CLOSE WINDOW

GT2530: dkyil 'khor gyi chos mdor bsdus pa
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། དྷརྨྨ་མཎྜ་ལ་སྱཱ་ཏྲ། ་བོད་སྐད་དུ། དཀྱིལ་འཁོར་གྱི་ཆོས་མདོར་བསྔོས་པ། ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། ཐུགས་ཀྱི་དཀྱིལ་འཁོར་ཆོས་ཉིད་སྤྲོས་པ་མེད།། གསུང ་གི་དཀྱིལ་འཁོར་བསྟན་པ་བརྗོད་དུ་མེད།། སྐུ་ཡི་དཀྱིལ་འཁོར་སྣང་བ་རང་བཞིན་མེད།། དཀྱིལ་འཁོར་གཅོ་ལ་དཀྱིལ་འཁོར་ཚུལ ་དུ་མོས།། རྒྱུད་ཀྱི་རྒྱལ་པོ་མ་ལུས་གཞུང་དོན་ལས།། ལྷ་དང་ཕོ་བྲང་ཇི་སྙེད་བསྟན་པ་ལས།། གནས་ཤིང་བཞེངས་ཚུལ་ཐུན་མོང ་གྱུར་པ་རྣམས།། ལམ་གྱི་རྣལ་འབྱོར་དོན་དུ་ཅུང་ཟད་པ་ཤད།། གཞུང་འདིར་ཚད་མས་ལུས་སྨོས་པ།། ངོ་དབྱེ་བ་ངེས་ཚིག་དང་།། གནས་ཐབས་སྟོན་ཡོན་དཔེ་དག་དང་།། དོན་རྟ་ཌ་བརྒྱད ་ཀྱིས་དོན་རྣམས་བསྡུས།། ངོ་ཆོས་རྣམས་ཐམས་ཅད།། བདེན་པ་གཉིས་ཀྱི་མཚན་ཉིད་ཅན།། དོན་དམ་སྤྲོས་པ་མེད་པ་ལས།། ཀུན་རྫོབ་གཙོ་འཁོར་དེ་ཉིད།། དབྱེ་བ་རང་བཞིན་ཏིང་འཛིན་དང་།། ་གཟུགས་བརྙན་གྱིར་རྣམ་པ་གསུམ།། རང་བཞིན་དོན་དམ་ཀུན་རྫོབ་གཉིས། དོན་དམ་རྣ་མ་མིན་རྣམ་གྲངས་ཅ་ན།། དང་པོ་རྣམ་གྲངས་མིན་པ་ནི།། སངྱས་ཀུན་གྱི་བྱང་ཆུབ་སེཾས།། བླ་ན་མེད་པ་ནོར་གྱུར། ་རྒྱལ་བས་གསུངས་པ་ཡིས་དང་།། དེ་ནི་དཀྱོར་སྙིང་པོ་གསུངས།། དེ་ལྟར་རྒྱུད་རྒྱལ་ཀུན་ལྔ་བཤད།། རྣམ་གྲངས་ཅན་གྱི་དབྱར་ནི།། ཕུང་ཁམ་སྐྱེ་མཆེ་རྟེན་འབྲེལ་ནཱཾ། ལྷོ་དང་ལྷ་མོའི་རང་བཞིནྡ།། ང་གཱི་ཏྲོ་མཐུན་། ་ལྟར་གནས།། རང་གཞིན་ཀུན་རྫོབ་དཀྱིལ་འཁོར་ནི།། འོག་མིན་བླ་མེད་གནས་མཆོག་ནི།། འབྲས་བུ་རྒྱལ་བའི་དཀྱིལ་འཁོར་རྣམས།། དོན་དམ་མཚོན་ཕྱིར་རྟགས་སུ་སྣང་།། ཏིང་འཛིན་དཀྱིལ་འཁོར་རྣམ་གསུམ་སྟེ། རང ་བཞིན་དེ་ལ་སྒོམ་པ་དང་།། གཟུགས་དེ་ལ་ནི་བསླབ་པ་དང་།། རབ་ཀྱི་རྩལ་གྱིས་བསྐྱེད་པའོ།། གཟུགས་བརྙན་དཀྱིལ་འཁོར་གཉིས་ཡིན་ཏེ།། གཟུགས་བརྙན་ལྷག་པའི་གཟུགས་བརྙན་ནོ།། དང་པོ་རྣམ་པ་དྲུག་ཡིན་ཏེ།། གསེར་དངུལ ་ལུགས་དང་དུང་རྡོ་འབུར།། རྭ་ཤིང་བཞོགས་རས་བཱལྔ་རིས་དང་།། ས་མྱག་ལྡེར་དང་རྡུལ་ཚོན་གཅུལ།། ལྷག་པའི་གཟུགས་བརྙན་རྣམ་གསུམ་སྟེ།། ཕྱི་དང་ནངདཱ་དང་གསུང་བའོ།། ཕྱི་ནི་ལུས་དང་ཡན་ལག་ལྔ།། ནང་ནི་འཁོར་ལོ ་དངས་མ་ལྔ།། གསང་བ་རྡོ་རྗེ་པདྨ་སྦྱར།། དེ་དག་སྤྱིའི་དབྱེ་བའོ།། །། དེས་ཚིག་དྲྀ་ཀྱྀ་ལཱ་ནི་གཙོ་བོ་སྟེ།། འཁོར་ནི་དེ་ཡི་སྒྲུལྔ་པ་ཡིན།། ཡང་ན་འདས་པའི་དཀྱིལྔ་ཡིན་ཏེ།། འཁོར་ཞེས་འཇིག་རྟེན་པ་ལ་བྱ།། གནས་ཐབས་དཀྱི ་འཁོར་རྣམ་གསུམ་ལ།། རང་གཞོན་དོན་དམ་དཀྱིལ་འཁོར་ནི།། ཅི་ཡང་མ་ཡིན་ཇི་ལྟའི་ཚུལ།། དང་པོའི་གནས་ལུགས་ཉིད་དུ་གནས།། རང་བཞིན་ཀུན་རྫོབ་དཀྱིལ་འཁོར་ནི།། རྟེན་དང་བརྟན་པ་རྣམ་པ་གཉིས།། རྟེན་ཡང ་གཞི་དང་གཞལ་ཡས་ཁང་།། གཞི་ན་འབྱུང་བའི་དཀྱིལ་འཁོར་བསྟན།། གཞལ་ཡས་དངོས་དང་གནས་གདན་ཡིན་ཏེ།། གནལ་ཡས་དངོས་ལ་རྣམ་པ་བརྒྱད།། དབྱིབས་དང་ཁ་དོག་རྩིག་པ་དང་།། ཤིང་དང་ལོངས་སྤྱོད་རབ་འོབས།། ་རྒྱན་དང་མཐའ་ཡི་ཞིང་ཁམས་སོ།། དབྱིབས་ལྔ་རྣམ་པ་བཞི་ཡིན་ཏེ།། ཕྱི་དང་ནང་དང་སྒོ་དང་བཞི།། ཕྱི་དབྱིབས་མཆོད་རྟེན་མཁར་ཐབས་དང་།། རྒྱལ་ཁབ་རི་བོའི་གུར་དུ་འདོད།། ནང་དབྱིབས་རིགས་དང་ཕྲིན་ལས་ཀྱིས།། སོ་རོ ་རྒྱུད་བཞིན་ཤེས་པར་བྱ།། སྒྲོ་ལ་འོག་དོང་སྟེང་ཡིན་ཏེ།། འོག་ནི་སྒོ་དང་སྒོ་ཁང་ཅན།། སྟེང་ནི་སྐས་དང་གླང་རྒྱབ་སོགས།། ཇི་ལྟར་མཛེས་པའི་ཚུལ་དུ་བཞེངས།། གེ་ནི་ཡི་དབྱབས་ནི་ཚྭ་དོ་མེད་དེ།། རྒྱུ་མཚད་དེ་ཕྱེལ་བའོ།། ཁ་དོག ་རྣམ་པ་མང་ཡོད་ཀྱང་།། རིགས་དང་ཡེ་ཤེས་ཕྲིན་ལས་དང་།། སྤྱི་མཐུན་ལྷུན་པའི་ཚུལ་ཉིད་དུ།། སྔགས་རྒྱུད་རྣམས་ལས་ཚུལ་བཞིན་འབྱུང་།། རྩིག་པ་རྨང་དང་ལོགས་དང་རྩེ།། རྨད་ནི་ནང་དུ་བརྐྱང་པོ་དང་།། ཕྱི་ནི་རོན་ཆེན་ལྔརུ ་སྔགས།། ལོགས་ནི་རྨང་བཞིན་བཞེངས་པ་ལས།། ཕྱི་ཡི་རྩ་ལ་ཕ་གུས་བསྟོད།། སྒོ་ཕྱུགས་གོང་དུ་བསྟན་པ་བཞིན།། ཤྲིང་ལ་སྒོ་ཕུགས་རྣམ་པ་གཉིས།། ཕུགས་ན་ཀ་བ་བརྒྱད་པོ་ཡིས།། གདུང་ཆེན་བཞི་ཡི་རྩེ་ནས་བཏེག། གདུང ་ཆེན་བཞི་ཡི་རེ་མིག་ཀྱང་།། ཕྱམ་རྩ་ཏི་ཤུ་བརྒྱད་ཀྱིས་བཀབ།། དེ་བཞིན་གཱལ་ཐོག་ཅི་རིགས་པའི།། སྒོ་ཁང་ཕྱི་ཟུར་བཞི་པོ་ལ།། ཀ་བ་བཞི་བཞིས་གདུང་སྣ་ནི།། བརྒྱད་བརྒྱད་བཏེག་པ་རྟ་བབས་རྨང་།། ཀ་གདན་ཀ་གཞུ་ཅི ་རིགས་པའོ།། ལོངས་སྤྱོད་འདོད་ཡོན་སྣམ་བུ་ལོ།། གཟུགས་མཛེས་སྒྲ་སྙན་དྲི་མཆོག་དང་།། རོ་ཞིམ་ཡིད་འོང་ཆོས་རྣམས་ཀྱིས།། ལྷ་མོ་རྣམས་ཀྱིས་དགྱེས་པར་རོལ།། ར་བ་རྡོ་རྗེའི་མུ་ཁྱུད་པ།། འོབས་ནི་མེ་འོབས་ཁོར་ཡུག་ཡིན།། ་རྒྱུན་ནི་བླ་རྒྱན་ནས།། རྩེ་རྒྱན་དང་ནི་ལོགས་རྒྱུན་དང་།། སྒོ་རྒྱན་དང་ནི་རྣམ་པ་ལྔ།། དོན་རྟགས་སྐབས་སུ་ཤེས་པར་བྱ།། ཞིང་ཁམས་སྐུ་གསུང་འདུལ་ཚད་ཀྱང་།། སོ་སོའི་རྒྱུད་ལས་བསྟན་པར་ཟད་།། གདན་གཉིས ་སེང་གེ་གླང་སོགས་ཁྲོ།། ཉི་ཟླ་པདྨ་རིན་ཆན་གང་ན།། གཙོ་འཁོར་རྣམས་ལ་ཙ་རོ་གོས་པར།། རྒྱུད་ལས་གསུངས་པ་བཞིན་དུ་བཤམ།། བརྟེན་པ་ལྷ་ཡི་དཀྱིལ་འཁོར་ལ།། སྐུ་དང་སྐུ་མདོག་མཚན་དཔེ་དང་།། ཕྱག་རྒྱ་ཕྱག་མཚན ་བཞུགས་ཐབས་ཚུལ།། རྒྱན་ཆས་འོད་ཀྱིས་བསྡུས་པའོ།། སྐུ་ནི་ཞལ་གཅིག་ཕྱག་གཉིས་དང་།། ཞལ་གསུམ་ཕྱག་དྲུག་དེ་བཞིན་དུ།། པོ་དང་མོ་ཡི་དབང་པོ་ཅན།། དེ་ལ་སོགས་པའི་མཐའ་ཡས་མཆོག། སྐུ་མདོག་ཉི་མ་ཟླ་བ་དང་།། ་གསེར་དང་པདྨ་རཱ་ག་དང་།། ཨིནྡྲ་ནཱི་ལ་ལ་སོགས་པ།། འདྲས་དེང་མ་འདྲེས་ཁ་དོ་གོ་ཅན།། མཚན་ནི་སུམ་ཅུ་རྩ་གཉིས་ཏེ།། དུང་དང་མཛད་སྤུ་སྤྱི་གཙུག་དང་།། ཐུན་མོང་མཚན་ནི་ཉི་ཤུ་དགུ། བསོད་ནམས་ཁྱད་འཕགས་མདོ་བཞིན་བཤད།། ་དབ་བྱད་བཟང་པོ་བརྒྱད་ཅུ་སྟེ།། སྐུ་གསུང་ཐུགས་དྲང་ཡོན་ཏན་དང་།། ཕྲིན་ལས་ཁྱད་པར་གནས་སྐབས་ལས།། དཔེ་བྱད་བཟང་པོ་མདོ་བཞིན་བརྩི།། ཕྱག་རྒྱ་ཕྱག་གི་འདུ་བྱེད་དེ།། བཅིངས་དང་དགྲོལ་དང་བསྒྱུར་བ་ལས།། དམ་ཚིག་ལས ་སུ་ཕྱེ་བ་ཡང་།། བྱང་ཆུབ་མཆོག་ལ་སོགས་པ་ཡིན།། ཕྱག་མཚན་ཕྱག་ན་བསྣམས་པ་སྟེ།། འཁོར་ལོ་རྡོ་རྗེ་རིན་པོ་ཆེ།། པདྨ་རལ་གྲི་ལ་སོགས་པ།། དོན་རྣམས་མཚོན་ཕྱིར་རྟགས་སུ་བསྣམས།། བཞུགས་ཐབས་རྫོགས་དང་སེམས་ཚུལ ་དང་།། ཁ་ནས་དང་སྟངས་སྡུངས་ལ་སོགས་པ།། གཙོ་བོ་ཉིད་ནི་ཀུན་ཏུ་ཞག། འཁོར་རྣམས་གཙོ་བོ་ཉིད་ལ་བལྟ།། ཡུམ་དང་བཅས་པའི་དཀྱིལ་འཁོར་ནི།། ཡུམ་རྣམས་གཡོན་ནས་ཡབ་ལ་བལྟ།། སྒོ་བ་ཡབ་ཡུམ་ལྡན་པ ་རྣམས།། པོ་མོ་གཡས་གཡོན་ཟུར་གྱིས་གནས།། ཚུལ་ནི་རྣམ་པ་དགུ་ཡིན་ཏེ།། ལྷ་དང་ལྷ་མོའི་དཀྱིལ་འཁོར་རྣམས།། གཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཅན།། གསལ་འཚར་ལྷུན་སྡུག་གཟི་བྱིན་ནོ།། རྒྱན་ནི་རྣམ་བདུན ་ལ་ནི་ཏེ།། དབུ་རྒྱན་སྙན་ཆ་མགུར་ཆུ་དང་།། དོ་ཤལ་དཔུང་རྒྱན་སེ་མོ་དོ།། ཕྱག་དང་ཞབས་ཀྱི་གདུ་བུའོ།། ཆས་ནི་རྣམ་པ་ལྔ་ཡིན་ཏེ།། སྙིང་གཡོགས་དང་ནི་སྨད་དཀྲིས་དང་།། ཟེ་ཁབ་དང་ནི་ཆེས་གསོ་དང་།། གཙང་གོས་རྣམ་པ་ལྔ་རུ ་བཤད།། འོད་ནིའིའགྱིད་དང་བསྡུ་བ་དང་།། ངོ་བོ་གཟུགས་བརྙན་རྣམ་པ་དང་།། ལས་རྣམ་ལྔ་ཡི་དབྱེ་བ་ཡིས།། སྣང་བ་གཏན་ལ་དབབ་པར་བྱ།། འགྱེད་པ་ཐུན་མོང་ཐུན་མོང་མིན།། བསྡུ་བ་བྱེ་བྲག་བཅུ་གཉིས་ཏེ།། དེ་རྗེ ་གསལ་བ་ཡོན་ཏན་ཅན།། གཟུགས་བརྙན་སྐུ་གསུང་ཐུགས་སུ་སྣང་།། ལས་ནི་སྣོད་སྤྱོད་བཅུད་དེ་སྦྱིན་བྱེད།། དེ་ལྟར་མདོ་སྡེ་དག་ལས་གསུངས།། རང་བཞིན་དཀྱིལ་འཁོར་ཇི་ལྟ་བུར།། ལྷག་མ་རྣམས་ཀྱང་དེ་བཞིན་གནས།། རྣལ ་ལམ་ལ་གནས་པ་ཡིས།། དེ་ལྟར་ཡིད་ལ་གོམས་པར་གྱིས།། རང་བཞིན་དཀྱིལ་འཁོར་མོ་རྟོགས་ན།། ཆོས་ཉིད་ལྟ་བའི་དོན་དང་འགལ།། བདག་མིང་ལྟ་བ་མ་རྟོགས་ན།། བླ་མེད་བྱང་ཆུབ་ཐོབ་མི་འགྱུར།། ཏིང་འཛིན་དཀྱིལ་འཁོར་མ་བསྒོམས ་ན།། རྟོག་པའི་དབང་བསྒྱུར་ཏིང་འཛིན་པས།། མ་བསྒོམས་ལམ་ལ་འགྲོང་མེད་ཅིང་།། ཡུན་གྱིས་འབྲས་བུ་འབྱུང་མི་འགྱུར།། གཟུགས་བརྙན་དཀྱིལ་འཁོར་མ་མཚོན་ན།། རྨོངས་པས་དོན་རོ་མི་ཚོར་ཏེ།། གཞན་དོན་མཐར་ནི ་མི་ཕྱིན་པས།། བྱང་ཆུབ་སྤྱོད་པ་ཉིད་དང་འགལ།། སྐྱོན་བཟློག་པ་ནི་ཡོན་ཏན་ཏེ།། དཀྱིལ་འཁོར་གསུམ་ལ་གནས་བྱས་ནས།། བདག་གཞན་དོན་རྣམས་མ་ལུས་པ།། ཐབས་ལ་མཁས་པས་མྱུར་དུ་འགྲུབ།། ཐབས་མཁས་ཐུགས་རྗེའི་མཛད་སྤྱོད་ཀྱིས། ་འདོད་ཁ་ཞོན་པའི་གདུལ་བྱ་རྣམས།། མི་སྤང་ལམ་དུ་དྲང་བའི་ཕྱིར།། འཁོར་ལོས་སྒྱུར་རྒྱལ་ཆོས་བཞིན་མཛད།། ཞིང་ཁམས་དང་ནི་ཕོ་བྲང་དང་།། བཙུན་མོའི་སྲས་དང་འཁོར་རྣམས་དང་།། ལོངས་སྤྱོད་རྒྱན་དང་དམ་ཁྲིམས་རྣམས།། འཁོར་ལོས་སྒྱུར་རྒྱལ ་ངག་དང་མཚུངས།། དོན་རྟགས་རྣམ་གྲངས་བསྟན་པ་ནི།། གཞི་ལམ་འབྲས་བུར་བཅས་པའི་ཆོས།། ཡོན་ཏན་རྣམ་གྲངས་ཇི་སྐད་པ།། དཀྱིལ་འཁོར་གསུམ་ལ་ཡོངས་སུ་རྫོགས།། རྒྱས་པར་རྟོན་དང་བརྟན་པ་གཉིས།། རྟེན་ལས་གཞི་ཡི་དོན་རྟགས་ནི། ་མཁའ་རླུང་མེ་དང་ཆུ་དང་ས།། ཡུམ་ལྷའི་རྟགས་ཏེ་རི་རབ་དང་།། རི་ཕྲན་གླིང་དང་གླིང་ཕྱན་རྣམས།། ཡབ་ཀྱི་རྟགས་ཏེ་ཕོ་བྲང་སྤྱི།། གཙུག་ཏོར་འཁོར་ལོས་སྒྱུར་བའི་ཚུལ།། གཞན་ཡང་དབྱིབས་ཀྱི་དོན་རྟགས་རྣམས།། མཆོད་རྟེན་བརྒྱད་སོགས ་བསྟན་པ་ནི།། སྡུག་བསྔལ་བརྒྱད་སྒྲོལ་མཛད་པ་བརྒྱད།། མཁར་ཐབས་རྒྱལ་ཁབ་རི་བོ་རྣམས།། བདུད་དཔུང་འཇོམས་དང་འདོད་སྤྱོད་དང་།། བསྲུང་བའི་དོན་དུ་རིཤེས་པར་བྱ།། འཁོར་ལོ་རྡོ་རྗེ་རིན་ཆེན་དང་།། པདྨ་རྒྱུ་གྲམི་རིགས་ཀྱི་རྟགས ་ཟླུམ་པའི་པདྨ་ལེ་ཅེ་ཞི།། གྲུ་བཞི་འཁོར་ལོ་རིན་ཆེན་རྒྱས།། ཟླ་གམ་གྲུ་ཆད་གཞུ་དབྱིབས་དབང་།། གྲུ་གསུམ་བྷ་ག་ཁྲོ་ཞལ་དྲག། སྒོ་ནི་ཡེ་ཤེས་བཞི་དགུ་དང་།། བསྡུ་བ་ཚད་མེད་རྣམ་ཐར་གཞི།། ལམ་སྟེགས་བརྒྱད་ནི་འཕགས་ལམ་དང་།། ཐེག ་པཔོ་བརྒྱད་དང་རྣམ་ཐར་བརྒྱད།། སྒོ་ཁང་སྒོ་སྲུངས་ཁང་པ་སྟེ།། སྟེང་ནི་མ་རིག་མུན་པོ་ལ།། ཡེ་ཤེས་དཀར་མཐོངས་དབྱེ་བའི་ཕྱིར།། བཅུ་གཅིག་རྡོ་རྗེའི་ཆ་མིག་ཅན།། སྐས་དང་གླང་པོའི་རྒྱབ་འདྲ་དང་།། གདུགས་ཅན་ལ་སོགས་སྟེང་དབྱིབས་ནི།། ་གདུལ་བྱ་ཡིད་འོང་བྱ་བའི་ཕྱིར།། ཇི་ལྟར་མཛེས་པར་བསྟན་པ་ཡིན།། ཆོས་དབྱིབས་མུ་མེད་བརྡལ་བའི་ཕྱིར།། གཞི་དབྱིབས་ཚད་མོད་བསྟན་པ་ཡིན།། ཁ་དོག་དོན་རྟགས་བསྟན་པ་ནི།། དཀར་དམར་སེར་ལྗང་མཐིང་ག་རྣམས།། སྐུ་གསུང་ཡོན་ཏན ་ཕྲིན་ལས་དང་།། ཐུགས་ཀྱི་རྟོགས་ཏེ་གོ་རིམས་བཞིན།། མེ་ལོང་ཡེ་ཤེས་སོ་སོར་རྟོག། མཉམ་ཉིད་བྱ་བ་ནན་ཏན་དང་།། ཆོས་ཀྱི་དབྱིངས་ཀྱང་གོ་རིམས་བརྟག། ཡང་ན་སྤྱི་མཐུན་ལྷུན་པོ་བཞིན།། ཡང་ན་ཞི་དབང་རྒྱས་པ་དང་།། སྣ་ཚོགས་དྲག་པོ ་གོང་མ་བཞིན།། རྩིག་པའི་དོན་རྟགས་བསྟན་པ་ནི།། ལྔ་རིམ་ཡེ་ཤེས་ལྔ་ཡི་རྟགས།། སུམ་རིམ་སྒོ་གསུང་ཐུགས་སུ་སྦྱར།། ཕ་ཁུ་ཡོན་ཏན་པགས་པ་སྟེ།། རྩེ་ལ་རྣམ་པ་མང་ཡོད་ཀྱང་།། རེ་ཞིག་བྱང་ཆུབ་ཆེན་པོ་ལ།། དྲན་དྲང་ཡང་དག་རྩུ ་འཕྲུལ་དབང་།། བང་རིམ་བཞི་ཡི་དོན་དུ་བཞེད།། བུམ་སྟེན་སྟོབས་ཏེ་བུམ་པ་ནི།། བྱང་ཆུབ་ལམ་ཡིན་བྲེ་དག་ནི།། འཕགས་པའི་ལམ་དུ་ཤེས་པར་བྱ།། སྒོ་རྟེན་རྟ་བབས་བཞི་པོ་ན།། གསུམ་ནི་ཁམས་གསུམ་བཞི་པ་ནི།། འཕགས ་ལམ་པདྨས་མཚན་མ་ཅན།། ཤིང་གི་དོན་རྟགས་བསྟན་པ་ནི།། ཕུགས་ཀྱི་ཤིང་གི་གནས་ཚུལ་ནི།། ཀྭ་གདན་བསྙེན་གནས་ཀླུ་ཆེན་བརྒྱད།། ཀ་པ་འཕགས་ལམ་ལྷ་ཆེན་བརྒྱད།། ཀ་གནུ་རྣམ་ཐར་གཟའ་ཆེན་བརྒྱད ་གདུན་མི་འཇིགས་རྒྱལ་ཆེན་བཞི།། ཕྱམ་རྩི་སྟོང་ཉིད་ཕ་རོལ་ཕྱིན།། དེས་མཚོན་རྒྱུ་སྦྱར་ཉི་ཤུ་བརྒྱད།། ཕྱ་མ་ནི་གནོད་སྦྱིན་ཉེར་བརྒྱུད་ཀྱིས།། སྟོབས་བཅུ་མ་འདྲེས་བཅོ་བརྒྱད་མཚོན།། དྲིལ་ཐོག་ཡོནྣ་ཏན་བསམ་མི་ཁྱབ།། སྒོ་ཁང ་ཟུ་བཞི་པོ་ན།། ཀ་གདན་ཀ་བ་ཀ་གཞུ་ནི།། དྲན་དང་སྤོང་དང་རྫུ་འཕྲུལ་རྐང་།། གོ་རིམས་བཞིན་དུ་སྦྱར་བར་གསུངས།། གདུང་བཞི་སྣོལ་མར་གཏང་བ་ནི།། བདེན་བཞི་བསམ་གཏན་བཞི་དང་ལྡན།། ལོངས་སྤྱོད་རྣམས་ཀྱི་དོན་རྟོགས་ནི།། བསོད ་རྣརྣམས་ཚོགས་ནི་རྫོགས་པའི་ཕྱིར།། གཟུགས་སྒྲ་དྲི་རོ་རེག་ཆོས་ཀྱིས།། ལྷ་མོ་རྣམས་ཀྱིས་མཉེས་པར་བསམ།། ར་བ་འོབས་ཀྱི་དོན་རྟགས་ནི།། རྡོ་རྗེ་ར་བས་བདུད་དཔུང་བཟློག། མྱེ་ཡི་འོབས་ཀྱིས་ཉོན་མོངས་བསྲེག། ཆུ་དང་རླུང་ལ་སོགས ་བ་ཡང་།། ཅི་རིགས་ཉིད་དུ་སྦྱར་བོར་བྱ།། གཞན་ཡང་རྒྱན་གྱི་དོན་རྟགས་ནི།། བླ་རྒྱན་ཆོས་ཉིད་བླ་རེ་ནི།། ཐབས་དང་ཤེས་རབ་ཉི་ཟླ་དང་།། ཡེ་ཤེས་ཕྲ་མེན་སྐར་ཚོགས་གསལྔ།། འོག་གཞི་རྒྱན་གྱི་དོན་རྟགས་ནི།། གདན་གྱི་སྐབསུ་འཆད་པ། ་འགྱུར།། རྩ་རྒྱན་རྣམ་གཅིག་མཆོད་རྟེན་ལ།། སྲོག་ཤིང་སྐུ་གསུང་ཐུག་སུ་བསྟན།། འཁོར་མོ་ཤེས་པའི་ཁྱད་པར་ནི།། ཆར་ཁབ་ཐུགས་རྗེ་ཆེན་པོ་སྟེ།། འཕན་ནི་མཆོད་པའི་ལྷ་མོ་ལ།། དྲིལ་བུ་སྟོང་པ་ཉིད་ཀྱི་སྒྲ།། ཟླ་ཚེས་ཐབས་དང་ཤེས ་རབ་ཡིན།། ཏོག་ནི་མི་ནུབ་བརྒྱན་མཚན་ནི།། ལོགས་རྒྱན་ཕྱམ་མགོ་འཛིན་པ་འདྲ།། ཁ་ནས་རིན་ཆེན་ཕྲེང་བ་ནི།། དྲ་བ་དྲ་བ་ཕྱེད་གྱུར་པ།། དབྱིབས་དང་ཡེ་ཤེས་བརྡ་ཡིན་ནོ།། སྒོ་རྒྱུན་རྣམ་པ་མང་ཡོད་ཀྱང་།། རེ་ཞིག་དབང་གི་རྟགས ་བཅུ་དང་།། རྒྱན་དགུ་དང་ནི་རྫས་བརྒྱད་དང་།། རིན་ཆེན་བདུན་དང་བརྡ་དྲུག་གོ། བཟློག་སྟེ་བརྡ་དྲུག་བཤད་པ་ལས།། སྟེང་གི་ཆོས་ཀྱི་འཁོར་ལྀ་ནི།། གཙོ་བོ་ཡི་ནི་རི་དགས་ནི།། འཁོར་གྱི་བརྡར་ནི་ཤེས་པར་བྱ།། འོག་ག་དབུས་ཀྱི ་གཅོད་ཆེན་ནོ།། ངེས་དོན་སྒྲ་སྟེ་གཎྜཱི་ནི།། དྲང་དོན་སྒྲ་ཞེས་གསུངས་པའོ།། ཐབས་དང་ཤེས་རབ་མཚན་པ་ནི།། རྡོ་རྗེ་དྲིལ་བུ་གཉིས་ཡིན་ནོ།། རིན་ཆེན་བདུན་ནི་འདི་ཡིན་ཏེ།། དབང་གི་འཁོར་ལོ་རིན་ཆེན་དང་།། ལྷ་མོ་བཙུན་མོ་རིན་ཆེན ་དང་།། སྒོ་བ་དམག་དཔོན་ཚུལ་དགུ་དང་།། མངོན་ཤེས་བློན་པོ་བྱ་བ་སྟེ།། སྟོབས་བཅུ་གླང་པོ་རིན་པོ་ཆེ།། རྫུ་འཕྲུལ་རི་དགས་རྟའི་ཚུལ།། ཡིད་བཞིན་ནོར་བུ་རིན་ཆེན་ནོ།། རྫས་བརྒྱད་བདུད་འཇོམས་རྒྱལ་མཚན་དང་།། ཐུགས་རྗེའི་ཐུགས ་དང་དཔལ་བེའུའི་ཐུགས།། བདུད་རྩིའི་བུམ་པ་མི་སྙེམས་ཉ།། ཆོས་ཀྱི་དུང་དང་དགོས་འདོད་སྐོང་།། ཆོས་ཀྱི་འཁོར་ལོ་ད་ལྟརོ།། སྒོ་ཁང་ནང་གི་རྒྱན་དགུ་ནི།། སྨད་ན་ཉོན་མོངས་ཟིལ་གྱིས་གནོན།། བླང་དང་བངྒེ་དང་པ་དང་།། སྟོབས་དང་མི་འཇི་མཚད་མེད་དེ། ཨཱ་ལའི་ཤིང ་གི་ཚལ་ཡི་ནོ།། བར་ན་སངས་རྒྱས་ལམ་རྣམས་སོ་སོར་འབྱེད།། རི་དང་མི་དང་སྲང་ཁྲམ་དང་།། གཡོ་དང་འབྱེད་དང་བསྟབ་པ་སྟེ།། སྟང་ན་སྡུག་བསྔལ་དང་དུ་ལན།། ཀླུ་དང་ཆུ་སྲིན་ག་རུ་བ།། ཡེ་ཤེས་ཐུགས་རྗེའི་བྱིན་བརླབས་ཏེ།། ཁྱུང་གིས་ཀླུ་རྒྱལ ་བསླང་བ་བཞིན།། དབང་གི་རྟགས་བཅུ་འདི་ལྔ་སྟེ།། དབུ་རྒྱན་ཅོད་པན་ཕྲེང་བ་དང་།། གོ་ཆ་རྒྱལ་མཚན་ཕྱག་རྒྱ་དང་།། གདུགས་དང་བུམ་པ་བཔའ་བཏུང་དང་།། སྙིང་པོ་ལྔ་ཡི་ཡེ་ཤེས་དང་།། ཆོས་མོས་རྫུ་འཕྲུལ་སྨོན་ལམ་དང་།། སྐྱེ་ལ ་ཚེ་དང་ལོངས་སྤྱོད་དང་།། སེམས་ལ་དབང་བ་གོ་རིམས་སོ།། གདན་གྱི་དོན་རྟགས་མི་འཇིགས་སྟོབས།། རྫུ་འཕྲུལ་དབང་དང་ལས་ཀྱི་ཁྲི།། ཐབས་དང་ཤེས་རབ་སྐྱོན་མེད་དང་།། དགོས་འདོད་ཚུལ་དུ་མཚོན་པའོ།། རྟེན་པ་ལྷ་ཡི་དོན་རྟགས་ནི།། ལྷ ་དང་ལྷ་མོར་བསྟེན་པ་ཡང་།། གཞི་ནི་གཟུང་དང་འཛིན་པ་སྟེ།། ལས་ནི་ཐབས་དང་ཤེས་རབ་ཡིན།། འབྲས་བུ་དབྱིངས་དང་ཡེ་ཤེས་སོ།། སྐུ་དང་སྐུ་མདོག་ཕྱག་རྒྱ་དང་།། ཕྱག་མཚན་བཞུགས་སྟབས་ཚུལ་དང་ནི།། རྒྱན་ཆས་དོན་གྱི་རྣམ་གྲངས་ནི།། གྲུབ ་པ་རྟགས་ཀྱི་ཕྱག་རྒྱ་དང་།། མཚོན་པ་ཐབས་ཀྱི་ཕྱག་རྒྱ་དང་།། མཛད་པ་ལས་ཀྱི་ཕྱག་རྒྱར་སྦྱར།། དེ་ཡང་རྒྱུད་རྒྱལ་མོ་ལུས་ཀྱི།། དགོངས་པ་མངོན་ནི་བསྡུས་པོ་ཡིན།། མཚན་དང་དཔེ་བྱད་འོད་དང་གསུམ།། བསོད་ནམས་རྫོགས་ཤིང་ཡོན་ཏན་མཚན།། ་སེམས་ཅན་དོན་རྣམས་མཛད་པ་སྟེ།། རྒྱས་པར་མདོ་སྡེའི་དགོངས་པ་བཞིན།། དོན་རྟགས་རྟགས་ཀྱི་ཆོས་མོ་ཐུན་ནི།། གཞུང་འདིར་འདི་ལྟར་སྦྱོར་མོད་ཀྱི།། གཞན་དུ་ཆོས་མཐུན་མཐའ་ཡས་པ།། རྒྱུད་དང་རྟོག་པ་རྣམས་ལས་འབྱུང་།། དཀྱིལ་འཁོར་དང ་དང་དམ་ཚིག་གསུམ།། རྒྱུད་རྣམས་ཀུན་གྱི་སྲོག་ཤིང་བས།། རྣལ་འབྱོར་གསང་སྒོར་ཞུགས་རྣམས་ཀྱིས།། གཅེས་སྤྱད་ཡིད་ཀྱི་གཞུང་འདི་སྤྱད།། དཀྱིལ་འཁོར་དོན་བསྡུས་རྒྱུད་ཀྱི་མན་ངག་འདི།། ནོངས་སུ་ངེས་ཀྱིས་ལྷ་ལ་བཟོད་པར་གསོལ།། འདི་བརྩམས ་དགེ་བས་སེམས་ཅན་མ་ལུས་ཀུན།། དཀྱིལ་འཁོར་གསུམ་གྱི་གློང་དུ་གནས་གྱུར་ཅིག།། སློབ་དཔོན་སངས་རྒྱས་གསང་བས་མཛད་པ། དཀྱིལ་འཁོར་གྱི་ཆོས་མདོར་བསྡུས་པ་རྫོག་སོ།། །། རྒྱ་གར་གྱི་མཁན་པོ་སངས་རྒྱས་གསང་བས། དབས ་མཉྫུ་ཤྲཱི་དང་། བྲན་ཁ་མུ་ཏི་ཏཱ་གཉིས་ལ་བརྫངས་པ། བོད་ཡུལ་དུ་ལོ་ཙ་བ་ཀ་བ་དཔལ་བརྩེགས་ལ་སོགས་པས་བསྒྱུར་བའོ།། །། གན་ལམ་མིང་གམས་པར་བྱེད་པའི་མངོ་རྟོགས་ཀུན་པའི་རློན་མ་ཐོབ་དཔོད་པདམ་མཆོད་པ་འཇུན་གོ།། དཔལ་རྡོ་རྗེ་སེམས་དཔའ་ཡ་ཕྱག་འཚལ ་ལོགས་རལ་གྲི་འདྲ་བར་གཞག་པ་ནི་བདེན་བྲལ་གྱི་དམ་ཚིག་གི་ཕྱག་རྒྱའོ།། སྤྱན་དྲང་བའི་ཕྱག་རྒྱ་ལས་མཛུབ་མོ་བརྐྱང་བ་ནི་སླར་གཏང་བའི་ཕྱག་རྒྱའོ།། ལག་པ་གཡོན་པ་ཁུ་ཚུར་བཅངས་ནས་མཐོ་བོང་མཛུབ་མོ་གཅིག་ཏུ ་སྦྱར་ཏེ་ཞགས་མིག་ལྔར་བྱས་ལ། གཡས་པའི་ཁུ་ཚུར་ཡང་དེ་ལྟར་བྱས་ཏེ་སྙིང་གར་བཞག་ལ་གཡོན་པའི་མཛུབ་མོ་ལྕགས་ཀྱུས་གཡབ་པ་ནི་ཆུ་ལྷ་སྤྱན་དྲང་བའི་ཕྱག་རྒྱའོ།། ཕྱག་རྒྱ་དེ་ཉིད་ལས་གཡོན་པའི་མཛུབ་མོ་ཁུ་ཚུར་དུ་བཞག ་བོ་ལས་ཞགས་མིག་ལྟར་བྱས་པ་ནི་ཆུ་ལྷའི་དམ་ཚིག་གི་ཕྱག་རྒྱའོ།། གཡོན་པའི་མཛུབ་མྱོ་བརྐྱང་པ་ནི་སླར་གཏང་པོའི་ཕྱག་རྒྱའོ།། ལག་པ་གཡོན་པ་ཁུ་ཚུར་བཅིངས་ཏེ་གུང་མོ་བསྒྲེངས་པའི་ཚིགས་དང་པོས་མཛུབ་མོ་བཀུག་པའི་ཐོར ་བཙུགས་ལ་སྟ་ཟུར་ལ་བཞག། གཡས་པའང་དེ་བཞིན་སྟ་ཟུར་ལོགསུ་བཞག་ཅིང་མཐེ་བོང་བསྐུལ་བཱ་ནི་རླུང་ལྷ་སྤྱན་དྲང་བའི་ཕྱག་རྒྱའོ།། དེ་ཉིད་ལས་མཐེ་བོང་སྔ་མ་ལྟར་བྱས་པ་ནི་རླུང་ལྷའི་དམ་ཚིག་གི་ཕྱག་རྒྱའོ།། སྤྱན་དྲང་བའི་ཕྱག་རྒྱ་ལས ་མཐེ་བོང་བརྐྱང་བ་ནི་སླར་གཏང་བའི་ཕྱག་རྒྱའོ།། ལག་པ་གཉིས་ཐལ་མེ་ཁོང་སྟོང་དུ་སྦྱར་ལ་རྡོ་རྗེ་བཅིང་པོ་ནང་དུ་བཟློག་སྟེ་མཐེ་ཆུང་གཞི་བས་ལ་བརྐྱང་སྟེ། དེའི་རྒྱབ་ཏུ་སྦྱིན་ལག་གཉིས་སོ་སོར་བཞག་ནས་གུང་མོ་གཉིས་རྡོ་རྗེ་ལྟར་བཀུག ་སྟེ་གཡབ་པོ་ནི་ཀུ་བེ་ར་སྤྱན་དྲང་བའི་ཕྱག་རྒྱའོ།། དེ་ཉིད་ལས་གུང་མོ་གཉིས་ནང་དུ་རྡོ་རྗེ་བཅིངས་པའི་ཚུལ་ལྟར་བྱ་སྟེ་སྙིང་གར་བཞག་པ་ནི་ཀུ་བེ་རའི་དམ་ཚིག་གི་ཕྱག་རྒྱའོ།། སྤྱན་དྲང་བའི་ཕྱག་རྒྱ་ལས་གུང་མོ་གཉིས་བརྐྱང་བ་ནི་སླར་གཏང ་བའི་ཕྱག་རྒྱའོ།། ལག་པ་གཉིས་གཅིག་ཏུ་སྦྱར་ཏེ་ཐལ་མོ་གཅིག་ཏུ་སྦྱར་བའི་སྲིན་ལག་དང་མཐེའུ་ཆུང་ནང་དུ་བཀུག་སྟེ་བསྣོལ་ལ། གུང་མོ་གཉིས་གཞིབས་ཏེ་བསྒྲེངས་པའི་རྒྱབ་ལོགསུ་མཛུབ་མོ་གཉིས་དང་གུང་མོ་གཉིས་རྡོ་རྗེ་འདྲ་བར་བྱ། མཐེ ་བོང་གཉིས་བར་དུ་གཞིབས་ཏེ་བཞག་ལོ་དེ་ནས་མཛུབ་མོ་གཉིས་ཕན་ཚུནྡ་རྩེ་སྤྱད་ནས་ནང་དུ་གཡབ་པ་ནི་དབང་ལྡན་སྤྱན་དྲང་བའི་ཕྱག་རྒྱའོ།། དེ་གཉིས་ལས་སྔ་མ་ལྟར་མཛུབ་མོ་རྡོ་རྗེའི་ཚུལ་དུ་སྙིང་གར་བཞག་པ་ནི་དབང་ལྡན་གྱི་དམ ་ཚིག་གི་ཕྱག་རྒྱའོ།། སྤྱན་དྲང་བའི་ཕྱག་རྒྱ་ལུས་མཛུབ་མོ་གཉིས་བརྐྱང་བ་ནི་སླར་གཏང་བའི་ཕྱག་རྒྱའོ།། ལག་པ་ཐལ་མོ་ཁོང་སྟོང་དུ་སྦྱར་ཏེ་བཞག་ལ་སྟེང་དུ་ཁ་བལྟས་ཏེ་མཛུབ་མོ་གཉིས་ཀྱིས་ལྕགས་ཀྱུས་གཡབ་པ་ནི་ཚངས་པ་ལ་སོགས། ་པ་སྤྱན་དྲང་བའོ།། དེ་ཉིད་ལས་མཛུབ་མོ་གཉིས་སྔ་མ་ལྟར་བྱས་སྟེ་སྙིང་གར་བཞག་པ་ནི་དམ་ཚིག་གི་ཕྱག་རྒྱའོ།། སྤྱན་དྲངས་པའི་ཕྱག་རྒྱ་ལས་མཛུབ་མོ་གཉིས་བརྐྱང་བ་ནི་སླར་གཏང་བའི་ཕྱག་རྒྱའོ།། ཕྱག་རྒྱ་དེ་རྣམས་ཉིད་ལ་ཁ་འོག་ཏུ། ་བལྟས་ན་འོག་གི་ལྷ་སྤྱན་དྲང་བ་ལ་སོགས་པར་འགྱུརརོ།། ལག་པ་གཉིས་གཅིག་ཏུ་སྦྱར་ཏེ་སོར་མོ་རྣམས་པར་མཚམས་མེད་པར་ཕན་ཚུན་རྩེ་སྤང་ལ། མཐེ་བོང་དང་མཛུབ་མོ་གཉིས་ཟླུམ་པོར་བྱས་པའི་ལྕགས་ཀྱིས་གཡབ་པ་ནི་སའི་ལྷ ་མོ་ལ་སོགས་པ་སྤྱན་དྲང་བའི་ཕྱག་རྒྱའོ།། མཛུབ་མོ་མི་གཡབ་པར་སྔ་མ་ལྟར་སྙིང་གར་བཞག་པ་ནི་དམ་ཚིག་གི་ཕྱག་རྒྱའོ།། མཛུབ་མོ་གཉིས་བརྐྱང་བ་ནི་སླར་བཏང་བའི་ཕྱག་རྒྱའོ།། སྔགས་ནི་ཨོཾ་རུ་ཏྲ་ཡ~ཾ་གྲྀདྡྷིཧྞ་དམ་ཨརྒྷ་སྭཱཧཱ། དེ་བཞིན ་