| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐདདུ། ཙིནྡྲ་མ་ཎི་ཏཱ་རེ་སཱ་དྷ་ན་ནཱ་མ། བོད་སྐད་དུ། སྒྲོལ་མ་ཡིད་བཞིན་ནོར་བུ་ཞེས་བྱ་བའི་སྒྲུབ་ཐབས། རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལོ།། ཡིད་བཞིན་ནོར་བུ་ཞེས་བྱ་བས། ཚེ་དང་ལོངས་སྤྱོད་འཕེལ་བ་དང་།། གཞན་ཡང ་འདོད་པ་སྒྲི་བ་བྱེད་པ།། སྒྲོལ་མ་ལ་བཏུང་སྒྲུབ་ཐབས་བྲི། སྟོན་དུ་གསུངས་པའི་རིམ་པས་རང་གི་སེམས་ཉིད་ཏཱཾ་གསེར་བཅོ་མའི་མའི་ཁ་དོག་ལྟ་བུར་བལྟ་སྟེ། འོད་ཟེར་སྤོས་བསྡུས་ནས་ཡོངསུ་གྱུར་པ་ལཱྀས་རིན་པོ་ཆེ་ཏཱཾ་གྱིས་མཚན་པ ་བསམ། དེ་ལ་ཡང་སྤྲོ་བསྡུ་བྱས་ཏེ་གྱུར་པ་ལས་བདག་ཉིད་སྒྲིལ་མ་གསེར་གཙོ་མའི་མདོག་ལྟ་བུ་ལ་ཞལ་གཅིག་མ་ཕྱག་གཉིས་པ་པདྨ་དང་ཉི་མ་ལ་ཞབས་སྒེག་པའི་གར་སྟེབས་ཀྱིས་བཞུགས་པོ། རིན་པོ་ཆེ་སྣ་ཚོགས་ཀྱིས་རྒྱུན་ཅན་ཕྱག ་གཡས་ཀྱི་རིན་པོ་ཆེ་བརླའི་ཐང་ཀར་བཟུང་བ། དཔག་བསམ་གྱིས་ཤིང་ལ་རྒྱབརྟེན་པའི་ཡལ་ག་ཕྱག་གཡོན་གྱི་གཟུང་བ། དེའི་ཐུགས་ཀར་རིན་པོ་ཆེ་ཧཱུ~ཾ་གིས་མཚན་པ་བསམ། ཕྱག་མཚན་པར་ས་བོན་ལས་འོད་འཕྲོས་པས ་སེམས་ཅན་ཐམས་ཅད་ཀྱི་དབུལ་བའི་སྡུག་བསྔལ་བསལ་ཏེ་ཚུར་འདུས་པས་རང་གི་སྐུ་གསལ་བཏབ་ཅིང་སླར་ཐུགས་ཀང་ནས་འོད་འཕྲོས་པས་ཡེ་ཤེས་པ་གཞུག་པ་དང་། དབང་བསྐུར་བྱ་སྟེ། རིན་ཆེན་འབྱུང་ལྡན་གྱི་རྒྱས་གདབ་བོ།། སྔ་མ ་ལྟར་འོད་སྤྲོ་ཞིང་བསྡུ་བས་སྐུ་གསལ་བཏབ་ཅིང་མི་སྐྱོ་བའི་བར་དུ་བསྒོམ། སྐྱོ་བར་གྱུར་ན་བཟླས་པར་བྱ་སྟེ་རང་གི་ས་བོན་དང་སྔགས་ལས་འཕྲོས་པའི་འོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྒྱུད་བསྐུལ་ཏཱཾ། འབྲུ་དང་རིན་པོ་ཆེ་ལ་སོགས ་པ་འདོད་པའི་ཡོན་ཏན་ཐམས་ཅད་ཀྱི་ཆར་འབབ་པར་བསམ་ཞིང་ངག་ཏུ་ཨོཾ་ཏཱི་རེ་ཏུཏྟཱ་རེ་ཏུ་རོ་ཙིནྟ་མ་ཎི་དྷ་བྷཱི་བིདྡྷ་སྭཱ་ཧཱ། དེ་ནས་སྐྱོན་ཡེ་ཤེས་པ་གཤེགས་ཏེ་དམ་ཚིག་པ་མི་དམིགས་པར་བྱ། དགེ་བ་བསྔོལ།། སྒྲོལ་མ་ཡིད་བཞིན་ནོར་བུའི་སྒྲུབ་ཐཿ། ་དངོས་གྲུབ་བརྙེས་པའི་སློབ་དཔོན་བྷ་བ་བྷ་ཊས་མཛད་པ་རྫོགསོ།། རྒྱ་གར་སྐད་དུ། ཏ་ར་ཌོཾ་བི་བོ་དྷི། བོད་སྐད་དུ། སྒྲོལ་མའི་ཁྲུས་ཀྱི་ཆོ་ག། རྗེ་བཙུན་སྒྲོལ་མ་ལ་ཕྱག་འཚལོ།། ཁྲུས་ཀྱི་ཆོ་ག་ལ་གསུམ་ཏཱཾ། སྦྱོར་བ་དང་། དང ་