CLOSE WINDOW

GT2504: sgrol ma mchog thob pa zhes bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཏཱ་ར་ཨ་གྣ་པྲ་བྷཱ་ནཱ་མ། བོད་སྐད་དུ། སྒྲོལ་མ་མཆོག་ཐོབ་པ་ཞེས་བྱ་བ་རྗེ་བཙུན་མ་སྒྲོལ་མ་ལ་ཕྱག་འཚ་ལོ།། སྔོན་དུ་གསུངས་པའི་རིམ་པས་སྟོང་པ་ཉིད་ཀྱི་བར་བསྒོམས་ཏེ ་སྐད་ཅིག་ལ་རང་སྒྲོལ་མར་བསྒོམས་པའི་ཐུགས་ཀར་ཏཱཾ་ཨོནྡྲ་མཱ་ལའི་མདོག་ལྕི་བུ་བལྟ་བར་བྱའོ།། ལུས་སྐྱིལོ་ཀྲུང་ལ་ཆགས་པ་དྲང་པོར་སྲང་སྟེ་མཉམ་གཞག་གི་ཕྱག་རྒྱ་ལྔ་སོགས་ཏཱཾ་ལུས་གནད་ལྔ་དང་ལྡན་པས ་རླུང་རྒྱུ་བ་སྤངས་ཏེ་ལྟེ་བ་ལས་མེ་རབ་ཏུ་སྦར་ནས། སྤྱི་གཙུག་ནས་ཐིག་ལ་ཕབ་སྟེ་ཏཱ་ལ་ཕོག། ཏཱཾ་ལས་བྱང་ཆུབ་ཀྱི་སེམས་ཞུན་ཚུལ་དུ་ལུས་ཐམས་ཅད་ལ་ཁྱབ་པས་བདེ་བ་ཆེན་པོའི་ཏིང་ངེ་འཛིན་སྐྱེས་པར་བསམ་ཞོང་སྲོག ་རྩིལ་ལྔ་འབད་ན་ཞིག་བདུན་གྱི་དངོས་སུ་སྐྱེ་བར་འགྱུར་ཏེ། བྱུང་སེམས་འཛག་ནཱ་གདམས་ངག་དྲན་པར་བྱ། དེ་ནས་ཏྭཱ་ལས་འདི་སྨྲས་ཏེ་སྣོད་བཅུད་ཐམས་ཅད་རུང་ལ་བསྡུས་རང་ཡང་ཏྲཱཾ་ལ་བསྔོས་ཏྭེ་ཏཱཾ་ཡང་རིམ་གྱིས ་མི་དམིགས་པར་བྱས་ལ་ཡོད་པ་དང་མིང་པོའི་རྟོག་པ་སྦྱངས་ལ། སྟོང་པ་ཉིད་ཀྱི་བདེ་བྱ་ལ་རྒྱས་གདབ་བོ།། རྟོག་པ་ལ་ཤེས་པ་འཕྲོ་ན་སྡེ་མྦྷ་ལྟར་བདེ་བྱ་བསྒོམ། བྱུང་བ་ཤས་ཆེནི་ཕྱི་མ་ལཱིར་སྟེང་བར་བསྒོམ། ་རྟོག་པ་གཞན་འབྲེལ་པ་སྤངས་ཏེ་ཟླ་བ་དྲུག་ཏུ་བསྒོམས་ན་མཆོག་ཐོབ་པར་འགྱུར་རོ།། སྒྲོལ་མ་མཆོག་སྒྲུབ་པ་ཞེས་བྱ་བ། དངོས་གྲུབ་བརྙེས་པའི་སློབ་དཔོན་བསོད་སྙོམས་པས་མཛད་པ་རྫོགསོ།། ་རྒྱུ་གར་སྐད་དུ། ཨཥྚ་བྷཱ་ཡ་ཏྲ་ཎ་དྷཱ་ར་སཱ་དྷ་ནོ།། བོད་སྐད་དུ། འཇོགས་པ་བརྒྱད་ལས་སྐྱོབ་པའོ་སྒྲོལ་མྱའི་སྒྲུབ་ཐབས། བཅོམ་ལྡན་འདས་སྒྲོལ་མ་ལ་ཕྱག་འཚལ།། དང་པོ་ཁོ་ནན་ཚངས་པའི་གནས་བཞི་བསྐུ ་ནས། སྐྱབསུ་འགྲོ་བ་དང་། བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་། ལམ་ལ་གནས་པར་ཁས་འཆི་བ་དང་། ཡོངསུ་བསྔོ་བ་སྟེ་བསོད་ནམས་ཀྱི་ཚོགས་གུས་གོ།། དེ་ནས་ཆོས་ཐམས་ཅད་བདག་མེད་པར་ལྷག་པར་མོས་ལ། ་ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སུཾ་བྷཱ་བཱ་ཤུདྡྷོ་ཧཾ་དང་། ཨོཾ་ཤཱུ་ནྱཱ་ཏཱ་ཛྙཱ་ནཱ་བཛྲ་སྭ་བྷཱ་བྱ་ཨཱཏྨ་ཀོ་ཧཾ་ཞེས་བརྗོད་པས་སྟོང་པ་ཉིད་དུ་བསྒོམས་པས་ཡེ་ཤེས་ཀྱི་ཚོགས་བསག་གོ།། སྟོང་པ་ཉིད་ཀྱི་ངང་ལས་ན་མཁའི་དབྱིངས་དེ་ཉིད ་དྲུ་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་དབུས་སྨྲ་རླུང་གི་སེམས་ཉིད་ཛྷཻཾ་གྷི་རྣམ་པ་ཡོངས་གྱུར་པ་ལས་བྱུང་བའི་སྒྲོལ་མ་སྐུ་མཇུག་ལྗང་གུ་ཞལ་གཅིག་མ་ཕྱག་བནྡྷ་མཱ།། ཕྱག་གཡས་པ་རྣམས་ཀྱིས་བགྲེང་འཕྲེང་དང་མཆོག ་སྦྱིན་དང་། མི་འཇིགས་པ་སྦྱིན་པ་དང་། རིན་པོ་ཆེ་འཛིན་པ་དང་། གཡོན་པ་རྣམས་ཀྱིས་ཨུཏྤལ་དང་། བུམ་པ་དང་། སྐྱབས་སྦྱིན་གྱི་ཕྱག་རྒྱུ་དང་། བོ་ཏི་འཛིན་པ་རབ་ཏུ་ཞི་ཞིང་ལང་ཚེ་རྒྱས་པའི་ལུས་ཤིན་ཏུ་མཛེས་པ། རིན་པོ་ཆེའི ་རྒྱན་ཐམས་ཅད་ཀྱིས་མངོན་པར་སྤྲས་ཤིང་སྨད་གཡོགས་ཁ་དོག་སྣ་ཚོགས་ཅན་དུ་བསྒོམ་པར་བྱའོ།། དེ་ནས་ཨོཾ་ཨེ་ཧྱེ་ཧི་བྷ་ག་ཝ་ཏི་པྲ་སཱ་དཾ་ད་ཡཾ་ཀུ་རུ། པཱུ་ཛ་གྲྀཧྞ་ཨ་ཏྲ་སིནྡྷུ་ཧི་ཏོ་བྷ་ཝ་ཞེས་པའི་སྔགས་ཀྱིས་བཅོམ ་