲལ་གྱི་ས་བོན་དང་། སེའུ་འབྲས་ལ་སོགས་པ་རྒྱུ་གཞན་གྱིས་བསྒོས་པའི་ཁྱད་པར་ལས་དེར་བསྒོས་པའི་དབང་གིས་དེ་དང་འདྲ་བའི་འབྲས་བུ་འབྱུང་ངོ་།། དེ་བཞིན་དུ་སེམས་ཀྱང་རེག་པ་ལ་སོགས་པ་ལས་ངེས ་པར་འབྱུང་བའི་བདེ་བ་དང་ཡིད་བདེ་བ་ལ་སོགས་པའི་ཁྱད་པར་དེ་ལས་འབྲས་བུ་གོང་ནས་གོང་མར་གྱུར་པའི་ཁྱད་པར་རྐྱེན་འཐོབ་པར་འགྱུར་ཏེ། དེའི་མི་མཐུན་པའི་ཕྱོགས་ལ་མངོན་པར་མ་ཞེན་པའི་ཕྱིར་མི་མཐུན་པའི་ཕྱོགས་འབྱུང་བར ་མི་འགྱུར་ཏེ། དེ་དང་འགལ་བའི་ཕྱིར་དང་། བདེ་བ་ཡིན་པའི་ཕྱིར།། དེ་བས་ན་བཅོམ་ལྡན་འདས་ཀྱིས། དཔལ་མཆོག་དང་པོ་ལ་སོགས་པ་ལས། སྡུག་བསྔལ་དང་། ཡིད་མི་བདེ་བ་ལ་སོགས་པ་ཐམས་ཅད་ཀྱི་གོ་སྐབས་དབྱེ་བོར་མི་བྱའོ་ཞེས ་གསུངས་པ་དང་། ཡང་ལྷ་ཐམས་ཅད་ཡང་དག་པར་འདུས་པའི་རྒྱུད་ལས།། ལྷ་དུང་ལྷ་མིན་འབྱུང་པོ་རྣམས།། སོ་སོར་རྟོགས་པ་ཡོད་མིན་གྱི།། དེའི་ཡན་ལག་བསྟན་པ་ཡིས།། དགའ་བ་ཉེ་བར་སྤྱོད་པར་འགྱུར།། མར་མེ་འདྲ་བར་མྱ་ངན་འདས།། དེ ་ནི་ཤིན་ཏུ་འགྲོ་བ་ཡིན།། མྱ་ངན་འདས་མི་མི་བཟད་པས།། ཐལ་བྲོའང་ལུས་པ་མེད་པར་འགྱུར།། དེ་ལ་ལུས་ནི་ཡོད་མིན་ཞིང་།། དབང་དོན་མ་ཡིན་ཁམས་རྣམས་མིན།། སེམས་མེད་སེམས་ལསོ་བྱུང་བའང་མེད།། ང་རྒྱལ་བློ་ནི་ཡོད་མིན་ཞིང་།། ་སེམས་ཅན་མེད་ཅིང་ཤེས་རབ་མེད།། སེམས་ནི་ཅི་ཡང་ཡོད་མ་ཡིན།། གཉིད་སྡུག་ལོག་གནས་ལྟ་བུར་ན།། རྣམ་རྟོག་མེད་ཅིང་བདག་མེད་པ།། འདུ་ཤེས་མེད་ཅིང་སྤྱོད་པ་མེད།། གཟུགས་མེད་ཡོན་ཏན་གང་ཡང་མེད།། དེ་ནི་མྱ་ངན་འདས་པར་བསྟན།། ་ཐར་འདོད་ཆ་དང་བྲལ་བ་ཡིན།། འཁོར་བ་ཡི་ནི་ངོ་བོ་ཉིད།། རང་བཞིན་དངོས་མེད་ཤེས་བྱས་ལ།། གལ་ཏེ་མྱ་ངན་འདས་མི་འདོད།། དེ་ཚེ་སད་པར་ཤེས་པར་བྱ།། རང་བཞིན་མེད་པའི་ངོ་བོ་ཉིད།། ཡང་དག་ངོ་བོའི་རང་བཞིན་ཤེས།། མྱུ་ངམ་དུ ་ལ་གང་བསྒྲུབ་པ།། བརྩོན་འགྲུས་མི་ལྡན་དངོས་གྲུབ་མེད།། དམན་པའི་སེམས་སུ་འགྱུར་བ་ལས།། བྱས་པོ་ཆུང་རབ་གསོན་གཞན་མེད།། གང་དག་བྱང་ཆུབ་མཆོག་བསྒྲུབ་པས།། མ་གྲུབ་པར་ནི་ཞུམ་འགྱུར་བ།། བདག་ཉིད་འཕྲོག་པའི་རྐུན་པོ་ནི།། དེ་ཡིས ་སྡིག་པ་ཅི་མི་བྱས།། སངས་རྒྱས་བདག་ཉིད་ཅན་གྱི་ལུས།། བདེ་བས་གྲུབ་པ་རྒྱས་མི་བྱེད།། དེ་ལ་བརྩོན་པ་ཡོད་མ་ནི་ཞིང་།། སྙིང་སྟོབས་ལ་ཡང་གནས་པ་མནི།། བྱང་ཆུབ་མཆོག་ན་རིབ་བསྒྲུབས་པ།། མི་འགྲུབ་མྱ་ངན་འདས་པར་འགྲོ། རབ་དམན་དེ་ལས ་གཞན་མེད་དོ།། སྐྱེ་བོ་ངན་པའང་གཞན་ཡོད་མིན།། གང་ཞིག་བྱང་ཆུབ་མཆོག་ཐོབ་ནས།། རང་གི་ལུས་ནི་སྤོང་བྱེད་པ།། བརྩོན་པ་དེ་ནི་བརྩོན་འགྲུས་ཀྱི།། རབ་ཏུ་སད་པར་གནས་པ་ཡིན།། དེ་བས་དབང་པོ་ཐམས་ཅད་ལ།། ཉེ་ལོངས་སྤྱོད་པས་འཆིང་མ་ཡིན ་ཞེས་གསུངས་པ་དང་།། ཡང་ཡིད་གཉིས་ཡང་དག་པར་འཇོམས་པ་ཞེས་བྱ་བའི་རྒྱུད་ལས། སྐྱེས་བུ་དེ་ཉིད་བརྟུལ་ཞུགས་མེད།། དེ་ལས་འབྲས་བུ་ཆེར་ལྡན་པ།། འགའ་ལ་སེམས་ནི་མོས་གྱུར་ཀྱང་།། བག་ཆགས་ཇི་ལྟར་འདོར་བར་འགྱུར།། རྣལ་འབྱོར་རྒྱུད ་ཀྱི་བརྟུལ་ཞུགས་ལ།། གནས་པའི་སེམས་ནི་མ་སྦྱངས་པ།། ལྟ་བ་ཐ་དད་ཡིན་པའི་ཕྱིར།། རབ་ཏུ་སད་ཀྱང་བརླག་པར་འགྱུར།། གང་ཞིག་རབ་ཏུ་སད་གྱུར་མི།། མར་མེ་ལྟ་བུར་མྱ་ངན་འདར།། ཤིན་ཏུ་བྱས་ཆུང་གསོན་གཞན་མེད།། དངོས་གྲུབ་ལ་ནི་དེར་མི་སྤྱོད།། རང ་གི་ལུས་ལས་བྱུང་བ་ཡི།། མངོན་སུམ་འདོད་པ་དང་བྲལ་ཞིང་།། མྱ་ངན་འདས་པ་ལ་ཞུགས་པ།། སྙིང་སྟོབས་ཞན་པ་གཞན་ཡོད་མིན།། འདི་ན་རབ་ཏུ་སང་རྒྱུ་ལས།། མི་གང་མྱ་ངན་འདས་འགྲོ་བ།། བདེ་བ་མཐའ་ཡས་རབ་སྤངས་ནས།། དེ་ཚྭ་འབྲས་བུ་ཅི་ཞིག་འགྲུབ་ཅེས ་གསུངས་པ་དང་། དངུལ་ཆུ་མེ་དང་ཕྲད་པ་ལས།། དངོས་པོ་ཅི་འདྲར་སོང་གྱུར་དང་།། ཚིག་པར་མངོན་པའང་མེད་གྱུར་ཅིང་།། དུ་བར་སྤོང་བའང་ཡོད་མ་ཡིན།། ལྕི་བའི་གཞོམ་པའི་སྦྱོར་བ་ཡིས།། གང་ཚེ་སླར་ཡང་སྡུད་པ་ལྟར།། དེ་བཞིན་ཡེ་ཤེས་ཕྱག་རྒྱ་ཆེ།། འདྲ་བ་དུ་ནི ་ཤེས་པར་བྱ་ཞེས་བཤད་པ་ཡི་ནོ།། སྦྱོར་བ་ཡང་རབ་ཀྱི་མཐར་ཐུག་པ་གང་དང་གང་ཐོབ་པ་དེ་ལས་ལྡོག་པར་མི་འགྱུར་ཏེ། དཔེར་ན་ཐར་པ་ལ་སོགས་པ་དང་འདྲའོ།། རབ་ཀྱི་མཐར་ཐུག་པའི་རྒྱུའི་ངོ་བོ་ནི་བདེ་བ་དང་ཡིད་བདེ་བ་ལ་སོཊ་བའི་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན ་ཚིགས་སོ།། གཞན་ཡང་གང་ཞིག་བསྒོམས་པར་གྱུར་པའི་བསྒོམ་པ་དེ་གོམས་པའི་སྟོབས་ཀྱིས་རབ་ཀྱི་མཐར་ཐུག་པ་ལ་གནས་པ་འཐོབ་པར་འགྱུར་བ་ཡིན་ཏེ། དཔེར་ན་ཤེས་རབ་དང་། བཟ་དང་། སྒྱུ་རྩལ་ལ་སོགས་པ་དང་འདྲའོ།། བསྒོམ་པར་བྱ་བ་ཡང་ཤེས་རབ་དང་། ་ཐབས་ཀྱིས་ཡོངསུ་ཟིན་པའི་རེག་པའི་ཁྱད་པར་ལས་བྱུང་བའི་བདེ་བ་དང་ཡིད་བདེ་བ་ཡིན།། དེ་བས་ན་དེ་དག་ཀྱང་རབ་ཀྱི་མཐར་ཐུག་པར་འགྲོ་བར་འགྱུར་བ་ཡིན་པ་ནི་རང་བཞིན་གྱི་གཏན་ཚིགས་ཉིད་ཡིནོ།། དེ་ལ་འདིར་ཡང་རབ་ཀྱི་མཐར་ཐུག་པོ་ཙམ་དང་རྗེསུ་འབྲལ ་པ་གོམས་པར་བྱས་པ་ལས་གོམས་པའི་ཁྱད་པར་དེའི་སྟོབས་ཀྱིས་སླར་མི་ལྡོག་པའི་ཆོས་ཉིད་ཁོ་ན་ཐོབ་པར་འགྱུར་བ་ཡིན་ཏེ། དེ་གཞན་གང་གིས་ཀྱང་ལྡོག་པར་མི་འགྱུར་བ་ནི་དེའི་རིང་བཞིན་ཉིད་ཐོབ་པ་ཡིནོ།། དཔའ་ན་ཤིང་ལ་སོགས་པ་ལ་མེས་བསྲེགས་པའི ་ཁྱད་པར་དེ་ལས་ལྡོག་པར་མི་འགྱུར་ཏེ། བསྒྲེགས་པ་ལ་སོགས་པའི་མཚན་ཉིད་དེ་སླད་མི་འབྱུང་བའི་ཆོས་ཅན་ཡིན་པའི་ཕྱིརོ།། དེ་ཉིད་ཀྱི་ཕྱིར། དཔེར་ན་ཤིང་དང་གསེར་ལྟ་བུར།། བསྲེགས་པར་སླད་ཡང་མི་འགྱུར་ཞིང་འགྱུར་བ ་གང་ཡང་མི་བྱེད་ལ།། ཁ་ཅིག་ལྡེག་པ་དག་ཡོད་ཅེས་བཤད་པ་ཡིན་ཏེ། གསེར་ལ་སོགས་པ་ལ་མེས་བྱས་པའི་ཁྱད་པར་དེའི་རྒྱུན་ལས་ལྡོག་ཅིང་དེ་དང་མི་མཐུན་པའི་རྒྱུས་དེའི་རང་བཞིན་གྱི་དངོས་པོར་བསྐྱེད་པར་བྱེད་དེ། མེ་དང་ཆུ་ལ་སོགས་པ་དང་འདྲའོ།། ། ་གསེར་འདི་ཡང་སྲ་བ་ལ་སོགས་པའི་རང་བཞིན་གཞིའི་ཁྱད་པར་དུ་འབྱུང་སྟེ། རང་བཞིན་གྱིས་བསྒོས་པས་ཁྱད་པར་གཞན་སྐྱེ་བར་འགྱུར།། དེ་ལ་འདིར་སེམས་ཡུལ་ལ་སྤྱོད་པ་ལས་བྱུང་བའི་དགའ་བའི་བདག་ཉིད་ཀྱི་ཁྱད་པར་དེ་གོང་ནས་གོང་དུ་འགྲོ ་བའི་རྒྱུ་ལ་བརྟེན་པས་རབ་ཀྱི་མཐའ་ཐོབ་པར་གྱུར་པ་ལས་ལྡོག་པར་མི་འགྱུར་ཏེ། བློ་དེའི་ཕྱོགསུ་ལྷུང་བའི་ཕྱིར་རོ།། བློ་གང་གིས་དེ་ལ་ཞེན་པར་གྱུར་པའི་ཡོན་ཏན་དེ་ཐོབ་པོན་རྒྱུ་དེ་ཉིད་ཉེ་བར་བླངས་པས་དེ་དང་མི་མཐུན་པའི་སྒོར་ནམ་ཡང་ལྡོག་པར་མི་འགྱུ ་རོ།། དེ་ལ་གང་དང་གང་གི་རབ་ཀྱི་མཐར་ཐུག་པར་བྱིན་པ་དེ་དང་དེའི་བདག་ཉིད་དུ་འགྱུར་པ་ཡིན་ཏེ། དཔེར་ན་བྲམ་ཟེ་ཡང་གོམས་པའི་དབང་གིས་གཙང་སྦྲ་ལ་སོགས་པ་མེད་པར་འགྱུར་ཏེ། འདི་ལྟར་བྲམ་ཟེ་བརྟུལ་ཞུགས་ཆེན་པོ་འཛིན་པ་འགའ་ཞིག ་བརྩེ་བ་མེད་པའི་བསམ་པ་ལ་གོམས་པར་བྱས་ནི་དེའི་རང་བཞིན་དུ་འགྱུརོ།། གང་ཡང་རང་རིག་པའི་བདེ་བ་དང་། ཡིད་བདེ་བ་ལ་སོགས་པ་ཐམས་ཅད་ཀྱི་རྒྱུད་ལ་གནས་པ་རང་རིག་པའི་མངོན་སུམ་དུ་གྲུབ་པ་དེ་ཡང་དེ་ཉིད་བསྒོམ་པ་གོམས་པའི ་སྟོབས་ཀྱིས་རྒྱུན་མི་འཆད་པར་འཇུག་པས་གནས་ཏེ། རྒྱུན་འཆད་པའི་རྒྱུ་མེད་པའི་ཕྱིར་སྡུག་བསྔལ་ལ་སོགས་པའི་རྒྱུན་འཆད་པར་བྱེད་པའི་རྒྱུ་ཡོད་པ་མ་ཡིནོ།། རྟོག་པ་དང་ལྡན་པ་ཁ་ཅིག་ནི་སྡུག་བསྔལ་ལ་སོགས་པ་ལ་མི་ཕན་པའི་རང་བཞིན ་ཅན་དུ་ཤེས་ནས་འདོར་འགྱུར་བ་ཡིན་ལ། ཡང་དེ་སྐྱེད་པའི་རྒྱུ་ཚོལ་བར་མི་བྱེད་དོ།། གཞོན་དུ་ན་དེ་རྟོག་པ་དང་ལྡན་པ་མ་ཡིན་ཏེ། དེ་ལས་གཞན་པ་ནི་སྨོན་པ་དང་འདྲའོ།། དེས་ན་རེ་ཞིག་མཐར་ཐུག་པར་ཕྱིན་པ་ལྟ་ཞོག་གི་འོན་ཀྱང་ཅུང་ཟད་ཙམ་བརྟན ་པ་ཡང་བློས་དེ་ལ་ཕན་པ་དང་རྗེ་སུ་འབྲེལ་པ་ཉིད་ཀྱིས་དེ་དང་མི་མཐུན་པའི་རྒྱུའི་འདོད་པ་ནི་ཅི་ནས་ཀྱང་སྐྱེད་པར་མི་བྱེད་དེ། སུ་ཡང་ཤེས་བཞིན་དུ་སྦྲུལ་དང་ཚེ་རུ་མ་ལ་སོགས་པ་ལེན་པར་མི་བྱེད་དོ།། དེས་ན་དེའི་འབྲས་བུ་ཐོབ་པ་ཉིད་དངོས་པོ་ལ་བསླབ ་པའི་ཁྱད་པར་གྱི་སྟོབས་ཀྱིས་གྲོམས་པར་འགྱུར་བ་ཐོབ་པ་ན་དེ་ཉིད་ལ་བློས་སྤང་བར་བྱ་བའི་ཚུལ་དུ་ཐོག་མ་ཁོ་ནར་ཟློག་པར་བྱེད་དེ། དེས་ནི་དེའི་རྒྱུན་གཅོད་པ་དེ་ནི་དེ་ཡིན་པས་རང་བཞིན་གྱི་གཏོན་ཚིགས་ཀྱིས་དེའི་རང་བཞིན་སྒྲུབ་པར་བྱེད་པ་ཡི་ནོ།། གཏན ་ཚོགས་མ་གྲུབ་པ་ཡང་མ་ཡིན་ཏེ། བསྒོམ་པའི་ཁྱད་པར་གྱིས་ཁྱད་པར་ཐོབ་པའི་ཕྱིར་དང་། དེས་ཤེས་རབ་ལ་སོགས་པ་གོམས་པའི་ཕྱིར་གཏན་ཚོགས་མ་གྲུབ་པ་ཡོད་པ་མ་ཡིནོ།། མ་ངེས་པའང་མ་ཡིན་ཏེ། གང་གིས་བདེ་བ་དང་ཡིད་བདེ་བ་ལ་སོགས་པ ་ལ་གོམས་པར་བྱེད་པ་ན་མི་མཐུན་པའི་སྡུག་བསྔལ་ལ་སོགས་པ་ལ་འཇུག་པ་མ་ཡིནོ།། འགལ་བ་ཡང་མ་ཡིན་ཏེ། གང་གི་ཕྱིར་བསྒྲུབ་པར་བྱ་བ་དང་མི་མཐུན་པའི་སྡུག་བསྔལ་འགྲུབ་པ་མ་ཡིནོ།། དཔེའི་ཆོས་ཀྱང་སྨྲ་བ་པོ་ཐམས་ཅད་ལ་གྲགས་པ་ཡིན་ཏེ། ་གང་འདི་ཤེས་རབ་ལ་སོགས་པ་སྐྱེས་བུ་སོ་སོ་ལ་བསླབས་པའི་དབྱེ་བས་ཁྱད་པར་ཐ་དད་པ་བསྒྲུབས་པར་གྱུར་པ་སྣང་བ་ཡིན་ནོ།། གང་ཡང་འདོད་ཆགས་ཀྱི་གཉེན་པོར་མི་གཙང་བ་དང་། ཞེ་སྡང་གི་གཉེན་པོར་བྱམས་པ་དང་། གཏི ་མུག་གི་གཉེན་པོར་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་ནོ་ཞེས་གསུངས་པས་དེ་ལ་ཆགོས་པ་དང་བྲལ་བས་རྣམ་པར་ལྡོག་སྟེ། དེ་དང་མི་མཐུན་པར་གྱུར་པ་ཡིན་པའི་ཕྱིར་ཞེ་ན། གལ་ཏེ་དེ་ལྟར་ཆགས་པ་ལ་གོམས་པར་བྱས་པས་ཀྱང་ཆགས་པ་དང ་བྲལ་བར་འགྱུར་ཏེ། དེ་ཉིད་ཀྱི་ཕྱིར་རྩ་བའི་རྒྱུད་ལས། འདོད་ཆགས་སངས་རྒྱས་ཐམས་ཅད་ཀྱི།། ཆགས་པའི་ཡེ་ཤེས་རྙོག་མེད་ཡིན།། འདོད་ཆགས་དང་ནི་ཆགས་བྲལ་བཅོམ།། ད་ནི་བདེ་བ་ཐམས་ཅད་བསྐྱེད་ཅེས་གསུངས་པ་ཡི་ནོ།། འདོད་ཆགས་ལ ་སོགས་པ་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་ཉིད་ནི་མ་ཡིན་ཏེ། གཞན་དུ་ན་རྒྱུན་ཏུ་ཞུགས་པའི་ལམ་ཐོབ་པར་མི་འགྱུར་ཏེ། དེ་ནི་འདོད་ཆགས་ལ་སོགས་པ་མ་སྤངས་པས་འཇུག་པ་ཡིན་པའི་ཕྱིར།། གཞན་ཡང་བཅོམ་ལྡན་འདས་ཀྱིས་ཚུལ་ཁྲིམས ་ཀྱི་ལེའུ་ལས། བྱང་ཆུབ་སེམས་དཔའ་དགེ་བ་བཅུ་ལས་ཀྱང་ཉམས་པར་བྱ་སྟེ། ཇི་ལྟར་འདོད་པ་དོན་དུ་གཉེར་བའི་བུད་མེད་ལ་ལ་བྱང་ཆུབ་སེམས་དཔའི་ཕྱིར། སྲོག་འདོད་བར་བྱེད་ན་དེ་ལ་འདོད་པ་བརྟེན་པ་ལ་སོགས་པས་སྲོག་གཟུང་བར་བྱའོ།། དེ་བཞིན་དུ་སྡིག ་པ་ཆེན་པོ་བྱེད་པ་མཐོང་ན་སྲོག་དང་བྲལ་བར་བྱེད་པ་ཡང་དེ་ངན་འགྲོར་འགྲོ་བར་མི་བྱེད་ཀྱི་བསོད་ནམས་མང་པོ་སྐྱེ་བར་འགྱུར་ཞེས་གསུང་སོ།། དེ་བས་ནི་འདོད་ཆགས་ལ་སོགས་པ་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་ཡིན་ན་དེའི་ཚོ་ངན་འགྲོའི་རྒྱུར་ཇི ་སྦྱར་མི་འགྱུར། བསོད་ནམས་ཤིན་ཏུ་མང་པོ་སྐྱེ་བར་ཡང་ཇི་ལྟར་གསུངས། དེས་ན་དེ་རྣམས་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་ནི་མ་ཡིན་མོད་ཀྱི་འོན་ཀྱང་གང་ཟག་གི་རྒྱུད་ཀྱི་ཁྱད་པར་ལས་ཡོན་ཏན་གྱི་ཁྱད་པར་སྐྱེད་པར་བྱེད་པར་འགྱུར་ཏེ། དཔེར་ན་ཀྵེ་ཏ་ཀ ་མེ་ཏོག་སྤོས་ཀྱི་གླང་པོ་ཆེས་ཟོས་མ་ནུ་པ་ན་གླ་རྩོ་ལྟ་བུ་ཉིད་དུ་འགྱུར་ལ། གླང་པོ་ཆེ་གཞན་གྱིས་ཟོས་ན་ཞུ་བ་ནཱ་མཾ་གཙང་བའི་རང་བཞིན་དུ་འགྱུརརོ།། དེས་ནཱ་མེ་ཏོག་ཀེ་ཏ་ཀའི་ཉེས་པ་ནི་མོ་ཡི་ནོ།། དེ་བཞིན་དུ་འདོད་ཚོགས་ལ་སོགས་པ་ཡང་བསམ་པའི་ཁྱད་པར་གྱི་དབང ་གིས་རྒྱུད་རྣམ་པར་དག་པ་ལ་གནས་པ་རྣམས་ལ་ནི་ཁྱད་པར་ཅན་གྱི་འབྲས་བུ་ཉིད་སྐྱེད་པར་བྱེའོ།། དཔེར་ན་འོ་མ་སྦྲུལ་ལ་སོགས་པས་འཐུངས་ན་ཞུ་བའི་ཚེ་དུག་ལ་སོགས་པའི་རང་བཞིན་དུ་འགྱུར་ལ། སྐྱེས་བུ་གཞན་གྱིས་འཐུངས་ན་ནི་བདུད་རྩིའི་རང་བཞིན་དུ ་འགྱུར།། དེ་བཞིན་དུ་འདོད་ཆགས་ལ་སོགས་པ་ཡང་བསམ་པའི་ཁྱད་པར་ལ་བརྟེན་པས་ཁྱད་པར་ཅན་གྱི་འབྲས་བུ་ཉིད་སྐྱེད་པར་བྱེད། རང་བཞིན་གྱི་ཁ་ན་མ་ཐོ་བ་ཉིད་མ་ཡིན་པའི་ཕྱིརརོ།། གཏན་ཚིགས་ཀྱི་སྦྱོར་བ་ནི་ཁྱད་པར་ཅན་གྱི་རྒྱུད་གང་དང་གང་ལ་བརྟེན་པ ་དེ་དང་དེ་ནི་ཁྱད་པར་ཅན་གྱི་འབྲས་བུ་ཉིད་བསྐྱེད་དེ་དཔེར་ན་ཀེ་ཏ་ཀ་ལ་སོགས་པ་བཞི་ནོ།། ཁྱད་པར་དུ་འཕགས་པའི་རྒྱུད་ལ་གནས་པོའི་འདོད་ཆགས་ལ་སོགས་པ་ཡིན་པའི་ཕྱིརརོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚི་གོས་ཡི་ནོ།། འདིར་ཡང་ཁྱད་པར་ཅན་གྱི་རྒྱུད་ཀྱི ་ཉེ་བར་ལོངས་སྤྱོད་པ་ཡོངསུ་གྱུར་པ་ཙམ་དང་རྗེསུ་འབྲེལ་པ་ནི་ཁྱད་པར་ཅན་གྱི་འབྲས་བུ་ཐོབ་པ་ཙ་མ་ཉིད་སྤྱད་པར་བྱེད་པ་ཡིན་ཏེ། རྒྱུའི་ཚོགས་པ་ཐ་མ་བཞིན་ནོ།། གང་ཞིག་གང་གི་རོང་བཞིན་ཡིན་པ་དེ་ཙམ་ལ་རྗེསུ་འབྲེལ་པ་ནི་དེས་དེ་བྱེད་པ་ཡིན། གགས་བྱེ། ་པ་མེད་པའི་ཕྱིར་རོ།། གྲགས་བྱེད་པ་ཡོད་ན་ནི་ཡིད་བརྟན་དུ་མི་རུང་ངོ་།། དེ་ལ་འདིར་ཁྱད་པར་ཅན་གྱི་ཡོངསུ་གྱུར་པ་ནི་གཞན་ལ་ལྟོས་པ་ཡོད་པ་མ་ཡིན་པས་དེ་ཙམ་དུ་རྗེ་སུ་འབྲེལ་པ་ཡོད་པ་ཡིན་ལ། དེ་ཡང་སྡོད་པ་མེད་པ་གགས་ཡོད་པ་མ ་ཡིན་ཏེ། སྡོད་པ་མེད་པའི་ཕྱིར།། སྡོད་པ་མེད་པ་ཡང་གཞན་ལ་ལྟོས་པ་མེད་པའི་ཕྱིརརོ།། དེ་ལྟར་ན་ད་ཙམ་དང་རྗེསུ་འབྲེལ་པའི་ངེས་པས་རང་བཞིན་གྱི་གཏན་ཚིགས་སུ་བཤད་པ་ཡིནོ།། ཇི་ལྟར་བཅུད་ཀྱིས་ལེན་པར་བྱེད་པ་ཡང་བཅུད་ཀྱིས་ལེན་གྱི་སྨན ་པ་བཅུད་ཀྱི་མཐུ་གོམས་པོར་གྱུར་པ་ན་ཁྱད་པར་དུ་འཕགས་པ་ཉིད་ཀྱི་གཟུགས་གཞན་སླུ་བར་འགྱུར་རོ།། དེ་བཞིན་དུ་སངས་མ་ལ་སོགས་པ་དངུལ་ཆུ་ལ་སོགས་པའི་བཅུད་ཀྱི་ཤུགས་བརྟན་པར་བྱས་པའི་མཐུས་དོན་གྱི་རྣམ་པ་གཞན་སྐྱེད་པར་བྱེད་པ་ནི ་ཉེས་པ་མེད་ཅིང་སླར་མི་ལྡོག་པའི་ཆོས་ཅན་ཡིན་ཏེ། དེ་བཞིན་དུ་འདིར་ཡང་ཤེས་པར་བྱའོ།། གཞན་དུ་ན་ཟངས་མ་ལ་སོགས་པ་དངུལ་ཆུ་ལ་སོགས་པས་སྒྱུར་བ་ཉིད་དུ་མི་འགྱུརརོ།། དེ་ལྟར་ནུས་པ་དེ་མཐོང་བས་ཡོད་པ་ཉིད་དུ་གསལ་བ་ཁོ་ནར་རྟོགས་ཏེ། ་གཞན་དུ་ན་གང་དུ་ཡང་ནུས་པ་ཡོད་པར་མི་འགྱུརརོ།། དེ་ཡང་གསེར་འགྱུར་རྩིའི་རྣམ་པ་མཆོག་ལྟ་བུར།། མ་གཙང་ལུས་འདི་བླངས་ནས་རྒྱལ་བའི་སྐུ།། རིན་ཆེན་རིན་ཐང་མེད་པར་བསྐུར་བས་ནི།། བྱང་ཆུབ་སེམས་ཞེས་བྱ་བ་རབ་བརྟན་ཟུང་།། བསོད་ནམས ་ཀྱིས་ནི་ལུས་བདེ་ལ།། མཁས་པ་ཡིས་ནི་སེམས་བདེན།། གཞན་དོན་འཁོར་བར་གནས་ཀྱང་ནི།། སྙིང་རྗེ་ཅན་དག་ཇི་ལྟར་སྐྱོ།། ཞེས་བཤད་པ་ཡིན་ནོ།། གཞན་ཡང་ཇི་ལྟར་བཅུད་ཀྱི་ལེན་གྲུབ་པའི་སྐྱེས་བུ་ལ་ལ་ཞིག་སྨན་ཁྱད་པར་ཅན་གྱི་སྦྱོར་བ་དེའི་ཡོན་ཏན་གྱི ་ཆེ་བའི་བདག་ཉིད་ཐོབ་ཅིང་། དེ་ལ་མངོན་པར་ཤེས་པ་ལྔ་ཡང་འབྱུང་བར་འགྱུར་ཞིང་། འདི་ལྟར་འཁོར་བ་ཇི་སྲིད་པར་གནས་པའི་ཡོན་ཏན་དག་ཀྱང་བྱེད་དོ།། དེ་བཞིན་དུ་ཁྱད་པར་ཅན་གྱི་ཡུལ་ལ་ཡོངས་སུ་ལོངས་སྤྱོད་པ་ལས་ཡང་དག་པར་བྱུང་བའི་བཅུད ་ཀྱིས་ལེན་ནི་འཁོར་བ་ཇི་སྲིད་པར་སྨོན་ལམ་གྱི་བྱ་བ་བྱས་ཤིང་གཞན་གྱི་དོན་ལ་བརྩོན་པའི་ཡོན་ཏན་གྱི་ཚོགས་ཡང་དག་པར་བསྒྲུབས་པ་བྱང་ཆུབ་སེམས་ཀྱི་བཅུད་ཀྱིས་ལེན་གྱིས་བསྒྱུར་བ་ཡོད་པར་ཅིའི་ཕྱིར་མི་འདོད། གཞན་ཡང་། འགྲོ་བ་བཏུགས་དང་ཉོན ་མོངས་བསམ་པས་བྱང་ཆུབ་མཆོག་ཐོབ་མ་མཆིས་ལ།། ཉོན་མོངས་འཕྱོས་པས་རང་ལ་སྨན་པར་བགྱིད་པའང་འཐོབ་པར་འགྱུར་མི་ལགསོ།། ད་སླང་ཁྱོད་ཀྱིས་བྱང་ཆུབ་བརྙེད་སླད་བརྩོན་འགྲུས་བརྟན་པ་མཛད་པ་ལ།། ཉོན་མོངས་ངེས་པར་མ་བསྲེགས་རན་གྱི ་དུས་བུ་བཞིན་དུ་ཡང་བར་མཛད།། ཁྱེད་ཀྱི་ཉོན་མོངས་དྲན་དང་མཁྱེན་པས་བཟུང་བས་ཡོན་ཏན་སྣ་ཚོགས་འགྲུབ།། ཉོན་མོངས་པ་དག་ཡང་བར་གྱུར་པ་བྱང་ཆུབ་རྒྱུར་ཡང་ཉེ་བར་འགྱུར་ལགས་ཏེ། འདི་ལྟར་དེ་ཡིས་ཁྱོད་བློ་ཤུལ་གོལ་ཡུལ་ཅན་དུ་ཡང་མ་བགྱིས ་ཡི།། འགྲོ་བ་རྣམས་སུ་སྐྱེ་བ་བརྒྱུད་པའང་ཡོན་ཏན་རྣམས་ཀྱི་ཞིང་དུ་མཛད།། གཞན་ཡང་ཐམས་ཅད་མཁྱེན་པའི་ཡེ་ཤེས་བསྒོམ་པ་རབ་ཀྱི་མཐར་ཐུག་པར་གནས་པ་དེ་ཇི་ལྟར་རྣམ་པར་རྟོག་པ་དང་བཅས་པ་ཉིད་ལས་ཡིན་ནམ་འོན་ཏེ་རྣམ་པར་མི་རྟོག་པ་ཉིད་ལས ་ཡིན། དེ་ལས་གལ་ཏེ་རོ་ཞོག་རྣམ་པར་མི་རྟོག་པ་ཉིད་ལས་ཡིན་པར་འདོད་ན་དེའི་ཚེ་བསྒོམ་པའི་རྣམ་པར་རྟོག་པའི་ནུས་པ་ལས་ངེས་པར་སྐྱེས་པ་ཅི་ལྟར་ན་རྣམ་པར་མི་རྟོག་པ་ཉིད་ཡིན། རྣམ་པར་རྟོག་པ་དང་བཅས་པ་ལས་རྣམ་པར་མི་རྟོག་པའི་ཡེ་ཤེས་འབྱུང ་པ་ཇི་ལྟར་ཡང་སྲིད་པ་མ་ཡིན་ནོ།། འོན་ཏེ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་བག་ཆགས་རྣམས་ལྡོག་པ་ལས་རྣམ་པར་མི་རྟོག་པ་ཉིད་ཡིན་ན་དེ་ནི་མི་རིགས་ཏེ། གང་གི་ཕྱིར་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་བག ་ཆགས་ལྡོག་པ་ན་གང་ཞིག་རྣམ་པར་མི་རྟོག་པར་གྱུར་པ་གཞན་ཅི་ཞིག་ཡོད་དེ། དེ་ལས་ལོག་པའི་གཞན་ལ་ཚད་མ་མེད་པའོ་ཕྱིར་རོ།། དེ་ལ་ཡང་ཚད་མས་གྲུབ་པ་འགའ་ཡང་ཡོད་མ་ཡོན།། དེ་ཡོད་པར་མངོན་སུམ་ཡང་ཡོད་པ་མ་ཡིན་ཏེ། ་དེ་ནི་དབང་པོ་དང་། སྣང་བ་དང་། ཡིད་ལ་བྱེད་པ་དང་། ཡུལ་གྱི་ནུས་པ་ལས་ངེས་པར་སྐྱེས་པ་ཡིན་པའི་ཕྱིར།། གཟུང་བ་དང་། འཛིན་པའི་རྣམ་པ་དང་བྲལ་བའི་ཤེས་པ་སྟོན་པར་བྱེད་པ་ཉིད་ཀྱང་ཡོད་པ་མ་ཡིན་ཏེ། དེ་ནི་དེ་ལས་གོ་བཟློག་པའི་ཡིན ་པའི་ཕྱིར་རོ།། རྗེས་སུ་དཔག་པས་ཀྱང་མ་ཡིན་ཏེ། དེ་ཡང་རྟགས་དང་རྟགས་ཅན་གྱི་འབྲེལ་པ་འཛིན་པ་སྔོན་དུ་འགྲོ་བ་ཡིན་པའི་ཕྱིར་རོ།། གཟུང་བ་དང་། འཛིན་པ་གཉི་ག་ལས་གྲོལ་བའི་རྣམ་པར་ཤེས་པ་དེ་མེད་ན་མི་འབྱུང་བ་འབྲས་བུ་ཞེས་བྱ་བ་འམ ་རང་བཞིན་ཞེས་བྱ་བའི་ཚིགས་ནི་ཉེ་བར་དམིགས་པར་མི་འགྱུར་རོ།། མི་དམིགས་པའི་གཏན་ཚིགས་ཀྱང་དེ་རྟོགས་པར་བྱེད་པར་གྱུར་པ་མ་ཡིན་ཏེ། དེ་དགག་པ་ཡུལ་ཉིད་ཡིན་པའི་ཕྱིར་རོ།། དེ་ལ་རེ་ཞིག་འབྲས་བུའི་གཏན་ཚིགས་གྲུབ་པ་མ་ཡིན་ཏེ། ་རྒྱུ་དང་འབྲས་བུའི་དངོས་པོ་ཉིད་དུ་མི་འཐད་པའི་ཕྱིར་ཏེ། གང་གི་ཕྱིར་རྒྱུ་ཉམས་པ་ལས་འབྲས་བུ་སྐྱེད་པ་ཡང་མ་ཡིན་ཏེ། དེ་ནི་མེད་པ་ཉིད་ཀྱིས་ན་སྐྱེད་པ་པོ་མ་ཡིན་པའི་ཕྱིར་རོ།། མ་ཉམས་པ་ལས་ཀྱང་མ་ཡིན་ཏེ། སྐྱེ་བའི་བྱ་བ་ལ་མངོན་དུ་ཕྱོགས་པའི་དུས ་ལ་སྡོད་པ་ན་སྐད་ཅིག་མས་འཇིག་པ་མེད་པར་ཐལ་བར་འགྱུར་རོ།། བྱ་བ་མེད་ན་ནི་ན་མཁའི་མེ་ཏོག་དང་འདྲ་བར་སྐྱེད་པར་བྱེད་པ་ག་ལ་ཡིན།། དེ་ཉིད་ཀྱི་ཕྱིར།། ས་བོན་ཉམས་པའམ་མ་ཉམས་ལས།། མྱུ་གུ་འབྱུང་བར་འགྱུར་མ་ཡིན།། སྐྱེ་བ་སྒྱུ་མ་སྐྱེ ་འདྲ་བར།། འདི་དག་ཐམས་ཅད་ཁྱེད་ཀྱིས་གསུངས།། སྐྱེ་དང་འབྱུང་དང་འཇིགས་ཚོགས་དང་།། སེམས་ཅན་སྲོག་སོགས་སྟོན་མཛད་པ།། མགོན་པོ་ཁྱོད་ཀྱིས་དེ་དྲང་དོན།། གསུངས་པ་དེ་ནི་ཀུན་རྫོབ་ཡིན་ནི་ས་བཤད་པ་ཡིན་ནོ།། དེས་ནི་དོན་གྱིས ་བསྐྱེད་པར་བྱ་བ་དང་། སྐྱེད་པ་པོ་མི་འཐད་པས་འོདིས་ན་རྒྱུ་དང་འབྲས་བུར་ཡོད་པ་མ་ཡི་ནོ།། རང་བཞིན་གྱི་གཏན་ཚིགས་ཀྱང་རང་བཞིན་གྱིས་ལྐོག་ཏུ་གྱུར་པ་ཉིད་ཡིན་པའི་ཕྱིར་ཅི་ལྟར་ཡང་ཡོད་པ་མ་ཡིན་ཞིང་། དེ་ཙམ་གྱི་རྗེས་སུ་འབྲེལ་པར་མ་གྲུབ ་པ་ཡིན་པའི་ཕྱིར་རོ།། མི་དམིགས་པ་ཡང་དགག་པ་བསྒྲུབ་པ་ཉིད་ཡིན་པའི་ཕྱིར་འདིར་སྐབས་མ་ཡིན་ནོ།། གཏན་ཚིགས་སམ་ཚད་མ་གཞན་དག་ཀྱང་འདོད་པ་ཡིན་ན་ཡེ་ཤེས་རྣམ་པར་མི་རྟོག་པ་ཡིན་པར་ངེས་སོ།། ཞེས་བརྗོད་པ་གཱ་ལ་ཡོད། དེ་ཡོད ་ས་རྣམས་རིང་ལས་མི་སྐྱེ་ཞིང་།། གཞན་དང་གཉིས་ཀ་ལས་ས་ཀྱང་མིན།། ཡོད་མི་ནི་མེད་མིན་ཡོད་མེད་མིན།། གང་ཞིག་གང་ལས་དེ་ལྟར་འབྱུང་ཞེས་བཤད་པ་ཡིནོ།། དེས་ན་དོན་དམ་པར་རྣམ་པར་ཤེས་པ་དེ་མི་འཐད་པ་ཡིན་ན་རྣམ་པར་མི་རྟོག་པ་ཅན་དུ ་ཇི་ལྟར་འགྱུར།། ན་མཁའི་པདྨ་ལ་སོགས་པ་ནི་རྣམ་པར་རྟོག་པ་དང་བཅས་པ་དང་། རྣམ་པར་རྟོག་པ་མེད་པ་ཉིད་དུ་འདོད་པ་མ་ཡིན་ཞིང་། དེ་ལ་ཡང་དཔྱོད་པ་འདི་འཇུག་པ་མ་ཡིན་ཏེ། སྐྱེས་བུའི་དོན་ལ་དགོས་པ་མེད་པ་ཉིད་ཡིན་པས། ན་མཁའི་པདྨ་དང་འདྲལ་དེ ་ཁས་བླངས་ན་ཡང་དགོས་པ་ཅི་ཡང་ཡོད་པ་མ་ཡིན་ནོ།། དེ་ངོ་བོ་ཉིད་མེད་པས་དེ་ནི་ཅི་ཡང་བསྒྲུབ་པར་རིགས་པ་མ་ཡིན་ལ། བསྒྲུབ་པར་བྱ་བ་མི་བྱེད་པ་ཡང་དེར་བསྒྲུབ་པ་ཡིན་པར་མ་བཤད་དོ།། དེ་བས་ན་ཡེ་ཤེས་འདི་དག ་ཐམས་ཅད་ནི་རྟེན་ཅིང་འབྲེལ་པ་ལས་བྱུང་བ། གཟུང་བ་དང་། འཛིན་པའི་རྣམ་པའི་ངོ་བོ་ཉིད་ཀྱིས་རབ་ཏུ་ཕྱེ་བས་འཇུག་པ་ན། རྣམ་པར་རྟོག་པ་དང་བཅྡོཾས་པ་ཡོན་པར་ཤེསོ།། གང་གིས་ནི་ཁམས་གསུམ་པ་རྣམས་ནི་གཟུང་བ་དང་འཛིན་པའི་རྣམ ་པར་ཤེས་པའི་རྐྱེན་གྱིས་བརྟགས་པའོ་ཞེས་བཤད་པ་ཡི་ནོ།། དེ་ཉིད་ཀྱི་ཕྱིར་ལང་ཀར་གཤེགས་པའི་མོདོ་ལས། འི་ཕགས་པས་འཁྲུལ་པ་མི་གཟིགས་ཏེ།། ཡང་དག་པ་ཡང་སྐབས་དེར་མིན།། འཁྲུལ་པ་ཉིད་འགྱུར་ཡང་དག་པར།། གང་ཕྱིར ་སྐབས་དེར་ཡང་དག་ན།། ནོར་པ་ཡང་དག་ཉིདདུ་འགྱུར།། ནོར་པ་ཐམས་ཅད་སྤངས་ནས་ཀྱང་།། གལ་ཏེ་མཚན་མ་སྐྱེར་ཟིན་ན།། དེ་ཉིད་དེའི་ནོར་པ་སྟེ།། རབ་རིབ་ཡོངསུ་མ་དག་བཞིན།། ཞེས་གསུངས་པ་ཡོནོ།། དེ་ལ་ཕྱིན་ཅི་ལོག་ཏུ་དངོས་པོར་སྒྲོ་བཏོགས་པ ་འབའ་ཞིག་ལྡོག་པ་ན་ཁྱད་པར་ཅན་གྱི་དངོས་པོའི་དོན་བསྒོམ་པའི་རབ་ཀྱི་མཐར་ཐུག་པར་འགྲོ་བས་འབྲས་བུ་ཁྱོད་པར་ཅན་ཉིད་འབྱུང་བར་འགྱུར་བ་ཡིན་ཏེ། བཱར་དང་བཅས་པ་དང་བར་གྱི་ངོ་བོ་མེད་པར་རང་བཞིན་གཅིག་པ་བདེ་བ་ལ་སོགས་པ་བསྒོམ་པ ་ལ་གོམས་པའི་ཁྱད་པ་ཉིད་བརྟེན་པ་ཡིན་པའི་ཕྱིར་དེའི་རྣམ་པ་ཡང་དག་པར་རིག་པ་དང་འདྲ་ལ། དེ་དང་རིགས་མཐུན་པའི་རྒྱུན་དུ་འཇུག་པ་གཟུང་བ་དང་། འཛིན་པའི་རྣམ་པ་ཡང་དག་པར་རིག་པའི་དབྱེ་བ་དང་ལྡན་པ་རང་གི་ངོ་བོ་རྒྱུན་མི་འཆད་པའི་ཆོས་ཅན ་རང་གི་སེམས་ལ་དབང་ཐོབ་པ་ནི་རྣམ་པར་རྟོག་པ་དང་བཅས་པ་ཡིན་ན་ཡང་ཇི་ལྟར་གནས་པའི་དངོས་པོའི་དོན་མ་ལུས་པ་ཡོངསུ་གཅོད་པའི་ཤེས་རབ་དང་ཐབས་ཀྱིས་ཡོངསུ་ཟིན་པའི་རང་བཞིན་ཅན་ཡིན་པའི་ཕྱིརརོ།། དེ་ཉིད་ཀྱི་ཕྱིར་ལང་ཀར ་གཤེགས་པའི་མདོ་ལས། ཐེག་ཆེན་ངའི་ཐེག་པ་མིནཱ།། ཡི་གེ་མེད་ཅིང་སྒྲ་ཡང་མེད།། བསམ་གཏན་མ་ཡིན་རྣམ་ཐར་མིན།། སྣང་མེད་སྤྱོད་ཡུལ་མ་ཡིནོ།། འོན་ཀྱང་ཐེག་ཆེན་ཐེག་པ་སྟེ། ཏིངེ་འཛིན་ལ་དབང་བྱེད་པ།། ཡིད་ཀྱི་ལུས་ཀྱི་བདག་ཉིད་མཆོག། ་དབང་གིས་མེ་ཏོག་རྣམས་ཀྱིས་བརྒྱན་ཞེས་གསུངས་པ་ཡི་ནོ།། དེ་བས་ན་རྒྱུའི་ཁྱད་པར་ལས་འབྲས་བུའི་ཁྱད་པར་རྟོགས་པར་བཤ་དོ།། འོན་ཀྱང་མིང་དང་རིགས་ལ་སོགས་པས་བརྟགས་པའི་སྒྲོ་བཏགས་པའི་དོན་གྱི་རྗེསུ་འགྲོ་བ་དང་། ལྡོག་པ་དང ་པའི་རྣམ་པར་རྟོག་པ་དང་བཅས་པའི་ཤེས་པ་མི་གསལ་བ་དང་མངོན་པར་ལྡན་པ་ཡིན་ཏེ། སློབ་དཔོན་ཆོས་ཀྱི་གྲགས་པའི་ཞེས་སྔ་ནས་ཀྱིས་ཀྱང་འཇིག་རྟེན་པའི་ཚད་མ་བརྟག་པདྨ། གང་དེ་གཟུང་བ་དང་འཛིན་པའི་དབྱེ་བས་ཀུན་དུ་བསྐྱེད་པ་དེ་གསལ་བར་སྣད ་བ་ཉི་དུ་སྣང་སྟེ། འདི་ལྟར་མིང་དང་རིགས་ལ་སོགས་པར་བརྟགས་པ་དང་བྲལ་བ་ཉིད་ཀྱི་ཤེས་པ་ནི་གསལ་བར་སྣང་བར་གྱུར་པ་ཡིནོ།། གཟུང་བ་དང་འཛིན་པའི་རྟོག་པའི་དབྱེ་བས་ཕྱེ་བ་ཡིན་ལ། དེ་བས་ན་མིང་དང་རིགས་ལ་སོགས་པར་བརྟགས་པ་ལ་བརྟེན་ཏེ། ་སློབ་དཔོན་གྱིས་མི་གསལ་བ་ཉི་དུ་བསྟེན་ཏེ་གཟུང་བ་དང་འཛིན་པ་ཡང་དག་པར་རིག་པའི་དབྱེ་བ་ལ་བརྟེན་པོ་ནི་མ་ཡི་ནོ།། དེ་བས་ན་ཡུལ་གྱི་རྣམ་པ་ཉམ་སུ་མྱོང་བ་ལས་བྱུང་པོའི་ཁྱད་པར་ནི་དེ་དག་རིགས་མི་མཐུན་པ་ལ་མངོན་པར་ཞེན་པ་མེད། དེ་གོམས ་པ་མྱུར་པ་གདུལ་བར་སྣང་བ་ཞིད་ལ། གནོད་པར་བྱེད་པ་མང་ང་། སྒྲུབ་པར་བྱེད་པ་ནི་ཡང་ཡོད་དགོམས་པར་གྱུར་པ་སྙོམས་པར་འཇུག་པའི་མཚན་ཉིད་ལྡན་ཏེ། འདོད་པ་དང་། མྱུ་ན་དང་། འཇིགས་པ་དང་། སྤྲོ་བ་ལ་སོགས་པ་ཥྚི། ་ནོ་ཞེས་སྔར་བཤད་པ་ཡི་ནོ།། འོན་ཏེ་གཟུང་བ་དང་འཛིན་པ་ཡང་དག་པོར་རིག་པའི་རྣམ་པ་ཉིད་དུ་སྣང་བཞིན་པའི་ཡེ་ཤེས་མཐར་ཐུག་པར་གྱུར་པ་ན་ཐམས་ཅད་ཐུག་སུ་ཆུད་པ་ཉིད་དུ་འདོད་ན། དེ་ལྟར་ན་མི་ཡིན་ཏེ་རྟོག་པའི་དྲ་བས་བསྒྲུབས་པ་ཡིན་པའི་ཕྱི ་འོ་ན་རྣམ་པ་མ་ལུས་པས་སྟོང་པའི་ཡང་དག་པར་རིག་པ་ཙམ་སྟེ། ཇི་ལྟར་ན་ཤེས་བྱ་མ་ལུས་པ་ཡོངསུ་གཅོད་པ་ཉིད་ཡིན། སྣང་བ་མེད་པའི་ཡེ་ཤེས་ལ་ཇི་ལྟར་ཡོངསུ་གཅོད་པ་ཉིད་ཡོད། འདི་ནི་རོགས་པ་དང་འགལ་བ་ཡིན་ཏེ།། ཚེ་ཤས་མེད་པའི་རང ་བཞིན་གཅིག་ལ་རྟོགས་པར་བྱ་བ་དང་། རྟོགས་པ་པོ་དང་། རྟོགས་པའི་དབྱེ་བས་ངོ་བོ་ཉིད་གསུམ་དུ་མི་འཐད་པའི་ཕྱིར།། འོན་ཏེ་རབ་ཀྱི་མཐར་ཐུག་པར་ཕྱིན་པ་ན་དེའི་རང་བཞིན་ན་འདི་ཉིད་ཡིན་པས་ཐམས་ཅད་ཐུག་སུ་ཆུད་པ་ཡིན་ན་རང་བཞིན་དེ་ནི་བདག་ཅག ་གི་ཕྱོགས་དང་འདྲ་སྟེ། དེ་ལྟར་གཟུང་བ་དང་། འཛིན་པའི་རྣམ་པ་ཡང་དོག་པར་རྟོགས་པའི་དབྱེ་བ་ཡོད་པས་ཡང་རབ་ཀྱི་མཐར་ཐུག་པར་འགྲོ་བ་ན་དེ་འདི་ལྟར་ཁྱད་པར་གྱི་ངོ་བོ་ཉིད་དུ་སྐྱེ་ལ། གང་དངོས་པོའི་རིགས་མ་ལུས་ཇི་ལྟར་གནས་པ་ཉིད་དུ་ཐུག་སུ་ཆུད ་པ་ཡིན་ན། དེའི་ནུས་མཐུ་འདི་བྱ་རོག་རྣམས་ཀྱིས་ཟོས་པ་ནི་མ་ཡིནོ།། གཞན་ཡང་རྟོག་པའི་ཆོ་གས་མ་ལུས་པས་སྟོང་པ་དེ་ཡོད་ཞེས་མནས་གདབ་པར་གྱིས་ཤིག། རྣམ་པར་རྟོག་པ་དང་བཅས་པའི་ཤེས་པ་སེམས་ཅན་ཐམས་ཅད་ཀྱི་མཐར་རྒྱུད་ལ་ཡོད ་པ་མངོན་སུམ་ལ་སོགས་པའི་ཚད་མས་རབ་ཏུ་གྲུབ་པ་བསྒོམ་པའི་སྟོབས་གོམས་པ་ཡང་དག་པར་ཐོབ་པ་མ་ཐམས་ཅད་རྟོགས་པར་འགྱུར་བ་ཉིད་ཡིནོ།། དེ་ཡང་འདི་ལྟར་གྲང་དང་གང་བསྒོམས་པ་དེ་དང་དེ་ཉིད་བསྒོམ་པའི་རབ་ཀྱི་མཐར་ཐུག་པར་གྱུར་པ་ན་དེ ་གོམས་པ་ཀླང་དུ་གྱུར་པ་ཡིན་ཏེ། འདི་ལྟར་གཙང་སྦྲ་ཅན་དག་བརྟུལ་ཞུགས་ཆེན་པོ་ལ་སོགས་པ་གཙང་སྨེ་མེད་པར་འགྱུར་བ་བཞིན་དུ་བསྒོམ་བཞིན་པ་ན་ཁམས་གསུམ་དེའི་ལོངས་སྤྱོད་དུ་འགྱུར་བ་ནི་རང་བཞིན་གྱི་གཏན་ཚིགས་ཡིན།། འདི་ཉིད་ཀྱིས་ནཱ ་མཉམ་སྦྱོར་གྱི་རྒྱུད་ལས། རྣལ་འབྱོར་ཐམས་ཅད་བཅོམ་ལྡན་འདས།། རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས།། དེ་ཡི་ཉེ་བར་ལོངས་སྤྱོད་གང་།། ཁམས་གསུམ་པ་ནི་ཐམས་ཅད་དོ་ཞེས་གསུངས་པ་དང་། ཡང་ལྷ་ཐམས་ཅད་འདུས་པའི་རྒྱུད་ལས། འབྱུང་བ་བཞི ་པོ་གང་ཡོ་ནི་དང་།། འགྲོ་བར་གཏོགས་པ་གང་ཅི་ཡང་རུང་།། རྣལ་འབྱོར་པ་ནི་སེམས་དག་པའི།། ཐམས་ཅད་ལོངས་སྤྱོད་ཡིན་པར་བཤད།། ཕྱག་རྒྱ་ཆེན་པོར་མཉམ་གཞག་ལ།། དེ་ཉིད་ཆེན་པོ་ཟློས་བྱེད་ཅིང་།། ཚིག་རེར་ཐམས་ཅད་བདག་ཡིན་པར།། དེ་ཉིད་སྦྱོར་བས ་བསྒོམ་པར་བྱ་ཞེས་གསུངས་ཏེ། དེ་ལྟར་དེ་དག་ལ་སོགས་པའི་སྒོམ་པའི་རབ་ཀྱི་མཐར་ཐུག་པར་འགྲོ་བ་ཙམ་དང་། འབྲེལ་པ་གོམས་པར་གྱུར་པའི་རང་བཞིན་དེ་གང་དང་གང་འབྱུང་བ་དེ་དང་དེར་གོམས་པར་གྱུར་པ་ཐོབ་པ་ནི་རྣམ་པ་ཐམས་ཅད་བསྒོམས་པ ་ན་དར་ཁམས་གསུམ་པའི་ཁམས་སུ་གཏོགས་པའི་དངོས་པོ་རྣམས་བདེ་བ་དང་ཡིད་བདེ་བ་ལ་སོགས་པ་བསྒྲུབ་པ་ཉིད་དུ་གན་སོ།། དེ་ཉིད་ཀྱི་ཕྱིར་མཉམ་སྦྱོར་གྱི་རྒྱུད་ལས། དབང་པོ་གང་དང་གང་ལམ་གྱུར།། དེ་དང་དེ་ཡི་ངོ་བོར་བྱ།། མཉམ་པར་མ་གཞག་སྦྱོར ་བ་ཡིས།། ཐམས་ཅད་སངས་རྒྱས་མཉམ་སྦྱོར་ཞིང་ཞེས་གསུངས་པ་དང་། ཡང་རྟོག་པ་ཐམས་ཅད་བསྡུས་པའི་རྒྱུད་ལས། སངས་རྒྱས་ཐམས་ཅད་མདོར་བསྡུ་ན།། འདོད་པའི་ཡོན་ཏན་ལྔ་རུ་བཤུད་ཅེས་གསུངས་པ་དང་། ཡང་དཔལ་གས ་བ་འདུས་པའི་རྒྱུད་ལས། གཟུགས་སྒྲ་ལ་སོགས་དངོས་པོ་རྣམས།། ལྷ་ཉིད་དུ་ནི་རབ་ཏུ་བརྟགས་ཅས་གསུངས་པ་ཡིནོ།། དེ་བས་ནི་དེ་རྣམས་ཀྱང་དོར་བསྒོམ་པ་རབ་ཀྱི་མཐར་ཐུག་པས་དེ་གོམས་པར་འགྱུར་གྱི་དེ་རྣམས་སྤྱོད་ཡུལ་མ་ཡིན་པར་འགྱུར་བ ་ནི་མ་ཡིན་ནོ།། དེ་བས་ན་རྣམ་པར་རྟོག་པ་དང་བཅས་པའི་ཡེ་ཤེས་ཀྱང་བསྒོམ་པའི་སྟོབས་ལས་ངེས་པར་སྐྱེས་པ། ཁྱད་པར་གྱི་རང་བཞིན་ལ་བརྟེན་པ།། ཡོན་ཏན་མ་ལུས་པ་ཡི་གནས།། དངོས་གྲུབ་འབྲས་བུ་ཐབས་ཅད་སྩོའོ།། དེ་ཡང་སྣ་ཚོགས་ཐམས ་ཅད་བྱེད།། འཁོར་བ་ཇི་སྲིད་བཞུགས་པའི་རྒྱུ།། སེམས་ཅན་ཀུན་གྱི་དོན་མཛད་ཡིན།། འབད་པས་ང་རྒྱལ་སྤངས་ནས་ནི།། དེ་ནའིབད་དེ་ཤེས་པར་བྱ།། འདི་ཤེས་གྱུར་ན་ཤེས་པ་ཡི།། དེ་ཉིད་ཐམས་ཅད་རྟོགས་པར་འགྱུར།། །། དེ་ཁོ་ན་ཉིད་གྲུབ་པ་ཞེས་བྱ ་འི་རབ་ཏུ་བྱེད་པ་སློབ་དཔོན་ཞི་བའི་འཚོ་ཞ་ལ་སྔ་ནས་ཀྱིས་མཛད་པ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀཱ་ར་ཤཱི་ཛྙཱ་ན་དང་། ཞུ་ཆེན་གྱི་ལོ་ཙ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ལབ་པཾ། སློད ་ཀྱི་པཎྜི་ཏ་ཀུ་མཱ་ར་ཀ་ལ་ཤ་དང་། འབྲོ་དགེ་སློང་ཤཱཀྱ་འོད་ཀྱིས་ཚད་མའི་སྐབས་བཅོས་ཤིང་གཏན་ལ་འཕབ་པོ།། ་ལོགས་རལ་གྲི་འདྲ་བར་གཞག་པ་ནི་བདེན་བྲལ་གྱི་དམ་ཚིག་གི་ཕྱག་རྒྱའོ།། སྤྱན་དྲང་བའི་ཕྱག་རྒྱ་ལས་མཛུབ་མོ་བརྐྱང་བ་ནི་སླར་གཏང་བའི་ཕྱག་རྒྱའོ།། ལག་པ་གཡོན་པ་ཁུ་ཚུར་བཅངས་ནས་མཐོ་བོང་མཛུབ་མོ་གཅིག་ཏུ ་སྦྱར་ཏེ་ཞགས་མིག་ལྔར་བྱས་ལ། གཡས་པའི་ཁུ་ཚུར་ཡང་དེ་ལྟར་བྱས་ཏེ་སྙིང་གར་བཞག་ལ་གཡོན་པའི་མཛུབ་མོ་ལྕགས་ཀྱུས་གཡབ་པ་ནི་ཆུ་ལྷ་སྤྱན་དྲང་བའི་ཕྱག་རྒྱའོ།། ཕྱག་རྒྱ་དེ་ཉིད་ལས་གཡོན་པའི་མཛུབ་མོ་ཁུ་ཚུར་དུ་བཞག ་བོ་ལས་ཞགས་མིག་ལྟར་བྱས་པ་ནི་ཆུ་ལྷའི་དམ་ཚིག་གི་ཕྱག་རྒྱའོ།། གཡོན་པའི་མཛུབ་མྱོ་བརྐྱང་པ་ནི་སླར་གཏང་པོའི་ཕྱག་རྒྱའོ།། ལག་པ་གཡོན་པ་ཁུ་ཚུར་བཅིངས་ཏེ་གུང་མོ་བསྒྲེངས་པའི་ཚིགས་དང་པོས་མཛུབ་མོ་བཀུག་པའི་ཐོར ་བཙུགས་ལ་སྟ་ཟུར་ལ་བཞག། གཡས་པའང་དེ་བཞིན་སྟ་ཟུར་ལོགསུ་བཞག་ཅིང་མཐེ་བོང་བསྐུལ་བཱ་ནི་རླུང་ལྷ་སྤྱན་དྲང་བའི་ཕྱག་རྒྱའོ།། དེ་ཉིད་ལས་མཐེ་བོང་སྔ་མ་ལྟར་བྱས་པ་ནི་རླུང་ལྷའི་དམ་ཚིག་གི་ཕྱག་རྒྱའོ།། སྤྱན་དྲང་བའི་ཕྱག་རྒྱ་ལས ་མཐེ་བོང་བརྐྱང་བ་ནི་སླར་གཏང་བའི་ཕྱག་རྒྱའོ།། ལག་པ་གཉིས་ཐལ་མེ་ཁོང་སྟོང་དུ་སྦྱར་ལ་རྡོ་རྗེ་བཅིང་པོ་ནང་དུ་བཟློག་སྟེ་མཐེ་ཆུང་གཞི་བས་ལ་བརྐྱང་སྟེ། དེའི་རྒྱབ་ཏུ་སྦྱིན་ལག་གཉིས་སོ་སོར་བཞག་ནས་གུང་མོ་གཉིས་རྡོ་རྗེ་ལྟར་བཀུག ་སྟེ་གཡབ་པོ་ནི་ཀུ་བེ་ར་སྤྱན་དྲང་བའི་ཕྱག་རྒྱའོ།། དེ་ཉིད་ལས་གུང་མོ་གཉིས་ནང་དུ་རྡོ་རྗེ་བཅིངས་པའི་ཚུལ་ལྟར་བྱ་སྟེ་སྙིང་གར་བཞག་པ་ནི་ཀུ་བེ་རའི་དམ་ཚིག་གི་ཕྱག་རྒྱའོ།། སྤྱན་དྲང་བའི་ཕྱག་རྒྱ་ལས་གུང་མོ་གཉིས་བརྐྱང་བ་ནི་སླར་གཏང ་བའི་ཕྱག་རྒྱའོ།། ལག་པ་གཉིས་གཅིག་ཏུ་སྦྱར་ཏེ་ཐལ་མོ་གཅིག་ཏུ་སྦྱར་བའི་སྲིན་ལག་དང་མཐེའུ་ཆུང་ནང་དུ་བཀུག་སྟེ་བསྣོལ་ལ། གུང་མོ་གཉིས་གཞིབས་ཏེ་བསྒྲེངས་པའི་རྒྱབ་ལོགསུ་མཛུབ་མོ་གཉིས་དང་གུང་མོ་གཉིས་རྡོ་རྗེ་འདྲ་བར་བྱ། མཐེ ་བོང་གཉིས་བར་དུ་གཞིབས་ཏེ་བཞག་ལོ་དེ་ནས་མཛུབ་མོ་གཉིས་ཕན་ཚུནྡ་རྩེ་སྤྱད་ནས་ནང་དུ་གཡབ་པ་ནི་དབང་ལྡན་སྤྱན་དྲང་བའི་ཕྱག་རྒྱའོ།། དེ་གཉིས་ལས་སྔ་མ་ལྟར་མཛུབ་མོ་རྡོ་རྗེའི་ཚུལ་དུ་སྙིང་གར་བཞག་པ་ནི་དབང་ལྡན་གྱི་དམ ་ཚིག་གི་ཕྱག་རྒྱའོ།། སྤྱན་དྲང་བའི་ཕྱག་རྒྱ་ལུས་མཛུབ་མོ་གཉིས་བརྐྱང་བ་ནི་སླར་གཏང་བའི་ཕྱག་རྒྱའོ།། ལག་པ་ཐལ་མོ་ཁོང་སྟོང་དུ་སྦྱར་ཏེ་བཞག་ལ་སྟེང་དུ་ཁ་བལྟས་ཏེ་མཛུབ་མོ་གཉིས་ཀྱིས་ལྕགས་ཀྱུས་གཡབ་པ་ནི་ཚངས་པ་ལ་སོགས། ་པ་སྤྱན་དྲང་བའོ།། དེ་ཉིད་ལས་མཛུབ་མོ་གཉིས་སྔ་མ་ལྟར་བྱས་སྟེ་སྙིང་གར་བཞག་པ་ནི་དམ་ཚིག་གི་ཕྱག་རྒྱའོ།། སྤྱན་དྲངས་པའི་ཕྱག་རྒྱ་ལས་མཛུབ་མོ་གཉིས་བརྐྱང་བ་ནི་སླར་གཏང་བའི་ཕྱག་རྒྱའོ།། ཕྱག་རྒྱ་དེ་རྣམས་ཉིད་ལ་ཁ་འོག་ཏུ། ་བལྟས་ན་འོག་གི་ལྷ་སྤྱན་དྲང་བ་ལ་སོགས་པར་འགྱུརརོ།། ལག་པ་གཉིས་གཅིག་ཏུ་སྦྱར་ཏེ་སོར་མོ་རྣམས་པར་མཚམས་མེད་པར་ཕན་ཚུན་རྩེ་སྤང་ལ། མཐེ་བོང་དང་མཛུབ་མོ་གཉིས་ཟླུམ་པོར་བྱས་པའི་ལྕགས་ཀྱིས་གཡབ་པ་ནི་སའི་ལྷ ་མོ་ལ་སོགས་པ་སྤྱན་དྲང་བའི་ཕྱག་རྒྱའོ།། མཛུབ་མོ་མི་གཡབ་པར་སྔ་མ་ལྟར་སྙིང་གར་བཞག་པ་ནི་དམ་ཚིག་གི་ཕྱག་རྒྱའོ།། མཛུབ་མོ་གཉིས་བརྐྱང་བ་ནི་སླར་བཏང་བའི་ཕྱག་རྒྱའོ།། སྔགས་ནི་ཨོཾ་རུ་ཏྲ་ཡ~ཾ་གྲྀདྡྷིཧྞ་དམ་ཨརྒྷ་སྭཱཧཱ། དེ་བཞིན ་