CLOSE WINDOW

GT2515: chom rkun bcing ba
Wyliee-texts produced with BDRC’s OCR application

བསམས་ལ།། དེ་ལས་བྱུང་བུའི་འོད་ཟེར་གྱི་ཚོགས་འབར་བྱས་གདུག་པའི་ལུས་གཅེར་བུ་སྐྲ་གྲོལ་བར་འདར་ཞིང་སྐྱབས་དང་བྲལ་བའི་སྙིང་གར་ཞུགས་པས་རེངས་པ་དང་དམན་པ་དང་།། ་རྨོངས་པ་དང་། བཅིངས་པར་རྣམ་པར་བསམ་མོ།། གང་གི་ཚེ་དེ་ལྟ་བུའི་ཏིང་འཛིན་གྱིས་སྐྱོ་ན་ས་བོན་གྱི་ཡི་གེ་ལ་དམིགས་པས་གསང་སྔགས་བཟླས་པ་བྱ་སྟེ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ་བོ་དྷི་སཏྭཱ་ཡ། མ་ཧཱ་སཛྫ ་ཡ། མཧྨ་ཀཱ་རུ་ཎི་ཀཱ་ཡ།། ཏདྱ་ཐཱཿཽ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ་སརྦ་དུཥྚམ?། པྲ་དུཉྫན། མཾ་ཀྲྀ་ཏ་ཛེ་བྷ་ཡ། སྟཾ་བྷ་ཡ། མ་ཧཱ་ཡ། བནྡྷ་ཡ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། སརྦ་དུཥྚཱན་སྟཾ་བྷྲྀ་ནི་ཏཱ་རེ་སྭཱ་ཧཱ། སུང་བ་འདི་དག་ཀྱང་ཐུན་མཚམ ་བཞིར་བསྒོམ་པར་བྱའོ།། དེ་བཞིན་དུ་ལཱམ་དུ་འགྲོ་བས་ཏཱཾ་བུ་ངེ་འཛིན་དང་བཅས་པས་མདུད་པ་བོར་ནས་སྔགས་དྲན་པ་ལྡན་པར་བྱིནི་ནཱི་ཆོམ་རྐུན་པ་དང་།། སྟག་དང་། དོམ་དང་། དྲེད་དང་། སྦྲུལ་དང་། ནགས་ཀྱི་བ་མེན་དང ་ཆུ་ལ་སྤྱོད་པ་རྣམས་ཀྱིས་བརྫི་བར་མི་ནུས་ཏེ། གང་གི་ཚེ་འཇིགས་པ་དང་བྲལ་བ་ན་མདུན་པ་སླར་དགྲོལ་བར་བྱའོ།། དེ་ལྟར་ཡུན་རིངས་བླ་མ་བསྟེན་ལས་གང་ཐོབ་པའི།། སྒྲུབ་ཐབས་ཆོ་ག་འདི་ནི་ལེགས་བཀོད ་པས། སྦྲེལ་མ་ཞེས་གྲགས་སྲས་བཅས་བཞུགས་པའི་གནས།། གྲུ་འཛིན་དཔལ་དུ་འགྲོ་རྣམས་མྱུར་འགྲོ་ཤོག། འཕགས་མ་སྒྲོལ་མའི་སྒྲུབ་ཐབས་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པའོ།། ་རྒྱ་གར་གྱི་མཁན་པོ་བུདྡྷ་ཀ་ར་བརྨ་དང་།། བོད་ཀྱི་ལོ་ཙྪ་བ་དགེ་སྦྱོང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ། རྒྱ་གར་སྐད་དུ། ཙོ་ག་བནྡྷ། བོད་སྐད་དུ། ཆོམ་རྐུན་བཅིང་བ། ་བཙུན་སྒྲོལ་མ་ལ་ཕྱག་འཚལོ།། ལམ་དུ་འགྲོ་བ་མཆོམ་རྐུན་མི་འོངས་པར་བྱ་བའི་ཕྱིར་ཐེམ་པ་ནས་གོམ་པ་བདུན་གཞལ་བའི་སུ་ནས་ལག་པ་གཡས་པས་ས་སྤར་བ་གང་བླངས་ལ།། དེ་ནས་རང་སྐད་ཅོག་གིས་རྗེ་བཅུ། ་མར་བསྐྱེད་ལ།། སྐྱོབས་འགྲོལ་དང་སེམས་བསྐྱེད་ཚུལ་བཞིན་བྱས་ལ།། ལོག་པ་གཡས་པའི་ས་དེ་ལམ་ལས་རི་བབ་ཙམ་དུ་བསྐྱེད།། ལྷག་པ་གཡོན་དུ་པྲཾ་ལས་རྒྱ་མཚོ་ཆེན་པོར་བསྐྱེད་ལ།། དམིགས་པས་དེ་རིང་བདག ་ལ་གནོད་པ་བྱེད་པོའི་ཆོམ་རྐུནུ་ཐམས་ཅད་མདུན་དུ་བཀུག་སྟེ།། མིའི་ཚིག་གིས་བུར་མ་མཆོད་པར་སྔགས་འདི་བརྒྱ་རྩཝ་བརྒྱད་བཟླས་ཏེ།། ཨོཾ་ཏཱ་རེ་ཏུཏྟཱ་རཱི་ཏྲཻ་རེ་ཨཱསྨ་ཨོཾ་པ་ཀ་ར་སརྦ་ཙཱ་ར་བནྡྷ་སྭཱ་ཧཱུཾ། ཞེས་བྱའོ།། མདུན་གྱི ་ཆོམ་རྐུན་པ་ཐམས་ཅད་རྒྱ་མཚོ་ཆེན་པོར་ཐུགསུཾ་ལ~ཾ། གཡས་ཀྱིས་དེ་གཡོན་དུ་སྤྲོས་ལ་རི་རབ་ཀྱིས་མིནན་པར་བས་མོ།། དེ་ནསྭ་ས་དཱི་ཐུ་བ་གཡེན་པར་བཅིངས་ཏེ་འཇིགས་པ་དང་བྲལ་བའི་གནས་དགྲིལ་བར་བྱའོ།། འགྲོ་བའི ་དུས་སུ་བསྟོད་པ་ལ་སོགས་པ་སྒྲོགས་ཤིང་འགྲོའོ།། ཆོམ་རྐུན་བཅིང་བ་ཞེས་བྱ་བའི་རིག་པ་རྫོགསོ།། ། མ་ཧཱ་པཎྜི་ཏ་ཤྲཱི་རཏྣ་རཀྵི་ཏ་དང་།། ལོ་ཙྪ་བ་ཞང་གྲུབ་པ་དཔལ་བཟང་པོས་བསྒྱུར་བའོ།། ་