| Wylie | e-texts produced with BDRC’s OCR application |
།། རྒྱུ་གང་རླུང་དུ། ན་ས་ཏྲ་ཡ་པྲདྷཱུ་བ། བོད་སྐད་དུ། ཚུལ་གསུམ་གྱི་སྒྲོན་མ། བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། ཤེས་རབ་ཐུགས་རྗེའི་སྣང་བ་ཡིས།། འགྲོ་བའི་མངོན་སུམ་སྤྱན་གྱུར་ཅིཔ ་ཡེ་ཤེས་འོད་ཀྱིས་མུན་སིལ་མཛད།། རྒྱལ་བ་སྒྲིབ་ལ་ཕྱག་འཚལ་ལོ།། ལུང་དང་རིགས་པ་ཇི་བཞིན་དང་།། བདག་གི་ཤེས་སྟོབས་ཅི་ཡོད་པས།། ཚུལ་གསུམ་གྱི་ནི་སྒྲོན་མ་འདི།། དེ་ཉིད་གྲུབ་ཕྱིར་བཤད་པར་བྱ།། གལཱ་ཏེ་འདི་ལ་སྐྱེ་བོ་འགའ།། སྐུལ ་པ་དམན་པས་མི་འཇུག་ཀྱང་།། བདག་ཉིད་ཀྱི་ནི་རང་གི་ཡོད།། སྦྱོང་བའི་ཐབས་སུ་འདི་གྱུར་མོད།། ཡང་དག་རིག་མེད་པར་འཇིག་རྟེན།། མྱ་ངན་འདས་པ་མི་ཐོབ་ཅེས།། སངས་རྒྱས་ཀྱིས་གསུངས་ངོ་ཚད་མ།། རྒན་པོ་རྣམས་ཀྱིས་གསལོ་བར་བཤད།། འདི ་ན་ཐེག་པ་ཆེན་པོའི་ཚུལ་ལ་གོ་ཆ་ཆེན་པོ་བགོས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ནས་བརྩམས་ཏེ། བཅོམ་ལྡན་འདས་སྟོབས་བཅུ་དང་ཐུགས་རྗེ་ཆེན་པོའི་བདུད་རྩིས་ཐུགས་བརླན་པས། མདོ་སྡེ་དང་རྒྱུད་ཀྱི་རྒྱལ་པོ་དེ་དང་དེ་རྣམསུ་ས་དང་། ཏིང་ངེ་འཛིན་དང་། ་གཟུངས་དང་། ཕ་རོལ་ཏུ་ཕྱིན་པ་དང་། མངོན་པར་ཤེས་པ་དང་། རྣམ་པར་ཐར་པའི་སྒོ་མཐའ་ཡས་པ་རྣམས་ཐུགས་རྗེ་ཆེན་པོའི་བདུད་རྩིའི་གསུང་ཉིད་ཀྱིས་སྟོན་པར་མཛད་པ་ནི་གཉི་སུ་མེད་པའི་ཡེ་ཤེས་ཁོ་ན་ཕུན་སུམ་ཚོགས་པ་མ་ལུས་པའི་རྒྱུ་ཡིན་པར་གསུངས ་ལ། དེ་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། དེ་བཞིན་གཤེགས་པ་དང་། དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་དང་། ཆོས་ཀྱི་དབྱིངས་ལ་སོགས་པའི་རྣམ་གྲངས་ཀྱིས་སྟོན་པར་མཛད་པ་ཡིན་པས་དེ་ཉིད་ནི་ཐར་པ་འདོད་པ་རྣམས་ཀྱིས་མཆོག་ཏུ་བླང་བར་བྱ་བ་ཡིན་ནོ།། ་དྲིས་པ་སྡུག་བསྔལ་གྱི་བདེན་པ་ལ་སོགས་པ་གཞན་དག་ཀྱང་། དེ་ཁོ་ན་ཉིད་ཡིན་པར་གསུངས་ལ། ཡེ་ཤེས་དེ་ཡང་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཡིན་ནོ།། དེ་གོམས་པར་བྱེད་པའི་རིམ་པ་ཉིད་ཀྱིས་ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་སྐྱེས་པ་ས། ་མ་ཡིན་པ། བྱ་བ་བྱས་པ། བྱེད་པ་བྱས་པ་ཞེས་བྱ་བ་ལ་སོགས་པར་གསུངས་ན་ཇི་ལྟར་ན་གཉིས་སུ་མེད་པའི་ཡེ་ཤེས་དེ་ཉིད་གཅིག་པུ་བྲང་བར་བྱ་བའི་དེ་ཁོ་ན་ཉིད་དུ་བཤད། འདི་ནི་སངས་རྒྱས་ཀྱི་བཀའ་མ་ཡིན་ནོ་ཞེས་བརྗོད་པར་ནུས་པ་ཡང་མ་ཡིན་ཏེ།། བདེ ་བར་གཤེགས་པའི་བསྟན་པ་ལི་ནི་དེ་གཙོ་བོར་གྱུར་པ་ཉིད་ཡིན་ཞིང་ཐེག་པ་ཆེན་པོར་ཡང་དེ་ལྟར་ཁས་བླངས་པ་ཡིན་པའི་ཕྱིར་རོ།། ཡང་ན་འདི་དག་ནི་སངས་རྒྱས་ཀྱི་བཀའ་ཡིན་དུ་ཟིན་ཀྱང་ཚང་མ་དང་མི་ལྡན་པས་དེ་ཁོ་ན་ཉིད་མ་ཡིནོ་ཞེ་ན། དེ་ལྟ་ན་ཐམས ་ཅད་མཁྱེན་པ་ནི་མི་ཤེས་པ་ཡིན་ནོ་ཞེས་སངས་རྒྱས་སྤངས་པའི་ཕྱིར་ཉེས་པ་ཆེན་པོར་འགྱུར་ལ། དེ་ལྟ་ཡིན་ན་ནི་ཐེབ་པ་ཆེན་པོ་ལའང་སུ་ཞིག་ཡིད་ཆེས་པར་འགྱུར། འདི་ནི་ཚད་མ་དང་མི་ལྡན་པ་ཡང་མ་ཡིན་ཏེ། འདིར་ཚད་མ་ནི་ཚད་མ་རྣམ་འགྲེལ་ཉིད ་དུ་སྨྲས་པས་འདིར་མ་བཤད་པ་ཡིན་ནོ།། གཞན་ཡང་སྡུག་བསྔལ་གྱི་བདེན་པ་ལ་སོགས་པ་ནི་ཐེབ་པ་ཆེན་པོར་ཡང་བཅོམ་ལྡན་འདས་ཀྱིས་བསྟན་ན་དེ་དེ་ཁོ་ན་ཉིད་མ་ཡིན་ནོ་ཞེས་ཡང་ལས་ངེས་པར་བྱས། སངས་རྒྱས་ཀྱི་བཀའ་ཉིད་ལ་དད་པ་དང་ལྡན་པ ་རྣམས་དེ་ཁོ་ན་ཉིད་དང་ཅིག་ཤོས་སུ་འབྲང་བ་རིགས་པ་མ་ཡིན་ནོ།། གཉིས་སུ་མེད་པའི་ཡེ་ཤེས་ནི་དེ་ཁོ་ན་ཉིད་ཡིན་པར་འདུལ་བ་ལ་སོགས་པར་ཡང་ཅིའི་ཕྱིར་མ་བསྟན། བཅོམ་ལྡན་འདས་ནི་དེ་ཁོ་ན་ཉིད་མ་ཡིན་པ་དེ་ཁོ་ན་ཉིད་དུ་སྟོན་པར་མི་མཛད་ཅིང ་དེ་ཁོ་ན་ཉིད་སྦེད་པར་ནི་མི་མཛད་དེ། སངས་རྒྱས་འབྱུང་བ་ནི་དེ་ཁོ་ན་ཉིད་སྟོན་པར་མཛད་པ་ལ་བརྩོན་པ་དང་། སངས་རྒྱས་རྣམས་ལ་ནི་སློབ་དཔོན་གྱི་དཔེ་མཁྱུད་མི་མངའ་ཞིང་ཕྱིན་ཅི་མ་ལོག་པར་སྟོན་པ་ཡིན་པའི་ཕྱིར་དང་། བདེན་པ་ལ་དམིགས་པ་ཉིད་ནི ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཡིན་པོར་བཅོམ་ལྡན་འདས་ཀྱིས་ཡང་དག་པར་བསྔགས་པ་མཛད་དེ། འདི་ནི་བདེ་བར་འགྲོ་བའི་ལམ།། ལམ་འདི་རྣམ་པར་དག་པའི་ཕྱིར།། ཞུགས་པར་བྱེད་པ་རབ་སྤོང་ཞིང་།། སྒོམ་བྱེད་བདུད་ཀྱི་འཆིང་བ་གཅོད་ཅེས་བྱ་བ། ་ལ་སོགས་པ་གསུངས་པ་ཡིན་པས་ལུང་ལས་སམ། དེ་ཁོ་ན་ཉིད་དུ་ན་སྡུག་བསྔལ་ལ་སོགས་པའི་བདེན་པ་ནི་བདེན་པ་མ་ཡིན་པ་མ་ཡིན་གྱི་འདི་ནི་བདག་ཏུ་འཛིན་པའི་བུད་ཤིང་གི་མེ་འབར་བ་འབའ་ཞིག་ཡི་ནོ།། འདིར་བརྗོད་པར་བྱ་སྟེ། དེ་ལ་རེ་ཞིག ་སྡུག་བསྔལ་གྱི་བདེན་པ་ལ་སོགས་པ་ཡང་དེ་ཁོ་ན་ཉིད་ཡིནོ་ཞེས་གསུངས་ལ་ཞེས་གང་སྨྲས་པ་དེ་ལ། དཔེར་ན་མི་གཙང་སེལ་བྱེད་ལྟར།། ཉོན་མོངས་སྤྱོད་ཕྱིར་བདེན་པ་དག། སྟོན་པར་མཛད་ཀྱི་དེ་ཉིད་ནི།། དོན་དམ་བདག་ཅན་ཡིན་པར་འདོད།། འདོན་པ་བསྒོམས་པ ་ཉོན་མོངས་པ་སྤོང་བས་དེ་ཁོ་ན་ཉི་དུ་མི་འགྱུར་ཏེ། མི་གཙང་བ་སྒོམ་པ་ལ་སོགས་པ་ཡང་འདོད་ཆགས་ལ་སོགས་པ་རྣམ་པར་སྤོང་བའི་དོན་ཡིན་པའི་ཕྱིར། དེའི་དམིགས་པ་རུས་གོང་ལ་སོགས་པ་ཡང་དེ་ཁོ་ན་ཉིད་ཡིན་པར་ཐལ་བར་འགྱུར་ལ། ཡང་དེའི་ཚེ་འཇིག་རྟེན ་པའི་ལམ་ལ་དམིགས་པ་འམ། ནམ་མཁའ་ལ་སོགས་པ་ཅུང་ཟད་ཀྱང་དེ་ཁོ་ན་ཉིད་མ་ཡིན་པར་མི་འགྱུརརོ།། དོན་དམ་པ་ནི་དེ་ཁོ་ན་ཉིད་ཡིན་གྱི་སྡུག་བསྔལ་ནི་དོན་དམ་པ་ཡིན་ཏེ། དེ་ལས་དམན་པ་ཉིད་ཡིན་པའི་ཕྱིར།། ཕྱིན་ཅི་མ་ལོག་པ་ཉིད་ཀྱིས་སྡུག་བསྔལ་དོན་དམ་པ་ཉིད་ཡིན་ཞེས ་ཁོ་བ་ཅག་སྨྲའོ།། ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་སྡུག་བསྔལ་གྱི་བདེན་པ་ཞེས་གསུངས་པ་དང་། དབྱིག་གཉེན་གྱི་གལ་སྔ་ནས་ཀྱིས་ཀྱང་། གཉིས་ནི་འཕགས་པ་རྣམས་ཀྱི་བདེན་པའོ།། ཡང་གཉིས་ནི་འཕགས་པ་མ་ཡིན་པའི་བདེན་པའོ་ཞེས་བཤད་པ་མནན་མད་ནི ་ཡང་དག་པ་མ་ཡིན་ཏེ། གང་གི་ཕྱིར། ཉན་ཐོས་རྣམས་ནི་འཇུག་པའི་ཕྱིར།། སྡུག་བསྔལ་ལ་སོགས་བདེན་ཉིད་གསུངས་པ།། གང་ལའང་ནི་རྙེད་མི་འགྱུར།། དངོས་པོ་མེད་པའི་ངོ་བོ་ལ། བྱིས་པ་རྣམས་ནི་འབྱུང་བར་འདོད།། ཅེས་གསུངས་པ་དང་། དེ་བཞིན་དུ་དཀོན་མཆོག ་འབྱུང་གནས་ལས། གང་གི་དངོས་པོ་ཉིད་ནི་ཡོད་མིན་པ།། དདངོས་གཞན་གྱི་རྐྱེན་དུ་ཇི་ལྟར་འགྱུར།། དངོས་མེད་གཞན་ནི་ཇི་ཞིག་སྐྱེད་འགྱུར་ཞེས།། རྒྱུ་འདི་བདེ་བར་གཤེགས་པས་བསྟན་པ་ཡིན་ཞེས་བཤད་པ་དང་། འཕགག་པ་ཀླུའི་རྒྱལ་པོ་རྒྱ་མཚོས་གུས་པ་ཆེན་པོ་ལས ་བྱ་བ་སྣརོན་གྱི་མམར་སྟོང་ཕྱི་མྱའི་རྒྱས་སྤྱོང་ཞིང་།། སྐྱེ་དང་འཇིག་དང་གནས་པའི་དངོས་པོ་སྤྱོ། དངོས་པོ་ཉིད་མེད་དངོས་པོ་མེད་པོའང་མེད།། ཆོས་རྣམས་ཐམས་ཅད་སྟོང་པའི་ངོ་བོ་ཉིད་ཅེས་གསུངས་པ་དཔའ་ཕགས་པ་ཏི་ངེ་འཛིན་གྱི་རྒྱལ་པོ་ལས་ཀྱང་དཔེར་ན་རྒྱུ་ཤི ་རློ་པའི་ཕུང་པོ་ལས། སྙིང་པོ་འདོད་པའི་སྐྱེས་བུས་རྣམ་བཙལ་ན།། ཕྱི་དང་ནང་ན་དངོས་པོ་ཡོད་མ་ཡིན།། ཆོས་རྣམས་ཐམས་ཅད་དེ་འདྲང་ཤེས་པར་གྱིས་ཞེས་གསུངས་པ་དང་། ཆོས་ཡང་དག་པར་སྤྱད་པ་ལས་ཀྱང་། ཚུལ་བཞིན་འདྲི་བ་ནི་གང་ཚུལ་བཞིན་མ་ཡིན་པ། ་འདྲི་བ་ནི་ཡང་ཞེ་ན། སྨྲས་པ་མ་སྐྱེས་པ་ནི་ཚུལ་བཞིན་ཏེ། དེ་འདྲ་བ་ནི་ཚུལ་བཞིན་དུ་འདྲི་བའོ་ཞེས་གསུངས་པ་དང་། ཡང་དེ་ཉིད་ལས་ཆོས་ཐམས་ཅད་ནི་ཙའི་སྒོ་སྟེ་འཆི་འཕོ་དང་སྐྱེ་བ་དང་བྲལ་བའོ།། ཆོས་ཐམས་ཅད་ནི་ངོ་བོ་ཉིད་ཀྱི་སྒོ་སྟེ། ངོ་བོ་ཉིད་སྟོང་པ་ཉིད ་བར་བཟུང་བས་སོ་ཞེས་གསུངས་པ་དང་། ཡབ་དང་སྲས་མཇལ་བ་ལས་ཀྱང་། ཆོས་འདི་དག་ཐམས་ཅད་ནི་དུས་གསུམ་མཉམ་པ་ཉིད་ཀྱིས་མཉམ་སྟེ། འདས་པའི་དུས་ཀྱི་ཆོས་ཐམས་ཅད་ནི་ངོ་བོ་ཉིད་དང་བྲལ་བའོ།། མ་འོངས་པ་དང་ད་ལྟར་བྱུང་བའི་ཆོས་ཐམས ་ཅད་ནི་ངོ་བོ་ཉིད་ཀྱིས་སྟོང་པའོ་ཞེས་གསུངས་པ་དང་། ཡང་དེ་ཉིད་ལས་གསལ་བར་མཛད་པ་ནི། ཆོས་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་སྟོང་པ་སྟེ། ཆོས་གང་དངོས་པོ་མེད་པ་དེ་ནི་འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་བྱུང་བ་མ་ཡིན་ནོ།། དེ་ཅིའི་ཕྱིར། ་ཞེ་ན། དངོས་པོ་ཡོད་པ་མ་ཡིན་པའི་ཕྱིར་འདས་པའོ་ཞེས་རྣམ་པར་འཇོགས་པར་མི་ནུས། མ་འོངས་པ་མ་ཡིན། ད་ལྟར་བྱུང་བར་འཇོག་པར་ནུས་པ་མ་ཡིན་ནོ་ཞེས་བྱ་བ་གསུངས་པ་ཡིན་ནོ།། དེ་བཞིན་དུ་བདེན་པ་གཉིས་ལ་འཇུག་པ་ལས་ཀྱང་། ཡང་འཇམ ་དཔལ་ཡང་དག་པའི་སྦྱོར་བ་གང་ཞིག་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དོན་དམ་པ་དང་། དེ་བཞིན་ཉིད་དང་། ཆོས་ཀྱི་དབྱིངས་དང་། སྐྱེ་བ་མེད་པ་གང་དང་མཉམ་པ་མཚམས་མེད་ལྔ་པོ་དེ་དང་མཉམ་མོ་ཞེས་བྱ་བ་ལ་སོགས་པ་ཀུན་ནས་ཉོན ་མོངས་པ་དང་། རྣམ་པར་བྱང་བའི་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྒྱ་ཆེར་བཤད་ནས་སྨྲས་པ། ཡང་འཇམ་དཔལ་དོན་དམ་པའི་བར་གྱི་མཉམ་པ་ཉིད་གང་གིས་རྣམ་པར་བྱང་བ་མཉམ་པ་ཉིད་ཡིན་པ་ཆོས་ཐམས་ཅད་དེ་དང་མཉམ་པ་ཡིན་ནམ ་འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དོན་དམ་པར་ཆོས་ཐམས་ཅད་ནི་མ་སྐྱེས་པའི་མཉམ་པ་ཉིད་དང་། དོན་དམ་པར་ཆོས་ཐཾད་ནི་ཤིན་ཏུ་མ་བྱུང་བའི་མཉམ་པ་ཉིད་དང་། དོན་དམ་པར་ཆོས་ཐམས་ཅད་དངོས་པོ་མེད་པའི་མཉམ་པ་ཉིད་ཀྱིས་ཆོས་ཐང་མཉམ་པ་ཉིད ་མན་ནས་རྒྱུ་ཚོར་གསུས་པ་དང་། སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ཡེ་ཤེས་སྣང་བའི་རྒྱུན་ལས་ཀྱང་། ག་ཏུ་མང་ཆེས་ནང་བཞིན་པ་ཤྱེགས། རྫས་རྣམས་ཐམས་ཅད་བདེ་བ་ག་ཤེགས་དང་། ཁྱིམ་པའི་སྔོནན་མནན ་མ་འཛིན་པ་རྣམས། འཇིག་རྟེན་དག་ན་མེད་པའི་ཆོས་ལ་སྤྱོད་ཅེས་གསུངས་པ་དང་། བཅོམ་ལྡན་འདས་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྔ་མོ། རབ་འབྱོར་གཟུགས་ནི་ངོ་བོ་ཉིད་ཀྱིས་སྟོང་པ་སྟེ་ཞེས་བྱ་བ་ནས་རྣམ་པར་ཤེས་པའི་བར་དུ་ཉེ་བར་བཟུང་སྟེ་སྤྱོད ་པའི་མཚན་ཉིད་ཅན་དུ་གསུངས་པ་དང་།། དཀོན་མཆོག་གི་བླ་མ་ཏོག་ལས་ཀྱང་། འཇམ་དཔལ་སངས་རྒྱས་ཀྱི་ཆོས་རྣམས་ཀྱང་ཆོས་མ་ཡིན་པ་ཡིན་ནམ། སྨྲས་པ། བཙུན་པ་རབ་འབྱོར་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་ཡང་དག་པར་བྱུང་བ་ནི་འགའ་ཡང་མ ་གང་བྱུང་བ་དེ་ནི་ཆོས་རྣམས་ཀྱི་ཆོས་ཉིད་དོ་ཞེས་བརྗོད་པར་མི་བྱའོ།། དེ་བས་ན་བཅོམ་ལྡན་འདས་ཀྱིས་འདི་ལྟར་ཆོས་ཐམས་ཅད་ནི་ཆོས་མ་ཡིན་པའོ་ཞེས་གསུངས་པ་ཡིནོ།། དེ་བས་ན་འདི་དག་ཐམས་ཅད་ཡོངསུ་བརྟགས་པའི་ངོ་བོ་ཉིད་ལ་དགོངས་ནས་གསུང་མོ ་ཞེས་གང་བཤད་པ་དེ་ཡང་བདེན་པ་ཉིད་ཡིན་ཡོངསུ་བརྟགས་པའི་ངོ་བོ་ཉིད་དུ་བརྗོད་པ་ནི་ཚད་མ་དང་འགའ་བ་ཡིན་ཡང་བྱིས་པ་རྣམས་ཀྱིས་དེ་ཁོ་ན་ཉིད་དུ་ཉེ་བར་བཟུང་བ་ཡི་ནོ་ཞེ་ན། དེ་ལྟ་ན་ནི་སྐྱེ་བ་ལ་སོགས་པ་ཉིད་ཡོངསསུ་བརྟགས་པ་ཡིན་པས་ཚ། ་མ་དང་འགལ་ཏེ་དེས་ན་མ་སྐྱེས་པ་དེ་ཁོ་ན་ཉིད་ཡིན་པར་གྲུབ་པ་ཡིནོ།། འདི་ནི་བཅོམ་ལྡན་འདས་ཀྱིས་ཆོས་ཡང་དག་པར་སྡུད་པོ་ལས་གསལ་བ་ཁོ་ནར་གསུངས་པ་ཡིན་ཏོ།། རིགས་ཀྱི་བུ་སྐྱེ་བ་དང་འགོག་པ་ལ་མངོན་པར་ཞན་པ་ལ་འཇིག་རྟེན་པ་རྣམས ་ཞུགས་པ་ཡིན་ཏེ། དེ་ལ་དེ་བཞིན་གཤེགས་པ་ཐུགས་རྗེ་ཆེན་པོས་འཇིག་རྟེན་གྱིས་སྐྲག་པའི་གནས་སྤང་བར་བྱ་བའི་ཕྱིར་སྐྱེ་བ་དང་འགག་པར་འགྱུརརོ་ཞེས་ཐ་སྙད་དུ་གསུངས་པ་ཡིན་གྱི་འདི་ལ་ཆོས་འགའ་ཡང་སྐྱེ་བ་མེདོ་ཞེས་གསུངས་པ་ཡི་ནོ།། དེ་བས་ན་སྐྱེ་བ་མེད།། ་པ་དང་། སྟོང་པ་ཉིད་ལ་སོགས་པའི་ཚིག་གིས་བསྟན་པ་གཉིསུ་མེད་པ་ཉིད་དེ་ཁོ་ན་ཡིན་ནོ་ཞེས་བྱ་བར་གནས།། གང་ཡང་འདུལ་བ་ལ་སོགས་པར་གཉིསུ་མེད་པ་འདི་ཅིའི་ཕྱིར་མ་བསྟན་ཞེས་སྨྲ་ན། དེར་ནི་བརྩོན་འགྲུས་ཆུང་བའི་ཕྱིར་ཞེས་བཤད་པ་ཉིད་ཀྱི་ཕྱིར ་ཏེ། དེ་ཡང་རང་གི་དོན་ཙམ་ལ་མངོན་པར་བརྩོན་ཞིང་བདེན་པ་བསྟན་པ་ཉིད་ཀྱིས་དོན་བྱེད་ལ། ཆོས་ཐམས་ཅད་བདག་མེད་པའི་ཏིང་འཛིན་ལ་ནི་གཡང་ས་དང་འདྲ་བར་ལྟོ་བས་གཉི་སུ་མེད་པ་མ་བསྟན་པ་ཡིན་ཏེ། སྟོན་པ་པོ་རྣམས་ནི་ཐམས་ཅད་ལ་ཐ~ཾད་སྟོན ་པར་མི་མཛ་།། ཉེ་བར་སྟོན་པ་དེ་ནི་དགོས་པའི་དབང་དུ་མཛད་པ་ཡིན་པའི་ཕྱིརརོ།། བྱང་ཆུབ་སེམས་དཔའ་རྣམས་ནི་ཟབ་པ་དང་རྒྱ་ཆེ་བའི་བསམ་པ་ཅན་ཡིན་པའི་ཕྱིར་རྣམ་པ་ཐམས་ཅད་དགོས་པ་ཡིན་པས་ན། འཕགས་པའི་བདེན་པ་བཞི་སྟོན་པར་མཛད ་པ་ཡང་དགོས་པ་ཡིནོ།། གལ་ཏེ་འདི་སྐད་ཅེས་སྡུག་བསྔལ་ལ་སོགས་པ་ཉིད་དེ་ཁོ་ན་ཉིད་ཡིན་ལ། དེ་མཐོང་བ་ཡང་བརྟུལ་ཞུགས་དང་སྦྱངས་པའི་ཡོན་ཏན་ལ་སོགས་པས་འཐོབ་པར་འགྱུར་བ་ཡིན་པས་སྟོབས་དང་ལྡན་པའི་འབད་པས་སྒྲུབ་པར་བྱ་བ ་ཡིན་ལ། གཉི་སུ་མེད་པའི་ཡེ་ཤེས་འདི་ཡང་དེ་ཁོ་ན་ཉིད་མ་ཡིན་དུ་ཟིན་ཀྱང་དེ་ཁོ་ན་ཉིད་དུ་བསྟན་པ་ནི་དེ་ཁོ་ན་ཉིད་ལ་འཇུག་པའི་ཕྱིར་ཡིན་པས། སེམས་ཅན་ཐམས་ཅད་ཇི་ལྟར་འདོད་པར་བསྒོམ་པར་བྱའོ་ཞེས་ཅིའི་ཕྱིར་མི་འཆད་དེ། གཉི་སུ་མེད ་པའི་ཡེ་ཤེས་ཀྱི་ཕྱོགསུ་ལྟུང་བས་ཅི་ཞིག་བྱ་ཞེས་ཟེར་ན་འདིར་བརྗོད་པར་བྱ་སྟེ། སྟོན་པ་ཉིད་ཀྱིས་ཐེག་ཆེན་དུ།། དེ་སྐད་གསུངས་པས་དེ་དེ་བཞིན།། ཤེས་ཀྱི་དེ་དང་མི་མཐུན་པ།། ཐུབ་གསུངས་མེད་པར་ཇི་ལྟར་རང་གི་རྟོག་པས། ་སྨྲས་པ་མ་ཡིན་ཏེ། གཞན་དུ་ན་སྟོན་པ་ཉིད་ཀྱིས་ལང་ཀར་གཤེགས་པའི་མདོ་ལས། ཏིང་འཛིན་དྲེགས་པས་མྱོས་ནས་ནི།། ཟག་པ་མེད་པའི་དབྱིངས་ན་འཁོད་ཅེས་གསུངས་པ་དང་ཡང་དེ་ཉིད་ལག་བློ་གྲོས་ཆེན་པོ་འདི་ནི་ཉན་པ། པའི་མངོན་པར ་རྣགོས་པའི་རིགས་ཀྱི་མྱ་ངན་ལས་འདས་པ་མ་ཡིན་པ་ལ་མྱ་ངན་ལས་འདས་པའི་བློ་ཅན་ཏེ། བློ་གྲོས་ཆེན་པོ་འདི་ལ་ལྟ་བ་ངན་པ་ལས་ལྡོག་པར་བྱ་བའི་ཕྱིར་རྣལ་འབྱོར་དུ་བྱའོ་ཞེས་གསུངས་པ་ཡིནོ།། དེ་ཉིད་ཀྱིས་ན་ལམ་གཞན་གྱིས་ཐར་བར་འགྱུར་བ ་མེད་པས། བཅོམ་ལྡན་འདས་ཀྱིས་ཐེག་པ་གཅིག་ཉི་དུ་གསུངས་པ་ཡི་ནོ།། དེ་དང་དེར་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ལ་ཉན་ཐོས་དང་ལྷན་ཅིག་གནས་པོ་དང་། ཀུན་ཏུ་སྨྲ་བའི་བསླབ་པ་ལ་སོགས་པ་དགག་པ་བསྟན་པ་ཡིན་ལ། བདག ་ཅག་རྣམས་ཀྱང་དེ་ལྟར་འཇུག་པ་ཡིནོ།། འདི་ལྟར་གསུང་རབ་གང་ལས་ཀྱང་གཉི་སུ་མེད་པའི་ཡེ་ཤེས་ཉིད་བདེན་པའི་ཡེ་ཤེས་ཐོབ་པའི་ཐབས་ཡིན་པར་མ་བསྟན་ན་ཇི་ལྟར་ན་ཕྱིན་ཅི་ལོག་ཏུ་འཇུག་པར་བྱ། སྔོན་གྱི་མཁས་པ་རྣམས་ཀྱིས་ཀྱང་གཅིག ་དང་དུ་མ་ཉིད་དུ་མི་འཐད་པས། དངོས་པོ་མེད་པ་ཡིན་པར་རིགས་པའི་སྟོབས་ཉིད་ཀྱིས་བསྟན་ལ། བཅོམ་ལྡན་འདས་ཀྱིས་ཀྱང་ལང་ཀར་གཤེགས་པ་ལས། ཇི་ལྟར་མེ་ལོང་དག་ལ་གཟུགས། གཅིག་དང་དུ་མ་རྣམ་སྤངས་པས། སྣང་ཡང་དེ་ན་ཡོད་མ་ཡིན།། ་དེ་བཞིན་དངོས་པོའི་དངོས་ཉིད་དོ་ཞེས་གསུངས་པ་དང་། ཡང་བློ་ཡོས་རྣམ་པར་བརྟགས་ན་ནོ།། ངོ་བོ་ཉིད་ནི་དམིགས་སུ་མོད།། དེ་ཕྱིར་ངོ་དག་བརྗོད་མོང་དང་།། དངོས་པོ་མོད་པར་བསྟན་པ་ཡོན་ཞེས་གསུངས་པ་ཡི་ནི།། ལུང་དང་རིག་པས་གང་གྲུབ། ་པ།། དེ་སྤངས་ལུང་མེད་དེ་ཉིད་གཞན།། ཆད་མ་མེད་པར་མཁས་པ་དག། ཁས་འཆེས་པར་ནི་ཇི་ལྟར་བྱེད།། ཇི་ལྟར་གཉིསུ་མེད་པ་ཉིད་ལ་སྐྱེ་བ་མེད་པ་དང་། དངོས་པོ་མེད་པ་དང་སྟོང་པ་ཉིད་ལ་སོགས་པའི་ཚིག་གིས་བཤད་ཀྱི་གཅིག་དང་དུ་མ་ལ་སོགས ་པས་དེ་མི་འཇལ་ལོ།། དེ་ལྟར་དོན་དམ་པ་ནི་སྒྲོན་མ་ཉིད་དུ་ངེས་པར་བཤད་པས་ན་དེ་ཉིད་ངེས་པར་གཟུང་པོར་བྱའོ།། དེ་བས་ན་འདི་ལྟར་གཉིསུ་མེད་པ་ཉིད་གཅིག་པུ་དེ་ཁོ་ན་ཉིད་ཡི་ནོ་ཞེས་བྱ་བར་གན་སོ།། ཡང་བརྟུལ་ཞུགས་དང་སྦྱད་པའི་ཡོན་ཏན་ལ་སོགས། ་པས་ཐོབ་པས་བདེན་པའི་ཡེ་ཤེས་དང་། གཉི་སུ་མེད་པའི་ཡེ་ཤེས་ཀྱང་སེམས་ཅན་ཐམས་ཅད་ཀྱིས་ཇི་ལྟར་འདོད་པར་བྱའོ་ཞེས་གང་སྨྲས་པ་དེ་ནི་ཐེག་པ་ཆེན་པོ་ལ་སྨོད་པའི་ཚིག་ཡིན་པས་མི་ཤིས་པ་འབའ་ཞིག་གསུལ་བར་སྟོན་པ་ཡིན་གྱི། རང་གི ་གཞུང་གཟུགས་པར་ནུས་པ་ནི་མ་ཡིན་ཏེ་གང་དུ་གདུང་པ་ཉེ་བར་བསྟན་པ་དེ་ཉིད་དུ་ཕྱིན་ཅི་མ་ལོག་པ་ཉིད་མ་ཡིན་ཏོ། ཕྱི་རོལ་པ་རྣམས་ལ་ཡང་མེ་ལྔ་བསྟན་པ་ལ་སོགས་པའི་དཀའ་ཐུབ་ཆེས་ལྷག་པ་ཡོད་མོད་ཀྱི་དེ་ལ་ནི་ཕྱིན་ཅི་མ་ལོག་པའི་ཡེ་ཤེས ་ཀྱི་གཏམ་ཙམ་ཡང་མེདདོ།། བཅོམ་ལྡན་འདས་ཀྱིས་ཀྱང་དེའི་རིགས་ཅན་རྣམས་ལ་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པའི་ཐབས་སུ་དེ་ལ་བརྟུལ་ཞུགས་ལ་སོགས་པ་སྟོན་པར་མཛད། མཁས་པ་ཚུལ་ཁྲིམས་ལ་གནས་ཏེ། སེམས་དང་ཤེས་རབ་བསྒོམ ་པར་བྱ།། ནས་བྱ་བ་ལ་སོགས་པ་གསུངས་པ་ཡིན་གྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་འདོད་ཆགས་དང་བྲལ་བ་གོ་འཕང་མཆོག་ཐོབ་པའི་སྒོ་མ་ཡིན་ཏོ།། ཐུགས་རྗེ་ཆེན་པོ་དང་ལྡན་པ་ཡོན་པའི་ཕྱི།། འང་ན་ང་རྣམས་ཀྱོ་འགྲོ་བ་ལ་རང་བཞིན་གྱིས་བརྩ ་ཡིན་ཏེ། གང་སྲོག་ཆགས་གཅིག་ཅིག་སྡུག་བསྔལ་བར་མཐོང་ན་ཡོད་ཅི་ན་ཡང་མི་འདོར་བར་སེམས་དཔའ་མ་ཡིན་པས། ཡུལ་གཅིག་ལ་ཆགས་པ་ཡང་འཁོར་བར་གནས་པའི་རྒྱུ་ཡིན་ན། འགྲོ་བ་མ་ལུས་པ་ཡུལ་དུ་གྱུར་པ་དེ་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པར་ཇི ་ལྟར་འགྱུར། དེ་ཡང་གང་ཞིག་སྲོག་དང་བུ་དང་དེ་བཞིན་ས་དང་ཆུང་མ་ནོར།། ཕོངས་པ་རྣམས་ཀྱི་དོན་དུ་རྩཝ་བཞིན་ལེགས་པར་གཏོང་བྱེད་ཅིང་།། ས་གསུམ་གདོན་པར་བྱ་ཕྱིར་གོ་བགོས་སེམས་ཅན་དམ་པ་ནི།། དེ་ལས་ལྷག་པའི་ཚིགས་ལ་བརྟེན་པས་ས་སྟེང་གཞན་སུ ་ཡོད། ཅེས་བཤད་པ་ཡིནོ།། དེ་བས་ན་སྲིད་པ་གསུམ་གྱི་དགོས་པའི་ཐབས་ལ་གཞོལ་བ་རྣམས་ནི་རང་གི་དོན་ཙམ་དོན་དུ་གཉེར་བ་མ་ཡིན་པས་ན་དེ་ལ་བཅོམ་ལྡན་འདས་ཀྱིས་འདོད་ཆགས་དང་བྲལ་བའི་ལམ་རྗེསུ་སྣང་བ་མ་ཡིནོ།། གལ་ཏེ་དེ་ལྟ་ཡིན་ན་ནི་བག། ་ཆགས་དང་བཅས་པའི་ཉེས་པ་མ་ལུས་པ་དང་བྲལ་ཞིང་རྣམ་པར་དག་པའི་བྱང་ཆུབ་ཀྱི་ཡེ་ཤེས་ཕུན་སུམ་ཚོགས་པ་མཐའ་ཡས་པའི་གནས་པ་བྱང་ཆུབ་སེམས་དཔའ་འདིས་ཇི་ལྟར་ཐོབ་པར་འགྱུར། འདོད་ཆགས་ལ་སོགས་པ་ནི་ཁ་ན་མ་ཐོ་བ་མེད་པའི ་ཡོན་ཏན་གྱི་གནས་མ་ཡིན་པའི་ཕྱིར་ཞེ་ན། དེ་བརྗོད་པར་བྱ་སྟེ། ཇི་ལྟར་པོའོ་ཁམས་གསུམ་པར།། ཆགས་པ་ལམ་ཤེས་ཉིད་ཡིན་ལྟར། དེ་བཞིན་དེ་ཡང་བློ་ལྡན་གྱི།། གོ་འཕང་མཆོག་ཐོབ་ཐབས་ཡི་ནོ།། ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ ་རྣམས་ན་ཐ་མལ་པོའོ་བརྟུལ་ཞུགས་དང་། སྦྱངས་པའི་ཡོན་ཏན་ལ་སོགས་པ་ཡོད་ལ་བྱེད་པའི་བསམ་པས་མོ་འཇུག་གོ་དེའི་ཡོད་ལ་མངོན་པར་འདོད་པའི་བརྟུལ་ཞུགས་ཀྱི་མཆོག་ནོ་གཙོག་ཁོ་ན་ཡིན་ཏོ།། དི་ལྟ་སྟེ་སྟོང་རྗེ་ཆེན་པོའོ།། རྟུལ་ཞུགས་ཆེན་པོ ་དེསྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་བྱ་བ་རྣམས་ལ་ངེས་པ་ཡོད་པ་མ་ཡིན་ཏེ། ཇི་ལྟོ་ཇི་ལྟར་དེའི་གཞན་གྱི་དོན་གྱི་ཚོགས་ཕུན་སུམ་ཚོགས་པར་འགྱུར་བ་དེ་ལྟ་དེ་ལྟར་བྱ་བ་རྣམས་ལ་འཇུག་པར་འགྱུརརོ།། བྱང་ཆུབ་སེམས་དཔའ་རྣམས་ནི་ཀུན་ཏུ་རྨུགས ་པས་ངན་འགྲོར་འགྲོ་བའི་བུད་མེད་བཏང་སྙོམས་སུ་གཞག་སྟེ། སོ་སོར་ཐར་པའི་སྡོམ་པ་ལ་སོགས་པ་ལ་ལྟོས་པར་མི་བྱེད་ཀྱི་བླ་ན་མེད་པའི་གོ་འཕང་ཐོབ་པའི་སྤྱོད་པ་གང་ཡིན་པ་འདི་ཉིད་དེ་རྣམས་ཀྱི་ཚུངས་པར་སྤྱོད་པ་ཡི་ནོ།། དེ་བས་ན་དེ་རྣམས་ནི་བྱིན་ཅི ་མ་ལོག་པའི་ལམ་སྟོན་ཅིང་སྨད་པའི་བྱ་བ་བ་ལང་དང་ཁྱིའི་བརྟུལ་ཞུགས་ལ་སོགས་པ་ལ་ཡང་འཇུག་པ་ཡིན་ཞིང་ངན་འགྲོ་ཐམས་ཅད་དུ་ཡང་དང་པའི་རྒྱལ་པོ་མོཚེ་ནང་དུ་འཇུག་པ་བཞིན་དུ་འཇུག་པ་ཡིནོ།། མང་དུ་བཤད་པས་ཅི་ཞིག་བྱ་སྟེ། དེ་ཇི་ལྟ་ཇི་ལྟར ་སེམས་ཅན་མ་ལུས་པ་ཡོངསུ་སྐྱབ་པའི་ཐབས་སུ་གྱུར་པའི་སྙིང་རྗེ་ཆེན་པོའི་བརྟུལ་ཞུགས་ལ་སྤྱོད་ཅིང་། གང་གིས་རིམ་གྱིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དྲི་མ་མེད་པ་མ་ལུས་པ་བྱས་ཏེ། འགྲོ་བ་མ་ལུས་པའི་དགོས་པ་ཅིག་ཅར་བྱེད་པར་ནུས་པའི ་ཀུན་དུ་བཟང་པོ་ཉིད་ཀྱི་བདེ་བར་གཤེགས་པའི་གོ་འཕང་བླ་ན་མེད་པར་ཡང་གཞན་གྱིས་དགོས་པ་བྱེད་ཉིད་ཀྱི་ཕྱིར་འགྲོ་བར་འགྱུར་གྱི་དེ་རྣམས་སངས་རྒྱསུ་གྱུར་ནས་ཀྱང་རང་གི་དགོས་པོ་བྱ་བར་དགོངས་པ་སྔོན་དུ་འགྲོ་བས་འཇུག་པ་མོ་ཡི་ནོ།། འདིར་དཔེ ་བསྟན་པ་ནི་ཇི་ལྟར་བྱང་ཆུབ་སེམས་དཔའ་ཆོས་འཕགས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ལ་འདོད་ཆགས་ལ་རྒྱབ་ཀྱིས་ཕྱོགས་པར་མི་སྟོན་པ་དང་། རྗེ་བཙུན་རིན་ཆེན་སྒྲོན་མ་ལས། བྱང་ཆུབ་སེམས་དཔའ་རྣམས་ནི་ཇི་ལྟར་ཡང་ངེས་པ ་ལ་མི་འཇུག་སྟེ། འདི་ནི་སེམས་དཔའ་ཆེན་པོ་རྣམས་ཀྱི་ལམ་ཤེས་པ་ཡིན་ཏེ། གང་འདོད་ཆགས་ལ་སོགས་པ་ལ་རྒྱབ་ཀྱིས་ཕྱོགས་པར་ཡང་འདོད་པར་མི་བྱེད་པར་བླ་ན་མེད་པའི་གོ་འཕང་བསྒྲུབ་བོ་ཞེས་གསུངས་པས། འདོད་ཆགས་ལ་སོགས ་པ་ཉིད་མངོན་པར་བྱང་ཆུབ་པའི་དགོས་པའི་རྐྱེན་དུ་གྱུར་པ་ཡི་ནོ།། ཉོན་མོངས་པ་མཱ་སྦྱངས་པ་རྣམས་ཇི་ལྟར་ན་མངོན་པར་བྱང་ཆུབ་པར་འགྱུར་ཞེས་རྟོག་ན། ཉོན་མོངས་པ་དེ་གང་ཡིན། ཅི་ཞིག་སྤང་བར་བྱ་བ་དེ་མ་མཐོང་སྟེ། ཉོན་མོངས་པ་རྣམས ་སམ། དེ་སྤང་བ་དེ་ཁོ་ན་ཉིད་མ་ཡིན་པ་མེད།། ཆོས་ཐམས་ཅད་གདོང་མ་ནས་མ་སྐྱེས་པའི་ཕྱིར། རིམ་པ་འདིས་ཅི་མ་ལུས་པའི་ཕུན་སུམ་ཚོགས་པའི་གནས་ཐོབ་པར་འགྱུར་རམ། མི་འགྱུར་ཞེས་དཔྱད་པར་བྱ་སྟེ། གཞན་དུ་ན་གལ་ཏེ་འདོད་ཆགས་མ་སྤངས་པར། ་གྱུར་ཀྱང་། ཀུན་ཏུ་བཟང་པོ་གང་ཡིན་པ་འདིར་འགྱུར་ན་དེ་སྤངས་པས་ཙ་ཞི་གོ་བྱ།། ཡ་འདིར་ཁྱེད་ལྔ་འདོད་ཆགས་སྤང་བ་བསྙེན་དུ་ཕྱིན་ཀྱང་ཅིའི་ཕྱིར་རྟོགས་པར་མ་གྱུར། དེ་ཡང་འདིར་བདག་ཏུ་མངོན་པོར་ཞེན་པ་སྐྱོན་དུ་འགྲོ་བས་རང་དང་གཞན་དུ་རྣམ ་པར་ཕྱེ་བའི་ཡུལ་རྣམས་ལ་ཀུན་ཏུ་ཞེན་པ་ལ་སོགས་པ་ནི་འདོད་ཆགས་ལ་སོགས་པ་རྣམས་ཡིན་ལ། གང་ཡང་བདག་ཏུ་འཛིན་པ་རྩ་བ་ནོས་གཏོན་པ་རྣམས་ལ་ནི་བདག་དང་གཞན་གྱི་རྣམ་པར་དབྱེ་བ་ཡོད་པ་མ་ཡིན་ཏེ། དེ་རྣམས་ནི་ཆོས ་ཐམས་ཅད་ངོ་བོ་ཉིད་མཉམ་པ་ཉིད་ཀྱིས་བསམ་པས་ཡོངསུ་མྱ་ངན་ལས་འདས་པ་ཉི་དུ་འཇིག་རྟེན་ན་རྣམ་པར་གནས་ཏེ། འདོད་པར་བྱ་བ་དང་། མི་མཐུན་པའི་ཡུལ་དུ་སྒྲོ་འདོགས་པ་མེད་པ་ཡིན་ན་ཅིའི་ཕྱིར་ཕྱིན་ཅི་ལོག་ལས་བྱུང་བའི་འདོད་ཆགས་ལ ་སོགས་པ་འབྱུང་བར་འགྱུར། ཡང་སྨྲས་པ། གང་ཞིག་ཉེས་པ་མུ་ལུས་སྐྱེད་བྱེད་འཇིག་ཚོགས་ལྟ་བའི་བུད་ཤིང་ངེས་སྲེག་ཅིང་།། བདག་གཞན་རབ་དབྱེའི་ཡུལ་རྣམས་རྩ་ནས་འབྱིན་པ་དེ་ནི་ཉེས་པ་བསྐྱེད་མ་ཡིན།། ཉེས་མེད་ཟིན་ཀྱང་རིག་ལྟར་སྙི ་རྗེས་སྒྱུ་མའི་སྐྱེས་བུ་ལྟ་བུར་ལས་རྣམས་ལ།། བློ་བཟུང་སྔོན་གྱི་སྨོན་ལམ་ཉིད་ཀྱིས་འཁོར་ལོ་འཁོར་བའི་ཤུགས་བཞིན་སྦྱོར་བར་འགྱུར།། གལ་ཏེ་དེ་ལྟ་ན་ནི་སྨོན་ལམ་དང་སྙིང་རྗེའི་ཤུགས་ཟུད་ནས། ཕུན་སུམ་ཚོགས་པ་མཐའ་ཡས་པའི་ཀུན་ཏུ ་བཟང་པོ་ཉིད་ཟད་པས། ཤིན་ཏུ་རྣམ་པར་དག་པ་མ་ཡིན་པར་འཁོར་ལོའི་དཔེ་ཉིད་ཀྱིས་འགྱུར་ཏེ། དཔེར་ན་རྫ་མཁན་གྱིས་འདུས་བྱས་པའི་འཕེན་པའི་ཤུགས་ཟད་པ་དང་། འཁོར་ལོ་འཁོར་བ་སྡོད་པར་འགྱུར་ཏེ། འདི་ཡང་དེ་དང་འདྲ་བར་འགྱུར་ཞེ་ན། ་ཅི་དཔེའི་ཆོས་ཐམས་ཅད་ནི་དཔེ་བསྟན་པའི་རྗེ་སུ་འགྲོ་བ་མ་ཡིན་ཏེ། ཆོས་འགའ་ཞིག་གིས་དཔེ་དང་དཔེས་བསྟན་པ་མཉམ་གྱི་ཐམས་ཅད་ཀྱི་བདག་ཉིད་ཀྱིས་ནི་མ་ཡིནོ།། དེ་ཡང་སྡེར་མོ་དང་མཆི་བ་ལ་སོགས་པ་སེང་གེའི་ཡན་ལག་མ་ལུས་པ་དང ་ལྡན་པས་སྐྱེས་བུ་སེང་གེ་ཞེས་སྨྲ་བ་མ་ཡིན་གྱི་འོན་ཀྱང་དཔའ་བ་ལ་སོགས་པ་འགའ་ཞིག་ལས་དེ་སྐད་ཅེས་བཏགས་པ་ཡིནོ།། འདིར་ཡང་ཇི་ལྟར་རྫ་མཁན་གྱི་འབད་པ་མེད་པར་ཡང་འཁོར་ལོ་འཁོར་བ་དེ་བཞིན་དུ་དམིགས་པ་མེད་པའི་གནས ་སྐབས་སུ་ཡང་སྙིང་རྗེས་དམིགས་པ་དང་བཅས་པའི་བྱ་བའི་དོན་རྫོགས་པར་འགྱུར་བས་མ་པེ་དེ་ཙམ་གྱི་སྒོ་ནས་བསྟན་པ་ཡི་ནོ།། དེ་ཡང་དེའི་བྱིན་བརླབས་ཙམ་གྱིས་ནི།། སྐྱེས་བུ་ཡིད་བཞིན་ནོར་བུ་ལྟར།། རྩིག་སོགས་ལས་ཀྱང་ཆོས་སྟོན ་བ།། ཅི་འདོད་པར་ནི་འབྱུང་བར་འགྱུར་ཞེས་གང་བཤད་པའོ།། ཡང་ཀུན་ཏུ་བཟང་པོ་ཉིད་ཇི་ལྟར་ན་རྟག་པ་ཡིན་པའི་ཕྱིར་རྒྱུའི་ཁྱད་པར་འདིར་བརྗོད་དགོས་སོ་ཞེ་ན། དེ་བཤད་པར་བྱ་སྟེ། བེམས་པོ་བམ་པོ་མིན་རྟེན་པ།། འདུས་བྱས་ཁྱད་པར་ཉིད་ཡོད་དོ།། ཕྱིན་ལོག ་ཕྱིན་ཅི་མ་ལོག་པའི།། ཡུལ་དུ་གྱུར་ཕྱིར་ཟད་པ་ཟད།། ལུས་ཀྱི་གར་ལ་སོགས་པར་མངོན་པར་འདུས་བྱས་པ་ནི་བསླབས་པ་རྒྱུན་ཆད་པ་ནཱ་ཡུན་རིང་པོར་རྗེས་སུ་འབྲེལ་བར་མ་མཐོང་གི་ཡིད་ནི་དེའི་དོན་ཁོང་དུ་ཆུད་པའི་ཡུལ་ལ་དུས་ལྷག་པར་རྗེ་སུ་འབྲོང་བ ་ཡིན་ཏེ། དེ་བས་ན་བེམ་པོ་དང་བམ་པོ་མ་ཡིན་པ་ལ་བརྟེན་པས་འདུས་བྱས་པ་ལ་ཁྱད་པར་ཡོ་།། འདུས་བྱས་པ་ལ་ཁྱུད་པར་མེད་པ་ཡིན་མོད་ཀྱི་འོན་ཀྱང་བམ་པོ་མ་ཡིན་པ་ལ་བརྟེན་པའི་འདུ་བྱེད་ཀྱང་ཤིན་ཏུ་གནས་པ་མ་ཡིན་ཏེ། ཤིན་ཏུ་རྒྱུན་མི་འཆད ་པར་ནི་སྤང་བར་བྱའོ་ཞེ་ན། ཕྱིན་ཅི་མ་ལོག་པའི་ཡུལ་ཡིན་པའི་ཕྱིར་དེ་སྤོང་བར་བྱ་བ་མ་ཡིན་ཏེ། དེ་ཡང་ཇི་སྲིད་ཕྱིན་ཅི་མ་ལོག་པར་མ་རྟོགས་པ་དེ་སྲིད་ཀྱི་བར་དུ་སྦྲུལ་གྱི་བློ་སྐྱེའི་དེ་དང་བྲལ་ནས་ནི། ཐག་པའི་ཡང་དག་པའི་ཡུལ་མངོན་པར་འདུས་བྱས་པ ་ནས། སླར་ཡང་ཕྱིན་ཅི་ལོག་ལ་འཇུག་པར་ནི་མི་འགྱུརརོ།། བརྗོད་པ་ཉིད་ལས་འགྱུརརོ་ཞེ་ན། བརྗེད་པ་ཉིད་རེ་ཞིག་ཛ་ལྟ་བུ་ཡིན། གོམས་པའི་རྒྱུན་ཆད་པ་ཡིན་ཞེ་ན། དེ་ནི་རིགས་པར་སྨྲས་པ་ཡིན་ཏེ། གེམས་པའི་རྒྱུན་ཆད་པ་ལས་བརྗོད་པ་ཡིན་ལ། རྗེད་པ་ལོས་ནི ་ཕྱིན་ཅི་ལོག་ལ་འཇུག་པར་འགྱུརརོ།། སེམས་དཔའ་ཆེན་པོ་གང་ཡིན་པའི་སྨོན་པའི་སེམས་ནས་དེ་ཁོ་ན་ཉིད་ལ་རབ་ཏུ་གནས་པས། སེམས་ཅན་མ་ལུས་པ་ལ་དམིགས་པའི་སྙིང་རྗེ་ཆེན་པོ་ལ་གོམས་པ་ནི་རྒྱུན་རྣམ་པར་ཆད་པ་མེད་པས། དེ་ལ་བརྗོད་པ་དང་། ་ཕྱིན་ཅི་ལོག་པ་ཡང་ཡོད་པ་མ་ཡིནོ།། དེ་ལྟར་མཆོག་ཏུ་གྱུར་པའི་དེ་ཁོ་ན་ཉིད་ཀྱི་རྗེ་སུ་འགྲོ་བའི་གཞན་གྱི་དོན་བྱེད་པའི་བག་ཆགས་རྒྱུན་མི་འཆད་པར་གྲུབ་པ་ཡིན་པས་དོན་ཐམས་ཅད་ཕུན་སུམ་ཚོགས་པའི་ཐད་མཁྱེན་པ་ཉི་རིགས་པ་ཁོ་ནར་ཡིནོ།། ་ཤིན་ཏུ་སྤྲོས་པས་ཆོག་གོ།། དེ་བས་ན་འདི་ནི་ངོ་མཚར་དུ་གྱུར་པ་ཡིན་ཏེ། སེམས་ཅན་རྣམས་ཀྱི་སྤྱོད་ལམ་ཤེས་པས་ཡོངསུ་དག་ནས་གང་སེམས་ཅན་མ་ལུས་པའི་འཁོར་བ་ལ་ཀུན་ཏུ་ཆགས་པའི་སེམས་ལས་ཀྱང་རྒལ་ཏེ། འཁོར་བའི་རྒྱ་མཚོ་ལས་འགྲོ་བ ་སྒྲོལ་བར་བྱེད་པ་ནི་ཐབས་ལ་མཁས་པ་བསམ་གྱིས་མི་ཁྱབ་པ་ཡི་ནོ།། དྲིས་པ། ཚངས་པའི་ལྟ་བ་ལ་ཡང་གཉི་སུ་མེད་པ་ནི་འཆད་ལ། ཚངས་པའི་དེ་ཁོ་ན་ཉིད་དང་། ཡང་དག་པར་རིག་པའི་དེ་ཁོ་ན་ཉིད་ཅེས་བྱ་བར་མིང་ཙམ་གྱིས་ཁྱད་པར་དུ་ཕྱེ་བ་ནི་རིགས་པ་ཡིན ་ཏེ། གཉིས་སུ་མེད་པར་ཁས་འཆས་པར་མཉམ་པའི་ཕྱིར།། དེ་བས་ན་མུ་སྟེགས་པའི་ལྟ་བ་ཉིད་དང་འདིའི་དོན་རྟོགས་པ་གཅིག་པ་ཉིད་ཡིན་པའི་ཕྱིར་ཐེག་པ་ཆེན་པོའི་གཞུང་རྒྱས་པ་ནི་དོན་མེད་པ་མ་ཡིན།། དེ་ནི་ཁྱེད་ལྟ་བུའི་བདག་ཉིད་བཅོམ་པ་རྣམས་ལ་ཁྱད ་པར་མེད་པས་དོན་མེད་པ་ནི་བདེན་མོད་ཀྱི་ཉན་ཐོས་ཀྱི་ཐེག་པ་འམ། མུ་སྟེགས་ཀྱི་ཚུལ་ལས་ཐེག་པ་ཆེན་པོའི་ཁྱད་པར་གང་ཡིན་པ་དེ་བརྗོད་པར་བྱའོ།། སྨོན་ལམ་དང་ནི་འཇུག་པ་དང་། དེ་བཞིན་ཟབ་དང་རྒྱ་ཆེ་ཉིད།། མི་ལྡོག་འབྲས་བུ་ཐོབ་པས་ཀྱང་། ཐེག ་པ་ཆེན་པོ་ཁྱད་པར་འཕགས།། སྨོན་ལམ་ལ་སོགས་པ་འདི་དག་ཀྱང་གོང་ནས་གོང་དུ་རྒྱུར་གྱུར་པས་བླ་ན་མེད་པའི་བདེ་བར་གཤེགས་པའི་གོ་འཕང་ཐོབ་པར་འགྱུར་རོ་ཞེས་བྱ་བ་ནི་ཐེག་པ་ཆེན་པོའི་དོན་ཡིན་ལ། དོན་འདི་ནི་གཞན་གང་དུ་ཡང ་མ་ཐོས་ན་ཅིའི་ཕྱིར་ཐེག་པ་ཆེན་པོའི་གཞུང་རྒྱས་པ་ལ་དོན་མེད་པ་ཡིན། དེ་ལ་དང་པོ་དེའི་རིགས་དང་ལྡན་པ་རྣམས་ནི། སྨོན་ལམ་བླ་ན་མེད་པ་དེ་ལྟ་བུ་གང་ཡིན་པ་དེ་ཉིད་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་པ་ལྟར་ལྷ་དང་ལྷ་མ་ཡིན་རྣམས་ཀྱིས་མཆོད ་པ་དང་། དང་པོ་སེམས་བསྐྱེད་པ་ཉིད་ན་བདག་ཉིད་ཆེན་པོ་དེ་རྣམས་མཐའ་ཡས་པ་ལ་བར་ཆད་མེད་པར་འཇུག་ཅིང་། བདེ་བར་གཤེགས་པ་མ་ལུས་པའི་ཡོན་ཏན་གྱི་ས་བོན་དུ་གྱུར་པ་དེ་ལྟ་བུའི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པ་བཞིན ་དུ་ལྷའི་རྒྱལ་པོ་ལ་སོགས་པ་ཐམས་ཅད་ཀྱིས་མཆོད་པ་དང་། བདེ་བར་གཤེགས་པ་རྣམས་ཀྱིས་ཀྱང་སྤྱན་རས་ཀྱིས་འཚེ་བ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱང་མངོན་པར་དགའ་བར་འགྱུར་བ་ཡིན་ཏེ། རྒྱ་ཆེར་བཤད་པ་ཅི་ཞིག་བྱ་སྟེ་བླ་ན ་མེད་པའིའོ་ཐབས་ལ་རབ་ཏུ་གནས་པ་ཉིད་ཀྱིས་སངས་རྒྱས་འབྱུང་བ་དང་འདྲ་བར་བྱང་ཆུབ་ཏུ་སེམས་བསྐྱོད་པ་ནི་འགྲོ་བ་རྣམས་དབུགས་འབྱིན་པའི་རྒྱུ་ཡིན་ཏཾ། དེ་ཇི་ལྟར་འཇམ་དཔལ་གྱི་སྨོན་ལམ་ལས།། འཁོར་བའི་ཐ་མ་མེད་པ་ཡི།། སྔོན་གྱི་ཐ ་མ་ཇི་སྲིད་པ།། དེ་སྲིད་སེམས་ཅན་ཕན་དོན་དུ།། སྤྱོད་པོ་དཔག་ཡས་སྤྱད་པར་བགྱི་ཞེས་བྱ་བ་ལྟ་བུ་དང་། རྗེ་བཙུན་རིན་ཆེན་སྒྲོན་མ་ལས་ཀྱང་། བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པའི་གནས་སྐབས་སུ་འདི་དག་གསལ་བར་བསྟན་པ་དང་། ་བཟང་པོ་སྤྱོད་པ་ལ་སོགས་པར་ཡང་བཤད་པ་ཡིན་ཏེ། འདི་དག་ནི་རེ་ཞིག་ཐེག་པ་ཆེན་པོ་ལ་ཞུགས་པའི་བདག་ཉིད་ཅན་བློ་རྣམས་ཀྱི་སྨོན་ལམ་གྱི་ཁྱད་པ་ཡིནོ།། བདག་གི་ལུས་དང་ལོངས་སྤྱོད་དང་།། དགེ་བ་དུས་གསུམ་སྐྱེས་པ་རྣམས།། སོམསྣ ་ཅན་ཀུན་ལོ་བཏང་བ་དང་།། དེ་བསྲུང་དག་པ་སྤེལ་བའོ་ཞེས་བཤད་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཇུག་པ་ཡང་འདི་ཡིན་ཏེ། སེམས་ཅན་ཐམས་ཅད་ལ་བདག་ཉིད་ཀྱི་དངོས་པོ་རྣམས་སྨྱོན་པ་དང་། བྱིན་ནས་ཀྱང་བསྲུང་བ་གང་ཡིན་པའོ།། ་ལྟར་ན་བྱིན་པ་བསྲུང་བར་བྱ་ཞེ་ན། དེ་བརྗོད་པར་བྱ་སྟེ། སེམས་ཅན་མ་ལུས་པོས་ཡོངསུ་ལོངས་སྤྱད་པའི་དོན་ཉིད་དུ་བདག་ཉིད་ཀྱི་དངོས་པོ་ཐམས་ཅད་བྱིན་ལ་དེ་ཡང་གང་གི་ཚེ་ཇི་ཞིག་ལྟར་བཏང་བས་སེམས་ཅན་ཐམས་ཅད་ཀྱིས་ཉེ་བར་ལོངས་སྤྱོད་པར་མི། ་འགྱུར་བས་བྱན་ལྟར་བདོག་པོས་ཉེ་བར་ལོངས་སྤྱོད་པའི་དོན་དུ་བདག་ཉིད་ཀྱི་དངོས་པོ་རྣམས་སྲུང་བར་བྱེད་པ་ལ་ཉེས་པ་མེདདོ།། དེ་ཡང་སེམས་ཅན་རྣམས་ཀྱི་ལོངས་སྤྱད་ཕྱིར།། ལུས་ལ་སོགས་པ་སྦྱིན་པར་བྱ།། མ་བསྲུངས་ལོངས་སྤྱོད་ག་ལས་འོངས།། ། ་གང་མི་སྤྱོད་པ་ཅི་ཞིག་སྦྱིན།། དེ་བས་སེམས་ཅན་ལོངས་སྤྱོད་ཕྱིར།། ལུས་ལ་སྲོགས་པ་བསྲུང་བུར་བྱ་ཞེས་བཤད་པ་ཡིནོ།། དེ་བཞིན་དུ་བསྲུང་བ་ཡང་བདག་པོ་ཉིད་ཀྱི་དོན་དུ་དག་པར་བྱ་སྟེ། ཚུལ་ཁྲིམས་ལ་སོགས་པ་རྣམ་པར་དག་པའི་བདག་ཉིད་ཀྱིས ་དངོས་པོས་བདག་པོ་སེམས་ཅན་མ་ལུས་པའི་དོན་རྫོགས་པོར་འགྱུར་བས་སྦྱང་བར་རིགས་པ་ཡིནོ།། དག་པ་ཡང་བདག་པོའི་དོན་ཉིད་དུ་འཕེལ་བར་བྱའོ།། བྲན་ཡང་འཁོར་ལོས་སྒྱུར་བ་ལ་སོགས་པར་སྐྱེས་པར་གྱུར་པས། བདག་པོ་སེམས་ཅན་རྣམས་ཀྱི ་འདི་དང་ཕ་རོལ་གྱི་དོན་དེ་འགྲུབ་པ་ཡིན་པར་རིགས་པ་ཉིད་ཡིནོ།། དེ་བཞིན་དུ་ལོངས་སྤྱོད་དང་། དུས་གསུམ་དུ་རྟོགས་པའི་དགེ་བའི་རྩ་བ་རྣམས་ཀྱང་བཏང་བ་དང་། བསྲུང་བ་དང་། དག་པ་དང་། འཕེལ་བ་རྣམས་ཤེས་པར་བྱ ་སྟེ། དོན་འདི་ནི་བསླབ་པ་ཀུན་ལས་བཏུས་པར་གསལ་བར་བྱས་པས་འདིར་རྒྱ་ཆེར་མ་སྤྲོས་སོ།། འཇུག་པ་ཡང་ཐབས་ལ་མཁས་པ་འདི་དང་། རྗེསུ་འབྲེལ་པ་ཡ་ནོ།། སེམས་ཅན་ལ་དམིགས་སྙིང་རྗེ་གང་།། འཇུག་ཆེ་ཆོས་ཉིད་ལ་གནས་པ།། དོ་ནི ་དམིགས་མེད་ཉིད་ཐོབ་པས།། ཟབ་ཅིང་རྒྱ་ཆེ་ཉིད་དུ་འགྲོ། བྱང་ཆུབ་སེམས་དཔའི་ཚངས་པའི་གནས་བཞི་ཡོངས་སུ་རྫོགས་པས་སྡུག་བསྔལ་གསུམ་གྱི་ཟིན་པའི་སེམས་ཅན་གྱི་ཁམས་ལ་དམིགས་པ་ན་སེམས་ཅན་མ་ལུས་པ་ལ་དམིགས ་པའི་སྙིང་རྗེ་ཆེན་པོ་སྟོབས་ཅན་འབྱུང་བར་འགྱུར་ལ། སྙིང་རྗེ་ཆེན་པོ་དེས་སེམས་ཅན་རྣམས་ལ་དམིགས་ནས་སྦྱིན་པ་ལ་སོགས་པ་ལ་འཇུག་པ་ན་ཇི་སྲིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་མ་གྱུར་པ་དེ་སྲིད་ཀྱི་བར་དུ་ནི་སྦྱིན་པ་ལ ་སོགས་པ་ཡོང་སུ་རྫོགས་པར་མི་འགྱུ་རོ།། དེའི་གནས་སྐབས་སུ་ནི་སྦྱིན་པ་ཆེན་པོ་ལ་སོགས་པ་ཡོངསུ་དག་པའོ་སྒོ་ནས་དེ་ཡང་མི་དམིགས་པའི་སྦྱོར་བར་ཡོངསུ་དག་པར་འགྱུར་བས་དེ་ནི་དེའི་ཆོས་ལ་དམིགས་པར་གྱུར་པའི་སྙིང་རྗེ་སྐྱེས་པར ་གྱུར་པ་ཡིནོ།། དེ་ལྟར་བསྐལ་པ་གྲངས་མེད་པ་གསུམ་དུ་ཆོས་ལ་དམིགས་པའི་སྙིང་རྗེ་གོམས་པར་བྱས་པ་ཡོང་སུ་རྫོགས་པ་ལ་དམིགས་པ་མེད་པོའི་སྙིང་རྗེ་ཆེན་པོ་སྐྱེ་བར་འགྱུར་ཏེ། འདི་ནི་དེའི་ཟབ་པ་དང་རྒྱ་ཆེ་བ་ཡིན་པས་ཟབ་པ་དང་རྒྱ་ཆེ་བའི ་ཁྱད་པར་རོ།། མཐའ་ཡས་པ་དང་འབར་བ་ཡི།། སྨོན་ལམ་སོགས་ཀྱིས་དེ་ཉིད་དུ།། རོ་གཅིག་ཆོས་དབྱིངས་ཉིད་ཐོབ་ནས།། སླར་ཡང་ལྡོག་པར་ཇི་ལྟར་འགྱུར།། མཐའ་ཡས་པའི་སེམས་ཅན་གྱི་ཁམས་གདོན་པའི་བསམ་པས་མཐའ་ཡས་པའི་སྨོན་ལམ་དང ་བརྩོན་འགྲུས་འབར་བས་ཞུགས་པ་ནི། ཇི་ལྟར་གཞོན་ནུ་དོན་ཐམས་ཅད་གྲུབ་པས་རྒྱ་མཚོ་བསྐམ་པའི་པའི་ཕྱིར་ཞུགས་པ་དང་འདྲ་སྟེ། དེ་ནི་ཐམས་ཅད་ཟབ་ཅིང་རྒྱ་ཆེ་བའི་རྗེས་སུ་འགྲོ་བ་ཉིད་དུ་སྤྱོད་ལ། དེ་དག་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་བྱིན་གྱིས ་བརླབས་པའི་མཐའ་ཡས་པའི་བརྩོན་འགྲུས་འབར་བ་དང་། སྨོན་པ་དང་འཇུག་པ་ལ་སོགས་པས་རྣམ་པར་མི་རྟོག་པའི་ཆོས་ཀྱི་དབྱིངས་མེད་དུ་ཟིན་ཀྱང་ཐུགས་རྫ་ཡིས། བདག་ཡོད་ཅེས་གསུངས་པ་ལྟ་བུ་ཡིན་ཞེས་བྱ་བ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས ་ཉན་ཐོས་རྣམས་བརྩོན་འགྲུས་ཆུང་བས། བྱང་ཆུབ་སེམས་དཔའི་སྤྱོད་པ་ཆེན་པོ་ལ་འཇུག་པར་མི་ནུས་པར་མཁྱེན་ནས་ཐུགས་རྗེ་ཆེན་པོ་དང་ལྡན་པའི་ཐུགས་ཀྱིས་སྡུག་བསྔལ་ལ་སོགས་པ་བདེན་པ་མ་ཡིན་དུ་ཟིན་ཀྱང་བདེན་པར་གསུངས་ཏེ། ཇི་ལྟར་ན་འདི ་དག་དད་པ་ཙམ་གྱིས་སྡུག་བསྔལ་ལ་སོགས་པར་བསྒོམས་པས་ཟག་པ་མེད་པའི་ཡེ་ཤེས་ཐོབ་ནས་རིམ་གྱིས་ཁམས་གསུམ་གྱི་འདོད་ཆགས་དྲང་བྲལ་བྱས་ཟད་པ་དང་མི་སྐྱེ་བ་ཤེས་པ་ཐོབ་པ་སྟེ། བྱ་བ་བྱས་པ། བྱེད་པ་བྱས་པ། ཟག་པ་མེད་པའི་ཡེ་ཤེས་ཀྱི ་དབྱིངས་སུ་ཡོངསུ་མྱ་ངན་ལས་འདས་པར་གྱུར་པ་དང་། སླར་ཡང་དེ་བཞིན་གཤེགས་པའི་འོད་ཟེར་རྣམས་ཀྱིས་ཡང་དག་པར་བསྐུལ་ནས། དགེ་བའི་རྩ་བ་ཡོང་སུ་སྨིན་པར་དུས་རིང་པོ་མི་ཐོགས་པ་ཉི་སྤྲུལ་པའི་ཚོགས་རྣམས་ཀྱིས་བསོད་ནམས་ཀྱི་ཚོགས ་བསགས་ནས། གཉིས་སུ་མེད་པའི་ཆོས་ཀྱི་དབྱིངས་ལ་འཇུག་པས་ཏི་ངེ་འཛིན་མ་ལུས་པ་རྟོགས་པའི་ཡེ་ཤེས་ཀྱིས་ཚོགས་ཀྱིས་བླ་ན་མེད་པ་རབ་ཀྱི་མཐར་ཐུག་པ་ལ་ཞུགས་པའི་གནས་འཐོབ་པར་འགྱུར་བ་ཡི་ནོ།། ཡང་གྲལ་ཏེ་འདི་དག་སྒྲ་ཇི་བཞིན ་པ་ཉིད་དུ་གཟུང་ན། དེའི་ཚེ་བདག་ཡོད་དོ་ཞེས་ཀྱང་གསུངས་པས་བདག་ཀྱང་དེ་ཁོ་ན་ཉིད་དུ་འགྱུརརོ།། བདག་དེ་ཡང་ཕྱིན་ཅི་ལོག་པར་གསུངས་པའི་ཉེས་པ་ཡོད་པ་མ་ཡིན་ཏེ། དགོས་པའི་ཕྱིར་དགོངས་ཏེ་གསུངས་པ་ནི་ཡོན་ཏན་བྱེད་པ་ཉིད་ཡིན་པའི་ཕྱིར། ་དེ་ཡང་འདི་ལྟར་རབ་ཏུ་འབར་བའི་ཁྱིམ་གྱི་ནང་ན་གནས་པའི་བྱིས་པ་རྣམས་གདོན་པའི་ཕྱིར། ཕ་ཡིས་ཆད་པ་སྟོང་པོ་བསྟན་པ་ལ་ཉེས་པ་ཅི་ཞིག་ཡོད། བྱ་བ་རྣམས་ནི་བསམ་པའི་དབང་ལོས་དགེ་བ་དང་། མི་དགེ་བར་འགྱུར་ཏོ་འདི་ནི་འོག་ནས་བཤད་པར ་བྱའོ།། ཡང་ན་ཕྱིན་ཅི་མ་ལོག་པའི་གནས་འཐོབ་པའི་རྒྱུ་ཉིད་ཡོན་ན་སྡུག་བསྔལ་ལ་སོགས་པ་བདེན་པར་གསུངས་ཏེ། དཔེར་ན་སངས་རྒྱས་རྣམས་ནི་འབྱུང་བ་བདེ་ཞེས་བྱ་བ་ལྟ་བུའོ།། དེ་བས་ན་དེ་ཁོ་ན་ཉིད་དུ་ན་སྡུག་བསྔལ་ལ་སོགས་པའི་བདེན་པ་མ ་ཡིན་གྱི་ཞེས་བྱ་བ་དའི་ལནྡྲ་བཏབ་པ་ཡིནོ།། འདི་ན་ཁོ་བོ་ཅག་གིས་གང་གིས་ནི་བདག་ཏུ་འཛིན་པའི་བུད་ཤིང་གཱི་མེས་སྦྱར་བྱུར་གྱུར་པའི་སོར་མོ་བསྐྱོད་པ་ཙམ་གྱིས་བཤོད་པ་ཡང་མ་ཡིན་ཏེ། གཞན་དུ་ན་བཅོམ་ལྡན་འདས་ཉིད་ཀྱིས་དེ་བཞིན་གཤེགས ་པའི་ཡེ་ཤེས་ཀྱི་ཕྱག་རྒྱའི་ཏིང་འཛིན་གྱི་མདོ་ལས། བྱང་ཆུབ་པར་འདུག་པ་ན་བདེན་པ་གཅིག་ཀྱང་ཇི་ལྟ་བ་བཞིན་དུ་མ་མཐོང་ནི་བཞི་ལྟ་སྨོས་ཀྱང་ཅི་དགོས་ཞེས་གསུངས་པ་དང་། འཕགས་པ་ཆོས་ཡང་དག་པར་སྡུད་པ་ལས་ཀྱང་། སྐྱེ་བ་མེད་པ་ནི་བདེན་གྱི ་ཆོས་གཞན་དག་ནི་བདེན་པ་མ་ཡིནོ་ཞེས་གསུངས་པ་དང་། གཞན་ཡང་དོན་འདི་ནི་མདོ་སྡེ་གཞན་དག་ལས་ཀྱང་མང་དུ་སྣང་ན་ཅིའི་ཕྱིར་སངས་རྒྱས་ཀྱི་གསུང་དེའི་རྗེ་སུ་འཇུག་པའི་ཁོ་བོ་ཅག་ལ་ཁྱེད་རྣམས་སྨོང་བར་བྱེད། ཚད་མ་ནི་ཚད་མ་རྣམ་འགྲེལ་ཉིད་དུ ་སྨྲས་པས་ཞེས་གང་སྨྲས་པ་དེ་ཡང་དེ་ཚད་མ་དང་འགལ་བ་ཡང་གཉི་སུ་མེད་པའི་ཚུལ་གྱིས་རྗེསུ་འབྲངས་ནས་དེ་ཉིད་དུ་བཤད་པ་མ་ཡིན་ནམ། དོ་ནི་མུ་སྟེགས་པས་ཁས་བླངས་པའི་རྒྱུས་ན་སྐད་ཅིག་མ་མ་ཡིན་ལ། ཐོབ་མོའི་ཚུལ་བསྟན་པས་ནི་སྐད་ཅིག་མ ་ཡང་བཀག་པས་ཉེས་པ་ཅི་ཡང་མདོ།། དེ་བཞིན་དུ་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ལ་སོགས་པས་ཀྱང་དོན་དམ་པ་དང་ཀུན་རྫོབ་ཀྱི་བདེན་པ་བསྟན་པ་དང་ཅིག་ཤོས་ཉིད་གསལ་བ་ཁོ་ནར་རྟོགས་པར་མཛད་པ་དང་། གདོད་མ་ནས་མ་སྐྱེས་པར་ནི ་བཅོམ་ལྡན་འདས་ཀྱིས་མདོ་སྡེ་མཐའ་ཡས་པ་ལས་རབ་ཏུ་བསྟན་པ་ཡི་ནོ།། དེ་ཡང་གླང་པོའི་མཚན་བཅིངས་ཀྱི་མདོ་ལས།། གང་གི་སྐྱེ་བ་འབྱུང་བ་ནི།། དངོས་པོ་ཉིད་ལ་རྟོགས་པ་ལ།། ཕུན་སུམ་ཚོགས་པ་མཐའ་ཡས་པ་ཐོབ་པ་དང་སྟོབས་མཐའ་ཡས་པ ་དང་ལྡན་པའི་ཕྱིན་ཅི་མ་ལོག་པའི་རྒྱུའི་སྟོབས་ཀྱིས་ནི་ལྡོག་པར་འོས་པ་མ་ཡིན་པས་ན་མི་རྟོག་པའི་རྒྱུའི་ཁྱད་པར་ཡི་ནོ།། ཀུན་དགའ་མི་ཟིད་སྣང་བ་དང་།། སྣ་ཚོགས་རང་བཞིན་མི་རྟོག་པ།། སྙིང་རྗེ་ཆེན་པོའི་རོ་ཡིས་ཁྱབ།། ཆོས་དབྱིངས་བདག་ཉིད་ཅན་འབྲས ་བུ།། གང་དེ་མཆོག་ཏུ་དགའ་བའི་ངོ་བོ་ཉིད་ཀྱི་སྣང་བ་ཅ་ནི།། མི་ཟད་པ་སྣ་ཚོགས་པའི་བདག་ཉིད་ཅན།། རྣམ་པར་མི་རྟོག་པའི་ཆོས་ཀྱི་དབྱིངས་ཀྱི་རང་གི་ངོ་བོ་ཉིད་དེ་ནི་སྨོན་ལམ་ལ་སོགས་པ་མ་ལུས་པའི་འབྲས་བུ་ཡི་ནོ།། དེ་ལ་སྙིང་རྗེ་ཆེན་པོའི་ཤུགས་ཀྱི ་དབང་གིས་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་པར་འཇུག་ལ། གཞན་གྱིས་བྱ་བ་མ་ལུས་པ་རྗེ་སུ་བསྒྲུབ་པའི་བདག་ཉིད་ཅན་མཐའ་ཡས་པའི་བྱང་ཆུབ་ཀྱི་རྩིས་ཁྱབ་པ་མི་ཟད་པའི་གསེར་གྱི་གཏེར་ལྟ་བུའོ།། གནས་འདི་ནི་ཐམས་ཅད ་མཁྱེན་པ་ཐམས་ཅད་ཀྱི་བདག་ཉིད་ཅན་ཐམས་ཅད་ལ་ཕན་པར་མཛད་པའི་རྣམ་པར་མི་རྟོག་པའི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ནི་ཇི་སྐད་དུ་བཤད་པའི་རྒྱུ་གཞན་ལས་འབྱུང་བར་ནི་མི་རིགས་ཀྱི་ཕྱིན་ཅི་མ་ལོག་པའི་ཐབས་ཀྱི་ཞིང་དམ་པ་ལ་གནས ་པ་ནི། གཞན་གྱི་དགོས་པའི་དོན་དུ་སྨོན་ལམ་གྱི་ས་བོན་དང་རྗེས་སུ་མཐུན་པའི་འདུས་བྱས་པས་མི་ལྡོག་པོའི་ཆོས་ཅན་འགྲོ་བ་ལ་ཕན་པར་བྱེད་པའི་གནས་བདེ་བར་གཤེགས་པའི་གོ་འཕང་དུ་འགྱུར་བ་ནི་རིགས་པ་ཉིད་ཡིན་ཏེ་འབྲས་བུ་ནི ་རྒྱུ་དང་མཐུན་པ་ཡིན་པའི་ཕྱིར།། དེ་བས་ན་བླ་ན་མེད་པའི་གྲོ་འཕང་འཐོབ་པའི་རྒྱུ་སྐྱོན་ལམ་ལ་སོགས་པ་ནི་ཐེག་པ་ཆེན་པོ་ཉིད་དུ་སྟོན་ན་ཅིའི་ཕྱིར་ཐེག་པ་ཆེན་དེའི་གཞུང་རྒྱས་པ་དོན་མེད་པ་ཡིན། གང་ཡང་འདུ་ཤེས་མེད་པའི་སྦྱོར་བ་དང་། ས ་དོ་ན་མེད་པའི་ཏིང་འཛིན་ཞེས་བྱ་བ་ལ་སོགས་པའི་མིང་གིས་མུ་སྟེགས་པ་རྣམས་སྟོན་ལ། ང་ནི་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ཉིད་ལ་དེ་ལྟར་བཤད་དེ། དེ་ཉིད་ནི་སེམས་ཀྱི་འཇུག་པའི་འདུ་ཤེས་མ་ལུས་པ་ལས་ལྡོག་པོའི་ངོ་བོ་ཉིད ་ཡིན་པའི་ཕྱིརརོ།། དེ་ཡང་བསམ་གཏན་བཞི་པའི་ས་ཡིན་ལ། བསམ་གཏན་བཞི་པ་ཉིད་ལས་འབྲས་བུ་ཆེ་བའི་ཕྱོགས་གཅིག་ན་འདུ་ཤེས་མེད་པའི་སེམས་ཅན་དུ་སྐྱེ་ལ་འདུ་ཤེས་མེད་པ་ན་དེའི་འབྲས་བུ་ཡིནོ།། དེ་ཉིད་ཀྱང་ཤིན་ཏུ་རྨོངས་ཤིང་དགེ ་བའི་བཤེས་གཉེན་མ་བསྟེན་པས་མྱ་ངན་ལས་འདས་པའི་འདུ་ཤེས་ཀྱིས་སྙོམས་པར་འཇུག་ལ། ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་མངོན་དུ་ཕྱོགས་པར་གྱུར་པ་གང་ཡིན་པ་དེས་ནི་སླར་ཡང་དམྱལ་བ་དང་། ཡི་དགས་དང་། དུད་འགྲོར་སྐྱེ ་བར་འགྱུར་བ་གང་ཡིན་པ་འདི་ལ་ནི་ས་བོན་མེད་པའི་ཏིང་འཛིན་ཅེས་བྱ་བའི་མིང་དུ་བཏགས་པ་རིགས་པ་ཉིད་ཡིན་ཏེ། ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པའི་རྒྱུ་དང་བྲལ་བའི་ཕྱིརརོ།། འདིར་བྱིས་པའི་རྩེད་མོའི་ཚུལ་གྱི་འབྲས་བུ་བརྟགས་པ་ནི་དེས་ཆོག་གོ། ་དེ་ཡང་རེག་བྱེད་ཀྱི་མཐར་སྨྲ་བ་དང་། ཞི་བ་དང་། གྲངས་ཅན་དང་། གཅེར་བུ་ལ་སོགས་པའི་གཞུང་དམན་པ། བརྫུན་པའི་བློ་ཅན་དོན་དམ་པ་མ་རྟོགས་པ་བདག་ཏུ་ལྟ་བ་ལ་མངོན་པར་ཞེན་པས་སེམས་ལ་རིལ་པོར་འཛིན་པ་བརྟན་པར་བྱེད་པ། འདུལ་བའི་དུས ་ལམ་བབ་ནོ།། ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱིས་ཀྱང་བཏང་སྙོམས་སུ་བཞག་པ། འཁོར་བའི་མདུད་པ་སླར་ཡང་དམ་པོ་ཉིད་དུ་བྱེད་པ་རྣམས་ལ་ནི་སྙིང་རྗེས་བརྒྱན་པ་རྣམས་ཀྱིས་རྒུད་པ་ལ་འཇུག་པ་རྣམས་ལ་སྙིང་རྩི་བར་བྱ་བ་ཡིན་གྱི་ཞེ་སྡང་བར ་འོས་པ་ནི་མ་ཡིན།། གང་ཡང་བདེ་བར་གཤེགས་པའི་ཚུལ་ཅན་ཕྱིན་ཅི་མ་ལོག་པའི་བློས་འཁོར་བ་དང་མྱ་ངན་ལས་འདས་པའི་ཕྱོགས་རྟོགས་པ་ལ་མཁས་པ་དེ་ལ་ནི་ངན་པར་བཤད་པའི་མཐའི་རྗེ་སུ་འགྲོ་བའི་བློ་ཅན་གྱིས་བསྐྱོད་པར་ནུས་པ་ཡིན།། དེ ་ལྟར་ན་ཚངས་པ་ལ་སོགས་པའི་ལྟ་བ་ལས་ཐེགས་པ་ཆེན་པོའི་དོན་གྱི་ཁྱད་པར་ཤིན་ཏུ་མང་བ་ཡང་གདུལ་བྱའི་བསམ་པ་མང་པོ་ཉིད་ཡིན་པའི་ཕྱིརརོ།། འདི་ལྟར་ཉོན་མོངས་པས་བཅིངས་པ་ཐམས་ཅད་ནི། བཅོམ་ལྡན་འདས་རྣམས་ཀྱི་ཐུགས་རྗེའི ་གནས་ཡིན་ཏེ། དེ་ཡང་སེམས་ཀྱི་སྤྱོད་པ་མཐའ་ཡས་པའི་ཕྱིར། ཐབས་ཀྱི་ཚུལ་མཐའ་ཡས་པས་འདུལ་བ་ཡིན་པས། སངས་རྒྱས་ཀྱི་ཆོས་བསྟན་པ་ཡང་མཐའ་ཡས་ཤིང་སྣ་ཚོགས་པ་ཁོ་ནར་རིགས་པ་ཉིད་ཡིནོ།། དེ་བས་ན ་ཐར་པའི་ལམ་ཡ་གུས་པས་སྤྲོ་བར་གྱུར་པ་ཡིན་ཞིང་། དབང་པོའི་ཁྱད་པར་གྱིས་མྱུར་བ་དང་རིང་བ་དང་། ཤིན་ཏུ་རིང་བ་ཉིད་དུ་རྣམ་པར་གྲོལ་བའི་སྐལ་བ་ཅན་ཡིན་པས། སངས་རྒྱས་པ་ཉིད་ལུང་དམ་པའི་དོན་ཕན་ཚུན་རྣམ་པར་དཔྱོད་པ་ནི་མཛེས ་ཀྱིས། ཤིན་ཏུ་དམན་པའི་བློ་ཅན་ལྟ་བ་ངན་པའི་མིས་རྒྱུད་ཚིག་པ་བདེ་བའི་ལམ་ལས་ཤིནྡ་ཏུ་རྙིང་ཞིང་ཡོངསུ་ཉམས་བྱ། དམུས་ལོང་འོ་མའི་ཡོན་ཏནར་དཀར་པོ་ལ་སོགས་ཡོངསུ་རྟོག་པར་བྱེད་པ་དང་འདྲ་བ་གཞན་དག་དང་ཐེག་པ་ཆེན་པོ་ཡོངསུ ་བརྟགས་པས་ཅི་ཞིག་བྱ། འདིར་འཚལ་པ།། གལ་ཏེ་བླ་ན་མེད་པའི་བྱང་ཆུབ་ཀྱི་འབྲས་བུའི་རྒྱུའི་ཚོགས་ནི་སྨོན་ལོམ་ལ་སོགས་པ་ཡིན་པར་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལས་སྟོན་ལ། དེ་ལྟར་ན་སྨོན་ལམ་ལ་སོགས་པ་ནི་མི་འཕོ་བའི་གནས་ཐོབ་པའི་རྒྱུར ་གྱུར་པ་ཉིད་ཡིན་པས་གསང་སྔགས་ཀྱི་ཐེག་པ་ཆེན་པོ་བསྟན་པསྔོ་ཅི་ཞིག་བྱ། རྣམ་པ་ཐམས་ཅད་མཁྱེན་པ་དེ་ཡང་བྱམས་པ་དང་སྙིང་རྗེ་ལ་སོགས་པ་མོ་ལུས་པ་གོམས་པར་བྱས་པའི་རབ་ཀྱི་མི་ཐར་ཐུག་པ་ཉིད་དང་། དེས་ཀུན་ནས་བླང་བའི་སྦྱིན་པ་དང། ་ཚུལ་ཁྲིམས་ལ་སོགས་པ་ལས་འབྱུང་བ་ཡི་ནོ།། གསང་སྔགས་ཀྱི་ཚུལ་ལོས་ནི་ཕལ་ཆེར་དེ་དང་འགལ་བའི་བྱ་བ་རྣམས་ཀུན་དུ་སྟོན་ཏེ། དབང་དུ་བྱ་བ་དང་། མངོན་སྤྱོད་ལ་སོགས་པའི་ལས་རྣམས་ནི་འདོད་མཤེས་ལ་སོགས་པའི་རྒྱུ་བས་བྱུང་པོའི་ཕྱིར ་བྱམས་པའི་ཀུན་ནས་བསླང་བ་མ་ཡིན་ལ། འདོད་ཆགས་ལ་སོགས་པ་ལ་རབ་ཏུ་འཇུག་པའི་ལས་རྣམས་ལས་ནི་ངན་འགྲོར་འགྲོ་བར་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། དམ་པའི་ཆོས་དྲན་པ་ཉེ་བར་བཞག་པ་ལ་སོགས་པ་ལས། འདོད་ཆགས ་ཀྱིས་ནི་གདུངས་པ་རྣམས།། ངང་པ་ཕུག་རོན་ལ་སོགས་དང་།། བོང་བུ་འདོད་ཆགས་ཅན་རྣམས་ཀྱི།། སྐྱེ་གནས་སྲིན་སོགས་སྐྱེ་གནས་སྐྱེ་ཞེས་བཤད་པ་ཡིན།། གང་ཡང་འདིར་བཟའ་བ་དང་། བཟའ་བ་མ་ཡིན་པ་ལ་སོགས་པའི་བྱ་བ་སྟོན་པ་དེ་ནི་རྣམ་པ ་མཁས་པ་དང་བྲལ་བའི་འཁོར་བ་པ་རྣམས་ཀྱིས་ཀྱང་བསྔགས་པ་མ་ཡིན་ན་ཇི་ལྟར་འགྲོ་བ་མ་ལུས་པ་ལ་བུ་གཅིག་པ་ལྟར་སེམས་པའི་སྙིང་རྗེ་ཆེན་པོ་དང་ལྡན་པ་རྣམས་དེ་ལ་འཇུག་པར་འགྱུར། འཇུག་ཏུ་ཟིན་ཀྱང་ཐད་མཁྱེན་པ་ཉིད་ཐོབ་པར་མི ་འགྱུར་བས་སངས་རྒྱས་ཀྱི་བཀའ་མ་ཡིན་པ་སྨིན་པོས་སྦྱར་བ་ལྟ་བུར་ཤེས་སོ་ཞེ་ན། རྟོགས་པའི་ཚིག་མ་ཡིན་པ་ནི་བདེན་མོད་ཀྱི། འོན་ཀྱང་ལྟ་བུ་ཞེས་པས་བསལ་ལ། ཉིད་ཅེས་བྱ་བ་འདིར་གཞུག་པར་བྱ་སྟེ། འདི་ནི་མ་རྟོགས་པའི་ཚིག་ཡིན་པ་ཉིད་ཀྱིས ་ན་བདག་ཅག་རྣམས་ཀྱིས་བརྒལ་བ་ཡིནོ་ཞེས་བརྗོད་པར་བྱའོ།། དེ་ཡང་རྟོགས་པར་འགྱུར་བ་རྣམས་ནི་སྔགས་ཀྱི་ཐེག་པ་ཆེན་པོའི་སྙིང་པོའི་དོན་མ་ཤེས་ནས་འདི་ལྟར་དེ་སྤོང་བར་རྒོལ་བས། བདག་ཉིད་ཕུང་ཁྲོལ་ཆེན་པོ་ཉིད་ལ་སྦྱོར་བར་མི་བྱེད་དོ།། ་གསང་སྔགས་ཀྱི་ཐེག་པ་ཆེན་པོ་ནི་བདག་ཉིད་དེའི་རིགས་ཅན་གྱིས་བློ་ཕྱིན་ཅི་མ་ལོག་པའི་སེམས་དང་ལྡན་པ་ལ། བཅོམ་ལྡན་འདས་ཀྱིས་ཁྱད་པར་གྱི་རྒྱུ་ཉིད་དུ་སྟོན་པར་མཛད། དེ་ཡང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་དང་དོན་གཅིག་པ་ལས་དེའི ་ཁྱད་པར་གང་དག་ཡོད་པ་དེ་བརྗོད་པར་བྱའོ།། དོན་གཅིག་ཉིད་ན་མ་རྨོངས་དང་།། ཐབས་མང་དཀའ་བ་མེད་ཕྱིར་དང་།། དབང་པོ་རྣོན་པོའི་དབང་བྱས་པས།། སྔགས་ཀྱི་བསྟན་བཅོས་ཁྱད་པར་འཕགས།། འདི་ལྟར་གཉིས་སུ་མེད་པའི ་རྣམ་པ་ཐམས་ཅད་མཁྱེན་པར་བཤད་པའི་འབྲས་བུ་ནི་སྔགས་དང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་གཉིས་ལ་ཁྱད་པར་མེད་པོ་ཡིན་མོད་ཀྱི་འོན་ཀྱང་རབ་ཏུ་དབྱེ་བ་རྣམ་པ་བཞི་པོ་དེ་དག་གིས་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་ལས་སྔགས་ཀྱི་ཐེག་པ ་ཆེན་པོ་ཁྱད་པར་དུ་འཕགས་པ་ཉིད་ཡིནོ།། དེ་ལ་མ་རྨོངས་པ་ནི་འདི་ཡིན་ཏེ། གོང་གི་ཕྱིར་མཁས་པ་སྙིང་རྗེ་ཆེར་ལྡན་པ།། དཔྱད་དེ་ཐབས་ཀྱི་མཆོག་ལེན་ཅིང་།། ཐ་མལ་པའི་ཐབས་སྨད་ནས།། མི་འཕོ་བོའི་གནས་ཐོབ་བོ།། ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད ་འི་བྱང་ཆུབ་སེམས་དཔའ་རྣམས་ནི་ཤིན་ཏུ་མ་རྨོངས་པ་ལ་འཇུག་པ་ཡིན་ཏེ། དེ་ཡང་གང་འདི་ལྟར་སྦྱིན་པ་ལ་སོགས་པ་ལ་འཇུག་པ་ནི། དེ་ཉིད་ལ་སྦྱིན་པར་བྱ་བ་དང་། སྦྱིན་པ་པོ་དང་། ལེན་པ་པོའི་འབྲས་བུ་རྣམ་པར་དག་པའི་སྒོ་ནས་ཤེས་རབ་ཀྱི ་རོལ་ཏུ་ཕྱིན་པ་ལ་གནས་པར་འགྱུརརོ།། དེ་ཉིད་ཀྱིས་ནི་འདི་ནི་ཤིན་ཏུ་མ་རྨོངས་སུ་ཟིན་ཀྱང་དེའི་རིགསུ་ལྷོང་པས་ཕྱིའི་སྦྱིན་པ་ལ་སོགས་པ་ལ་རབ་ཏུ་འཇུག་ཅིང་། ཤིན་ཏུ་དབང་པོ་རྣོ་བ་མ་ཡིན་པས་ཡུན་རིང་པོས་བྱང་ཆུབ་མངོན་པར་རྟོགས་པར་འགྱུརརོ།། ་གསང་སྔགས་ཀྱི་སྒོར་སྤྱོད་པ་སྤྱོད་པ་རྣམས་ལ་ནི་རྨོངས་པ་འདི་ཡོད་པ་མ་ཡིན་ཏེ། དེ་ཕ་རོལ་ཏུ་ཕྱིན་པ་ཡོང་སུ་རྫོགས་པར་འདོད་པ་ན་དབང་པོ་རྣོན་པོ་ཉིད་ཡིན་པའི་ཕྱིར་དང་པོ་ཁོ་ནར་འདི་ལྟར་རྣམ་པར་དཔྱོད་པོ་ལ་འཇུག་སྟེ། ཇི་ལྟར་ན་སྦྱིན་པ་ལ ་སོགས་པ་ཡོངསུ་རྫོགས་པར་འགྱུར། མགོ་བོ་དང་། རྐང་པ་དང་། ལག་པ་ལ་སོགས་པ་བཏང་བས་སོ་ཞེ་ན། འདི་ནི་རིགས་པ་མ་ཡིན་ཏེ། ཕ་རོལ་ཏུ་ཕྱིན་པས་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པའི་མིང་འཐོབ་པ་ཡིན་ལ། ཕ་རོལ་ཏུ་སོང་བ་ཡང་ཐམས་ཅད་ཀྱི་མངོན་པར་འདོད ་བ་ཅིག་ཅར་ཡོངསུ་རྫོགས་པར་བྱེད་པ་ཡིན་ལ། དེ་ཡང་ཏིང་འཛིན་གྱི་འབྲས་བུ་ཉིད་ཡིན་གྱི།། ཕ་རོལ་གྱི་མགོ་བོས་ནི་སེམས་ཅན་མཐའ་ཡས་པ་ཡོངསུ་གསོ་བར་ནུས་པ་མ་ཡིནོ།། དེ་བས་ན་མགོ་བོ་དང་ལག་པ་དང་རྐང་པ་ལ་སོགས་སྦྱིན་པ་ཐ་མལ་པའི་ཐབས ་ཉིད་ཡིན་པར་ངེས་པར་བཟུང་ནས་ཐབས་ཀྱི་མཆོག་ཚོལ་བར་བྱེད།། དེ་ཡང་ཐབས་དང་ཤེས་རབ་ཀྱི་ཏིང་འཛིན་ལས་གཞན་མ་ཡིནོ།། དེ་བས་ན་གསང་སྔགས་ཀྱི་སྒོར་སྤྱོད་པ་འདི་ནི་དབང་པོ་རྣོན་པོ་ཡིན་ཞིང་ཕྱིན་ཅི་མ་ལོག་པའི་ཐབས་ལ་མཁས་པས་སེམས ་ཅན་གྱི་ཁམས་མཐའ་ཡས་པ་སྒྱུ་མ་ལྟ་བུའི་རང་བཞིན་ཡིན་ཡང་སྡུག་བསྔལ་གསུམ་གྱིས་གདུངས་པ་ལ་བལྟས་ནས། མ་རིག་པ་དེ་ཉིད་ཀྱིས་གཡོགས་པའི་གར་གྱི་རྣམ་པར་དགོད་པ་སྣ་ཚོགས་པར་གནས་པ་ངག་གི་ཕྱིར་མི་བཟོད་པ་བསྐྱེད་ནས་དེ་ཁོ་ན ་ཉིད་རྣམ་པར་བྱེད་ཅིང་། མ་རིག་པའི་རིབ་རིབ་རྣམ་པར་གསལ་བར་བྱ་བའི་ཕྱིར། མ་རིག་པས་སྤྲུལ་པའི་འགྲོ་བའི་དབྱེ་བ་མཐའ་ཡས་པ་མངོན་པར་གདོན་པའི་བསམ་པས་སྙིང་རྗེ་ཆེན་པོ་མངོན་སུམ་དུ་བྱེད་ཅིང་། ཡུལ་མཐའ་ཡས་པ་ཉིད་ཀྱིས་ཐབས་དང ་ས་རབ་གི་ཉོ་སུ་མེད་པའི་ཏི་འཛིན་རབ་ཏུ་རྟོགས་པ་ཡིནོ།། དེ་ལྟར་ཕྱོགས་ཚད་མ་མེད་པ་དང་རྒྱུན་མི་འཆད་པར་གོམས་པའི་སྟོབས་ཀྱིས་རིམ་གྱིས་སྒྲིབ་པ་ཐམས་ཅད་ཡོངསསུ་ཟད་དེ་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཐོབ་ནས། ཡིད་བཞིན ་གྱི་ནོར་བུའི་རྒྱལ་པོའི་བདག་ཉིད་ཅན་སྨོན་ལམ་གྱི་རབ་ཏུ་སྦྱོར་བ་ཇི་ལྟ་བས་སེམས་ཅན་གྱི་ཁམས་མཐའ་ཡས་པ་རྣམས་སྤྲུལ་པའི་ཚོགས་རབ་འབྱམ་གྱིས་མངོན་པར་འདོད་པའི་དོན་ལ་སྤྱོད་པར་འགྱུརོ།། གནས་སྐབས་དེར་ནི་སྙིང ་ཆེན་པོས་ཐམས་ཅད་ལ་ཐམས་ཅད་དུས་ལས་མ་འདས་པར་སྐལ་པ་བཟང་པོ་ཉིད་དུ་སྟེར་བར་འགྱུར་བས་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངསུ་རྫོགས་པར་འགྱུརརོ།། ཐོ་མལ་པའི་ལུས་སྦྱིན་པ་ལ་སོགས་པ་ལ་ནི་མཚན་ཉིད་ང་ཡོད་པ་མ་ཡིན་པས་ཕ་རོལ་ཏུ ་ཕྱིན་པར་མི་གཞག་གོ།། དེ་ཉིད་ནི་སེམས་ཅན་གྱི་དོན་བྱ་བའི་ཡང་དག་པའི་ཚུལ་ཁྲིམས་ལ་སོགས་པ་ཡོང་སུ་རྫོགས་པར་བྱེད་པ་ཡོན་པས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངསསུ་རྫོགས་པ་ཡིནོ།། སྤྲུལ་པའི་ཚོགས་ཀྱིས་ཀྱང་སྲོག་ཆགས་ཐམས་ཅད་ལ ་ཡང་དག་པར་ཕན་འདོགས་ཤིང་གཞན་གྱི་གནོད་པ་བྱོས་པ་བཟོད་པར་གྱུར་པ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ།། བརྩོན་འགྲུས་ཀྱང་དེའི་ཚེ་གང་གིས་དོན་ཐམས་ཅད་གྲུབ་ཅིང་དགོས་པ་ཐམས་ཅད་དང་ཡིད་ལ་འདོད་པ་རྣམས་ཅིག་ཅར་འཐོབ་པར་གྱུར་པ་དེ་ནི ་དེའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངསསུ་རྫོགས་པར་གྱུར་པ་ལ་ནོ།། བསམ་གཏན་ཡང་དེའི་ཚེ་བསམ་གཏན་ཐམས་ཅད་ཀྱི་གནས་ཀྱི་ཏིང་འཛིན་ཐོབ་པས་ཕ་རོལ་ཏུ་ཕྱིན་པ་ཐོབ་པ་ཡིནོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་འདི་ཡོངསུ་རྫོགས་པ ་འདི་དག་ཕ་རོལ་ཏུ་ཕྱིན་པར་རྣམ་པར་གཞག་པ་ཡིན་ཏེ། དེ་ལྟར་ན་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ཡི་ནོ།། གང་ཡང་དེ་ལས་གཞན་པ་ཐབས་དང་། སྟོབས་དང་། སྨོན་ལོམ་དང་། ཡེ་ཤེས་ལ་སོགས་པའི་ཡོན་ཏན་དེ་རྣམས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་པ་ཉིད་ཡོངས་སུ་རྫོགས་པར་གྱུར་པ་ཡིན་ཏེ། འདི་ནི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་པ་ལས་གསང་སྔགས་ཀྱི་སྒོ་ལ་སྤྱད་པ་སྤྱོད་པ་རྣམས་མ་རྨོངས་པ་ཡིན་ནོ།། སེམས་ཅན་ཀུན་དོན་ལེགས་བསྒྲུབ་ཕྱིར།། བློ་ཆེན་ལ་ནི་ཐབས་ཐམས་ཅད།། དབྱེ་བ་རྣམ ་བཞིར་ཚུལ་གྱི་མཆོག། འགྲོ་བའི་སྟོན་པས་གསུངས་པ་ཡིན།། ཚུལ་གཞན་ཐམས་ཅད་དུ་ནི་བཅོམ་ལྡན་འདས་ཀྱིས་དཀའ་ཐུབ་དང་། སྡོམ་པ་དང་། བརྟུལ་ཞུགས་ལ་སོགས་པ་མཐོ་རིས་དང་ཐོར་པོ་ཐོབ་པའི་ཐབས་ཉིད་ཡིན་པར་གསུངས་ལ།། སེམས ་ཅན་ཐམས་ཅད་དཀའ་ཐུབ་དང་སྡོམ་པ་ལ་སོགས་པ་སྤྱོད་པར་ནུས་པ་མ་ཡིན་ཏེ། ལ་ལ་ནི་ཤིན་ཏུ་ཞི་བའི་ལས་ལ་སྤྱོད་པ་ཡོད་པས་དེའི་དབང་དུ་མཛད་པ་ཡིན་པའི་ཕྱིརརོ།། དེ་ལྟ་བས་ནཱ་དེས་ནི་སེམས་ཅན་ཐམས་ཅད་རྗེ་སུ་འཛིན་པར་ནུས་པ་མ་ཡིན། ་ནོ།། ཡང་གསང་སྔགས་ཀྱི་ཐེག་པ་ཆེན་པོ་ནི་སེམས་ཅན་ཐམས་ཅད་དགེ་བའི་ལམ་ལ་སྦྱོར་བའི་ཕྱིར་གསུངས་ཏེ། དེ་བས་ན་ཐབས་སྣ་ཚོགས་པ་ཡིནོ།། དེ་ལ་ཐབས་ཀྱི་དབྱེ་བ་ནི་འདི་ཡིན་ཏེ། འདི་ན་ཐོག་མ་ཁོ་ནར་གསང་བའི་ཚུལ་གྱི་རྣལ་འབྱོར་པས ་རང་གི་རང་བཞིན་རང་ཉིད་ཀྱིས་སམ་དེའི་བླ་མས་ངེས་པར་གཟུང་བར་བྱའོ།། ངེས་པར་བཟུང་པོ་ཡང་རྗེས་སུ་ཕྱན་གདགས་པ་འཛིན་པར་འདོད་པས་བླ་མུས་ཕྱིན་ཅི་མ་ལྡོག་པར་བསྟན་པའི་ངེས་པ་གཟུང་ལ། རྨི་ལམ་དུ་སོ་སོར་མཐོང་བའི་སྒོ་ནས་བྱ་བ ་འམ་མེ་ཏོག་བབས་པ་དང་། དབབ་པ་འམ། ཕྱག་རྒྱ་བཅིང་བ་ལ་སོགས་པ་ལས་སམ། སྤྱོད་པ་ལས་ཉེ་བར་མཚོན་ནས་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་གང་ལ་ལྷག་པར་ཀུན་ཏུ་སྤྱོད་པ་ཡིན་པར་ཤེས་པར་བྱའོ།། ་དེ་ལྟར་རང་གི་རིགས་ཀྱི་བདག་པོ་ཡང་དག་པར་ངེས་པར་བྱས་ནས་འདོད་ཆགས་ལ་སྤྱོད་པའི་སྔགས་པས་སྨོན་ལམ་དང་རྗེསུ་མཐུན་པར་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་ནས་བདག་ཉིད་ཀྱི་ཡིད་ཀྱི ་དང་རྗེ་སུ་མཐུན་པར་འདོད་ཆགས་རྡོ་རྗེའི་ངོ་བོ་ཉིད་དེ་བཞིན་གཤེགས་པ་འོད་དཔག་མེད་དུ་བསམས་ཏེ། རྒྱུད་ལས་བཤད་པའི་མིག་ཡོར་ཙམ་གྱི་བདག་ཉིད་ཅན་གྱི་མཆོད་པའི་ཡོ་བྱད་རྣམས་ཀྱིས་ཡང་དག་པར་མཆོད་ལ། རང་གི་སྔགས་དང ་ཕྱག་རྒྱ་རྗེ་སུ་དྲན་ཏེ། མཐའ་ཡས་པའི་ཀུན་ཏུ་དགའ་བའི་བདག་ཉིད་ཅན་འདོད་ཆགས་ཆེན་པོའི་ཚུལ་ཞེས་བྱ་བའི་ཏཱི་ངེ་འཛིན་ལ་སྙོམས་པར་ཞུགས། དེ་ཡང་སྙིང་རྗེ་ཆེན་པོས་ཁྱབ་པའི་བདག་ཉིད་ཅན་རྟོགས་པ་ཐམས་ཅད་ཉེ་བར་སྤངས ་པོ་ཡིན།། དེ་བཞིན་དུ་ཞེ་སྡང་ལ་སྤྱོད་པ་དང་། གཏི་མུག་ལ་སྤྱོད་པའི་སྔགས་པས་སྨོན་ལམ་དང་རྗེ་སུ་མཐུན་པོའི་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་ལ། བདག་ཉིད་ཀྱི་ཡིད་དང་རྗེ་སུ་མཐུན་པ་ཞེ་སྡང་རྡོ་རྗེའི་ངོ་བོ་ཉིད་དེ་བཞིན་གཤེགས་པ་མི་བསྐྱོད ་པའམ། གཏི་མུག་རྡོ་རྗེའི་ངོ་བོ་ཉིད་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དུ་བསྒོམས་ལ་རྒྱུད་ལས་བཤད་པའི་མིག་གཡོར་ཙམ་གྱི་བདག་ཉིད་ཅན་གྱི་མཆོད་པའི་ཡོ་བྱད་རྣམས་ཀྱིས་མཆོད་ངོ་།། རང་གི་སྔགས་དང་ཕྱག་རྒྱ་ཡང་རྗེསུ་དྲན་ལ།། ་མཐའ་ཡས་པའི་ཞེ་སྡང་གིས་བདག་ཉིད་ཅན་ནམ་མཐའ་ཡས་པའི་གཏི་མུག་གི་ཚུལ་གྱི་ཏིང་འཛིན་ལ་སྙོམས་པར་ཞུགས་ལ་ཞེས་བྱ་བ་ལ་སོགས་པར་སྦྱར་བར་བྱའོ།། ཐེ་ཚོམ་དང་ང་རྒྱལ་དག་ནི་ལ་ལར་ཐ་མི་དད་པར་བཤད་དེ། དེ་དག་ནི ་གཏི་མུག་དང་ཞེ་སྡང་གི་བདག་ཉིད་ཅན་ཡིན་པའི་ཕྱིརརོ།། གང་དུ་ཐ་དད་པར་བཤད་པ་དེར་དོན་ཡོད་པར་གྲུབ་པ་དང་། རིན་ཆེན་འབྱུང་ལྡན་གྱི་ངོ་བོ་ཉིད་ཡིན་པར་སྔ་མ་བཞིན་དུ་བཤད་པར་བྱའོ།། དེ་བཞིན་དུ་རྒྱུད་ཀྱི་དགོངས་པའི་དབྱེ་བས ་ཁྲོ་བ་དང་ཆགས་པའི་ངོ་བོ་ཉིད་ཀྱང་ཕྲག་དོག་དད་སེར་སྣའི་བདག་ཉིད་ཅན་དུ་སྦྱར་རོ།། དེ་བ་ནན་དུ་གཏི་མུག་དགའ་མ་ལ་སོགས་པའི་རིག་པའི་ལྷ་མོ་རྣམས་ནི་དགའ་བའི་གཉེན་པོར་གྱུར་པའི་འདུན་པའི་ཁྱད་པར་གྱི་བདག་ཉིད་ཅན ་གྱི་སེམས་ལས་བྱུང་བའི་ངོ་བོ་ཉིད་དོ།། གཤིན་རྗེ་གཤིང་ལ་སོགས་པ་ཕྱོགསོ་བཅུའི་བགེགས་སེལ་པར་བྱེད་པའི་ཁྲོ་བོའི་རྒྱལ་པོ་རྣམས་ཀྱང་ངོ་ཚ་མེད་པ་དང་། ཁྲེལ་མེད་པ་དང་། ཕྲག་དོག་དང་། སེར་སྣ་དང་། ཁེངས་པ་དང་། འགྱོད་པ་དང་། ་གཉིད་དང་རྨུགས་པ་སྟེ། ཀུན་ནས་ལྡང་བ་བརྒྱད་དང་ཁྲོ་བ་དང་འཆབ་པ་སྟེ། དེ་ལྟར་ཀུན་ནས་ལྡང་བ་བཅུར་བཤད་པའི་སེམས་ལས་བྱུང་བའི་ངོ་བོ་ཉིད་དང་ཅི་རིགས་པར་སྦྱར་བར་བྱའོ།། དེ་བཞིན་དུ་སའི་སྙིང་པོ་ལ་སོགས་པའི་བྱང་ཆུབ་སེམས ་དཔའ་རྣམས་ཀྱང་གཟུགས་ལ་སོགས་པའི་ཡུལ་དྲུག་ལ་འཇུག་པ་རྣམ་པར་ཤེས་པ་དྲུག་གི་བདག་ཉིད་ཅན་གྱིས་ཡང་དག་པར་རིག་པའི་བདག་ཉིད་ཡིན་པར་ཁོང་དུ་ཆུད་པར་བྱ་སྟེ། དེ་ལྟར་ན་ཐུགས་ཀྱི་དཀྱིལ་འཁོར་གྱི་ཚེ་འདི་ནི་རྣམ ་པར་རྟོག་པ་རགས་པ་བསལ་བའི་བློ་ཆེན་པོ་དང་ལྡན་པ་རྣམས་ལ། བཅོམ་ལྡན་འདས་ཀྱིས་བསྟན་པ་ཡིནོ།། གང་རྒྱུད་ཀྱི་ཁྱད་པར་གཞན་དག་ལས། བྱང་ཆུབ་སེམས་དཔའ་དང་ལྷ་མོ་དང་། ཁྲོ་བོ་དང་། བདག་པོ་རྣམས་ལྷག་པར་བཤད་པ་དེ་རྣམས ་ཀྱང་མཚན་ཉིད་དང་ལས་ལ་སོགས་པ་ངེས་པར་བཟུང་ནས་སེམས་དང་སེམས་ལས་བྱུང་བའི་བདག་ཉིད་ཀྱིས་གཞན་དག་ཡིན་པར་ཤེས་པར་བྱའོ།། གང་ཡང་ཤིན་ཏུ་ཕྲ་བའི་སེམས་དང་སེམས་ལས་བྱུང་བ་ལ་སེམས་འཇོག་པར་མི་ནུས ་པ་དང་། ཤིན་ཏུ་རགས་པ་ཞལ་དང་ཕྱག་ལ་སོགས་པ་དཔག་ཏུ་མེད་པའི་གཟུགས་ཀྱི་སྐུ་ལ་ཡང་དེ་ཁོ་ན་ཉིད་ངེས་པར་བྱ་བ་བསྟན་པར་བྱེད་མ་ནུས་ལ། སྒྲ་བརྗོད་པ་མེད་པར་ཡང་འདོད་ཆགས་རྡོ་རྗེ་ལ་སོགས་པའི་ངོ་བོ་ཉིད་ལ་འཇུག་པར་མི་ནུས་པ་དེའི་ཕྱིར། ་ནི། བདེ་བར་གཤེགས་པས་གསུང་གི་དཀྱིལ་འཁོར་སྟོན་པར་མཛད་པ་ཡིནོ།། དྭེ་ཡཱ་མན་ངག་འདི་ཡིན་ནོ།། ཨོཾ་ཨཱཿཧཱུཾ་ཞེས་བྱ་བ་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་དང་། འོད་དཔག་ཏུ་མེད་པ་དང་། མི་བསྐྱོད་པའི་སྙིང་པོའི་སྔགས ་ཡིན་ལ། ཛཱི་ན་ཛཱིག་ཅེས་བྱ་བ་ལ་སོགས་པ་ནི་བསྐྱེད་པའི་སྙིང་པོ་ཡིན་པའི་ཕྱིར་སྙིང་པོའོ་སྔགས་ཉིད་མ་ཡིནོ།། འདི་གཉིས་ལོ་ཁྱད་པར་ཅི་ཞིག་ཡོད་སྙམ་ན། འདི་ནི་ཤིན་ཏུ་ཕྲ་བར་རྟོགས་པ་ཡིན་ཏེ། སྔགས་ལ་སོགས་པ་འདི་དག་ནི་བཟང ་ནིང་རང་བཞིན་གྱིས་གྲུབ་པོ་ཐམས་ཅད་མཁྱེན་པས་གསུངས་པ་ཡིན་པར་ཐམས་ཅད་མཁྱེན་པ་ཉིད་ཀྱིས་འདི་དག་གི་ཁྱད་པར་མཁྱེན་པ་ཡིན་ལ། ཁོ་བོ་ཅག་ནི་བྷྲ་མའི་མན་ངག་སེམས་ལྔ་བ་ནཱ་པར་བྱ་བའི་ཕྱིར་རྣམ་པར་དཔྱད་ཅིང ་རགས་པ་ཅུང་ཟད་ཅིག་ལ་ཉེ་བར་རྟོག་པ་ཡིནོ།། བླ་མ་རྣམས་ཀྱིས་བཤད་པ་རགས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་སྐུར་བསྐྱོད་པའི་རིམ་པས་བདག་ཉིད་སྐྱེད་པར་བྱེད་པ་རྣམས་ཀྱིས་ནི། ཛི་ནི་ཛིཀ་ཅེས་བྱ་བ་ལ་སོགས་པོའི་ས་བོན ་ལས་བསྐྱེད་པར་བྱ་བ་ཡིན་ལ། སྙིང་པོའི་སྔགས་ཡི་གེ་ཨོཾ་ལ་སོགས་པ་ནི་བཟླ་བར་བྱའོ།། དེ་ལ་འདི་ལྟར་ཉེ་བར་མཚོན་པར་བྱ་སྟེ། ལྷ་རྣམས་ཀྱི་དང་པོའི་ཡུལ་དང་ལྡན་པ་ནི་ས་བོན་གྱི་སྔགས་ཡིན་ལ། དེ་ཁོ་ན་ཉིད་སྟོན་པར་བྱེད་པ་བཟླས་པར་བྱ་བ་ནི ་སྙིང་པོའི་སྔགས་ཏེ། སྤྲུལ་པ་ཞེས་བྱ་བ་ལ་དོན་མེད་པར་བསྟན་པའི་ཕྱིར་དང་། དེ་ཁོ་ན་ཉིད་ལ་འཇུག་པའི་ཕྱིར་ཡི་ནོ།། ལ་ལར་ནི་སྙིང་པོའི་སྡིགས་ཉིད་ས་བོན་ཡིན་ཞིང་དེའི་རང་བཞིན་སྟོན་པ་ཡིན་པར་བཤད་དོ།། ཡང་གང་དུ་ཡི་གེ་གཞན་དང་གཞན་པོའི་ས ་བོན་གྱི་སྔགས་དང་སྙིང་པོའི་སྔགས་སུ། བཅོམ་ལྡན་འདས་ཀྱིས་གདུལ་བ་ཁ་ཅིག་གི་བསམ་པའི་དབང་དུ་མཛད་ནས་གསུངས་པ་དེར་ནི། དེའི་རིགས་དང་མཐུན་པར་དེ་ཁོ་ན་ཉིད་ལ་འཇུག་པའི་ཐབས་ཡིན་པར་རྗེ་སུ་དཔག་པར་བྱའོ།། ཇི་ལྟར་སྐུའི་དཀྱིལ་འཁོར་བསྒོམ ་པ་ལ་སྔོན་པོ་དང་སེར་པོ་ལ་སོགས་པའི་ཚིག་གི་དོན་ལས་རྗེ་སུ་མཚོན་ནས་དེའི་སྐུ་ལ་ཡང་དེའི་རིགས་དང་ཚེ་མཐུན་པ་ཡིན་པའི་ཕྱོའོ།། མི་བསྐྱོད་པ་ལ་སོགས་པའི་སྐུར་བསྒོམ་པ་སྟོན་པ་ནི་དེ་ཁོ་ན་ཉིད་ལ་འཇུག་པའི་ཐབས་ཉིད་ཡིན་པ་དེ་བཞིན་དུ་གསུང་གི་དཀྱི ་འཁོར་བསྒོམ་པ་ལ་ཧཾ་ལ་སོགས་པའི་ཡི་གེ་ལས་ཉེ་བར་མཚོན་ནས་འདོད་ཆགས་ལ་སོགས་པ་སྟོན་པར་བྱེད་པ་ཉིད་མ་ཡིན་ཡང་དེའི་རིགས་དང་མཐུན་པ་ཡིན་པའི་ཕྱིར་དེ་སྟོན་པར་བྱེད་པ་ཉིད་ནི་དེ་ཁོ་ན་ཉིད་ལ་འཇུག་པའི་ཐབས་དེ་ཉིད་ཡིན་པར་བལྟ་བར ་བྱའོ།། དེ་ཡང་ཇི་ལྟར་ཡི་གེ་ཨ་ལ་སོགས་པ་ནི་ཚིམ་པར་བྱེད་པ་ཉིད་དུ་གསལ་བར་གོ་བར་བྱེད་པ་དེ་ལྟར་ཡི་གཽ་ཧ~ཾ་ལ་སོགས་པ་ནི་མ་ཡིན་ཏེ། དེའི་རིགས་དང་མཐུན་པ་ཉིད་ཀྱིས་ཐམས་ཅད་མཁྱེན་པའི་དངོས་གྲུབ་ཉིད་གྲུབ་པར་ཤེས་པར་བྱའོ།། དེ་བས་ན་སྔགས་ཇི ་རྙེད་པ་དེ་ཐམས་ཅད་ནི་དེ་བཞིན་གཤེགས་པ་ལྔའི་སྔགས་ལས་བྱུང་བ་ཡིན་པ་ཉིད་ཀྱིས་ན། རང་རང་གི་དེ་ཁོ་ན་ཉིད་ལ་ཞུགས་རང་གི་བདག་པོའི་སྦྱོར་བ་ཉིད་ཀྱིས་རང་རང་གི་ལས་བྱེད་པ་ཡིནོ།། དེ་ཡང་གང་གི་ཕྱིར་སྔགས་གང ་ཡང་རུང་བའམ་ཡི་གེ་ཉུང་བ་དེ་ནི་འདོད་ཆགས་དང་ནི་སྣང་ལ་སོགས་པ་བསལ་བར་བྱས་ནས་རང་གི་དེ་ཁོ་ན་ཉིད་ལ་བྲིམ་སྟེ། རང་གི་ལས་བྱེད་པར་ཉེ་བར་མིགས་ར་འགྱུརརོ།། དེ་ཉིད་ཀྱི་ཕྱིར་དག་གོ་པ་སྣང་དུ་བྱ་བ་ཇི་སྙེད་པ་དེ་ཐམས་ཅད་སྔ ་བདག་ཉིད་ཅན་ཡིན་ནོ་ཞེས་རྒྱུད་རྣམས་ལས་གསུངས་ཏེ། ངག་ཐམས་ཅད་ནི་འདོད་ཆགས་ལ་སོགས་པ་ལ་གཞོལ་བ་ཉིད་ཀྱིས་རྗེ་སུ་མྱོང་བ་ཉིད་ཡིན་པའི་ཕྱིར།། གང་ཡང་རབ་ཏུ་ཞི་བ་དང་རྗེ་སུ་མཐུན་པའི་ཚིག་དེ་ཡང་ཁ་ན་མ་ཐོ་བ་དང་བཅས་པའི་ཡུལ ་ཡིན་པར་ཀུན་ཏུ་བཤད་པ་ཡིན་པའི་ཕྱིར། གཏི་མུག་གི་བདག་ཉིད་ཅན་ཡིན་པར་བལྟ་བར་བྱའོ།། དེ་ཉིད་ཀྱིས་ན་ཡི་གེ་ཨ་ལ་སོགས་པ་ནས་ཧའི་བར་གྱི་ཡི་གེ་ཐམས་ཅད་ནི་སྔགས་ཀྱི་ངོ་བོ་ཉིད་ཡིན་པར་གསུངས་ཏེ། ངག་ཐམས་ཅད་ལ་དེ་དག ་ཉིད་ཀྱིས་ཁྱབ་པ་ཡིན་པའི་ཕྱིརརོ།། རྣམ་པར་དབྱེ་བའི་ཆ་བརྟགས་པ་ལ་ནི་སྔ་མ་བཞིན་དུ་དེ་དང་རིགས་མཐུན་པ་ཉིད་དུ་བཤད་པར་བྱ་སྟེ་ཐམས་ཅད་མཁྱེན་པ་བྱེད་པ་ཉིད་ཀྱིས་ནི་དེ་དག་ལས་བགྲོད་པ་གཞན་མེད་པའི་ཕྱིར།། དེ་ལ་རྣམ་པར་དབྱེ་བ ་ནི་འདི་ཡིན་ཏེ། ཨ་ཨཱ་ཞེས་བྱ་བ་ནི་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པ་དང་གོས་དཀར་མོའིའོ།། ཨོཾ་ཨཱི་ཞེས་བྱ་བ་ནི་བཅོམ་ལྡན་འདས་དོན་ཡོད་པར་གྲུབ་པ་དང་སྒྲོལ་མའི་འོ།། ཨུ་ཨཱུ་ཞེས་བྱ་བ་ནི་མི་བསྐྱོད་རྡོ་རྗེ་དང་ཀུན་ཏུ་བཟང་པོའི ་དག་ཉིད་ཅན་མཱ་མ་ཀཱི་ཆེན་པོའི་འོ།། རྀ་རཱྀ་ཞེས་བྱ་བ་ནི་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་དང་མཱ་མ་ཀཱི་ཡོངསུ་གྱུར་པ་ནོར་གྱི་རྒྱུན་ལྟ་བུའོ།། ལྀ་ལཱཾ་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དང་སྤྱན་གྱིའོ།། འདིར་ཐུང་ངུ་དེ་བཞིན་གཤེགས ་སྔགས་ཡིན་ལ། རིང་པོ་ནི་རིག་པའི་ལྷ་མོ་རྣམས་ཀྱི་སྔགས་ཡིན་པར་བལྟ་བར་བྱའོ།། དེ་ལྟར་དེ་བཞིན་གཤེགས་པ་རྣམ་པ་ལྔར་བརྟགས་པས་ཆར་ཕྱ་ནས་སྐུ་གསུམ་དུ་བརྟག་པ་ཉིད་ནི་ཨེ་ཨེ། ཨོཾ་ཨོཾ། ཨཾ་ཨ། ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་མི ་བསྐྱོད་པ་དང་། རྣམ་པར་སྣང་མཛད་དང་། འོད་དཔག་ཏུ་མེད་པ་རང་གི་ཕྱག་རྒྱ་དང་བཅས་པ་རྣམས་ཀྱི་སྔགས་ཡིན་པར་ཤེས་པར་བྱའོ།། དེ་བཞིན་དུ་ཀཽ་ཙ་ཊ་ཏ་པ་ལ་སོགས་པའི་སྡེ་ཚན་ནི་རེ་རེ་ཞིང་ལྷ་མོ་བཞི་དང་བཅས་པ་ལྔ་པོའི་སྔགས་ཡི་ནོ།། འདིར ་ང་ཉྀ་ཎ་ན་མ་ནི་རིམས་བཞིན་དུ་འོད་དཔག་ཏུ་མེད་པ་དང་། དོན་ཡོད་པོར་གྲུབ་པ་དང་། རིན་ཆེན་འབྱུང་ལྡན་དང་། མི་བསྐྱོད་པ་དང་། རྣམ་པར་སྣང་མཛད་ཀྱི་ཡི་ནོ།། ཀ་ཙ་ཌ་ཏཱ་པ་ལ་སོགས་པ་རེ་རེ་ཞིང་སྤྱན་ལ་སོགས་པ་ཡིན་ཨ་ལ་སོགས་པ་བརྒྱད་ཀྱི་སྟེ། ་གནས་དང་རིགས་ལ་སོགས་པ་ཉེ་བར་བརྟགས་ནས་སྦྱར་བར་བྱའོ།། ཨ་ལ་སོགས་པའི་ཡི་གེ་རྣམས་ནི་སྔགས་ཡིན་ཞེས་བཅོམ་ལྡན་འདས་ཀྱིས་སྤྱིའི་ཚིག་ཏུ་གསུངས་མོད་ཀྱི། འོན་ཀྱང་རྣམ་པར་དབྱེ་བ་འདི་ནི་ཆར་དབྱེ་བའི་རྒྱུ་གཞན་མེད་པའི་ཕྱིར།། ཁོ ་བོས་ནི་མིང་དང་རིགས་དང་གནས་ལ་སོགས་པ་ཉེ་བར་བརྟགསོ་ནས་བྲིས་པ་ཡིན་པས་འདིར་ལོག་པར་གྱུར་པའི་སོམ་ཉིའི་ཉེས་པའི་རྟོག་པ་བསྐྱེད་པར་མི་བྱ་སྟེ། དེ་ཡང་འདི་ལྟར་ཐ~ཾད་ཀྱང་གཉིསུ་མེད་པའི་དེ་ཁོ་ན་ཉིད་ལ་གཞོལ་བ་ཉིད་དུ་དོན་ཐ་མི་དད་པ་ཡིན ་པའི་ཕྱིརརོ།། དོན་དམ་པ་ཚད་མར་གྱུར་པ་ཉིད་ལ་ཐམས་ཅད་དོན་ཐམས་ཅད་སྒྲུབ་པར་བྱེད་པ་ཡིནོ་ཞེས་གསུངས་པ་ཡི་ནོ།། དེ་བས་ན་ཇི་ལྟར་མངོན་པར་ཞེན་པ་ཐམས་ཅད་ཀྱི་བདག་ཉིད་ཅན་ཐམས་ཅད་ནི་དེ་ཁོ་ན་ཉིད་སྟོན་པ་ཡིན ་པས་ན་རང་གར་སྦྱར་བ་ལས་ཀྱང་རྣམ་པར་དབྱེ་བ་ལ་ཉེས་པ་མེད་དོ།། དེ་བས་ན་སྔགས་འདི་ནི་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱི་དེ་ཁོ་ན་ཉིད་ལ་མངོན་པར་ཞེན་པས། བཟླ་ཞིང་། དེ་ཁོ་ན་ཉིད་ལ་སེམས་རབ་ཏུ་གཞག་པས་སྡིག་པ་རྣམས་རབ་ཏུ་ཟད ་པར་བྱེད་པ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པར་བྱེད་ཅིང་། སྙོམས་པར་འཇུག་པ་ལ་སེམས་མངོན་པར་ཞེན་པའི་ལས་བྱེད་པ་ནས། དྲི་མ་མེད་ཅིང་མི་ཟད་པའི་བསོད་ནམས་དང་ཡེ་ཤེས་ཀྱི་བདུད་རྩིས་ཚིམ་པར་བྱས་ནས་དགོས་པ ་མཐོའ་ཡས་པའི་དགའ་བའི་བདག་ཉིད་ཅན་ཆོས་ཀྱི་དབྱིངས་ཀྱང་ཐོབ་པའི་བར་དུ་བྱེད། ཆོས་ཀྱི་དབྱིངས་རབ་ཏུ་འབྱེད་པའི་རྒྱུ་མདུན་པ་ཉིད་ཀྱིས་འདོད་པའི་དོན་ཐམས་ཅད་གྲུབ་པ་ཡིནོ།། དེ་བས་ན་འདི་ལྟར་གསང་བ་གཙོར་གྱུར་པའི་དོན་གསལ་བར་བྱེད་པའི། ་དམ་པ་ཡིན་པས་ན། སྔགས་ཞེས་བྱ་བར་མིང་དུ་བཏགས་པ་ཡིན་ཏེ། དེ་ལྟར་ན་གསུང་གི་དཀྱིལ་འཁོར་དུ་རྣམ་པ་བརྟག་པ་འདི་ནི་ངག་གི་སྤྲོས་པ་ལ་མངོན་པ་བཞེན་པའི་གསང་སྔགས་ཀྱི་སྒོར་སྤྱད་པ་སྤྱོད་པ་རྣམས་ལ་བཅོམ་ལྡན་འདས་ཀྱིས་གསུངས་པ ་ཡིནོ།། གང་རགས་པའི་ཡུལ་ལ་མངོན་པར་ཞེན་པ་རྣམས་ཀྱི་ཐོག་མ་ཁོ་ནར་ཕྲ་བ་སྒོམ་པ་ལ་སྦྱོར་བར་མི་ནུས་པས་དེ་ལ་ཡང་ཐུགས་རྗེས་ནོན་པའི་ཐུགས་དང་ལྡན་པའི་སྟོན་པའི་བདུད་རྩིའི་གི་འཕང་ཐོབ་པར་བྱ་བའི་ཕྱིར་སྐུའི་དཀྱིལ་འཁོར་གསུངས་པ་ཡིན། ་པས་དེ་བརྗོད་པར་བྱ་སྟེ། ཡོངསུ་བརྟགས་པ་དང་བྱིན་གྱིས་བརླབས་པ་དང་། ཡོང་སུ་རྫོགས་པ་སྒོམ་པ་ལ་རྒྱུད་ལས་ལེགས་པར་གསུངས་པའི་རིམ་པ་ཐམས་ཅད་བཤད་པར་བྱ་བ་ལ། འདིར་ནི་དེའི་ཚིག་གི་དོན་ཙམ་ཞིག་བརྗོད་པར་བྱ་སྟེ། ན་མཁའི་དབྱིངས་ཀྱི ་དབུས་ན་གནས་པོའི་ཡི་གེ་བྲུཾ་གི་རིན་པོ་ཆེའི་ཁང་པ་བརྩེགས་པའི་ནང་ན་ལས་ཀྱི་རྡོ་རྗེ་རྣམ་པར་སྤྲུལ་པར་ཉི་མ་དང་ཟླ་བ་དང་པདྨ་དང་རིན་པོ་ཆེ་དང་སྣ་ཚོགས་རྡོ་རྗེ་ལ་སོགས་པའི་གདན་ལ་གནས་པ། བཛྲ་དྷྲྀཀ་ཅེས་བྱ་བ་ལ་སོགས་པའི་ས་བོན་ལས་བྱུང་བ། ་སྐུ་མདོག་སྣ་ཚོགས་པ། ཞལ་གསུམ་དང་། ཕྱག་དྲུག་པ། དྲིལ་བུ་དང་། ནོར་བུ་དང་། རལ་གྲི་དང་། འཁོར་ལོ་དང་། པདྨ་དང་། རྡོ་རྗེ་ལ་སོགས་པའི་མཚོན་ཆ་རྣམས་ལས་སྤྲོ་བ་དང་། བསླུ་བ་བྱེད་པ། རང་གི་སྙིང་པོའི་སྔགས་ཟློས་པ། སྣ་ཚོགས་པའི་ན་བཟའ་དང་། ཕྲེང ་བ་དང་རྒྱན་གྱིས་བརྒྱན་པ། ལས་སྣ་ཚོགས་བྱེད་ཅིང་སེམས་ཅན་མཐའ་ཡས་པའི་དགོས་པ་བྱེད་པས་སྣ་ཚོགས་ཤིང་མཐའ་ཡས་པའི་མཆོད་པའི་ཡོ་བྱད་ཀྱིས་ཐུགས་མཉེས་པར་བྱེད་པ། རིགས་པའི་ཚོགས་དང་བྱང་ཆུབ་དཔའ་དང་། ཁྲོ་བོ་ལ་སྩོགས ་པའི་རིགས་ཀྱི་བདག་པོར་གྱུར་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་དཀྱིལ་འཁོར་གྱི་བདག་པོའི་དྲི་རྒྱལ་དུ་རང་ཉིད་བསྒོམ་ཞིང་བདག་པོའི་སྙིང་པོ་བཟླ་བར་བྱའོ།། དེ་ཉིད་དོཔེ་མེད་པའི་རིགས་པའི་ཚེ་གསོ་མ་ལུས་པའི་བདག་པོས་ཡོངསུ ་བསྐོར་བ་ཡིད་ཀྱི་རང་བཞིན་དུ་ཡིད་འོང་བའི་ཡུལ་མ་ལུས་པ་ཁྱབ་ཅིང་དགའ་བ་དང་། མ་ཡེངས་པར་བླ་མའི་མོན་ངག་གི་རིམ་པས་ཟློས་ཤིང་སྣ་ཚོགས་པར་སྣང་པོ་དང་བྲལ་བར་ཡི་གེ་ཐམས་ཅད་ལ་སེམས་ཐིམ་པར་གྱུར་ཀྱང་། སྔགས་དེ་རྣམས ་ནི་སྡང་དང་རྡོ་རྗེ་ལ་སོགས་པ་གསལ་བར་བྱེད་པས་དེ་ཉིད་དུ་ཐིམ་པར་བྱས་ཤིང་། ཞེ་སྡང་ལ་སོགས་པའི་སེམས་དེ་ཡང་རིམ་གྱིས་རྟོག་པའི་དྲི་མ་མ་ལུས་པ་དང་བྲལ་བས་ཆོས་ཀྱི་དབྱིངས་ལ་འཇུག་པར་འགྱུར་བ་ཡི་ནོ།། དེ་ལྟར་རྡོརྗེ ་གསུམ་གྱི་དཀྱིལ་འཁོར་བསྒོམས་པས་ཀྱང་རྣམ་པ་ཐམས་ཅད་མཁྱེན་པའི་མཚན་ཉིད་ཁོ་ན་འབྲས་བུ་ཡིན་པས་འབྲས་བུ་ཁྱད་པར་མེད་པ་ཡིན་ལ། མངོན་སུམ་དང་གཅིག་ནས་གཅིག་ཏུ་བརྒྱུད་པའི་རིམ་པ་ནི་ཁྱད་པར་ཡིནོ།། དེ་ལྟར་ན་དཀྱིལ་འཁོར ་གསུམ་བསྒོམས་པས་འདོད་ཆགས་ལ་སོགས་པ་ཉིད་ཐབས་ཀྱི་སྒོ་ཡིན་པ་བསྟན་པ་ནི་རིགས་པ་ཡིནོ།། དེ་ཡང་གང་གི་ཕྱིར་ཆོས་ཐམས་ཅད་རང་བཞིན་གྱིས་དག་པར་དེ་བཞིན་གཤེགས་པས་བསྟན་པ་ཡིན་པས་ན་འདིར་འདོད་ཆགས་ལ་སོགས་པ ་སྤང་བར་བྱ་བ་འམ། འདོད་ཆགས་དང་བྲལ་བ་ལ་སོགས་པ་བླང་བར་བྱ་བ་མེད་ཕྱིན་ཅི་མ་ལོག་པའི་དེ་ཁོ་ན་ཉིད་འབའ་ཞིག་རྟོགས་པར་བྱས་པ་ལས་ཡང་དག་པ་མཐོང་བ་སྐྱེ་བར་འགྱུར་ལ། ཕྱིན་ཅི་མ་ལོག་པའི་ཡེ་ཤེས་ཀྱི་ནི་གྲོལ་བར་འགྱུར་བ་ཡིན། ་དོན་འདི་ནི་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་ཀྱང་། འདི་ལ་བསྣོལ་བ་གང་ཡང་མེད།། གཞག་པར་བྱ་བ་ཅི་ཡང་མེད།། ཡང་དག་སྣོད་ལ་ཡང་དག་ལྟ།། ཡང་དག་མཐོང་ནི་རྣམ་པར་གྲོལ་ཞེས་བྱ་བས་གསལ་བར་མཛད་པ་ཡིན།། འདིར་ཐུགས་རྗེ ་ཆེན་པོ་དང་ལྡན་པ་ཕྱིན་ཙོ་མོ་ལོག་པའི་ཐུགས་དང་ལྡན་པ་རྣམས་ནི་འཇུག་པ་གང་ཡང་རུང་བ་དེ་ཐམས་ཅད་ཐབས་དང་ཤེས་རབ་ཀྱིས་ཡོངསུ་ཟིན་པོ་ཉིད་ཡིན་པས་ན། གང་ལས་ཀྱང་བཟློག་པར་མི་བྱེའོ།། དེ་བས་ན་བཅོམ་ལྡན་འདས་སེམས ་ཅན་ཐམས་ཅད་ཀྱི་བསམ་པ་དང་། བག་ལ་ཉལ་བ་མཁྱེན་པས་སྔགས་ཀྱི་བསྟན་བཅོས་རྣམ་པ་བཞི་གསུངས་ཏེ། གང་ཡང་རེ་ཞིག་སྐྱེ་བ་གཞན་དུ་གོམས་པའི་བག་ཆགས་ཀྱིས་སྐྱེ་བོ་མེད་པའི་ནགས་ཚལ་གྱི་གནས་དང་ཁྲུས་དང་དཀྱིལ་འཁོར་བྲི་བ ་དང་མཆོད་པ་དང་སྦྱིན་སྲེག་དང་། དཀའ་ཐུབ་དང་། ཟླས་བརྗོད་ལ་སོགས་པའི་བྱ་བ་མེད་པར་ཡིད་མཉམ་པར་འཇོག་པ་མི་འཐོབ་པས་དེའི་ཕྱིར་ནི་བྱ་བའི་རྒྱུད་སྟོན་པར་མཛད་པ་ཡི་ནོ།། གང་ཡང་དེ་ཁོ་ན་ཉིད་ལ་མངོན་པར་ཞེན་པའི་སེམས་དང་ལྡན་པ་དག ་ཀྱང་དད་པའི་སྟོབས་ཀྱིས་བདེ་བར་གཤེགས་པས་གསུངས་པའི་བྱ་བ་རྣམས་ཀྱིས་ཀྱང་ཡེ་ཤེས་ཐོབ་པར་འགྱུར་བས་བྱ་བ་ལ་ལྟོས་པ་དང་བཅས་པ་ཡིན་ལ། དེ་རྣམས་ལ་ནི་བྱ་བའི་ཡན་ལག་ཤིན་ཏུ་མང་པོ་མ་ཡིན་པ་རྩ་བའི་རྒྱུད་གསུངས་པ་ཡིནོ།། གཞ ་དག་ནི་གཉི་སུ་མེད་པའི་དེ་ཁོ་ན་ཉིད་བསྒོམ་པར་གཅིག་ཏུ་མོས་པོ། བྱ་བ་མང་པོའི་ཚོགས་རྣམས་ལ་གཡེང་བར་འདུ་ཤེས་པ་དེའི་དོན་དུ་ནི་རྣལ་འབྱོར་གཙོ་བོར་མཛད། བྱ་བའི་ཡན་ལག་ཅུང་ཟད་ཅིག་ཞད་ལ་སྟོན་པར་མཛད་པའི་སྤྱོད་པའི་རྒྱུད་གསུངས་པ་ཡིནོ།། ་ཡང་གང་ཞིག་དེའི་རིག་སུ་རྟོགས་པ་དང་། སྐྱེ་བ་གཞན་དུ་གོམས་པའི་སྟོབས་ཀྱིས་བྱ་བ་ཐམས་ཅད་དངོས་པོ་ཐམས་ཅད་ལ་གཉིས་ཀྱི་འདུ་ཤེས་འཇུག་པར་མི་བྱེད་པའི་བདག་ཉིད་ཆེན་པོ་དེ་རྣམས་ལ་བྱ་བའི་ངེས་པ་མ་གསུངས་ཏེ། ཐམས་ཅད་བྱེད་པ་དང་ཐམས ་ཅད་སྤྱོད་པ་ལ་ཡང་དགག་པ་མེད་པའི་རྒྱུད་ཐམས་ཅད་ཀྱི་གོང་མར་གྱུར་པ། རྣལ་འབྱོར་ཆེན་པོའི་རྒྱུད་བཅོམ་ལྡན་འདས་ཀྱིས་གསུངས་པ་ཡིནོ།། དེ་ལྟར་ན་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་བྱ་བའི་ཕྱིར་རྣམ་པ་བཞི་པོས་སྣ་ཚོགས་པའི་ཐབས་དང་ལྡན་པའི ་སྔགས་ཀྱི་བསྟན་བཅོས་གསུངས་པ་ཡི་ནོ།། གང་ཞིག་གང་དུ་ཇི་ལྟར་འདོད།། དེ་ཉིད་དེ་ལ་ངེས་སྦྱོར་ཞིང་། འདོད་པའི་དོན་ནི་ཐོབ་མཛད་པའི།། དམ་པའི་དོན་ནི་ཐུབ་པས་གསུངས།། འདི་ནི་གསང་སྔགས་ཀྱི་ཐེག་པ་ཆེན་པོའི་ལྷག་པའི་ཁྱད་པར་ཡིན་ཏེ། སེམས ་ཅན་གང་ཡུལ་གང་དུ་འམ་དུས་གང་དུ་ཇི་ལྟར་མངོན་པར་འདོད་པར་འགྱུར་བ་དེ་དེ་ཉིད་ལ་ངེས་པར་སྦྱོར་ཞིང་ཐབས་བདེ་བ་ཉིད་ཀྱིས་བྱང་ཆུབ་ཐོབ་པར་མཛད་པ་ཡིནོ།། དེ་བས་ན་སྐྱེ་བོ་མི་བཟད་པའི་ལས། གང་དང་གང་གིས་བཅིངས་གྱུར་པ།། ཐབས་དང་བཅས་པ ་དེ་ཉིད་ཀྱིས།། སྲིད་པའི་འཆིང་བ་ལས་གྲོལ་འགྱུར་ཞེས་གསུངས་པ་ཡིན།། དེ་ལྟར་རྗེ་སུ་མཐུན་པའི་ཐབས་སྟོན་པར་མཛད་པས་ན། གསོང་སྔགས་ཀྱི་ཐེག་པ་ཆེན་པོར་ནི། བཅོམ་ལྡན་འདས་དཀའ་བར་སྤྱོད་པ་སྟོན་པར་མི་མཛད་པ་ཡིན་ལ། ཤེས་རབ་ཀྱི་ཕ་རོལ ་ཏུ་ཕྱིན་པ་ལ་སོགས་དང་ནི་ཅི་ནས་ཀྱང་དགའ་བ་མེད་པའི་མིང་དང་ལྡན་པ་ཉིད་བྱང་ཆུབ་པ་ཡིན་པ་དེ་ལྟར་ནི་ཐམས་ཅད་དུ་སྟོན་པར་མཛད་པ་ཉིད་ཡིནོ།། དེར་ནི་མིང་ཙམ་ཞིག་བཀག་པ་ཡིནོ་ཞེ་ན། མིང་བཀག་པ་ཉིད་ཀྱིས་དཀའ་བ་ཉིད་བཀག་པར་གྱུར་པ་མ ་ཡོན་ནམ། གང་ཞིག་བྱེད་པ་ཉིད་ན་དཀའ་བའི་མིང་འཇུག་པ་དེ་ཉིད་ནི་དཀའ་བ་ཡིན་གྱི་བྱ་བ་ཙམ་མ་ཡིནོ།། བྱང་ཆུབ་སེམས་དཔའ་ནི་གཉིསུ་མེད་པའི་ཏིང་འཛིན་གོམས་པར་གྱུར་པས་མགོ་བོ་དང་རྐང་པ་དང་ལག་པ་ལ་སོགས་པ་སྦྱིན་པ་གཞན་གྱི་དོན་གྱི ་འདུ་ཤེས་ཀྱི་དགའ་འཐོབ་པས་བདེ་བའི་མིང་ཉིད་ལ་འཇུག་པས་དེའི་ཚེ་ཇི་ལྟར་དཀའ་བ་ཡིན།། གཞན་དག་ལོ་དཀར་བ་ཉིད་དུ་གྲགས་པ་ཡིན་ཞེ་ན། གལ་ཏེ་དེ་ལྟར་ན་ནི་གསང་སྔགས་ཀྱི་སྒོ་ལ་སྦྱང་བ་སྤྱོད་པ་བདེ་བའི་ཡོ་བྱད་ཐམས་ཅོད་དང་ལྡན་པའི་སྙིང་རྗེ་ཆེན ་པོར་གཅིག་པའི་མཆོག་ཏུ་དགའ་བའི་སྙོམས་པར་འཇུག་པ་མི་འདོར་པོ་རྣམས་ཀྱིས་འགྲོ་བ་རྣམས་ཀྱི་མངོན་པར་འདོད་པའི་དོན་རྣམས་ཅིག་ཅད་བྱེད་པ་ནི་གཞན་དག་ལ་ལྷགས་པར་དཀརའ་བ་ཉི་དུ་གྲགས་པས་འདི་དག་མཉམ་པ་ཉིད་ཡི་ནོ།། དེ་བས་ན་དཀའ་བ ་ནི་འདིར་རྣམ་པ་ཐམས་ཅད་དུ་གཞན་གྱི་དོན་གང་ཅུང་ཟད་ལ་སྦྱར་བར་བཤད་པ་མ་ཡིན་ལ། དེ་ཡང་དཀའ་བའི་མིང་ཅན་དུ་རིགས་པ་མ་ཡིནོ།། དེ་བས་ན་མིང་བཀག་པས་ཐུགས་རྗེ་ཆེན་པོ་དང་ལྡན་པའི་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པ་ཉིད་ཀྱི་ཕུན་སུམ་ཚོགས་པ ་ཡིན་པར་བསྟན་པ་ཡིནོ།། དེ་ལ་དཀའ་བ་བྱེད་པའམ་སླ་བར་བྱེད་པ་ནི་རིགསུ་རྟོགས་པ་ཅི་འདོད་པར་སྤྱོད་པ་ཉིད།། དེ་བས་ན་བདེ་བ་ཉིད་ཀྱིས་བདེ་བ་ཐོབ་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་གསང་སྔགས་ཀྱི་ཐེག་པ་ཆེན་པོར་ནི་དཀའ་བ་མི་སྤྱོད་པ་སྟོན་པར་མཛད་པ་ཡིན ་ནོ།། དེ་ཡང་འདི་ལྟར་གང་འདོད་ཆགས་ལོ་སོགས་པའི་ཉེས་པའི་ཚོགས་རྣམས་ལ་ཀུན་ཏུ་སྤྱོད་པ་མེད་པ་རང་བཞིན་ཉིད་ཀྱིས་རགས་པའི་རྣམ་པར་རྟོག་པ་མངོན་པར་མི་ཤེས་པ། སྙིང་རྗེ་ཆེན་པོ་དང་ལྡན་པ། གཉིསུ་མེད་པའི་དེ་ཁོ་ན་ཉིད་ཚོལ་བ་ལ་བརྩོན་པ་དབང་པོ ་རབ་ཀྱི་ཡང་རབ་ཏུ་གྱུར་པའི་བདག་ཉིད་ཆེན་པོ་དེའི་ཕྱིར་ཕྱི་དང་ནང་གི་བདག་ཉིད་ཅན་གྱི་བྱ་བོའི་སྤྲོས་པའི་ཉེས་པ་མ་ལུས་པ་སྤངས་པ། སྙིང་རྗེ་ཆེན་པོའི་རོ་གཅིག་པ། ཆོས་ཐམས་ཅད་བདག་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་མིང་གཞན་ཐབས་དང་ཤེས་རབ་ཅེས་བྱ་བའི ་ཕྱག་རྒྱ་ཆེན་པོ་གསང་བ་ཐམས་ཅད་ཀྱི་དམ་པ་ཉེ་བར་བསྟན་པར་མཛད་པ་ཡིནོ།། གང་ཡང་ཐ་མལ་པའི་ཡུལ་ལ་ཉེ་བར་ལོངས་སྤྱོད་པ་ལ་རྒྱབ་ཀྱིས་ཕྱོགས་ཀྱང་འདོད་ཆགས་ཀྱི་རྣམ་པར་རྟོག་པ་མ་སྤངས་པ་རྣམ་པར་རྟོག་པའི་ཡེ་ཤེས་སྣ་ཚོགས་པར་སྤྲུལ་པ ་དབང་པོ་མཆོག་གོ་བར་མ་གྱུར་པ། དོན་དམ་པའི་ཡེ་ཤེས་ཀྱི་རྒྱ་མཚོ་ཆེན་པོར་འཇུག་པར་ནུས་པ་མ་ཡིན་པ་དེའི་ཕྱིར། ཕྲེང་བ་དང་། གོས་དང་། རྒྱུན་ལ་སོགས་པ་ཤེས་རབ་དགོས་པ་འཆག་སུ་གྱུར་པའི་ཐབས་ཤེས་རབ་ཀྱི་བདག་ཉིད་ཅམ ་བཞིན་གཤེགས་པའི་རིགས་པའི་ཚོགས་སྤྲུལ་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཕྱག་རྒྱ་ཆེན་པོ་རྟོགས་པའོ་ཐབསུ་གྱུར་པ། ཡེ་ཤེས་ཀྱི་ཕྱག་རྒྱ་གསུངས་པ་ཡི་ནོ།། གཞན་ཡང་དབང་པོ་མཆོག་གི་ཐ་མ་གཉི་སུ་མེད་པའི་ཡེ་ཤེས་ལ་ཤའ་བ་ཡིན་དུ་ཟན་ཀྱང་འདོད ་པའི་འདོད་ཆགས་མ་སྤངས་ཤིང་དེའི་ཡུལ་དང་ཉེ་བར་གྱུར་པ་ལས་རྣམ་པར་གཡེང་བར་འགྱུར་གྱི་ཏིང་འཛིན་དུ་མི་འགྱུར་བས་དེ་ལ་ནི་དམ་ཚིག་གི་ཕྱག་རྒྱ་རྗེ་སུ་གནང་སྟེ། དེ་ཡང་རྒྱརྒྱུད་ལས་ཇི་སྐད་བཤད་པའི་གཟུགས་དང་ལང་ཚོ་ལ་སོགས་པའི་ཡོན་ཏན་དང ་ལྡན་པ། ལོ་བཅུ་གཉིས་པ་ལ་སོགས་པའི་ཚད་དང་ལྡན་པ། རང་གི་བདག་པོའི་རིགས་ལས་བྱུང་བ། སྔགས་དང་རྒྱུད་ཤིན་ཏུ་ལེགས་པར་བསླབས་པ་དམ་ཚིག་ཕུན་སུམ་ཚོགས་པ་ལ་སོགས་པའི་ཡོན་ཏན་གྱི་ཁྱད་པར་དང་ལྡན་པ་སྟེ། དེ་ལ་ཡང་ལྷའི་དགོ ་ས་པའི་སྔགས་ཀྱི་ལུས་དང་། ཤེས་རབ་ཀྱི་བདག་ཉིད་ཅན་དང་། བདག་ཉིད་ཀྱང་སྙིང་རྗེ་ཆེན་པོ་ཡོངསུ་གྱུར་པའི་ཐམས་ཅད་མཁྱེན་པའི་གཟུགས་བསམ་པའི་ཏིང་ངེ་འཛིན་ལ་གནས་པའི་ཏིང་འཛིན་ལ་གནས་པ་ནི་ཀུན་ནས་ཉོན་མོངས་པ་མ་ཡིན་གྱི་ཐབས ་ཉིད་ཡིནོ།། གང་ཞིག་འདོད་ཆགས་ལྷག་པར་ཆེ་ཞིང་དེ་ལྟ་བུའི་རྣམ་པ་ཡོང་སུ་རྫོགས་པར་མི་ནུས་པའི་དབུལ་བ་ཉིད་དམ། རང་ཉིད་དེ་ལ་ལྟོས་པ་མེད་ཅིང་དེ་ཁོ་ན་ཉིད་ཀྱི་བློ་ཚ་བ་མ་ཡིན་པ་ལ་གནས་པ་ཉིད་ཀྱིས་ཡོང་སུ་འཛིན་པ་དེ་ལྟ་བུ་ལ་མི་འཇུག་པང་གནན ་གྱིས་སེམས་མཉམ་པར་འཇོག་པར་མི་ནུས་པ་དེའི་ཕྱིར་ནི་ལས་ཀྱི་ཕྱག་རྒྱ་གསུངས་པ་ཡིན་ལ། དེར་ཡང་རྗེ་སུ་མཐུན་པའི་ལས་སུ་བྱེད་པ་ཉིད་ཀྱིས་ཉམ་སུ་ལེན་པ་ཡིནོ།། དེ་ལྟར་སེམས་ཅན་གང་གང་ལ་མངོན་པར་འདོད་པ་དེ་ཉིད་ལ་ངེས་པར་སྦྱོར་བར་མཛད་པས ་གཙོ་བོས་སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པའི་གནས་ཐོབ་པར་མཛད་པའི་ཕྱིར། སྔགས་ཀྱི་ཐེག་པ་ཉིད་དཀའ་བ་མེད་ཅིང་བྱང་ཆུབ་ཀྱི་རྒྱུའི་གཙོ་བོ་ཡིནོ།། དེ་བས་ན་དཀའ་ཐུབ་སྡོམ་པ་མི་བཟད་པ།། བསྟེན་པས་འགྲུབ་པར་མི་འགྱུར་གྱི་ཞེས་བྱ ་བ་ལ་སོགས་པ་གསུངས་ཏེ། དེ་རྣམས་ཀྱིས་ནི། རང་སེམས་མཉམ་ཉིད་གཡེངས་འགྱུར་ལ།། གཡེངས་པས་འགྲུབ་པར་མི་འགྱུར་རོ་ཞེས་བྱ་བ་ཡང་རིགས་པ་ཉིད་ཡིནོ།། འདིར་བདེན་པའི་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པ་ན་དེ་ཁོ་ན་ཉིད་ཀྱི་ཐབས་མ་ཤེས་པའི་ཕྱིར།། ་དབང་པོ་བརྟུལ་པོ་ཡིན་པར་ཤེས་པར་བྱའོ།། ཕ་རོལ་ཏུ་ཕྱིན་པའི་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པ་ནི་ཐབས་ཉིད་ལ་འཁྲུལ་པ་ཡིན་པའི་ཕྱིར། དབང་པོ་འབྲིང་པོ་ཡི་ནོ།། གསང་སྔགས་ཀྱི་སྒོར་སྤྱད་པ་སྤྱོད་པ་རྣམས་ནི་གང་དུ་ཡང་རྣམ་པར་རྨོངས་པ་མེད་པས་ན།། ་དབང་པོ་རྣོན་པོ་ཡིནོ།། དེ་བས་ན་དབང་པོ་རྣམས་ནི་གང་གཞན་དག་བྱེང་ན་ངན་འགྲོར་འགྲོ་བར་འགྱུར་བ་དེ་ཉིད་ཀྱི་ཕྱིན་ཅི་མ་ལོག་པའི་ཐབས་ལ་མཁས་པས་ཀུན་ཏུ་སྤྱོད་པའི་སྔགས་ཀྱི་བརྟུལ་ཞུགས་ཅན་ནི་རྣམ་པར་དག་པའི་གནས་ཐོབ་པར་འགྱུརརོ།། རྟུལ ་པོའི་རྒྱལ་པོ་ལ་སོགས་པའི་དབྱེ་བ་ནི་རང་ཉིད་ཀྱིས་ཤེས་པར་འགྱུར་བོས་ན་མ་སྨོས་སོ།། དེ་བས་ན་དེ་ཁོ་ན་ཉིད་དང་ཐོབས་མཁས་པ་དག་ལ་མ་རྨོངས་པ་ལ་སོགས་པའི་རྒྱུ་རྣམས་ཀྱིས་སྔགས་ཀྱི་ཐེག་པ་ཉིད་ཚུལ་ཐམས་ཅད་ཀྱི་མཆོག་ཡིན་པར་བཅོམ་ལྡན་འདས ་ཀྱིས་གསུངས་ཏེ།། ཀུན་ཏུ་བཟང་པོའི་ཐུགས་རྗེ་ཆེན་པོ་སེམས་ཅན་གྱི་ཁམས་ཡོངསུ་སྐྱོབ་པའི་མཛད་པ་འགྲུབ་པ་ནི་སོ་སོར་ངེས་པའི་སེམས་ཅན་ལ་ཕན་འདོགས་པའི་ལམ་གྱིས་འགྲུབ་པ་མ་ཡིན་པས་ན་སྔགས་ཀྱི་བསྟན་བཅོས ་ནི་བསྟན་བཅོས་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་གྲུབ་པ་ཡིན།། གང་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ནི་བྱམས་པ་ལ་སོགས་པ་ཉིད་ཀྱིས་མ་ལུས་པ་ལ་དམིགས་པ་ལས་འབྱུང་བར་འགྱུར་གྱི་ཞེ་སྡང་ལ་སོགས་པ་ལས་ནི་མ་ཡིན་ཏེ། ་བྱམས་པ་ལ་སོགས་པས་ཀུན་ནས་བསླང་བའི་སྦྱིན་པ་ལ་སོགས་པ་ནི་ཞེ་སྡང་ལ་སོགས་པས་ཀུན་ནས་བསླང་བའི་མངོན་སྤྱོད་ལ་སོགས་པ་ལས་ནི་མ་ཡིན་ཏེ། དེ་དང་འགལ་བའི་ཕྱིར་ཞེ་ན། འདིར་བརྗོད་པར་བྱ་སྟེ། འགལ་བ་ཞེས་བྱ་བ་འདི་ཅི་ཞིག་ཡིན། ་གལ་ཏེ་ཕན་ཚུན་ཡོངསུ་སྤངས་པར་གནས་པའི་མཚན་ཉིད་ཡིན་ན་ནི། བྱམས་པ་དང་སྙིང་རྗེ་དེ་ཡང་ཕན་ཚུན་ཡོད་དོ་ཞེས་རྒྱུ་མེད་པ་ཉིད་ཐལ་བར་འགྱུ་རོ།། ལྷན་ཅིག་མི་གནས་པའི་མཚན་ཉིད་ཡིནོ་ཞེ་ན། དེ་ན་ཇི་ལྟར་ན་བྱམས་པ་དང་སྙིང་རྗེ་ལ་སོགས་པ་ཡོད ་པ་དེ་ལྟར་ཞེ་སྡང་ལ་སོགས་པས་ཀྱང་མི་འགྱུར་ཏེ། གང་གི་ཕྱིར་བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡོངསུ་བཟུང་བ་ངས་ནས་སེམས་ཅན་མ་ལུས་པ་གདོན་པའི་བསམ་པ་དང་། དང་པོར་མ་ལུས་པ་ལ་དམིགས་པའི་བྱམས་པ་ལ་སོགས་པ་ཉིད ་ཀྱིས་བྱེད། དེ་ཡང་དེའི་སེམས་ཅན་ཐམས་ཅད་སྡུག་བསྔལ་གསུམ་གྱིས་ཁྱབ་པ་ལ་སྙིང་རྫོབས་ངེས་བདག་གིས་འདི་དག་བདེ་བའི་རབ་མཆོག་ཏུ་གྱུར་པའི་བདེ་བར་གཤེགས་པའི་གོ་འཕང་ལ་གཞག་པར་བྱའོ་ཞེས་བྱ་བ་ནི་བྱམས་པའོ།། བླ་ན་མེད་པའི་ཆོས ་ཀྱི་སྐུས་ངེས་པར་བདེ་བར་གཤེགས་པ་ཉིད་དུ་འདིས་འགྱུརརོ་ཞེས་བྱ་བ་ནི་དགའ་བའོ།། འདི་དག་ནི་བསོད་ནམས་མ་ཡིན་པ་བྱེད་པ་ཡིན་ཡང་བདག་གིས་བྱང་ཆུབ་ཀྱི་སེམས་ཀྱི་ཡུལ་དུ་བྱས་ལ། ངེས་པར་བླ་ན་མེད་པའི་དགེ་བའི་སྐལ་བ་ཅན་དུ་བྱའོ་ཞེས་འགའ་ཞིག་ལ ་བཏང་སྙོམས་པ་ཡི་ནོ།། དེ་ལྟར་ན་དམིགས་པ་ཐ་དད་པའི་བྱམས་པ་ལ་སོགས་པ་སྙིང་རྗེ་ཆེན་པོའི་སེམས་ཀྱི་ཁོངསུ་གཏོགས་པ་ལ་འགལ་བ་མདོ།། དེ་བཞིན་དུ་དམིགས་པ་ཐ་མི་དད་པ་རྣམས་ཀྱི་ཡང་བྱང་ཆུབ་ཀྱི་སེམས་ཀྱི་རྗེསུ་འགྲོ་པོས་བདེ་བ་དང་སྡུག་བསྔ ་བ་དང་། བསོད་ནམས་དང་བསོད་ནམས་མ་ཡིན་པའི་ཡུལ་རྣམས་ལ་བྱམས་པ་ལ་སོགས་པ་ཡང་འགལ་བ་མེདདོ།། ཇི་ལྟར་སྙིང་རྗེ་ཆེན་པོའི་ཡུལ་དུ་བྱས་པ་ཉིད་ཀྱིས་སེམས་ཅན་ཐམས་ཅད་ལ་ཡང་རྣམ་པར་དབྱེ་བས་བདེ་བའི་སེམས་ཅན་ལ་སོགས་པའི ་ཡུལ་ལ་བྱམས་པ་ལ་སོགས་པ་འཇུག་པ་ན་སྙིང་རྗེ་ཆེན་པོ་དེ་ཉིད་བསྟོན་པར་བྱེད་ལ། དེ་བཞིན་དུ་ཞེ་སྡང་ལ་སོགས་པའི་ཏིང་ངེ་འཛིན་ལ་ཡང་སེམས་ཅན་གདུག་པའི་ཡུལ་རྣམས་ལ་སྙིང་རྗེ་ཆེན་པོ་འགྲུབ་པའི་རྒྱུ་ཉི་དུ་འགྱུར་རོ།། དེ་ཡང་ཞེ་སྡང་ཆོས་ལ་གནས་གནས ་ཏེཏེ། སེམས་ཅན་ཐམས་ཅད་རྣམ་པར་སྤྱོད་ཞེས་བྱ་བ་ལ་སོགས་པ་ཇི་སྐད་གསུངས་པ་དང་། དེ་བཞིན་དུ་གང་གདུག་ཅིང་གདུལ་དཀའ་བའི་སྤྱོད་པ་ཅན་དེ་རྣམས་ཁྲོ་བོའི་ཏིང་ངེ་འཛིན་ཉིད་ཀྱིས་དབང་དུ་བྱས་ནས་ལམ་ལ་སྦྱོར་བར་ནུས་པ་ནི་རིགས་པ་ཉིད་ཡིནོ།། ། ་དེ་བས་ན་ཁྲོ་བ་ཡང་དེ་རྣམས་ཀྱི་སྙིང་རྗེ་ཆེན་པོའི་གཞིར་གྱུར་ཅིང་འགྲོ་བ་ལ་ཕན་པ་བྱེད་པའི་རྒྱུ་ཁོ་ན་ཡི་ནོ།། དེ་ཡང་ཉི་མའི་ཟེར་གྱིས་གདུངས་པའི་མཚོ་ཆེན་དང་། མཉམ་པའི་གཟུགསུ་སྙིང་རྗེ་ཆེན་པོས་ཁྲོ།། ནང་ན་ཁ་པ་ལྟར་བསིལ་ཕྱི་རོལ་དུ། རྩུབ་པ། ་འགྲོ་བ་སྤྱོང་པར་བྱུད་བས་བཤད་བ་མ་མ། བས་མནས་ལ་སོགས་ཏི་ལ་ན་རྣམས་ཀྱང་བྱམས་པ་ལ་སོམས་པའི་ཏིང་ཇོམ་སྐད་འགྲོབ་ས་པན་འདོགས་པའི་དམིགས་བསྟོད་ཡིན་པར་བྱེ་བླག་མེད་པ་ཁོན་མམ ་བཞིན་དུ་ཞེ་སྡང་ཆེན་པོ་ལ་སོགས་པ་དང་། རབ་ཏུ་ལྡན་པའི་མངོན་སྤྱོད་ལ་སོགས་པའི་ལམ་རྣམས་ཀྱང་སྙིང་རྗེ་ཆེན་པོ་དང་ལྡན་པའི་སྔགས་པ་རྣམས་ཀྱིས་གཞན་གྱི་དོན་བྱེད་པ་མཐོང་བའི་ཆོས་ཉིད་ལ་གཞན་གྱི་དགོས་པ་བྱའི་གཞན་དུ་མ་ཡིན་ཞེས་བྱ ་བ་ནི་ངེས་པ་ཡོད་པ་མ་ཡིན་ཏེ། རྣམ་པ་ཐམས་ཅད་དུ་གཞན་གྱི་དགོས་པ་མེད་པར་མངོན་པར་འདོད་པ་ཡིན་པའི་ཕྱིརོ།། གང་ཡང་ཆོས་བསྟན་པ་ལ་སོགས་པས་སྡིག་པ་ལས་ལྡོག་པར་མི་ནུས་ལ། མ་བཟློག་ན་ནི་ཉེས་པར་སྤྱོད་པ་མི་བཟད་བ་བྱས་པའི་ཕྱིར ་དམྱལ་བ་ལ་སོགས་པའི་སྡུག་བསྔལ་ལས་གདོན་པར་མི་ནུ་སོ།། དེའི་ཕྱིར་ནི་སྔགས་པས་གཤེན་ཧཱུཾ་གཤེད་ལ་སོགས་པའི་ཏིང་འཛིན་དང་སྔགས་དང་རྒྱུད་ཀྱི་སྦྱོར་བས་བསད་པ་ཡང་རྗེ་སུ་གནང་བ་ཡི་ནོ།། དེ་ལྟ་བུས་འཆི་བ་ནི་གཉི་སུ་མེད་པའི་ཏིང་འཛིན་པ ་སོ་སོར་བརྟེན་པས་བདེ་འགྲོར་སྐྱེ་ཞིང་བྱང་ཆུབ་ཀྱི་ས་བོན་ལ་རྗེསུ་ཞུགས་པས་དེའི་དགོས་པ་ཆེན་པོ་ཉི་དུ་འགྱུར་བ་ཉིད་ཡི་ནོ།། དེ་བས་སློབ་དཔོན་སྨད་པ་ལ་སོགས་པ་གཙོ་ཆེར་བསད་པ་ཉི་དུ་རྒྱུད་རྣམས་ལས་གསུངས་པ་ཡིན་ཏེ། དེ་རྣམས་ཉིད་ནི་ཤིན་ཏུ་ཉེས ་པར་སྤྱོད་པ་བྱེད་པ་ཉིད་ཀྱིས་ལྷག་པར་སྙིང་བརྩེ་བར་བྱ་བ་ཡིན་པའི་ཕྱིར།། དེ་བཞིན་དུ་དབང་དུ་གྱུར་པ་ཡང་ངེས་བསྒོ་ལ་ལ་ཡང་རྟོན་ཅིང་དད་པ་བསྐྱེད་པ་ལ་སོགས་པས་བྱང་ཆུབ་ཀྱི་སེམས་བརྟན་པ་ཉིད་འགྱུར་བས་ན་ཕན་འདོགས་པ་ཡིནོ།། གང་ཡང་དེ་བཞིན ་གཤེགས་པ་ལ་གནོད་པ་བྱེད་པ་ལ་བསམ་གཏན་སྔོན་དུ་འགྲོ་བས་གསད་པར་ཉེ་བར་བསྟན་པ་དང་། དེ་བཞིན་དུ་ཆགས་པ་ཙམ་གྱིས་དབང་དུ་བྱ་བར་བསྟན་པ་ནི་ཀུན་ནས་ཉོན་མོངས་པ་གཞན་གྱི་དབང་དུ་གྱུར་པ་ཡིན་ན་ཡང་ཡེ་ཤེས་འདིས་གཉིསུ ་མེད་པའི་ཡེ་ཤེས་སྙིང་ལོ་འཇོག་ལ། དེ་ནས་སྙིང་རྗེ་ཆེན་པོས་བདག་ཏུ་བྱ་བའི་གཉི་སུ་མེད་པའི་ཏིང་འཛིན་ལ་རབ་ཏུ་འཇུག་པས་སྦྱིན་པ་ལ་སོགས་པའི་ལས་ཐམས་ཅད་སྙིང་རྗེས་ཡོངསུ་སྨིན་པར་བྱེད་པའི་རྒྱུ་ཉིད་ཡིན་པའི་ཕྱིར་ཉེས་པ་མེདདོ།། དེ་བསྟན ་ཞེ་སྡང་ལ་སོགས་པར་ཡོངསུ་གཞོལ་བས་ཀྱང་སེམས་ཅན་རྣམས་ལ་རྣམ་པ་འདིས་གཞན་གྱི་ཡེ་ཤེས་ཀྱི་བདུད་རྩིས་ཚིམ་པར་བྱེད་པ་ཡིནོ་ཞེས་བྱ་བར་དགོང་སོ།། མངོན་པར་འདོད་པའི་དོན་ཡང་དག་པར་གྲུབ་པ་རྣམས་ནི་འདོད་ཆགས་ལ་སོགས་པ་ཙམ་གྱིས ་ཀྱང་རབ་ཏུ་འཇུག་པ་ནི་ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པ་ཉིད་ཡིནོ།། དེ་ཡང་གླང་གི་ཕྱིར་ཆོས་ཀྱི་དབྱིངས་དབྱེར་མེད་པ་ཡིན་ལ། སྣ་ཚོགས་པ་ཡང་དེ་ཙམ་དུ་ཟད་།། ད་ནི་ཇི་ལྟར་ཕྱིན་ཅི་མ་ལོག་པར་མཐོང་བའི་སྙོམས་པར་འཇུག་པའི་སེམས་ལ་རྣམ་པར་བརྟགས་པ་དེ ་དེ་བཞིན་དུ་ལྡང་བའི་སེམས་ལ་ཡང་སོ་སོར་སྣང་བ་ཡིན་པས་བྱང་ཆུབ་ཀྱི་ཡིད་བཞིན་གྱི་ནོར་བུ་ལྷོར་དེ་དག་ཐམས་ཅད་ཕུན་སུམ་ཚོགས་པར་འགྱུར་བ་ཡིན།། དེ་བས་ན་རིན་ཆེན་འབྱུང་ལྡན་ལ་སོགས་པའི་དམ་ཚིག་ཉམ་སུ་བླང་བ་ལ་ཡང་ཉེས་པ་མད་ཤིན་ཏུ་རྣམ་པར་ད་། ་པའི་ཆོས་ཀྱི་དབྱིངས་ལ་རབ་ཏུ་གཞོལ་བའི་ཡིད་ནི་ཉམ་སུ་ལེན་པ་ཐམས་ཅད་ཕྱིན་ཅི་མ་ལོག་པར་རྟོགས་པའི་རྒྱུ་ཡིན་པའི་ཕྱིརརོ།། ངེས་པར་བྱ་བ་ཉིད་བསྟན་པ་ནི་དེ་ཁོ་ན་ཉིད་ལ་མངོན་པར་ཞུགས་པའི་སེམས་དང་ལྡན་པའི་རྣལ་འབྱོར་པ་རྣམས་ལ། དེ་ཉིད་རྣམ་པར ་རྟོགས་པའི་ཐབས་ཡིན་པའི་ཕྱིར།། དེ་ཡང་གང་འཇིག་རྟེན་པའི་ཆོས་ཀྱི་རྗེསུ་འཇུག་པ་རྣམས་ནི་ཆགས་པ་མེད་པའི་གནས་རྙེད་པར་སློབ་མ་ཡིན་པས་འཇིག་རྟེན་པའི་ཆོས་རྣམས་ལ་རྣམ་པར་གཡེང་བའི་འདུ་ཤེས་ཅན་རྣམས་ནི་དག་པ ་དང་མ་དག་པ་ལ་སྩོགས་པ་ལ་མངོན་པར་ཞེན་པ་ཡིན་ལ། དེ་ཡང་ལོག་པར་མངོན་པར་ཞེན་པ་ཉིད་ལ་ངེས་པར་འཛིན་པ་གསང་བ་ལ་སོགས་པར་རྟོག་པ་ཁྱད་པར་དུ་གསོད་པའི་བདག་ཉིད་ཆེན་པོ་དེའི་ཕྱིར་འགྲོ་བ་མ་ལུས་པའི་བསམ་པ་མཁྱེན་པའི་ཐམས ་ཅད་མཁྱེན་པས་འཇིག་རྟེན་པའི་ཆོས་ཐམས་ཅད་དང་མི་མཐུན་པར་གྱུར་པ་ཉིད་ཀྱིས་འཇིག་རྟེན་ལས་འདས་པའི་གོ་འཕང་ཐོབ་པར་མཛད་ཅིང་། ཟས་དང་། སྤྱོད་ལམ་གྱི་བྱ་བ་རྣམས་ངེས་པ་མེད་པ་ཉི་དུ་བསྟན་པ་ཡིན་པར་ངེས་པར་བྱས་པ་ཡིནོ།། དེ་བཞིན་དུ་ཤིང་དྲང ་དང་དུར་ཁྲོད་དང་། བླ་གབ་མེད་པ་ལ་སོགས་པའི་གནས་རྣམས་ཀྱང་སྦྱངས་པའི་ཡོན་ཏན་ལ་དགའ་ཞིང་ཆོག་ཤེས་པ་ལ་འཇོག་པ་ལ་མ་གཏོགས་པ་དགོས་པ་གཞན་ནི་མི་མཐོང་།། མངོན་པར་འདོད་པའི་དེ་ཁོ་ན་ཉིད་ལ་གོམས་པ་ཉིད་ནི་མྱ་ངན་ལས་འདས་པར ་ཡིད་གཞོལ་པར་འགྲུབ་པར་མི་འགྱུར་བའི་ཕྱིར་སྦྱངས་པའི་ཡོན་ཏན་ཉེ་བར་སྟོན་པ་ནི་འབྲས་བུ་དང་ལྡན་པར་འགྱུར་བ་ཡིནོ།། དེ་བཞིན་དུ་དེ་ཁོ་ན་ཉིད་ཀྱི་བདུད་རྩི་མྱོང་བ་དང་ལྡན་པ་རྣམས་ནི་འཇིག་རྟེན་པའི་ཆོས་གང་གི་ཡང་རྗེ་སུ་མི་འཇུག་པས་རིན་ཆེན་འབྱུང་ལྡན་ལ ་སོགས་པའི་ཕས་བསྟན་ཅིང་། ཟས་བཟའ་བ་ལ་སོགས་པ་དགག་པ་ཡང་རིགས་པ་ཉིད་ཡིན།། གང་ཡང་ཉིན་རི་འམ་ནི་ཟླ་རེ་ཞིང་ཞེས་བྱ་བ་ལ་སོགས་པས་ངེས་པར་བྱ་བ་ཉིད་བསྟན་པ་ནི་ངོའི་རིགསུ་གཏོགས་པ་ཉིད་གོམས་པར་བྱ་བའི་ཕྱིར་ཡིན་ཏེ། དེ་ཉིད་ནི་དེ་རྣམས་ཀྱི ་ཆོས་ཀྱི་དབྱིངས་རྟོགས་པའི་ལམ་ཡིནོ།། དེ་བས་ན་དེ་ལྟ་བུའི་རིགས་དང་ལྡན་པ་གཞན་གང་ཅི་ཡང་རུང་བར་བཤད་པ་དེ་རྣམས་ཐམས་ཅད་ཀྱང་དེའི་རིག་སུ་གཏོགས་པ་ཉིད་ཀྱི་རྣལ་འབྱོར་པ་ནི་གཉིསུ་མེད་པ་ཉམ་སུ་ལེན་པ་ལས་གཞན་པས་གཉི་སུ་མེད་པའི་ཆོས ་ཀྱི་དབྱིངསོ་ལ་འཇོག་པར་མི་ནུས་པ་ཉིད་ཡིན་པར་ཤེས་པར་བྱའོ།། དེས་ནི་ཇི་ལྟར་ལུང་ལས་འདོད་ཆགས་དང་བྲལ་བའི་རྣམ་པར་རྟོག་པ་དང་། མི་གཙང་བ་དང་། ཟས་དང་སྐོམ་ལ་མི་མཐུན་པའི་འདུ་ཤེས་ཉེ་བར་བསྒོམ་པ་སྟོན་པ་ནི་རྣལ་འབྱོར་པ་རྣམས་ཀྱི་རང་བཞིན ་གྱི་དབྱེ་བ་ལས་གྱུར་པ་ཡིན་ཏེ། ཇི་ལྟར་བྱ་བའི་རྒྱུད་ལ་སོགས་པ་ལས་བསྟན་པ་ནི་རྣལ་འབྱོར་པའི་རང་བཞིན་གྱི་དབྱེ་བ་ཉིད་ལས་ཡིན་གྱི། དེར་ཡང་བསྒྲུབ་པར་བྱ་བའི་དབྱེ་བ་ནི་འགའ་ཡང་ཡོད་པ་མ་ཡིནོ།། དེ་བཞིན་དུ་དམ་ཚིག་ཉེ་བར་བསྟན་པ་ཡང་སེམས་ཅན་མ་ལུས་པའི་བསམ ་པ་མཁྱེན་ནས་རང་བཞིན་གྱི་དབྱེ་བ་ཉིད་ལས་བསྟན་པར་ཤེས་པར་བྱའོ།། དེ་ཡང་ཞེ་སྡང་ལ་སྤྱོད་པའི་རྣལ་འབྱོར་པ་རྣམས་ལ་ནི་ཞེ་སྡང་རྡོ་རྗེ་བསྒྲུབ་པ་རྗེ་སུ་གནང་ལ། བསྒྲུབ་པ་དེ་ཡང་ཞེ་སྡང་འཕེལ་བ་ཉིད་རྐྱེན་དུ་བྱས་པ་ཡིནོ།། དེ་བཞིན་དུ་འདོད་ཆགས་ལ་སོགས་པ་སྒྲུབ་པ ་ལ་ཡང་སྦྱར་བར་བྱ་སྟེ། སྤྲོས་པ་འདི་དག་ཐམས་ཅད་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་ལ་ཉེ་བར་ཆུད་པའི་རྣལ་འབྱོར་པ་རྣམས་རང་བཞིན་སྣ་ཚོགས་པ་དང་ལྡན་པ་དག་དེ་ཁོ་ན་ཉིད་ཀྱི་ལམ་ལ་འཇུག་པར་བྱ་བའི་དོན་ཉིད་ཡིན་པར་བྱའོ།། དེ་བས ་ན་བཅོམ་ལྡན་འདས་ཀྱིས་སྔགས་ཀྱི་ཚུལ་གཉིསུ་མེད་པའི་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་ཉིད་ལ་སེམས་ཅན་ཐམས་ཅད་གཟུང་པར་བྱ་བའི་དོན་མི་མཐུན་པའི་ཐབས་རྣམ་པ་སྣ་ཚོགས་པའི་སྒོ་ནས་ཀྱང་རྣམ་པར་གྲོལ་བའི་སྒོ་བསྟན་པ་ཉིད་ཀྱིས་ཚེ་འདི་ཉིད་དུ་སངས་རྒྱ་བ་ཞེས ་པ་ལ་སོགས་པ་གང་གསུངས་པ་སྟེ། དེ་དག་ལ་སོགས་པ་མངོན་སུམ་དུ་རྟོགས་པའི་ཐབས་རྣམ་པ་སྣ་ཚོགས་པ་དེ་སྟོན་པར་མཛད་པའི་ཕྱིར་མོས་པ་དང་། མངོན་པར་བརྩོན་པའི་ཁྱད་པར་གྱིས་བསྒྲུབ་པར་བྱ་བ་ཉིད་དུ་བསྟན་པར་བྱ་བ ་ཡིན་ལ། གསང་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པ་རྣམས་ནི་དབང་པོ་རྣོན་པོ་ཉིད་ཡིན་པའི་ཕྱིར་མོས་པ་དང་། མངོན་པར་བརྩོན་པ་མེད་པ་མ་ཡིནོ།། དེ་ལྟར་ན་བདེ་བར་གཤེགས་པའི་ཚུལ་གསུམ་བསྟན་པ་ཐམས་ཅད་འགལ་བ་མེད་པ་ཉིད་དུ་རིགས་པ་ཉིད ་ཡིནོ།། དེ་བས་ན་གཉི་སུ་མེད་པའི་ཡེ་ཤེས་གཅིག་པུ་ཉིད་དེ་ཁོ་ན་ཉིད་ཡིན་ལ་སེམས་ཅོན་གྱི་རང་བཞིན་གྱི་དབྱེ་བ་ལས་ནི་སྤྲོས་པའི་དབྱེ་བ་ཉི་དུ་རྗེ་སུ་གཟུང་བ་ཡི་ནོ།། གུས་པས་དྲི་མོད་བླ་མ་ཡུན་རིང་བསྟེན་བྱས་པས།། ཚུལ་གསུམ་ངེས་པའི་ཚིག་རྣམས ་གསལ་བར་རྟོགས་ན་སུ།། བློ་ཞན་རྣམས་ཀྱིས་མ་ངེས་གྱུར་ལ་བདག་གིས་ནི།། ལུང་དོན་རྒྱ་མཚོ་མི་འགལ་འདྲི་ནི་བཤད་པ་ཡིན།། བདེན་པའི་དེ་ཉིད་ཚུལ་དོན་གང་།། ཕ་རོལ་ཕྱིན་ཚུལ་དོན་གང་ཡིན།། གསང་སྔགས་ཆེན་པོའི་ཚུལ་དོན་ཡང་།། སྡུས ་ནས་འདིར་ནི་བཤད་པ་ཡིན།། གང་ཞིག་ཚུལ་གསུམ་རྒྱ་མཚོར་འཇུག་པ་ལ།། བླ་མའི་གཞུང་གི་རྗེས་མཐུན་བདག་གི་ལམ།། རྟོགས་པས་འགྲོ་བ་ཕུན་སུམ་ཚེགས་གྱུར་ནས།། རིན་ཆེན་ལྟ་བུར་གཉིས་མེད་བློ་རྒྱས་ཤོག། ཚུལ་གསུམ་གྱི་སྒྲོན་མ་སློབ་དཔོན་ཆེན་པོ ་མཐོ་བཙུན་ཏྲི་པི་ཊ་ཀ་མ་ལའི་ཞལ་སྔ་ནས་ཀྱིས་མཛད་པ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་པདྨ་ཀ་ར་བརྨ་དང་། ཞུ་ཆེན་གྱི་ལོ་ཙ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ་