CLOSE WINDOW

GT2506: dpal sgrol ma dkar mo'i sgrub thabs
Wyliee-texts produced with BDRC’s OCR application

དུ་བསྒྱུར་བའོ།། ། རྒྱ་གར་སྐད་དུ། ཤྲཱི་སི་ཏཱ་ཏཱ་ར་སཱ་དྷ་ནཾ། བོད་སྐད་དུ། དཔལ་སྒྲོལ་མ་དཀར་མོའི་སྒྲུབ་ཐབས། དཔལ་སྒྲོལ་མ་དཀར་མོ་ལ་ཕྱག་འཚལོ།། འཆི་བའི་སྐྱོན་གྱིས་གོས་མིན་ལ། ཟླ་བ་དྲུག་གི་མཐར་ཐུག ་པརཏྣསྒྲོལ་མའི་ཐུགས་ཀྱི་འཁོར་ལ་ནི།། བསྒྲིམས་བསྒོམས་དངོས་གྲུབ་ཐམས་ཅད་རྙིང་།། ངག་གི་དབང་ཕྱུག་གིས་བྱས་པའི།། འཆི་བ་སྒྲུབ་ཀུན་བསྡུས་པས།། སྒྲོལ་མ་དཀར་མོ་ཕྱུང་འདི་ནི།། བསྒོམས་པས་འཇིགས་པ་སྤོང་བར་བྱེད། ་བྱིཞི་པའི་སྡེ་ཚན་གཉིསྡེ་པཱ་ཨཱ། འོད་ཟེར་རྣམ་འཕྲོ་ན་མཁའ་ནི།། པདྨ་དཀར་དང་ཟླ་གདན་ལ།། བདུན་བལྟས་གསུམ་ལ་སྐྱོབས་འགྲོ་བརྗོད།། ཡུད་ཙམ་སྟོང་པ་ཉིད་བསྒོམས་ནས།། སོ་སོ་སྐྱེ་བོའི་འཁྲུལ་བཅོམ་སྟེ།། རྡོ་རྗེ་སྨོན་ལམ་མཐུ་ཐ~ཾད ་ཀྱིས།། བྱང་ཆུབ་སེམས་ཀྱི་ཡི་གེ་བསྒོམ།། པདྨ་དཀར་པོའི་དབུས་གནས་པ།། ཟླ་བའི་གཟུགས་ཀྱི་གདན་སྟེང་དུ།། རྡོ་རྗེ་སྐྱིལ་ཀྲུང་དང་བཅས་ཤིང་།། འདོད་སྦྱིན་ཨུཏྤལ་འཛིན་པ་མོ།། སྟོན་ཟླའི་འོད་ལྟར་དཀར་བའི་མདོག། རྒྱབ་ཏུ་ཟླ་བ་ཡང་དག་བསྟེན ་རྒྱན་རྣམས་ཐམས་ཅད་ཡོངསུ་རྫོགས།། བཅུ་དྲུག་ལོ་ལོན་སྐུ་མངའ་བའི།། རྫོགས་སངྱས་རྒྱས་རྣམས་དེ་ཡི་སྲས།། ཡུམ་གྱུར་འདོད་པའི་གཟུགས་འཛིན་མ།། དེ་ཡི་སྙིང་དབུས་འཁོར་ལོའི་འོད།། དཀར་མདངས་འཕགས་མ་སྒྲོལ་མ ་བསྒོམ།། བརྒྱད་ཀྱི་རྩིབས་ཅན་བརྒྱད་རྣམས་ཀྱི།། ཡི་གེས་ཡོངས་སུ་གང་བ་ཉིད།། ཨོཾ་ཧ་ཡི་གེའི་དབུས་གནས་པ།། བསྒྲུབ་བྱའི་མིང་ལྡན་ལྟེ་བར་རོ།། ཟླ་བ་དྲུག་ཏུ་ངེས་བརྟན་པར།། མི་བདེ་མེད་པའི་སེམས་ཡིན་པས།། རྩ་གཅིག་སེམས ་ཀྱིས་བསྒོམ་བྱ་ཞིང་།། ཡི་གེ་བཅུ་པའི་སྔགས་འདི་བཟླས།། ཨོཾ་ཡི་གེ་ཐོག་མར་བྱིན་བྱས་ནས།། ཕྱིས་ནི་ཏཱ་རེ་རབ་ཏུ་སྦྱར།། ཏུཏྟ་རེ་འདིས་ཏུ་ར་ཕྱ་སི།། སྭཱ་ཧཱ་མཐའ་ཡིན་ལས་ཀུན་ལའོ།། ཚུངས་དབང་ཁྱབ་འཇུག་ཟླ་ཉི་དང་།། དྲག་པོ་ཕྱོགས ་སྐྱོང་འདོད་པའི་ལྷས།། བ་སྤུའི་རྩེ་ཡང་བསྐྱོད་མི་ནུས།། འཆི་བ་ལས་རྒྱལ་གྲལ་རྣམས་བཞིན།། གཽཉེར་མ་སྐྲ་དཀར་སྐལ་ངན་དངནང་དང་དབུལ་པོ་ཉམས་པར་བྱེད།། སེང་གེ་ལ་སོགས་འཇིགས་ཆེན་བརྒྱད།། སྔག་བསྤུ་ལྀ་ཚོགས ་རྣམས་སེལ་བར་བྱེང་།། བཟའ་དང་བཏུང་བ་གོས་དང་ནི།། ཁང་བཟང་རིན་ཆེན་ལྡན་མི་སློབ།། རལ་གྲི་མིག་སྨན་རྐང་བྱུག་དང་།། བུམ་པ་བཟང་སོགས་དངོས་གྲུབ་འགྱུར།། སྙན་ད་དགས་རྩོད་དང་མི་བརྗོད་དང་།། ཤེས་རབཱ་གཅིག་ཏུ་དྲི་མ་མེད། ་འདོད་པ་གཞན་ཡོང་གྲུབ་བྱེད་པ།། འཁོར་ལོ་འདི་ལས་རབ་ཏུ་འབྱུང་།། སྒྲོལ་མ་དཀར་མོ་བསྒྲུབ་པའི་ཐབས།། འཆི་དང་ནད་རྣམས་འཇོམས་བྱང་པ།། ཕྱུང་བའི་དགེ་བ་གང་ཐོབ་ངེས།། འགྲོ་ཀུན་སྒྲོལ་མའི་བདག་ཉིད་ཤོག། ་སྒྲོལ་མ་དཀར་པོ་འཆི་བ་སླུ་བའི་སྒྲུབ་ཐབས།། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས་མཛད་པ་རྫོགས་སོ།། ། དཔལ་ཆོས་ཀྱི་རྗེ་སའི་སྟེང་ན་འགྲན་ཟླ་དང་བྲལ་བའི་པཎྜི་ཏ་ཆེན་པོ ་ཤཱཀྵ་ཤྲཱི་བྷ་དྲུ་དང་།། སྒྲ་སྦྱར་གྱི་ལོཙྪ་བ་གནུབས་བྱཱམས་པའི་དཔལ་གྱིས་བསྒྱུར་བའོ།། ། རྒྱ་གར་སྐད་དུ། ཎཱ་ར་ཙིནྡྲ་མ་ནི་སཱ་དྷ་ནཱཾ་ནཱ་མ། བོད་སྐད་དུ། སྒྲོལ་མ་ཡོད་བཞིན་ནོར་བུའི་སྒྲུབ་ཐབས་ཞེས་བྱ་བ།། ་