CLOSE WINDOW

GT2511: 'phags ma lha mo sgrol ma bsgom pa'i cho ga rgyas pa
Wyliee-texts produced with BDRC’s OCR application

རྒྱ་གྲར་སྐད་དུ། ཨཱརྱ་ཏཱ་ར་དེ་བི་བྷ་བཱ་ན་བི་དྷིསྟ་ར། བོད་སྐད་དུ། འཕགས་མ་ལྷ་མོ་སྒྲོལ་མ་བསྒོམ་པའི་ཆོ་ག་རྒྱས་པ། ལྷ་མོ་སྒྲོལ་མ་ལ་ཕྱག་འཚལོ།། དོན་མེད་བདག་ལ་གནོད་པའི་སྲིད་པའི ་བྱ་བ་རྣམས་སྤངས་ཏེ། རང་བཞིན་བརྟུན་པས་རྣམ་པར་དབེན་པའི་ས་ཕྱོགས་སོང་ནས་ནི། གནས་དེར་བདག་གི་བསམ་གཏན་ཁང་པ་ཤིན་ཏུ་ཡད་འཐད་པ།། ཤར་དུ་སྒོ་རྗོད་ཡང་ན་ནུབ་ཏུ་བཀྲ་ཤིས་སྒོ་ལྡན་པ།། ལེགས ་གས་དྲི་ཡང་དུམ་བུ་བཞི་པས་མཛེས་པར་བྱས་པ་སྟེ།། ཤིན་ཏུ་མཉམ་ཞིང་ལོགས་དང་སྟེང་འོག་ཐམས་ཅད་ལེགས་བྱུགས་ཤིང་།། རབ་འཇམ་གཟུགས་བརྙན་འཆར་བ་ལྟ་བུར་འཚོར་བའི་རྫས་ཟླུམས་བྱུགས།། ་དེ་རྗེས་དྲི་ཞིམ་ལྡན་པའི་ཚོན་རྣམས་ལྗང་གུས་ཁྱབ་པར་བྱུགས།། འདི་ནི་སྟེང་ལོགས་ས་གཞི་བྱི་དོར་རྒྱུད་རྣམས་ལས་བསྔགས་པའོ།། འོག་གི་ཆ་ནི་རབ་ཏུ་འཐས་པར་བརྡུངས་པ་ཁོ་ན་ལ། ས་ལ་མི་ལྷུང་བའི་ལྕི་བ ་དྲི་བཟངས་རྣམས་དང་ནི།། བསྲེས་པས་ཡང་ཡང་བྱུགས་པས་གཟུགས་བརྙན་འཆར་བ་ལྟ་བུར་འ་གྱུར།། དེ་ལ་དྲི་ཞིམ་མེ་ཏོག་རྣམས་ཀྱིས་ཀུན་ཏུ་གཏོར་ནུས་ནི།། ཇི་ལྟར་འབྱོར་པའི་བླ་རེ་ལ་སོགས་རྒྱུན་རྣམས ་བྲི་བར་བྱ།། དེ་འདྲའི་དབུས་སམ་ཤར་གྱི་རྩིག་ངོས་ཆ་ལ་སྲད་བུ་ཡིས།། བྲིས་སྐུ་ཡིད་འོང་མཐོང་བར་དགའ་བར་འགྱུར་བ་སྤྱད་པར་བྱ།། དེ་མདུན་མེ་ཏོག་ལ་སོགས་མཆོད་པ་འབྱོར་ཚད་དགོད་པར་བྱ།། དེ་བཞིན་དེ ་དབུས་སྟན་བཟང་རབ་ཏུ་འཇམ་ཞིང་བདེ་བ་ནི། བྲིས་སྐུ་ལ་བལྟས་ལེགས་པར་བཏིང་བས་ཡང་དང་མཐུན་པར་གཞག། དེ་ཡི་སྒོ་གླགས་རབ་ཏུ་འབྱར་བས་རླུང་དང་སྲོག་ཆགས་ནི། ཤིན་ཏུ་ཕྲ་བ ་འང་འཇུག་པར་མི་ནུས་འདི་འདྲར་རབ་འགྲག་བྱ།། དེ་ལོགས་ཀྱི་སྐར་ཁུང་སྒོ་དང་བཅས་པ་རྟོད་པ་སྟེ། ཆེ་བ་མིན་ཞིང་སྟེང་ནས་རྗོད་དང་དམའ་བར་ཏུ་སྨད།། འདི་ན་བསམ་གཏན་ཁེང་པ་མཆོད་རྟེན་ལྟ་བུར་འགྲོ་རྣམས་ཀྱིས ་མཆོད་པར་བྱ་བ་ལྷ་མོའི་བཞུགས་གནས་ལྷ་ཚོགས་འདུ་བའི་སའོ།། དེ་བཞིན་དེ་ལ་སྒོ་བལྟས་པ་ཡི་ཁང་པ་གཉིས་པ་ནི།། སྲིད་དུ་ཁྲུ་རྣམས་བཅུ་བདུན་ཞེང་དུ་དེའི་ཕྱེད་ཡོད་པ་ཞིག། སྔགས་པའི་འཆག་ས་ཁོ་ནར་བརྟག ་ཅིང་བྱི་དོར་སྔ་མ་བཞིན།། དེར་ནི་འཇུ་སའི་ཐག་གུ་ཆང་བར་གཟུང་བ་འཚམ་པ་ལ།། རེགུ་ན་བདེ་བའི་སྦུ་གུ་རྣམས་དང་ལྡན་པར་གདགས་པར་བྱ། འོགྲོ་ཏུ་འབྱོར་པས་སྟན་ནམ་རྩ་རྣམས་སྙོམས་པར་དགྲམ་པར་བྱ།། ་འདི་ནི་ཁང་པ་དུམ་བུ་གཉིས་པ་འཆགས་བཀྲ་ཤིས་པའོ།། ། དེ་གཉིས་སུ་སྒྲོ་བཏིང་ཁང་པོ་ཕྱོགས་སྙོམས་ཡང་འོང་བྱ།། སྔ་མ་ལྟོ་བུར་བྷི་དིར་བྱས་ཤིང་དོན་དང་ལྡན་པ་ཡི།། ཁྲུས་ཀྱི་ཁང་པ་སྒོ་དང་བཅས ་བ་དུམ་བུ་གསུམ་པའོ།། །། དེར་ཡང་དེ་ལ་སྒོ་བལྟས་པ་ཡི་ཁང་པ་དུམ་བུ་ནི།། བཞི་པ་བརྩིགས་ཏེ་དེར་ཡང་བཀྲ་ཤིས་སྒྲོ་མཆོག་གདོང་བར་བྱ།། ཁང་པ་དེར་ནི་བདག་གི་ཡོ་བྱད་རྣམས་དང་མཚོན་ཆའི་ཚོགས། ་མི་ཟད་པ་དང་སྔགས་གཡོག་བློ་གྲོས་ལྡན་པ་མཁས་པས་གཞག། ཟས་ཀྱི་བྱ་བ་རྣམས་ནི་ཁང་པ་དེར་བྱ་དེར་ཡང་ནི།། བྱི་དོར་ལྡན་པར་བརྟག་ཅིང་རྟག་ཏུ་ཉི་ཟླ་ལྡན་པར་བཅང་།། དེ་ལྟར་དུམ་བུ་བཞི་པའི་ཁང་པ་ཀུན་ནས་གྲུ ་བཞི་པར།། བསྒྲུབས་ནས་རིམ་པ་མང་པོར་བརྩེགས་པས་ཤིན་ཏུ་མཐོ་བ་ལ།། རྡོ་ལབ་ལྷག་པར་སྣང་བ་ཡིས་དང་ཕྱེ་ར་མཐོ་སོགས་ཀྱིས།། རྒྱལ་པོ་ཆོམས་རྐུན་ལ་སོགས་འཚོ་བ་ཕྱིར་ཕྱོགས་འགྱུར་བར་བྱ།། སྐྱེ་བོ ་རྣམ་མང་བརྟེན་པས་སྡུག་བསྔལ་ཁོ་ན་འབྱུང་འགྱུར་གྱི།། བདེ་བ་འབྱུང་བར་ཐུབ་པས་མ་གསུངས་དེ་ཕྱིར་མཁས་མཆོག་གི། སྔགས་གཡོག་དང་ནི་སྒྲུབ་པའི་གྲོགས་མཆོག་གཉིས་ལས་མ་གཏོགས་པ།། སྐྱེ་བོ་འགའ་ཡང ་འཇུག་དང་ཕྲད་དང་སྦྱིན་པ་འདུ་འཛི་སྤངས།། སྙིང་རྗེས་མཚོན་ཚྭའི་ཚོགས་རྣམས་ལེགས་པར་བཤམས་ཤིང་གཞག་པར་བྱ།། དེ་བཞིན་སྒོ་ཤིན་ཏུ་དམ་བཅད་རྒྱ་དང་བཅས་པར་གཞག་འདི་ནི་གནས་ཀྱི་རབ་ཏུ་དབྱེ་བའོ།། ། ་གནས་དེར་སྔགས་པས་མཆོད་པའི་དོན་ཕྱིར་མེ་ཏོག་དག་དང་ནི།། སྤོས་དང་ཏིལ་མར་དྲི་ཞིམ་རྣམས་དང་དེ་བཞིན་རོལ་མོ་ཡཾ།། ཉེར་སྤྱད་རྣམས་དང་བགྲང་ཕྲེང་ཡིད་དུ་འོང་བའི་རྔ་ཡབ་དང་།། མེ་ལོང་སེན་མོའི་བཟོ་དང ་སྤུ་གྲི་ཐལ་གྲི་དང་།། མཆོད་དང་གཏོར་མའི་དོན་དུ་ཤ་དང་ཉེ་དང་ཤ་འབྲུ་རྣམས་དང་།། བཟའ་བ་རྣམས་དང་སྨན་རྣམས་ཐམས་ཅད་ལོགས་པར་གཞག་པར་བྱ།། མདོར་ན་གནས་དར་གཞན་གྱི་ངོར་ལྟ་མི་འགྱུར་ལོང་སྤྱོད ་རྣམས།། མཐུན་པར་གཞག་བྱ་འོན་ཀྱང་ཆང་གི་སྦྱོར་བ་རིང་དུ་སྤང་།། འབྱུང་བའི་གདོན་དང་སྔགས་གྲུབ་འདོད་པས་གཞན་ནས་བླང་བར་བྱ།། དངོས་གྲུབ་དོན་དུ་བཀུག་པ་མ་ཡིན་བུད་མེད་རྣམས ་དང་ནི།། དཀྱིལ་འཁོར་མ་མཐོང་མི་རྣམས་མཐུ་ཡིས་རྒྱ་གྲགས་ཉིད་ནས་བཟློག། སྔགས་གཡོག་དང་ནི་སྒྲུབ་པའི་གྲོགས་མཆོག་དཀྱིལ་འཁོར་ཆེ་མཆོག་ཏུ།། དབང་བསྐུར་ཐོབ་ཅིང་སྙིང་རྗེ་དང་ལྡན་བརྩོན་འགྲུས་ཅན།། ་ཤེས་རབ་དང་ལྡན་དཔའ་ཞིང་འཇིགས་བྲལ་ཁྲོ་མེད་ང་རྒྱལ་བྲལ།། བློ་བརྟན་དང་བ་གནས་ཤིང་བདག་ལ་དགའ་འཛིན་གུས་པར་བཅས།། བསྒོམ་དང་དགེ་ལ་བརྩོན་པ་འདི་འདྲ་གཉིས་ནི་རྟག་པར་གཞག། འདི་ནི་རྫས་དང་གཡོག། ་གྲི་རབ་ཏུ་དབྱེ་བའོ།། བློ་ལྷུན་གྱིས་ནི་སྔར་བཤད་སྦྲན་པ་རྡོ་རྗེ་སྐྱིལ་གུང་གིས།། ལེགས་པར་བཅས་ཏེ་བདག་ལ་མྱུར་དུ་བསྐུལ་བའི་བསམ་པ་བསྐྱེད།། བདག་ནི་ཤིན་ཏུ་རིང་ནས་རང་གི་རྣམ་པར་བསླུས་པ་སྟེ།། སྔོན་ཆད་དོན ་མེད་སྤངས་ནས་ཏིང་འཛིན་བསྒྲུབས་ནི་འདི་འདྲ་བའི།། སྲིད་མཚོར་འཁྱམས་པའི་མི་འགྱུར་བདེ་མཐའ་གཅིག་པུ་ཉྀད་གང་ཡིན།། འགྲོ་བའི་སྐྱབསུ་བདག་འགྱུར་འདི་ལ་འཁྲུལ་པ་ཡོད་མ་ཡིན།། དེ་ནི་བདག་གིས་རང ་ལ་བསླུས་པ་སྤངས་ཏེ་བརྩོན་པ་ཡིས།། དམ་པའི་གནས་འདིར་ངེས་པར་ལྷ་མོའི་མཆོག་གྱུར་སྒྲོལ་མ་གང་།། ཕོངས་པ་ལ་བྱམས་མ་འདྲ་དེ་ཉིད་ངེས་པོར་མཐོང་བར་བྱ།། བདག་ནི་བསྟོད་པས་དག་པར་མི་བྱེ་སྐྲོད་པ་གཞན་མང ་གནས།། སྨད་པས་མི་དགར་མི་བྱ་བསྟོད་པའང་གཞན་མང་གནས་པའི་ཕྱིར།། དེ་བཞིན་འཇིག་རྟེན་ཆོས་བརྒྱད་མ་ལུས་བདག་ཉིད་མནན་པར་བྱ།། ལུས་ཀྱིས་ཇི་ལྟར་བཟོད་པས་སྐད་ཅིག་ཙམ་ཡང་དམན་པ་ཡི།། བྱ་བ་རྣམས་ལ ་གནས་པར་མི་བྱ་ཇི་སྲིད་བདག་གོས་ནི།། ལྷ་མོ་མཐོང་གྱུར་དེ་སྲིད་མཉམ་དང་བསམ་དང་འདུས་པར་འགྲོ། དེ་བཞིན་ཚོང་དང་དམག་དང་ལས་ཀྱི་མཐའ་རྣམས་སྤང་བར་བྱ།། ཡང་དག་གདམས་ངག་བདག་གིས་ལྷ་མོ་མཆོག་ལས་བླང ་བར་བྱས་གཞན་གྱིས་ཉེར་བསྟན་མུན་པའི་མངའ་འདྲས་བདག་ལ་ཅི་ཞིག་དགོས།། ཇི་སྲིད་ལྷ་མོ་མཐོང་བར་མ་གྱུར་ཇི་སྲིད་གནས་འདི་ནུས།། འགྲོ་བར་མི་བྱ་དེ་ཕྱིར་འདི་ལ་ལྷ་རྣམས་མཁྱེན་པར་མཛོད།། དེ་ནས་སྔགས་གཡོག་དང ་ནི་སྒྲུབ་པའི་གྲོགས་མཆོག་བློ་ཅན་གཉིས།། སྔགས་པས་བྲོས་ཏེ་འོད་འདྲའི་བསྒོ་བ་གསལ་བར་བརྗོད་པར་བྱ།། བདག་གི་འདོད་པ་ཡོངས་སུ་མ་རྫོགས་བར་དུ་གནས་འདི་ལས།། འགྲོ་བར་མི་བྱ་ལྷ་རྣམས་དཔང་བཙུགས་ཁྱོད ་ཀྱིས་འདི་ཤེས་བྱོས།། དེ་སྲིང་བདུག་གཱི་ཡིད་དང་མཐུན་པའི་བྱ་བ་ཁྱེད་ཀྱིས་བྱོས།། དངོས་གྲུབ་ཆ་ལས་ཁྱེད་ལ་འགེད་འགྱུར་འདི་ལ་ཐེ་ཚོམ་མེད།། དེ་གཉིས་ཀྱིས་ནི་ཐལ་མོ་སྦྱར་བསྡེ་ལེགས་པར་སྨྲས་པ་གཟུང་།། ལྷ་རྣམས ་དབང་དུ་གནས་པོས་བདག་ཅག་ཁྱོད་ཀྱིས་འདོད་བཞིན་བགྱིང་།། དངོས་གྲུབ་ཆེ་ལ་བདག་ཅག་དྲན་པར་མཛོ་ད་ལ་སྤང་མི་བྱ།། དེ་སྐད་བརྗོད་དེ་ཇི་ལྟར་འདོད་པས་རང་གི་བྱ་བ་བརྩ་མོ།། འདི་ནི་སྒྲུབ་པ་པོ་དང་གཡོག་དང་དམ་བཅའ ་བ་ཡི་རབ་ཏུ་དབྱེ་བའོ།། དེ་ན་སྔགས་པས་སྟན་བདེ་ཉིད་ལ་འདུག་བཞིན་རབ་རྒྱས་པའི།། གཏོར་མ་མདུན་དུ་གཞག་ཏེ་དེ་བཞིན་མཆོད་པ་རྣམས་ཀྱང་ངོ་།། དེ་ནས་རང་སྙིང་པཾ་བསྐྱེད་པདྨའི་དབུས་སུ་ཟླ ་འདྲ་བའི།། ཡི་གེ་ཨོཾ་ལས་བྱུང་བའི་ཟླ་བ་རྣམས་བསམ་དེ་སྟེང་དུ།། གསལ་བྱའི་བཅུ་དྲུག་པ་ཉིད་དབྱངས་ཀྱི་ཡི་གེ་གཉིས་པས་བརྒྱན།། ཟླ་བའི་དུམ་བུའི་སྟེང་ན་མཁའ་མནན་ཅིང་མདོག་ལྗང་གུ། སྟོང་ཕྲག་དུ་མོའི་སྣང་བ་ལྡན ་བསམ་དེ་ལས་བྱུང་བའི་འོད།། མཚོན་ཆའི་དབྱིབས་ཅན་འཕྲོས་པས་བླ་མ་དང་ནི་རྒྱལ་སྲས་བཅསཽ།། སྒྲོལ་མ་བཀུག་སྟེ་མདུན་བཞུགས་དེ་དག་མཆོད་པ་གཉིས་ཀྱིས་མཆོད།། ཡན་ལག་བདུན་ལྡན་བྱ་བས་བསྒྲུབས་ནས་སླར ་ཡང་གཤེགས་པར་བྱ།། དེ་མཐར་ཆོས་ཀུན་སྟོང་ཞིང་བདག་མེད་ལྟ་བས་གསང་སྔགས་ནི།། ཐེག་ཆེན་མངོན་པར་རྟོགས་བྱེད་ལན་གསུམ་པར་དུ་བཟླ་བར་བྱ།། སླར་ཡང་མཁའ་ལ་ས་བོན་མཆོག་བསམ་དེ་ལས་བྱུང་བའི་འོད།། ་སྒྲོལ་མར་གྱུར་པས་འགྲོ་རྣམས་དག་བྱས་སླར་འདུས་ཞུགས་པ་ཡི།། ཡི་གེ་ཡོངས་གྱུར་ཨུཏྤལ་ལྗང་གུ་སྙིང་པོས་ས་བོན་ལྡན།། སྐད་ཅིག་ཉིད་གྱུར་ས་བོན་ལས་བྱུང་ལྷ་མོ་མ་ལུས་བསྡུས།། རང་གི་གཱན་སུ་ཐིམ་གྱུར་དེ ་ལེགས་བྱུང་ལྷ་མོ་ནི།། ཞལ་གཅིག་ཕྱག་གཉིས་སྐུ་མདོག་ལྗང་གུ་སྤྱན་སངས་རྒྱན་ཀུན་འཛིན།། ཕྱག་གཡས་མཆོག་སྦྱིན་གཡོན་པས་ཡུ་བ་དང་བཅས་ཨུཏྤལ་འཛིན།། བཅུ་དྲུག་ལོ་ལོ་ནི་རབ་སྒེག་གཟི་ལྡན་པདྨ་ཟླ་བའི ་གདན།། ཅུང་ཟད་འཛུམ་བཅས་སྒྲུབ་པ་པོ་ལ་མངོན་དགྱེས་ཐུགས་རྗེ་ཅན།། མ་ལུས་བུད་མེད་རྒྱན་དང་ཆ་ལུགས་འཛིན་པ་འདི་འདྲ་བསམ།། སླར་ཡང་ས་བོན་ལས་བྱུང་ཡེ་ཤེས་ལྷ་མོ་སྤྱན་དྲངས་ཏེ། འཆད་འགྱུར་ཕྱག་རྒྱའི་སྟེང ་གནས་ཟླ་བའི་ས་བོན་ལས་བྱུང་བའི།། མཆོད་པས་ལེགས་མཆོད་མཚང་མན་ངག་ཇི་བཞིན་རང་ལ་བསྟིམ་པར་བྱ།། སྐུ་གསུང་ཐུགས་ལ་གནས་པའི་ལྷ་རྣམས་བྱིན་གྱིས་བརླབ།། དེ་བཞིན་བློ་ལྡན་བུ་ཡིས་གྱུར་པས ་དབང་བསྐུར་དོན་གཉེར་བྱ།། རྩོད་པ་མི་མངའ་དམ་ཚིག་རྡོ་རྗེ་སྤྱི་བོར་བྱུང་།། དེ་ལྟར་ཚེ་གས་ལེགས་བསྒྲུབས་རུང་པདྨ་ཟླ་བ་ལ།། རྣམ་བཞུགས་ལྷ་མོའི་ཐུགས་ཀར་སེན་ཟླུམ་མཉམ་པའི་ཟླ་བ་ནི།། རྗེས་མཐུན་པདྨ་ལཾ་གནས ་ལྷ་ཉིད་མཐེ་བོང་ཚོན་དང་ཚུངས།། ཟླ་སྟེང་བཅུ་ཡི་གེས་ཡོངས་བསྐོར་དབུས་ནི་སྔར་བཤད་ཉིད།། ལྗང་གུའི་འོད་ཟེར་དང་བཅུ་སྟི་མགོ་རྣམས་གྱེན་ཕྱོགས་གུསལ་བསམས་ཏེ།། དབུས་མ་དང་མི་བཅུ་པོའི་བདག་ཉིད་འོང ་ཟེར་དང་བཅས་བྱུང་།། སྙིང་ག་ནས་བྱུང་ཕྱུང་ཕྱི་རོལ་ལྷ་མོ་ཉིད་གྱུར་འགྲོ་རྣམས་ཀྱི།། སྡུག་བསྔལ་ཞི་བྱས་མཐུན་གྱུར་སྒོ་དེ་ཉིད་ནས་བསྡུ་བ་བྱ།། འདི་ནི་སྤྲོ་བསྡུའི་ཏིང་འཛིན་ཉོན་མོངས་གཡུལ་ལས་རྒྱལ་བྱེད་པའོ།། ་དེ་འདྲ་ཏིང་འཛིན་མང་དུ་བྱས་པས་སྔགས་པའི་ཡིད་སྐྱོ་ན།། སྙིང་གའི་རྣམ་འཕྲུལ་ལ་དམིགས་གཞན་སེམས་རབ་ཏུ་སྤངས་ནས་ནི།། དང་པོར་རྣམ་པར་སྣང་མཛད་དེ་རྗེས་གསལ་བྱའི་བཅུ་དྲུག་པ།། འོག་ཏུ་དབྱངས ་ཡི་གེ་གཉིས་པས་ལེགས་པར་བསྟེན་པ་སྟེ།། དེ་རྗེས་ཉི་མའི་སྟེང་དུ་ཨེ་ཡིས་མཚན་ཅིང་གནས་པའོ།། དེ་ནས་གསལ་བྱའི་བཅུ་དྲུག་པ་ཉིད་ཨུ་ཡིས་བཅིངས་པ་ལ།། ཕྱེད་ཆའི་རྟ་ཡིས་མ་བསྟེན་པའོ ་དེ་རྗེས་སྔར་བཞིན་ལས།། སླར་ཡང་བཅུ་དྲུག་པ་ནི་ཨུས་བཅིངས་མ་བུཾ་ཨེ་དང་ལྡན།། སླར་ཡང་ཨུཥྨའི་གསུམ་མཐར་གནས་པའི་གཉིས་པར་ལྡན།། དེ་ཉིད་དབྱངས་ཡིག་གཉིས་པས་བརྒྱན་བྱོས་རྗེ་སུ་ཨུཥྨཱ་ཡི།། བཞི་པ་པ ་རོ་གཉིས་པས་སྒྲས་བྱས་འདི་འདྲིའི་གསང་སྔགས་ནི།། ཤིན་ཏུ་གསལ་མིན་དེ་བཞིན་མ་ཡིན་སྒྲ་ཆེ་དང་།། ཤིན་ཏུ་ཆུང་མིན་སེམས་གཞན་རྣམ་པར་གཡེངས་པ་སྤངས་པ་ཡིས།། བརྒྱ་རྩ་བརྒྱད་ལས་ལྷག་པ་འམ་དེ ་བཞིན་ནོར་བུར་གཟུང་སྟེ་བཟླས།། གང་ཚེ་དེ་ཡིས་བཟླས་པས་སྐྱོན་ས་བོན་ལས་བྱུང་བའི།། འོད་ཟེར་ཚོགས་ཀྱིས་འགྲོ་རྣམས་བཀུག་ཏེ་མན་ངག་ཇི་ལྟ་བར།། སྔགས་འདིས་འབྱུང་པོ་རྣམས་ལ་གཏོར་མ་སྦྱིན་བྱ་ཕྱག་རྒྱ་ནི ་ལག་གཉིས་ཐལ་སྦྱར་མཛུབ་མོ་དུལ་གྱིས་གུང་མི་འཁྱུད་བྱོས་ཏེ།། མཐེ་བོང་གཉིས་ཀྱིས་སྙིང་པོར་བྱས་པ་འདི་ཡིས་གསང་སྔགས་མཆོག། བཟླས་དང་གཏོར་མ་སྦྱིན་དང་བསྟིམ་སོགས་ཕལ་ཆེར་སྦྱར་བར་བྱ།། ཨོཾ་ཨ ་རོ་མུ་ཁཾ་སརྦྦ་དྷརྨཱ་ཎཱཾ་ཨཱ~ཾདྱ་ནུཏྤནྡོ་ཏྲོཏ་ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། གཏོར་མ་ཕུལ་ནས་ཡི་གེ་བརྒྱ་པ་ལན་གསུཾ་བརྗོད་ན་ནི།། བཟོད་པར་གསོལ་ཞིང་ཡོངས་བསྔོ་མངོན་འདོད་དངོས་གྲུབ་གསོལ་བཏབ་ནས།། དེ་ཉིད་གསུམ་མཐར་མུཿ ་ཡིས་བསྐུལ་བས་ལྷ་རྣམས་བཞུད་པར་བྱ།། དེ་ནུས་ཡེ་ཤེས་སེམས་དཔའ་མདུམ་དུ་རབ་གསལ་ལེགས་མཆོད་ནས།། ཡི་གེ་བརྒྱ་པ་རང་གི་ཕྱག་རྒྱ་འཛིན་པས་ལེགས་བཟླས་ཏེ། བཟོད་མཛོད་བདག་བློ་འཁྲུལ་བསྭ་ཏིང ་འཛིན་མཆོག་ལས་ཉམས་པ་དང་། མཆོད་དང་གཏོར་མ་དམན་ཞིང་སྔགས་དང་ཕྱག་རྒྱ་འཁྲུལ་པ་དང་།། བརྩོན་པ་དམན་ཞིང་སེམས་ནི་དམ་པ་མ་ལགསོ་གང་སྐྱེས་པ།། ཐམས་ཅད་ཁྱེད་ཀྱིས་བཟོད་མཛོད་གྲུབ་པར་བྱིན་གྱིས་བཅུ ་དུ་གསོལ།། དེ་བཞིན་ཁྱོད་འདྲར་བདག་གྱུར་འགྲོ་རྣམས་སྲིད་མཚོ་ལས་སྒྲོལ་ཤོག། མྱུར་དུ་ཁྱོད་ཀྱིས་བདག་ལ་བྱམས་པའི་ཞལ་བཟང་བསྟན་དུ་གསོལ།། བདག་ལ་མྱུར་དུ་ཐུགས་མཆོག་རབ་ཏུ་བརྩེ་བར་མཛད་པའི་རིགས།། ་ཐུགས་རྗེའི་ལྷ་མོ་ཁྱོད་ཀྱིས་བདག་ལ་མྱུར་དུ་དབང་བསྐུར་དང་། དམ་པའི་གདམས་ངག་བསྟོན་པས་ཡང་དག་ལམ་བསྟན་རིགས་པ་ཉིད།། དེ་རྗེས་མཆོད་དང་བསྟོང་པའི་དམ་པ་རབ་ཏུ་གུས་པས་གདོན།། དེ་ནས་རང་སྔགས ་སྭཱཧཱ་གནས་སུ་མུཿསྦྱར་བ་ཡིས་གཤེགས།། བདགྲོ་ཉིད་ལྷ་མོའི་ང་རྒྱལ་ལྡན་པས་ཅི་བདེར་གནས་པར་བྱ།། འདི་འདྲ་ཐུན་མཚམས་བཞིར་ནི་རབ་མཉམ་གཞག་པའི་སྔགས་པ་ཡིས།། ཉིན་ཅིག་བཞིན་དུ་འབད་བླ ་བསམས་ན་དོ་ཡས་ངེས་པར་ནི།། ཟླ་དྲུག་དེ་བཞིན་ལོ་གཅིག་ཉིད་དང་གསུམ་གྱི་ནང་དུ་ནི།། ལྷ་མོ་མཐོ་འི་གྱུར་འདི་ལ་ཐེ་ཚོམ་མི་བྱ་གཞན་དུ་ན།། ཆོ་ག་ཉམས་པས་བསྐལ་བ་སྐར་མ་མཉམ་པས་མཐོང་མོ་འགྱུར། ་འདི་ནི་སྒྲུབ་པའི་ཐབས་ཀྱིས་རྣམ་པར་དབྱེ་བའོ།། །། ཤིན་ཏུ་ཁྲོ་བར་འདོད་ཅིང་འདོད་ཆགས་ཆེ་དང་ལྷག་པར་ནི།། གཉིད་འབྱུང་བ་དང་དེ་བཞིན་རབ་ཏུ་མི་དགའ་ངུ་བར་འདོད།། བསམ་གཏན་ཁ ་པ་སྤངས་ཏེ་གཞན་དུ་འགྲོ་བར་འདོད་པ་དང་།། བསམ་གཏན་གནས་སུཾ་མི་བཟང་སྒྲ་འབྱུང་དེ་བཞིན་སྒོ་དག་ལས།། འཇིགས་པའི་སྒྲ་འབྱུང་ཆོ་ངེས་འདེབས་པའི་སྒྲ་དག་ཐོས་པ་དང་།། ནང་ན་གནས་པའི་མང་ནས་ཕྱིས་ཕྱིར ་འབོད་པ་དང་ནི་རྒོང་།། སྐྱུགས་པ་དང་ནི་གླུ་ལེན་སྒྲ་དྲང་སཾ་གོལ་དབ་ཅིང་འཁུན།། ཤིན་ཏུ་མི་བཟང་དྲི་ཞིམ་པའི་དང་ལྡང་སྐྱི་བུང་ཞེས།། འཇིགས་དང་གཟུགས་མི་སྡུག་པ་མཐོང་དང་བརྡེག་དང་འཕུལ་བར་བྱེད།། རྟག་ཏུ་རྨིལ་མོ་སྡུག ་བསྔལ་མཐོང་དང་འདྲེ་ཡིས་གནོན་པ་དང་།། ཤིན་ཏུ་དགའ་ཞིང་མཁའ་ལ་འཕུར་སྙམ་བྱེད་དང་རྒྱུ་མང་རྒོད།། གློ་བུར་དུ་རྣོ་གཞན་གྱི་སེམས་ཤེས་འདྲ་སྨྲ་རྣ་བས་ཐོས།། འཇིགས་པར་བྱེད་པའ་འོང་ཟོར་ཁང་པར་རབ་ཏུ་འབྱུང ་བ་དང་།། དམན་པའི་མན་ངག་སྟོན་པའི་རང་ལྷའི་གཟུགས་ནི་མཐོང་བ་དང་།། མངོན་དུ་སྟོང་ནས་ཤིན་ཏུ་གནོན་ཅིང་མཐོང་བར་བྱེད་པ་སྟེ།། མདོར་ན་གང་གིས་བཟླས་དང་བསམ་གཏན་ངག་གིས་བར་ཆད་བྱེད།། དེ་བཞོན་བློ ་ནི་ལྔ་ལས་ཉམས་པར་བྱེད་པ་དེ་ནི་བགེགས།། ཡིན་ཕྱིར་བླ་མའི་མན་ངག་ཁོ་ནས་བཟློག་པར་བྱ་བ་སྟེ།། བླ་མའི་མན་ངག་མེད་པར་བསྒྲུབ་ལ་བརྩོན་པ་དེ་ནི་འདིར།། སྲོག་དང་དངོས་གྲུ་གཉི་ག་གདོན་ཆེན་རྣམས་ཀྱི་འཕྲོག ་པཱར་འགྱུར།། བླ་མའི་མན་ངག་ཅན་ལ་བགེགས་རྣམས་འབྱུང་བར་མི་འགྱུར་ཞིང་།། འབྱུང་ཡང་བློ་ཅན་དེ་ནི་ཟློག་པར་བྱ་བ་ཚོགས་དང་བྲལ།། འདི་ནི་བགེགས་ཀྱིས་མཚན་མ་དང་དེ་རབ་ཏུ་བཟློག་པའི་རབ་ཏུ་དབྱེ་བའོ།། ། ་ཤིན་ཏུ་དྲི་ཞིམ་དང་ལྡན་ཡིད་ནི་ངགེ་ལྔ་མངོན་དགའ་དང་།། ལུས་ནི་རབ་ཡུང་གཉིད་ནོ་མྱོ་འགྱུར་ཁམས་རྣམས་སྙོམས་པ་དང་།། ཤིན་ཏུ་སྒྲ་སྙམ་པ་དང་རོལ་མོའི་སྒྲ་རྣམས་གྲག་པ་དང་།། མེ་ཏོག་ཆར་འོབབ་ཏིལ་མར་བྲལ ་བར་མར་མཱ་འབར་བ་དང་།། རྨི་ལམ་ན་ནི་འཕགས་རྣམས་མཐོང་དང་དགེ་སློང་བྲམ་ཟེ་མཐོང་།། རྟག་ཏུ་དགེ་བའི་རྨི་ལམ་མཐོང་དང་ཆགས་དང་ཁྲོ་དང་བྲལ།། ཡིད་ནི་དགའ་བར་བྱེད་པའི་འོད་ཆེན་ཁང་པར་འབྱུང་བ་སྟེ། ་མདོར་ན་ཡིད་ནི་གང་ཞིང་ལྔ་ལས་དགའ་གྱུར་བཟླས་པ་དང་།། སྒོམ་པ་དག་ལ་རབ་ཏུ་མི་སྤྱོད་འདྲར་ནི་མཚན་མ་བཟང་།། འདི་ནི་བཟླས་དང་བསྒོམ་པ་ཇི་ཙམ་གསལ་བ་དེ་ཉིད་མཆོག། འདི་ནི་མཚན་མ་བཟང་པོའི་རབ་ཏུ ་དབྱེ་བའོ།། སྨན་མཆོག་བཟའ་མ་ལེགས་པ་ངེས་པར་དུག་ཏུ་འགྱུར་བྱ་ལྟར།། དངོས་གྲུབ་ལེན་མི་མཁས་པ་རྣམས་ཀྱིས་དངོས་གྲུབ་ཕྱིར་ཕྱོགས་པ་འམ།། ཡང་ན་སྲོག་གི་བར་ཆད་དག་ཏུའང་འགྱུར་བུས་དེ་ཡི་ཕྱིར།། མ ་བས་དངོས་གྲུབ་བླང་བ་འཁྲུལ་པ་མེད་པར་ཤེས་པར་བྱ།། རྒྱ་མཚོར་རིན་ཆེན་ལེན་པ་རྣམས་ལ་འཚེ་བ་རྣམས་མང་འབྱུང་།། དེ་བཞིནི་དངོས་གྲུབ་རིམ་ཆེན་ལེན་པ་རྣམས་ལ་འཕྲོག་པ་མང་།། འདི་ནི་གདོན་ཚོན་དངོས ་གྲུབ་འཕྲོག་བརྩོན་རབ་ཏུ་མང་པོ་སྟེ།། དངོས་གྲུབ་རྣམས་ནི་གྲུབ་པ་པས་ཀྱང་བསྲུང་བ་རབ་ཏུ་དགའ།། དེ་བས་བློ་ལྡན་འཇིགས་པ་མ་ལུས་རིང་དུ་སྤངས་པ་ཡིས།། མི་བཟང་མཚན་མངན་པ་ཐམས་ཅད ་རབ་ཏུ་གཅིག་པར་བྱ།། འཇིགས་པར་མི་བྱ་ཁྲོ་དང་ཆགས་པ་རྣམ་པར་སྤང་བར་བྱ།། མཚན་བཟང་རྣམས་ཀྱང་སྒྱུ་མ་འདྲ་བར་བལྟ་བྱ་རབ་རིབ་བཞིན།། མཚན་པའི་ཀླུང་གོས་ངེས་པར་མི་གཡོ་མཉམ་པར་གཞག་པར་བྱ།། དེ་ཚེ ་ས་ལ་ལྷ་མོ་ཡང་དག་ཞལ་སྟོན་འགྱུར་བ་སྟེ།། ཐུན་མོང་མ་ཡིན་བདེ་བ་འབྱུང་འགྱུར་གུས་པས་མཆོད་ཅིང་པོ་སྟོང་།། འདོད་པའི་དངོས་གྲུབ་གསོལ་གདབ་ཡང་དག་གང་མས་ངག་དོན་དུ་འགྱུར།། ཇི་སྲིད་གསུང་བ་མི་མངའ ་འབད་པས་རབ་ཏུ་བསྒྲུབ་པར་བྱ།། གང་ཚེ་གསུང་བ་མངའ་བ་འབད་པས་རབ་ཏུ་བསྒྲུབ་པར་བྱ།། གང་ཚེ་གསུང་བ་མངའ་བ་དེ་ཚེ་གཞན་ལ་ལྟོས་དང་བྲལ།། དེ་ནི་ལྷ་མོའི་སྲས་ཡིན་བསམ་གྱིས་མི་ཁྱབ་དབང་དང་ལྡན།། རྒྱལ ་བའི་སྲེས་པོ་སྒྲིབ་པ་ཀུན་ཏུ་དང་བྲལ་བ་དཔལ་ལྡན་ཡིན།། དེ་ཡིས་དངོས་གྲུབ་དྲང་ནི་མཚོན་མ་གཉིས་ཀ་ཇི་སྲིད་དུ།། ། གནང་བར་མ་གྱུར་དེ་སྲོང་གཞན་ལྷ་ཟུར་ཙམ་སྨྲ་མི་བྱ།། སྐད་ཅིག་དེ་ཉིད་ལ་ནི་དངོས་གྲུབ་རིང་འགྱུར། ་དྲན་པར་བྱ།། གྲུབ་པར་གྱུར་ནས་སྡིགས་གཡོག་དང་ནི་སྒྲུབ་པའི་གྲོགས་ལ།། དངོས་གྲུབ་ཆ་ལ་སེར་སྣ་བྲལ་བསེ་སྦྱིན་པས་ཕན་གང་གིས་བྱ།། ཕ་མ་དང་ནི་བླ་མ་ལ་ཡིད་དེ་ངོས་གྲུབ་རྫས་ངག་ལས།། ཆོས་མཆོག་སྐལ ་བ་བགོས་པར་རྒྱུད་རྣམས་ལས་ནི་རྣམ་པར་བཤད་།། མདོར་ན་དངོས་གྲུབ་དག་ནི་ཇི་ལྟར་བགོ་བ་བློ་ལྡན་གྱིས།། རྒྱུད་རྣམས་ཉིད་ལས་ཇི་ལྟར་བཤད་པའི་རྗེས་འབྲངས་ཤེས་པར་བྱ།། འདི་ནི་དངོས་གྲུབ་བླང་བ་དང་། བགོ་བའི ་རབ་ཏུ་དབྱེ་བའོ།། གང་དག་དཀྱིལ་འཁོར་མཆོག་ཏུ་དབང་བསྐུརརྱ་མ་ཐོབ་སྐྱེ་བ་དང་།། སྦོམ་དང་དམ་ཚིག་མི་སྲུང་བླ་མའི་བཀའ་ལས་འདས་པ་དང་།། བླ་མ་ལ་ནི་མི་གུས་ཡིད་ཀྱི་སོ་བླ་མ་ལ་ནི་འཕྱ།། ། དེ་བཞིན་སྔོན་དུ་བླ་མ ་དག་ཡ་གུས་ཤིང་ལྐོག་ན་སྨོད།། བློ་ནི་ཐེ་ཚོམ་དྲི་བས་ཁྱབ་ཅིང་བརྩོན་འགྲུས་ཞན་པ་དང་།། བློ་གྲོས་མི་བརྟན་ཉིན་གཅིག་བཞིན་དུ་ལྷ་རྣམས་གཞན་འཛིན་དང་།། སྡང་ཞིང་བུད་མེད་བསྙེན་བཀུར་བདོག་གིར་བྱེད་དང་དེ་བཞིན་དུ ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་མ་བྱས་གཉིས་ལ་དགའ་བ་དང་།། ཤིན་ཏུ་བླུན་ཞིང་ཆགས་དང་སྡང་བ་དྲག་ལྡན་དེ་བཞིན་དུ།། སྡུག་བསྔལ་དག་ལ་བཟོད་པ་བསྐྱེད་པར་མི་ནུས་སེམས་སྟོབས་ཆུང་།། ཅུང་ཟད་སློང་ཚིག ་ཐོས་མ་རབ་ཏུ་མི་དགྲའ་དེ་བཞིན་དུ།། ཅུང་ཟད་བསྟོད་པས་རབ་དགའ་རྙེད་པ་ལ་ནི་བརྐམ་པ་དང་།། ཅུང་ཟད་སྔགས་ཀྱིས་མཐུ་སྙེམས་རྨ་ལམ་ཙམ་གྱིས་དྲེགུས་པ་དང་།། གླེགས་བམ་འཛིན་ཅིང་མན་ངག་ཡོད་ཅེས་མི་རྣམས་ལ ་སྨྲ་དང་།། ཕྲག་དག་དྲི་མས་སྦགས་ཤིང་མན་ངག་མེད་པ་ལ་སེར་སྣས་བཅིངས།། སྟོང་ཉིད་སྟོན་པའི་ཆོས་ལ་སྡང་ཞིང་དངོས་པོར་འཛིན་ལ་དམ།། ཉན་ཐོས་སྤྱོད་པ་ལ་ནོ་མངོན་ཞེན་སྔགས་ཚུལ་སུན་པར་བྱེད།། བདག་གི་ཕྱོགས ་ལ་མངོན་ཞེན་གཞན་ཕྱོགས་དགུ་ལ་རྣམ་པར་ལྡག།། སྦྲུལསགས་ཞོན་ཞིང་ལྕག་གིས་གསུང་གློ་རྡེབས་བྱེད།། ཆང་འཐུང་བ་དང་འཇིག་རྟེན་གཏམ་ལ་དགའ་ཞིང་ཟས་པ་བནས།། འདུས་པར་འགྲོ ་དང་དམག་དང་འཐབ་མོའི་བྱ་བ་རྣམས་ལ་དགའ།། རྒྱལ་པོའི་ཕོ་བྲང་འཁོར་དུ་ཁ་འཛིན་ཕྲ་མས་འཆས་བྱེད།། རང་གིས་དཔྱད་པས་སྔགསོ་ཚུལ་ཟབ་མོ་རྣམས་ལ་སྡེབས་སྦྱོར་བྱེད།། བླ་མའི་ལུང་ཐོབ་མེད་པར་སྔགས་རྣམས་འམ ་པར་ཀུན་དུ་རྩོམ།། བསྙེན་པོ་ཀུན་དམན་ཞིང་བླ་མ་རྣམས་ལ་མྱུར་དུ་མན་ངག་འདོང་།། འདི་འདྲ་རི་མ་ཡས་གདོ་གའི་བྱེ་མ་མཉམ་པར་རབ་བསྒྲུབས་ཀྱང་།། དངོས་གྲུབ་མི་འབྱུང་དེ་དོག་ཕུང་པོ་རྣམ་པར་ཉམས་པར་འགྱུར།། འདི་ནི ་སྒྲུབ་པ་པོ་ཡི་སྐྱོན་གྱི་རབ་ཏུ་དབྱེ་བའོ།། གང་གིས་སྔར་བཤིང་སྐྱོན་སྤངས་དེ་ནི་དངོས་གྲུབ་སྣང་ཡིན་ཏེ།། དེ་ལ་བློ་མས་མན་ངག་མ་ལུས་སྦྱིན་པས་ཕན་གདགས་བྱ།། དེས་ནི་དངོས་གྲུབ་མ་ལུས་མྱུར་དུ་འགྲུབ་པར་འགྱུར ་བའོསདེ་ནི་ཤློ་ནྡ་རྒྱལ་བའི་མྱུ་གུ་རིག་འཛིན་རྣམས་ཀྱི་གྲོགས།། འཁོར་བར་གནས་ཀྱང་པདྨ་བཞིན་དུ་དྲི་མས་ཉམས་མི་འགྱུར།། འདི་ནི་དངོས་གྲུབ་སྣོད་ཀྱི་རབ་ཏུ་དབྱེ་བ་ཡི།། གང་ཚེ་སྒྲོལ་མོའི་རྣལ་འབྱོར་པ་ནི་ན ་བར་གྱུར་པ་ནི། ཕྱི་ནང་འཆི་བིའི་མཚན་མ་ངག་ནི་ལེགས་པར་བརྟག་པར་བྱ།། འཆི་བའི་མཚན་མ་བྱུང་གྱུར་སྒྲོལ་འབྱུང་ལས་གསུངས་པ་ཡི།། ཕྱི་ནང་སྒྲིབས་འཆི་བདག་སྲུང་ཕྱིར་རབ་ཏུ་བརྩོན་པར་བྱ།། འཆི་བའི་མཚས ་མཱ་སྣང་ཡིན་དེ་ཚེ་སྨན་མཆོག་དག་ལ་ནི།། རྩ་བའི་གསང་སྔགས་ནང་ཞི་བ་དང་སྤེལ་བ་བཏབ་ནས་ནི།། བཟའ་དང་ལུས་བྱུག་བྱ་ཞིང་ལྷ་མོ་སྐུ་མདོག་རྣམ་དཀར་བས།། བདུད་རྩིས་ཡོངས་བཀང་རིན་ཆེན་བུམ་པས་སྤྱི་བོར་དབང་བསྐུར་བྷ ་ཤིན་ཏུ་བདེ་བས་ལུས་ཁྱབ་ནང་རྣམས་རབ་ཏུ་ཞི་བར་བསམ།། སྨན་པའི་སྤྱད་རྣམས་སྦྱང་བར་མི་བྱའོན་ཀྱང་སྔགས་མཆོད་དང་།། དབང་སྒྱུར་བ་ནི་ནང་རྣམས་རབ་ཏུ་ཞི་བར་བྱེད་པའི་མཆོག། འདི་ནི་འཆི་བའི་དུས་ལས་སླུ་བུཾ་དང ་ནད་གསོ་བའི་རྣམ་པར་དབྱེ་བའོ།། །། དེ་ནས་སྦྱིན་སྲེག་ཚོགས་ཞི་དང་རྒྱས་དང་དབང་དང་ནོ།། གསིང་དང་དགུག་པར་འདོད་ན་རྩ་བའི་རྒྱུད་ལས་གསུངས་པ་ཡི།། ཆོ་གས་སྦྱིན་སྲེག་རབ་ཏུ་བརྩམ་བྱ་འདི་ནི་རྟོག ་པར་སླ།། ཆར་བཅད་པ་དྲང་དབབ་དང་དེ་བཞིན་འཚོ་བ་ཐམས་ཅད་ནི།། ཞི་བར་བྱ་བ་རྩ་བའི་རྒྱུད་ལས་གསུངས་པ་སྔགས་པས་དཔྱད།། འདི་ནི་ལས་ཐམས་ཅད་རབ་ཏུ་དབྱེ་བའི་རྣམ་པར་དབྱེ་བའོ།། །། དེ་ལྟར་སྒྲོལ ་མ་ལ་གུས་རྣལ་འབྱོར་པའོ།། བསྒོམ་པའི་ཆོ་ག་རྣམ་བྱརྱ་རྒྱས་བཤད་པས།། འགྲོ་རྣམས་སྲིང་མཚོ་ལས་བརྒ་ལ་སྒྲོལ་མ་ཡི།། གོ་འཕང་ལ་ནི་མྱུར་དུ་གནས་པར་ཤོག། འཕགས་མ་ལྷོ་མོ་སྒྲོལ་མ་བསྒོམ་པའི་ཆ ་ག་རྒྱས་པ་སློབ་དཔོན་ཆེན་པོ་མར་མེ་མཛད་བཟང་པོའི་ཞལ་སྔ་ནས་མཛད་པ་རྫོགསོ།། ། རྒྱ་གར་གྱི་མཁན་པོ་དུལ་བའི་ལྷ་དང་།། བོད་ཀྱི་ལོཙྪ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས ་ཏེ་གཏན་ལ་ཕབ་པའོ།། །། བཅོམ་ལྡན་འདས་མ་སྒྲོལ་མ་ལ་ཕྱག་འཚལོ།། རྣལ་འབྱོར་པའི་དབང་ཕྱུག་བསམ་གཏན་གྱི་ཁང་པར་ཞུགས་ཏེ།། སྟན་བ་བྱ་ལ་འདུག་ཅིང་།། སྙིང་རྗེས་ཆེན་པོ ་འགྲོ་བ་ཐམས་ཅད་གདོན་པར་བྱའོ་ཞེས་དམ་བཅས་ནས།། ལྷ་མོ་སྒྲོལ་མ་བསྒོམ་པར་བྱའོ།། དེ་ཡང་རིམ་པ་འདི་ལྟར་བྱོ་སྟེ།། རྣལ་འབྱོར་པ་རང་གི་སྙིང་གར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཏྲཱཾ་བསམ་ལ།། ་དེ་ལས་འོད་ཟེར་ལྕགས་ཀྱུ་འདྲ་བ་སྤྲོས་པས། ལྷ་མོ་དང་རང་གི་བླ་མ་དང་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་མདུན་གྱི་ནམ་མཁའ་ལ་གསལ་བར་བལྟས་ཏེ།། དེ་ལ་ཕྱག་འཚལ་བ་དང་།། སྡིག་པ་བཤགས་པ་དང་། ་གསུམ་ལྔ་སྐྱབས་སུ་འགྲོ་བ་དང་།། དགེ་བའི་རྩ་བི་བསྔོ་བ་དང་།། ལུས་དབུལ་བ་དང་། སྨོན་ལམ་གདབཱ་པ་རྣམས་བྱཱ་སྱཱ་ལ།། དི་ནས་དོན་དམ་པར་བདག་དང་ལྷ་ལ་སོགས་པ་རྙེང་བཞིན་མེད་ཅིང་གདོད་མྱུ་ནས་མཱ་སྐྱེས་པར ་བསམ་ཞིང་།། དེ་བརྟེན་པར་བྱ་བའི་ཕྱིར་ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སཱ་བྷཱ་བ་ཨཱཏྨ་ཀོ་ཧཾ་ཞེས་པས་སྟོང་པ་ཉིད་དུ་བསྒོམ་མོ།། དེ་ནས་པཾ་ལ་སྭ་པདྨེ་འདང་མ་བརྒྱད་པོའི་དབུས་སུ་རང་གི་སེམས་ཉིད་སྟོན་གྱི་སྟོན་ལཱམཱ་གྱི་དབ་གཱི ་ཡི་གེ་ཏཱཾ་ལས་ལྷ་མོ་སྒྲོལ་མོ་བསྐྱེད་པར་བྱ་སྟེ།། དེ་ཡིད་སྐུ་མངག་ལྗང་གུ་ཞལ་གཅིག་ཕྱག་གཉིས་མ་ཕྱག་གཡས་པ་མཆོག་སྦྱིན་གྱི་ཕྱག་རྒྱས་གནས་པ།། གཡོན་པས་ཨུཏྤལ་བསྣམས་པ། དོན་ཡོད་གྲུབ་པའི ་དགུ་རྒྱན་ཅན། སྒྲོལ་ཀྲུང་ཕྱེད་པས་བཞུགས་པ།། ཛ་སྲིད་མཱི་སྐྱེ་བའི་བར་དུ་བསྒོམས་ལ།། སྐྱོ་ན་བཟླས་པ་ལ་འཇུག་པར་བྱའོ།། ཨོཾ་ཏྟཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཏྨ། ཞེས་བྱ་བའི་སྔགས་ཀྱི་ཕྲེང་བ་རང་གིས་སྙིང་ག་ནས་ཕྱུང་སྟེ།། ཡང ་རང་གི་ཞལ་དུ་ཞུགས་ཡང་རང་གི་སྙིང་གནས་འབྱུང་བའི་རིམ་པ།། སྔགས་ཀྱི་ཁ་དོག་དཀུར་པོ་ངལ་བུས་འཁོརལའིཁར་བོར་བསམ་ཞིང་བཟླས་པར་བྱའོ།། བཟླསཱ་པཽས་ཀྱང་སྐྱོན་མཆོད་པ་དང་གཏོར་མ་བཏང་སྟེ་སྨོན་ལམ ་བཏབ་ལ།། ལྷ་མོའི་ང་རྒྱལ་གྱིས་སྤྱོང་ལམ་ཐམས་ཅད་ལ་གནས་པར་བྱའོ།། ཉལ་བའི་ཚེ་སྟོང་པ་ཉིད་དུ་ཞུགས་ཏེ་ཉལ་བར་བྱའོ།། ཡང་ལངས་པོའི་ཚེ་སྐད་ཅིག་ཙམ་གྱིས་ལྡང་བར་བྱའོ།། འཇིགསུ་པ་བརྒྱད་ལས་སྐྱོབ་པ ་སློབ་དཔོན་མཁས་པ་དཔལ་མར་མྲྀ་མཛུད་ཡེ་ཤེས་ཀྱིས་མཛད་པ་ཛྲོ་གས་སོ།། ། རྒྱུ་གར་སྭ་པུཾ་སྭཻརྻཱ་ཏཱར་སྟོཿ། བོད་སྐད་པོ་འཕཌ་མ་སྒྲོལ་མ་ལ་བསྟོད་པ། རྗེ་བཙུན་མ་སྒྲོལེ་མ་ལ་ཕྱག་འཚལོ།། ལྷ་དང་ལྷ་མིན་ཅོད ་བན་གྱིས།། ཞབས་ཀྱི་པདྨ་ལ་བཏུད་དེ།། ཕོངས་པ་ཀུན་ལས་སྒྲོ་ལ་མཛད་ཅིང་།། སྒྲོལ་མ་ལ་ནཱི་ཕྱག་འཚ་ལོ།། རབཾ་འབར་དྲ་བས་ཁྱབ་པ་ཡི།། མནར་མེད་མེ་ཡིས་གདུངས་པ་ལཱ།། ཐུགས་རྗེས་བདུད་རྩིའི་ཆར་འབེབསྣ་མ།། ་སྒྲོལ་མ་ལ་ཡང་ཕྱག་འཚ་ལོ།། འགྲོ་དྲུག་གནསུ་ཡུན་རིངས་སུ།། ཡང་དང་ཡང་དུ་འཁོར་བ་ཡི།། པུ་ལ་དག་ལ་བདེ་ཆེན་གྱི།། བདེ་བ་མཆོག་གི་ངལ་སོ་མཛད།། གཞིན་དོན་མཛད་པོའི་ལྷ་མོ་ཁྱོད།། དྲན་པ་ཙམ་གྱིས ་ཕོངས་སྤེ་ལཱ་མ།། ཐུགས་རྗེ་བརྩེ་ལྡན་ཁྱོད་ཀྱིས་ནི།། སྲིད་བིའི་འཚང་བ་ལས་གྲོལ་མཛད།། དུས་རྣམས་རྟག་ཏུ་སེམས་ཅན་ལ།། བུ་བཞིན་སྒྲོམ་སྣ་བའི་ལྷ་མོ་ཁྱོད།། འགྲོ་བའི་ལོ་ཏོག་ཐཾང ་