CLOSE WINDOW

GT2505: 'jigs pa brgyad las skyob pa'i sgrol ma'i sgrub thabs
Wyliee-texts produced with BDRC’s OCR application

རྒྱུ་གར་སྐད་དུ། ཨཥྚ་བྷཱ་ཡ་ཏྲ་ཎ་དྷཱ་ར་སཱ་དྷ་ནོ།། བོད་སྐད་དུ། འཇོགས་པ་བརྒྱད་ལས་སྐྱོབ་པའོ་སྒྲོལ་མྱའི་སྒྲུབ་ཐབས། བཅོམ་ལྡན་འདས་སྒྲོལ་མ་ལ་ཕྱག་འཚལ།། དང་པོ་ཁོ་ནན་ཚངས་པའི་གནས་བཞི་བསྐུ ་ནས། སྐྱབསུ་འགྲོ་བ་དང་། བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་། ལམ་ལ་གནས་པར་ཁས་འཆི་བ་དང་། ཡོངསུ་བསྔོ་བ་སྟེ་བསོད་ནམས་ཀྱི་ཚོགས་གུས་གོ།། དེ་ནས་ཆོས་ཐམས་ཅད་བདག་མེད་པར་ལྷག་པར་མོས་ལ། ་ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སུཾ་བྷཱ་བཱ་ཤུདྡྷོ་ཧཾ་དང་། ཨོཾ་ཤཱུ་ནྱཱ་ཏཱ་ཛྙཱ་ནཱ་བཛྲ་སྭ་བྷཱ་བྱ་ཨཱཏྨ་ཀོ་ཧཾ་ཞེས་བརྗོད་པས་སྟོང་པ་ཉིད་དུ་བསྒོམས་པས་ཡེ་ཤེས་ཀྱི་ཚོགས་བསག་གོ།། སྟོང་པ་ཉིད་ཀྱི་ངང་ལས་ན་མཁའི་དབྱིངས་དེ་ཉིད ་དྲུ་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་དབུས་སྨྲ་རླུང་གི་སེམས་ཉིད་ཛྷཻཾ་གྷི་རྣམ་པ་ཡོངས་གྱུར་པ་ལས་བྱུང་བའི་སྒྲོལ་མ་སྐུ་མཇུག་ལྗང་གུ་ཞལ་གཅིག་མ་ཕྱག་བནྡྷ་མཱ།། ཕྱག་གཡས་པ་རྣམས་ཀྱིས་བགྲེང་འཕྲེང་དང་མཆོག ་སྦྱིན་དང་། མི་འཇིགས་པ་སྦྱིན་པ་དང་། རིན་པོ་ཆེ་འཛིན་པ་དང་། གཡོན་པ་རྣམས་ཀྱིས་ཨུཏྤལ་དང་། བུམ་པ་དང་། སྐྱབས་སྦྱིན་གྱི་ཕྱག་རྒྱུ་དང་། བོ་ཏི་འཛིན་པ་རབ་ཏུ་ཞི་ཞིང་ལང་ཚེ་རྒྱས་པའི་ལུས་ཤིན་ཏུ་མཛེས་པ། རིན་པོ་ཆེའི ་རྒྱན་ཐམས་ཅད་ཀྱིས་མངོན་པར་སྤྲས་ཤིང་སྨད་གཡོགས་ཁ་དོག་སྣ་ཚོགས་ཅན་དུ་བསྒོམ་པར་བྱའོ།། དེ་ནས་ཨོཾ་ཨེ་ཧྱེ་ཧི་བྷ་ག་ཝ་ཏི་པྲ་སཱ་དཾ་ད་ཡཾ་ཀུ་རུ། པཱུ་ཛ་གྲྀཧྞ་ཨ་ཏྲ་སིནྡྷུ་ཧི་ཏོ་བྷ་ཝ་ཞེས་པའི་སྔགས་ཀྱིས་བཅོམ ་ལྡན་འདས་མ་སྤྱན་དྲངས་པ་མདུན་ན་གནས་པ་ལ་མངོན་པར་མཛད་དེ། ཨོཾཥྚ་ཀཱ་ཝཱ་ཏྱཱ་སྱཱ་མ་ཡ་ཤཱ་ཪྵ་སདྡྷྱ་རྨྨཱ་མཱུ་ཏཱདྷཱ་ཨ་རྠནྡྲ་ནཱ་མཀྵརྨྨ་སྱཱཏྨ། ཟློས་བྱཱ་ཥྚོ་སྔགས་ཀྱིས་གསོལ་བ ་པས་བདག་ཉིད་ལ་ཉེ་བར་ཞུགས་པས་སྙིང་གར་བདག་ཅི་འདྲ་བར་ཡེ་ཤེས་སེམས་དཔའ་དང་། དེའི་ཡང་ཐུགས་ཀར་ཏཱཾ་གྱི་རྣམ་པའི་ཏིང་ངེ་འཛིན་སེམས་དཔའ་གནས་པཱ་རོ་བལྟ་ཞིང་དེ་ཉིད་ཀྱི་ཚེ་འཛེགས་པ་བརྒྱད་ལས་སྐྱོབ ་པར་བྱེད་པའི་སྒྲོལ་མ་རྣམས་མངོན་པར་འཕྲོས་པ་ནི་གཡས་ཕྱོགས་སུ་སེང་གེའི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མེ་སེང་གེའི་གདོང་པ་ཅན་མཆེ་བ་རྣམ་པར་གཙིགས་ཤིང་ལྕེ་གློག་ལྟར་འགྱུ་བ། སྤྱན་སེར་མོ།། ་ཕྱག་གཉིས་པ། མདོག་དམར་པོ། སྐྲ་སེར་པོ། ཐུགས་ཀར་མི་འཇིགས་པ་སྦྱིན་པའི་ཕྱག་རྒྱ་མཛད་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་སེམས་ཅན་རྣམས་སེང་གེའི་འཇིགས་པ་ལུས་སྒྲོལ་བར་བསྒོམ་པར་བྱའོ།། ་བཅོམ་ལྡན་འདས་མའི་གཡོན་ཕྱོགས་སུ་གླང་པོ་ཆེའི་འཇིགས་པཱ་ལས་སྐྱོབ་པའི་སྒྲོལ་མོ་གླང་པོ་ཆེའིའོ་གདོང་པ་ཅན་ཞལ་གཅིག་ཕྱག་གཉིས་མ། ཤངས་མཐོ་ཤིང་མཆེ་བ་གཙིགས་པ། གསུས་པ་འབྱུང་བ། ་བའི་མངག་ཅན་མཐེ་བོང་མངོན་པར་བརྐྱང་པོའི་ཕྱག་གཉིས་ཀྱིས་བསྡིགས་པོར་མཛད་པའི་ཕྱག་རྒྱ་ཅན། སེམས་ཅན་རྣམས་གླང་པོ་ཆེའི་འཇིགས་པ་ལས་སྒྲོལ་བར་མཛད་པར་བསྒོམ་པར་བྱའོ།། གཡས་ཕྱོགས་ཀྱི ་འོག་ཏུ་མེའི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་དང་དམར་མོ་འབར་བའི་གདོང་པ་ཅན། ཞལ་བདུན་མ། ལྗགས་བདུན་མ། སྐྲ་གྱེན་དུ་འབར་བ། ཕྱག་གཉིས་མ། ཕྱག་གཉིས་ཀྱིས་པདྨའི་ཕྱག་རྒྱ་མཛད་ཅིང་རྒྱན་ཐམས་ཅད་ཀྱིས ་བརྒྱན་པ། སེམས་ཅན་རྣམས་མོའི་འཇིགས་པ་ལས་སྒྲོལ་བར་བསྒོམ་པར་བྱའོ།། གཡོན་ཕྱོགས་ཀྱི་འོག་གི་ཆར། སྦྲུལ་གྱི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་ཞལ་གཅིག་ཕྱག་གཉིས་མ་ཁ་དོག་ནག་པོ།། སྤྲུལ ་མགོའི་གདེངས་ཀ་བཅུ་དང་ལྡན་ཞིང་སྐྲ་གྲོལ་བ་བརྒྱན་ཐམས་ཅད་ཀྱིས་བརྒྱན་པའི་ལུས། ཕྱག་གཉིས་ཀྱིས་མི་འཇིགས་པ་སྦྱིན་པའི་ཕྱེ་ག་རྒྱ་མཛད་ཅིང་། སེམས་ཅན་རྣམས་སྦྲུལ་གྱི་འཇིགས་པ་ལས་སྒྲོལ་བ ་བསྒོམ་པར་བྱའོ།། གཡས་ཕྱོགས་ཀྱིས་འོག་གི་ཆར་ཆོམས་རྐུན་གྱི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་ཞལ་གཅིག་ཕྱག་གཉིས་མོ། སྐུ་མདོག་ལྗང་གུ། ཞལ་ཁྲོ་གཉེར་བ་སྡུས་པ། སྐྲ་གྱེན་དུ་བརྫེས་པ ་ཕྱག་གཡས་པ་རལ་གྲི་འཕྱར་ཞིང་གཡོན་པས་སྡིགས་མཛུབ་མཛད་པ། རྒྱན་ཐམས་ཅདཱ་ཀྱིས་བརྒྱན་བྲིའི་ལུས་བཞེངས་པ་སེམས་ཅན་རྣམས་ཆོམས་རྐུན་གྱི་འཇིགས་པ་ལས་སྒྲོལ་བདྨ་བསྒོམ་པར་བྱའོ།། ་གཡོན་ཕྱོགས་ཀྱི་འོག་གི་ཚོར་ལྕགས་སྒྲོག་གི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་ཞལ་གཅིག་ཕྱག་གཉིས་མོ།། སྐུ་མདོག་དམར་མོ།། གཡས་པ་དང་གཡོན་པས་ལྕགས་ཀྱུ་དང་ཞགས་པ་འཛིན་པ། རྒྱན་ཐོམས ་ཀྱིས་བརྒྱན་པའི་ལུས་བཞེངས་པ། སེམས་ཅན་རྣམས་ལྕགས་སྒྲོག་གི་འཇིགས་པ་ལས་སྒྲོལ་བ་བསྒོམ་པར་བྱའོ།། གཡས་ཕྱོགས་ཀྱི་འོག་གི་ཆང་ཆུའི་འཇིགས་པ་ལས་སྒྲོལ་བའི་སྒྲོལ་མ་ཞལ ་གཅིག་ཕྱག་གཉིས་མ་སྐུ་མདོག་དཀར་མོ་གཡས་ལྕགས་སྒྲོག་དང་གཡོན་པས་སྡིགས་མཛུབ་མཛད་པ་ཞི་བའི་སྐུ་བཞེངས་པ་སེམས་ཅན་རྣམས་ཆུའོ་འཇིགས་པ་ལས་སྒྲོལ་བ་བསྒོམ་པར་བྱའོ།། གཡོན་ཕྱོགས་ཀྱི་འོག ་གི་ཆར་ཤ་ཟའི་འཇིགས་པ་ལས་སྒྲོལ་པ་ཞལ་གཅིག་ཕྱག་གཉིས་མ། སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཀུན་ད་དང་ཟླ་བའི་མདོག་ཅན་རྒྱུན་ཐམས་ཅད་ཀྱིས་བརྒྱན་པའི་ལུས་ཕྱག་གཡས་པ་དང་། གཡོན་པ ་མཆོག་སྦྱིན་དང་། མི་འཇིགས་པ་སྦྱིན་པའི་ཕྱག་རྒྱ་མཛད་ཅིང་སེམས་ཅན་རྣམས་ཤ་ཟའི་འཇིགས་པ་ལས་སྒྲོལ་བ་བསྒོམ་པར་བྱའོ།། ཡང་སྙིང་གུའི་ཏཱཾ་གྱི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་རིགས་ལྷ་སྤྱན་དྲངས་པ་ལ ་མངོན་པར་མཆོད་ནས་གསོལ་བ་བཏབ་པས་སངས་རྒྱས་རྣམས་ཀྱིས་དབང་སྐུར་ནས་ཐམས་ཅདདུ་དོན་ཡོད་གྲུབ་པས་ཕྱག་དབུ་རྒྱན་པོར་བསྒོམ་པར་བྱའོ།། སྔགས་ཀྱི་ཚིགྲ་འདི་དག་ཡིན་ཏེ། ཨོཾ་ཏྤ་རེ་ཏུཏྟཱ་རེ་ཏུ་རཱི་ཨོཾ་སརྦ་བྷཱ་ཡ་ཤ་མ ་ནཾ་སརྦ་དུརྒ་ཏི་ཏཱ་རེ་ཎི་ཏུ་རེ་སྭཱ་ཧཱ།། གཙོ་མོའི་སྔག་སོ།། ཨོཾ་སཽ་ཧ་བི་ད་ནི་མ་ཧཱ་ཥྚི། བི་ཛྱོ་ཛོ་ཧྲྀ་པིཾ་ག་ལ། ནེ་ཏྲེ། གརྫ་གརྫ་ཡ་ཏྲ་བོ་ཏུཏྟཱ་རེ་ཙུ་རཾ་སྭཱ་ཧཱ། སེང་གེའི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མའི་སྔགསོ།། ཨོཾ་ད~ཾ་ར་དེ་བ་ད་ནི་ཨེ་ཀ་རིཥྚི་མཧཱ་ན་ས ་ལ་མོ་ད་རི་ཀརྡྷ་ཀརྞྞ་ཏཱ་ས་ཡ་ཏྲཱ་ས་ཡ། ཤོ་ཥ་ཡ་ཤྭོ་ཥ་ཡཱ། དྷཱ་རེ་ཏུཏྟཨཱ་རྱེ་ཏུ་རེ་སྭཱཧྨ། གླཱདྦྷ་པོ་རྒྷའི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མུའི་སྔག་སོ།། ཨོཾ་ཤི་ཁི་བ་ད་ན་མ་ཧཱ་ཨུསྠཱ་མུ་ཁཱི་ཛཱ་ལཱ་ནི་ས་པ་ཏ་ཛ་ཧི། ས་བ་ཏ་མུ་ཁཾ་ཝཱ་ཤཱ་ན་ར། ་ཏཱ་རེ་ཏུཎྜཱ་རེ་ཏུ་རེ་སྣཱ་ཧཱ། མེའི་འཇིགས་པ་ལས་སྐྱོབས་པའི་སྒྲོལ་མའི་སྔགས་སོ།། ཨཽ་པཱ་ཎི་མ་ཧཱ་ཕ་ཎི་ཀྲྀཥྚ་བྲ་ད་ནཻ་ཏྲྀ་ཨེ་ཀཱ་པ་ཤཱ་ཛི་ཧཱ། ཀཱ་རེ་ཎ་ཙ་ལ་ཡ། ཙི་ལ་ཡ། མ་ཧཱི་དྷི་ཥ་བྷུཀྵ་ཎི། ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། སྦྲུལ་གྱི་འཇིགས་པ ་ལས་སྐྱོབ་པའི་སྒྲོལ་མའི་སྔགསོ།། ཨོཾ་ཁརྒ་ཧཱ་སྟྲི་བྷྲྀ་ཀུ་རི་མུ་ཁི་ཨུརྞྞ་ཀེཥྚ་མ་ཧཱ་ནཱ་དཱི་ཀྲྀཥྚ་ཨཉྫི་ནཱ་ཝནྣེ་ཚོནྡ་ཚིནྡ། བྷིནྡ་བྷིནྡ། ཨུཏྟ་ར་ཡ། ཨུཥྐ་ར་ཡ། ཏཱ་རེ་ཏྱཏྟ་རེ་ཏུ་རེ་སྭཱ་ཧཱ། ཚོམ་རྐུན་གྱི་འཇིགས་བཱ་ལིས་སྐྱོབ་པའི་སྒྲོལ་མའི ་སྔག་སོ།། ཨོཾ་རཀྟ་ཝརྞེ་པཱ་ཤ་ཨཱཾ་ཀུ་ཤ་ཧ་ཏི་མ་ཧཱ་ར་ཝཾ། མ་ཧཱ་བ་ལ་ས་ར་སཽ་ར་ཁི་ས་ར་བི་སི་ར། གྲྀཧྞ་གྲྀཧྞ། ཀརྟཱ་ཀདྡྷེ་མ་ཧཱི་དུརྒྷ་ན། མཱ་ཙ་ཡ། ཏཱ་རེ་ཏུཏྟཱ་ར་ཏུ་རེ་སྭཱཧྣེ། ལྕགས་སྒྲོག་གི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མའི་སྟག་སོ།། ཨོཾ་ཛ ་ལེ་ཛ་ལེ་མ་ཧཱ་ཛོ་ལ། ཏཱ་རཱ་ཡ་ཏཱ་ར་ཡ། ཨུཏྟཱ་ར་ཡ། ཤྲྀ་ལ་ལ་ཧཱ་སྟི། མ་ཧཱ་ཛཱ་ཝ་ཨཱི་ཀྵཱ་པཱཾ་རི་མ་ཧཱ་ཀཱ་རུ་ཎེ་ཀེ་ཏཱ་རེ་ཏུཏྟཱ་རཱི་ཏུ་རཾ་སྭཱ་ཧཱ། ཆུའི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མའི་སྔགསོ།། ཨོཾ་མ་ཧཱ་གམྦྷཱིརྱེ་མོ་ཧཱ་ཀྵུ་རུ་ཎེ་ཀེ་བྷ་ག་ཝཱཾ་ས་ལེ། པཱར ་ཨ་བྷ་ཡ་ཧསྟི། མ་ཧཱ་ཀུ་ནནྡ་ད་ཝེ་ལི་པྲ་ཧིསྟཱ་ད་ར་ད་ནི། མ་ཧཱ་ཀུ་ནིནྡུ་ད་ཝ་ལཾ། པྲ་ཧ་སི་ཧི་བ་དེ་ནེ། མིཧཱི་ཝསྟ་པྲ་བྲྀ་ཏ་ཤརཱི་ར་དྷ་ནཱ། ཝཾ་སྠ་ཏི་ཏཱ་ར་ཡ་ཏཱ་ར་ཡ། མ་ཧཱ་བ་ཡཾ། ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཤི་ཟའི་འཇིགས་པ་ལས་སྐྱོབ་པའི་སྒྲོལ ་མའི་སྔགས།། གང་གིས་ཚེ་བཟླས་པས་ཡིད་སྐྱོ་བ་གྱུར་པ་དེའི་ཚེ་ཡེ་ཤེས་པ་མདུན་དུ་ཕྱུང་བ་ལ་མཆོད་ནས་གཤེགས་སུ་གསོལ་ལ། རང་ཉིད་དམ་ཚིག་པའི་ང་རྒྱལ་གྱིས་གནས་པར་བྱའོ།། འཇིགས་པ ་བརྒྱད་ལས་སྐྱོབ་པའི་སྒྲོལ་མའི་སྒྲུབ་ཐབས། སླེབ་དཔོན་ཐམས་ཅད་མཁྱེན་པའི་བཤེས་གཉེན་གྱིས་མཛད་པ་རྫོགས་སོ།། ། ཁ་ཚེའི་པཎྜི་ཏ་ཏ་ཐཱ་ག་ཏ་བྷ་དྲ་དང་། དགེ་སྦྱོང་འཕགས་པས་རྒྱའི་ཡུལ་ཅོང་དུའི་མཁར ་དུ་བསྒྱུར་བའོ།། ། རྒྱ་གར་སྐད་དུ། ཤྲཱི་སི་ཏཱ་ཏཱ་ར་སཱ་དྷ་ནཾ། བོད་སྐད་དུ། དཔལ་སྒྲོལ་མ་དཀར་མོའི་སྒྲུབ་ཐབས། དཔལ་སྒྲོལ་མ་དཀར་མོ་ལ་ཕྱག་འཚལོ།། འཆི་བའི་སྐྱོན་གྱིས་གོས་མིན་ལ། ཟླ་བ་དྲུག་གི་མཐར་ཐུག ་