CLOSE WINDOW

GT2499: 'phags ma sgrol ma'i dkyil 'khor la 'jug pa'i bya ba zhes bya ba
Wyliee-texts produced with BDRC’s OCR application

འཕགས་མ་སྒྲོལ་མའི་དཀྱིལ་འཁོར་དུ་འཇུག་པའི་བྱ་བ་ལ་སོགས་པ་བཞུགས།། ་རྒྱ་གར་སྐད་དུ། ཨཱརྱ་ཏཱ་ར་མཱཎྜ་ལཱ་བྱཱ་ཏཱ་ར་ཀྲྀ་ཏཱ་ནཱ་མཿབོད་སྐད་དུ། འཕགས་མཱ་སྒྲོལ་མའི་དཀྱིལ་འཁོར་ལ་འཇུག་པའི་བྱ་བ་ཞེས་བྱ་བ།། མགོན་པོའི་ཐུགས་རྗེ་ཆེན་པོ་དང་ལྡན་པ ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ།། ལྷ་མོ་ཤེས་རབ་ཕ་རོལ་ཕྱིན།། གོས་པ་མེད་པའི་ཡེ་ཤེས་ནི།། སྣ་ཚོགས་གཟུགས་ཅན་ནོར་བུ་ལྟརོ།། མ་ལུས་མཛད་ལ་ཕྱག་འཚལ།། དུས་གསུམ ་བདེ་གཤེགས་ཐམས་ཅད་དང་།། སྣ་ཚོགས་འགྲོ་བའི་མ་ཁྱོད་ལ།། གུས་པའི་བློ་ཡིས་སྒྲོལ་མ་ཡི།། ཆོ་གའི་རིམ་པ་བརྗོད་པར་བྱ།། དེ་ལ་འདིར་ལྷ་མ་སྒྲོལ་མ་ལ་ལྷག་པར་གུས་པའི་གང་ཟག་གང་ཡང་རུང་བ། གནས་ཁང ་བརྒྱན་ཅིང་བྱི་དོར་ལེགས་པར་བྱས་པ་ལ་སྐུ་གསུང་ཐུགས་ཀྱི་རྟེན་དགྲམ་ཁྱད་པར་སྒྲོལ་མ་འམ།། ཐུགས་རྗེ་ཆེན་པོའི་རྟེན་བཞུགསུ་གསོལ་ལ། ཚུལ་ཇི་ལྟ་བ་བཞིན་དུ་དཀྱིལ་འཁོར་བཞེངས་ལ། དེར་ཚོགས་པ་རྣམས ་ལ་ཤ་ཆང་སྒོག་བཙོང་སྤངས་ནོས་ཁྲུས་ལེགས་པར་བྱས་ལ་ལུས་ལ་དྲི་བཟང་པོས་བྱུགས་ཏེ། གོས་གཙང་མ་གྱོན་ལ། མཆོད་པའི་ཡོ་བྱད་རྣམས་དང་། བའི་ལྕི་བ་ས་ལ་མ་ལྷུང་བ་ཡང་སྟ་གོན་བྱ། གཞན་ཡང་ཉེ་བར ་མཁོ་བ་རྣམས་ཀྱང་ཚོགས་པ་དང་ལྡན་པར་བྱའོ།། དེ་ནས་ཐམས་ཅད་ཀྱིས་རང་རང་གི་མདུན་དུ་ས་ལ་བའི་ལྕི་བས་བྱུགས་པ་ལ་མཎྜལ་གྱི་ཆོ་ག་ལས་བྱུང་བ་ལྟར་མེ་ཏོག་སིལ་མོའི་ཚོམ་དུ་བཅུ་དགུ་པའི་དབུས་ཀྱི་རི་རབ ་ཀྱི་སྟེང་དུ་པོ་ཏཱ་ལ་ནས་སྤྱན་དྲངས་པའི་སྒྲོལ་མ་འཁོར་དང་བཅས་པ་བཞུགས་པར་བསམ་པ་ལ་ཐོག་མར་ཕྱག་བྱ། ཉེ་བར་སྤྱོད་པ་ལྔས་མཆོད་ལ་མཚན་གྱི་དངོས་གཞི་བསྟོད་པ་ལན་གསུམ་བརྗོད། སྙིང ་པོ་བརྒྱ་རྩ་བརྒྱད་བཟླས་ལ་ཅོག་ཙོག་པོར་འདུག་པས་གསོ་སྦྱོང་བླང་བར་བྱའོ།། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས ་གཟིགས་དབང་ཕྱུག་བདག་ལ་དགོངསུ་གསོལ། བཅོམ་ལྡན་འདས་སྒྲོལ་མ་བདག་ལ་དགོངསུ་གསོལ།། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང་། ས་ཆེན་པོ་ལ ་རབ་ཏུ་བཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས། སེམས་ཅན་ཐམས་ཅད་ལ་ཕན་པར་བྱ་བའི་ཕྱིར་དང་། བདེ་བར་བྱ་བའི་ཕྱིར་དང་། ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་འཛིན་གྱི་ཕུང་པོ་དང་། ཤེས་རབ ་ཀྱི་ཕུང་པོ་དང་། རྣམ་པོར་གྲོལ་པའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོ་ཡོངསསུ་རྫོགས་པར་བྱ་བའི་ཕྱིར། གསོ་སྦྱོང་ངེས་པོར་བྱས་ཏེ་ཡང་དག་པར་བླངས་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི ་ངས་ཀྱང་དུས་འདི་ནས་བཟུང་ནས་སང་གདུགས་རྩེ་ཤར་གྱི་བར་དུ་སེམས་ཅན་ཐམས་ཅད་ལ་ཕན་པར་བྱ་བའི་ཕྱིར་དང་། བདེ་བར་བྱ་བའི་ཕྱིར་དང་། ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང ་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོ་ཡོངསུ་རྫོགས་པར་བྱ་བའི་ཕྱིར་གསོ་སྦྱོང་ངེས་པར་བྱས་ཏེ་ཡང་དག་པར་བླང་བར་བགྱིའོ།། དེང་ནས་སྲོག་གཅོད་མི་བྱ་ཞིང་།། གཞན་གྱི ་ནོར་ཡང་བླང་མི་བྱ།། འཁྲིག་པའི་ཆོས་ཀྱང་མི་སྤྱད་ཅིང་།། བརྫུན་གྱི་ཚིག་ཀྱང་མི་སྨྲའོ།། སྐྱོན་ནི་མང་པོ་མཉམ་བཙོན་པསོ།། ཆང་ནི་ཡོངསུ་སྤང་བར་བྱ།། ཁྲི་སྟན་མཐོན་པོ་མི་བྱ་ཞིང་།། དེ་བཞིན་དུས་མ་ཡིན་པའི་ཟས།། དྲི་དང་ཕྲེང་བ་དང་ནི ་རྒྱན།། ག་ར་དང་གླུ་སོགས་སྤང་བར་བྱ།། ཇི་ལྟར་དགྲ་བཅོམ་རྟག་ཏུ་ནི།། སྒོ་གཅོད་ལ་སོགས་མི་བྱེད་པ།། དེ་ལྟར་སྲོག་གཅོད་ལ་སོགས་སྤང་།། བླ་མེད་བྱང་ཆུབ་ཐོབ་པར་ཤོག། སྡུག་བསྔལ་མང་དཀྲུག་སེམས་ཅན་ཀུན།། སྲིད་པའི ་མཚོ་ལས་སྒྲོལ་བར་ཤོག། ཅེས་པ་ལོན་གསུམ་དུ་བྱའོ།། དེ་ལྟར་གསོ་སྦྱོང་བླངས་ནས་དུས་ཀྱི་ཁྱད་པར་ལོ་ཉིན་གཅིག་གམ། མཚན་གཅིག་གམ། ཐུན་གཅིག་ལ་སོགས་པ་ཡང་བྱའོ།། དེ་ལ་བསྲུང་བར་གནས་པ་འམ་དྲི་ཀར་གསུ ་ལ་བརྟེན་པ་ཡང་རུང་བས་འཕགས་མ་སྒྲོལ་མ་ལྷག་པོར་གུས་པའི་བློ་རྩེ་གཅིག་པར་བྱའོ།། དེ་ནས་སློབ་དཔོན་གྱིས་དེར་གནས་པ་ཐམས་ཅད་ཀྱི་བསམ་པ་ལ་བཅོས་ལ་བྱང་ཆུབ་ཀྱི་སེམས་དང་མི་འབྲལ་བར་བྱ་བ་དང་། དེ་བཞིན་གཤི ་པ་ཐམས་ཅད་ཀྱི་གདུང་བདག་གིས་གཟུང་སྙམ་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བདག་གིས་སྤྱད་སྙམ་པ་དང་། མཐའ་ཡས་པའི་སེམས་ཅན་ཐམས་ཅད་བདག་གིས་བསྒྲལ་སྙམ་པའི་བསམ་པ་རྒྱུན་མི་འཆད ་པས་ཆོ་ག་ཐམས་ཅད་བྱའོ།། དེ་ནས་ས་གཞི་བྱིན་གྱིས་བརླབ་པར་བྱ་སྟེ། དེ་བཞིན་གཤེགས་པ་སྲས་དང་བཅས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་ས་ཕྱོགས་འདི་རྣམས་ཐམས་ཅད་ཀྱང ་གསེར་གྱི་ས་གཞི་བརྡལ་བ་ལ་རིན་པོ་ཆེ་སྣ་བདུན་དང་བཻ་ཌཱུརྱས་མིག་མོངས་ཇི་སུ་བྲིས་པ་འམོ་ཤེལ་བཞིན་བལྟར་བ་ལ་རིན་པོ་ཆེ་སྣ་ཚོགས་པའི་ཕྲ་བཀོད་པའི་ཚུལ་ཁྱད་པར་འཕགས་པ། ཀུན་ནས་རབ་ཏུ་དང་བ་དང་ལྡན་པ་ལ ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དང་ཚད་རབ་ཏུ་མཉམ་པར་གྲུབ་པ་སྟེ། རེག་ན་བདེ་ཞིང་འཇམ་ལ་མཉེན་པ་ཕྱོགས་མཚམས་རྣམས་ཀྱང་རིན་པོ་ཆེ་སྣ་བདུན་གྱི་རྒྱུ་ལས་བྱས་པའི་སྐུ་གཞི་བལྟར་བ་ཁོ་ན་ལ་རབ ་ཏུ་མཛེས་པ་དུ་མས་བརྒྱན་པ། ན་མཁའ་འམ་ལག་མཐིལ་ལྟར་མཉམ་པ། ཡངས་ཤིང་བདེ་བ་འབྱོར་པ་དང་ལྡན་པ་མནན་ན་ནེ་མོ་ཞིང་བཏག་ན་འབར་བ། ངམ་འགྲོག་དང་གཡང་ས་དང་ཅོང་རོང་དང་བྱ་སྐྱིབས་དང་བྲལ་ག་གསེག ་མ་དང་གྱོ་དུ་མ་དང་ཚེར་མ་ལ་སོགས་པ་དང་བྲལ་བ་སྟེ། རྣམ་པར་འཕྲུལ་པ་དང་བཀོད་པ་བསམ་གྱིས་མི་ཁྱབ་པས་བརྒྱན་ཅིང་མཛེས་པར་སྤྲས་པའི་ས་གཞི་ལྔ་ཉེ་བར་འཚེ་བ་མེད་པའི་ཆུ་ཡན་ལག་བརྒྱད་དང་ལྡན་པ་སྒྲ་སྙན་པ ་འབབ་པ། མཚོ་དང་རྫིང་བུ་དང་ལྟེང་ཀ་ལ་སོགས་པ་ལ་མེ་ཏོག་རྣམ་པ་སྣ་ཚོགས་པས་ཁེབས་པ། མྱ་ངན་མེདོ་པ་དང་ཨུ་དུམ་པ་ར་དང་ནྱ་གྲོ་དྷ་ལ་སོགས་པའི་ཤིང་ལྗོན་པ་རྣམས་ལ་ཡིད་དུ་འོང་བའི་མེ་ཏོག་དང་འབྲས་བུ ་གཡུར་བ་དང་ལྡན་པ་དུ་མས་བརྒྱན་པ། རྨ་བྱ་དང་ཁྲུང་ཁྲུང་དང་བཞད་དང་ས་ར་ལ་སོགས་པ་གཡུར་ཟ་ཞིང་ལྡེམ་པ་དང་བཅས་པའི་བྱ་རྣམ་པ་སྣ་ཚོགས་པས་བདག་མེད་པའི་སྒྲ་སྒྲོགས་པ་དང་ལྡན་པ། སེང་གེ་དང་གླང་པོ ་ཆེ་རེལ་པ་དང་། ཀྲྀ་ཎཱ་ཛ་ཊི་དང་ལྟོ་འཕྱེ་བ་ལོ་སོགས་པའི་རི་དགས་རྣམས་ཀྱང་འཁྲུལ་པ་མེད་པའི་སེམས་ཀྱི་དགའ་ཞིང་བརྩེ་བར་སྤྱོད་པས་བྱམས་པ་ལ་གནས་པ་དང་། པད་མ་དང་ཀུ་མུ་ཏ་དང་པུནརྀ་ད་རི་ཀ་དང་། ཨུཏ་པ་དང ་མ་ག་སར་ལ་སོགས་པ་ཁ་དོག་དང་དྲི་བ་ལ་སོགས་པ་ཕུན་སུམ་ཚོགས་པ་སྣ་ཚོགས་པས་ཉེ་བར་མཛེས་པར་བྱེད་པའི་ས་གཞི་དམ་པ་དང་། ཕྱོགས་མཚམས་ཐམས་ཅད་ཀྱང་ག་པུ་ར་དང་གླ་རྩི་དང་ཨ་ཀ་རུ་དང་ཙན་ངན ་སྦྲུལ་གྱི་སྙིང་པོ་ལ་སོགས་པས་སའི་ཕྱོགས་ཀུན་དྲི་བསུང་ཆེན་པོས་ཡོངསུ་ཁྱབ་པས་སེམས་ཅན་ཐམས་ཅད་ཀྱི་ཡིད་ཚིམ་པར་བྱེད་པ། རིག་པ་འཛིན་པ་ལ་སོགས་པ་དང་མི་འམ་ཅི་ལ་སོགས་པའི་ཚོགས་རབ་ཏུ་ཡང་དག་པར ་རྒྱུ་ཞིང་ལྷའི་བུ་དང་བུ་མོ་དང་དྲི་ཟའི་བུ་མོ་ལ་སོགས་པའི་ཚོགས་རྣམས་ཀྱང་དམ་པ་ཆོས་ཀྱི་སྒྲ་དང་ལྡན་པའི་ཡིད་དུ་འོང་བའི་གླུ་དབྱངས་དུ་མ་སྒྲོགས་པ། ཆོས་ཀྱི་རོའི་དགའ་བ་ཕུན་སུམ་ཚོགས་པ་དང་ལྡན་པས་རང་དང་གཞན ་གྱི་རྒྱུ་ཡོངསུ་དང་བ་ཆེན་པོ་སྐྱེས་པ་ཐོབ་པར་འགྱུར་བ་ཞི་གནས་དང་ལྷག་མཐོང་གི་ཏིང་འཛིན་གྱི་སྒོ་དུ་མ་དང་ལྡན་པའི་ཆོས་ཀྱི་དབྱིངས་རང་བཞིན་ལས་གྲུབ་པས་ཉེ་བར་འཆི་བའི་གནོད་པ་དང་བྲལ་བའི་ས་ཕྱོགས་དམ་པ་སྟེ།། ་མདོར་ན་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་ཀྱི་རྣམ་པར་བཀོད་པ་དང་མཚུངས་པར་འབྱོར་ཅིང་དྲར་བ་བདེ་ཞིང་སྐྱིད་པ་ཉམས་དགའ་བ་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་ཡོངསུ་གྲང་བའི་ས་ཕྱོག ་དམ་པར་བྱིན་གྱིས་བརླབ་པར་བྱ་སྟེ། དེ་ཡང་ཆོས་ཀྱི་དབྱིངས་ཀྱི་བྱིན་གྱིས་བརླབས་དང་། དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་གྱིས་བརླབས་དང་། ཚོགས་གཉིས་ཡོངསུ་རྫོགས་པའི་མཐུ་དང་། རིག་སྔགས་ཀྱི་རྒྱལ་པོ་འདིའི ་བྱིན་གྱིས་བརླབས་ཀྱིས་དེ་བཞིན་དུ་གྱུར་ཅིག། ཨཱཾ་ནུ་མཽ་བྷ་ག་པ་ཏི་བཻ་རོ་ཙ་ན་པྲ་བྷཱ་རཱ་ཛཱ་ཡ་ཏཱ་ཐཱ་ག་ཏཱ་ཡ་ཨ་ར་ཧཱ་ཏ་སམྱཱཀྲྀ་བུདྱཱ་དྷཱ་ཡ་ཏདྱ་ཐཱ། ཨོཾ་སུ་ཀྵུ་སུ་ཀྵྨེ། ས་མེ་ས་མཱ་ཡཻ་ཤཱནྣ་ཏཱནྟཾ་ཨ་ས་མཱ་རོ་ཡེ། ཨེ་ནམྦྷེ་ཏ་རམྦྷེ་ཡ་ཤོ་བ ་ཏཽ་མ་ཧཱ་ཏེ་ཛོ་ནི་ར་ཀ་ལི་ནཱི་ར་བ་ཎ་སརྦེ་དུདྷ་ཨ་ཏིཥྛི་ཏེ་སྭཱ་ཧཱུཾ།། ཞེས་སྔགས་དང་བཅས་པ་འདི་ལྡན་གསུམ་བརྗོད།། དེ་ནས་ས་ཕྱོགས་དམ་པ་རྒྱ་ཡོང་སུ་མ་ཆོད་པ་དེ་དག་གི་དབུ་སུ་སྔོན་གྱི་དེ་བཞིན་གཤེགས་པ་རྣམས་དང་། ་བྱང་ཆུབ་སེམས་དཔའ་དེ་དག་གི་སྔོན་གྱི་སྨོན་ལམ་གྱི་མཐུ་ཁྱད་པར་ཅན་ལས་གྲུབ་པའི་ཞིང་གི་བཀོད་པ་ཕུན་སུམ་ཚོགས་པོ་དང་ལྡན་ཞིང་སྣ་ཚོགས་པ་དང་རིན་པོ་ཆ་ལས་གྲུབ་པའི་གཞལ་ཡས་ཁང་དམ་པ་ལ་ཁོར་ཡུག ་ཚོན་པོའི་རྒྱན་གྱིས་ཉེས་པར་མཛེས་པར་སྤྲོས་པ། དེ་བཞིན་གཤེགས་པའི་འོད་ཟེར་གྱིས་ཕྱི་དང་ནང་ཀུན་ཏུ་གང་བས་དྲི་མ་མེད་ཅིང་འོད་གསལ་བ་ལས་བྱུང་བའི་བདེ་བར་གཤེགས་པའི་གཞལ་ཡས་ཁང་ཆེན་པོར ་ཡོངསུ་གྲུབ་པ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུས་མ་བྱས་པ་ཉིད་ཀྱི་ཕྱིར་སྒོ་བཞི་དང་ལྡན་པ་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་ལྡན་པའི་ཕྱིར་གྲུ་བཞི་དང་ཡང ་པར་སྤོང་བ་བཞིའི་ཕྱིར་བསིལ་ཁང་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་ལྡན་པས་ཁྲུས་ཁང་གི་རྫིང་བུ་བཞི་ཡོས་སྤྲས་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་དང་ལྡན་པ་ཉིད་ཀྱི་ཕྱིར་ཀ་བ་བརྒྱད་དང་ལྡན་པ ་སྟེ། རིན་པོ་ཆེའི་སྟེགས་གྲུ་བཞི་ལས་གནས་ཤིང་བུམ་པ་ལས་བྱུང་བའི་རིན་པོ་ཆེའི་ཀ་བ་ལས་ནོར་བུ་དུ་མེས་མཛེས་པར་བཅིངས་པ། རབ་ཏུ་དགའ་བ་ལ་སོགས་པའི་ས་བཅུ་གཉིས་དང་ལྡན་ཞིང་གསུང་རབ་ཡན་ལག ་བཅུ་གཉིས་རྣམ་པར་དག་པས་བང་རིམ་བཅུ་གཉིས་དང་ལྡན་པའི་རྟ་བབས་ཀྱིས་མཛེས་པ། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ཚིམ་པར་བྱེད་པའི་ཆོས་ཀྱི་འཁོར་ལོ་ལ་བརྩེ་བ་ཆེན་པོ་དང་ལྡན་པས་གསེར་གྱི་དྲིལ་བུ་གཡེར་ཁ ་དང་། མུ་ཏིག་ལ་སོགས་པས་སྤྲས་པའི་རྭ་དགོས་པོ་མོ་གཉིས་ཀྱི་བརྒྱན་པ་དང་། རྟ་བབས་ཀྱི་ལོགས་དེ་དག་ལ་ཡང་ལྷའི་ན་བཟོའ་རྣམ་པ་སྣ་ཚོགས་པའི་བླ་རེ་དང་བ་དན་དང་རྒྱལ་མཚན་དང་ཁ་དོག་སྣ་ཚོགས་མ ་ཏོག་གི་ཕྲེང་བ་དང་གསེར་དང་ནོར་བུ་སྣ་ཚོགས་པས་བརྒྱན་ཅིང་མཛེས་པར་གྱུར་པ་དང་། གཟུ་ངས་དང་སོ་སོ་ཡང་དག་པར་རིག་པ་ལ་སོགས་པའི་རང་བཞིན་དུ་དག་པས་རིན་པོ་ཆེའི་ཁ་དོག་སྣ་ཚོགས་པ་ལས ་རིན་པོ་ཆེ་གཞན་གྱི་ཁ་དོག་གིས་ལེགས་པར་སྤྲས་པའི་འདོད་ཡོན་གྱི་སྣམ་དུ་ཤེལ་བཞིན་དུ་བསྟར་བ་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་ལྡན་པས་རིན་པོ་ཆེའི་སྣམ་བུ་ཁྭ་དོག་ལྔའི ་རིན་པོ་ཆེའི་ཕྲེང་བ་བརྒྱུས་པས་མིག་མངས་རིསུ་དྲིས་པས་མཛེས་པའི་ལོགས་རྣམས་དང་། མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔའི་རྣམ་པར་དག་པས་དངུལ་དང་། གསེར་དང་། པད་མ་རཱ་ག་དང་། ཨིན་དྲ་ནཱི ་ལ་དང་། བཻ་ཌཱུརྱ་ལས་གྲུབ་པའི་རྩིག་པ་ཡང་རྒྱ་དང་དཔངས་སུ་མཚམ་པ་ལས། སྒྱུ་མ་ལྟ་བུ་དང་། ཏིང་ངེ་འཛིན་དང་། རྣམ་པར་སྤྲུལ་པ་དང་། ཆོས་ཡང་དག་པར་གྲུབ་པའི་ཕྱིར་དྲ་བ་དང་། དྲ་བ་ཕྱེད་པ་འཕྱང་བ་དང་། ་མེ་ཏོག་རྣམ་པ་སྣ་ཚོགས་པའི་དོ་ཤལ་ཀྱང་བོར་བར་དུ་སྤྲས་པ་ལ་བྲ་བའི་ནང་དུ་པ་ད་མ་དང་ཟླ་བ་དང་། རྡོ་རྗེ་དང་། ཉི་མ་དང་། ནོར་བུ་ལ་སོགས་པ་དུ་མས་བརྒྱན་པོའི་སྟེང་དུ་སྐུ་གསུང་ཐུགས་ཀྱི་བཀོད་པའི་འོད་ཟེར ་བསམ་གྱིས་མཱི་ཁྱབ་པས་བརྒྱན་པས་ན་རིན་པོ་ཆེ་སྣ་བདུན་ལས་གྲུབ་པའི་ཟ་རི་ཚགས་དང་ལྡན་པ་དང་། སྟོབས་དང་། མྱི་འཇིགས་པ་དང་། སངས་རྒྱས་ཀྱི་ཡོན་ཏན་དུ་མ་དང་ལྡན་པས་དངུལ་ལས་གྲུབ་པའི་རིན ་པོ་ཆེའི་རང་བཞིན་གྱི་མདའ་ཡབ་ལ་རྒྱལ་མཚན་དང་བ་དན་རྣམས་ཀྱི་སྤྲས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་སོ་སོར་ངེས་པའི་ཕྱིར་རིན་པོ་ཆེའི་དབྱུག་པ་རྩེ་གསུམ་པོ་དང་རྣམ་པར་རོལ་པ་མོའི་རྒྱལ ་མཚན་ལ་གསེར་གྱི་དྲིལ་བུ་གཡེར་ག་ངེས་པར་བཅིངས་པ་ལ་ཁ་དོག་སྣ་ཚོགས་པའི་རས་ཀྱི་རླུང་གིས་བསྐྱོད་བའི་འཁྱོག་པ་དང་བཅས་པ་སྦྱངས་པ་དང་། དབང་པོ་དང་། སྟོབས་དང་། བདྲེན་པ་དང་། བྱིན་གྱིས་བརླབ ་པའི་རང་བཞིན་གྱི་གདུགས་བཞི་དང་། རྔ་ཡབ་དང་། དུང་དང་མེ་ཏོག་གི་ཆུན་འཕྱང་གིས་བརྒྱན་པའོ།། ཕྱི་ནང་གི་དངོས་པོ་ཡང་མ་བསྒྲིབས་པར་གསལ་ཞིང་རིག་པ་དང་ལྡན་པས་རང་བཞིན་ལས་གྲུབ་པའི་ཀ་བ ་དང་གདུང་ལ་སོགས་པ་ཡང་སོ་སོར་མངའི་ཐང་དང་མཚམས་པར་གྲུབ་པ་དང་། པད་མའི་ཟེ་འབྲུ་ལ་སྣ་ཚོགས་རྡོ་རྗེའི་དྲབུསུ་ཆོས་ཉིད་མི་འཁྲུགས་པའི་དེ་ཁོ་ན་ཉིད་ལ་ངེས་པར་གནས་པའི་ཕྱིར་བརྟན་པར་བྱས་པ ་པདདྨ་མའི་འདྲང་ཨ་རྣམས་སུ་ཁོར་ཡུག་ལ་བུམ་པ་བཟང་པོ་ལས་འཐོན་པ་དགོངས་པ་ངེས་པར་བསྒྲུབ་པའི་ཕྱིར་བྱང་ཆུབ་ཀྱི་ཤིང་རྣམས་ལ་འཁོར་ལ་སོགས་པའི་རིན་པོ་ཆེ་སྣ་བདུན་དང་ཚལ་དང་པགས་པོ་ལ་སོགས ་པའི་ཉེ་བའི་རིན་པོ་ཆེ་རྣམས་དང་། གཞན་ཡང་བདག་མེད་པའི་རིན་པོ་ཆེ་སྒྲ་དང་ལྡན་ཞིང་ཡིད་དུ་འོང་བསཾ་སེམས་ཡོངསུ་ཚིམ་པར་བྱེད་པའི་དབྱངས་དུ་མ་དང་ལྡན་པའི་རི་དགས་ཀྱི་རྒྱལ་པོ་རྣམས་དང་། ངང་པའི་རྒྱལ ་པོ་དང་། རྨ་བྱ་དང་ཤིན་ཏུ་མི་འམ་ཅི་ཕོ་མོ་དང་སྤྲིན་དང་ཁྲུས་ཀྱི་རྫིང་བུ་ལས་ལུས་ཕྱེད་འཐོན་པའི་རིག་པ་འཛིན་པོ་རྣམས་ཀྱིས་བརྒྱན་པོ་དང་། མདོར་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་རྣམས་ཀྱི ་སོ་སོའི་བསོད་ནམས་དང་ཡང་ཤེས་ལས་གྲུབ་པ་གང་ཡང་མ་ཚང་བ་མེད་པ་གཞལ་ཡས་ཁང་དམ་པར་བྱིན་གྱིས་བརླབ་པར་བྱའོ།། དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་གྱིས་བརླབས་དང་། ་ཚོགས་གཉིས་ཡོངསུ་རྫོགས་པའི་མཐུ་དང་། ཆོས་ཀྱི་དབྱིངས་ལས་གྲུབ་པའི་བྱིན་རླབས་དང་། རིག་སྔགས་ཀྱི་རྒྱལ་བའི་མཐུས་དེ་བཞིན་དུ་གྱུར་ཅིག། ན་མོ་བྷཱ་ག་བ་ཏེ་བཻ་རོ་ཙ་ན་པྲ་བྷ་རཱ་ཛ་ཏ་ཐཱ་ག་ཏཱ་ཡ་ཨརྷ་ཏཱཾ་སམྱརྠ ་བྷུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་བི་མ་ལ་སརྦ་སཾ་སྐཱ་ར་སིདྡྷ་སྱཱ་ན་སརྦ་བུདྡྷ་བོ་དྷི་སྱཱཏྤ་སྠཱ་ཀུ་ཌཱ་གྷ་ར་ཨ་དྷིཥྛཱ་ན་ཨ་དྷིཥྛཱི་ཏི་སཱུ་ཧྭཱ་ཞེས་ལན་གསུམ་དུ་བརྗོད་པ་དང་བསམ་པར་བྱའོ།། ། དེ་ནས་དེ་ལྟར་བྱིན ་ས་བརླབ་པའི་གཞལ་ཡས་ཁང་དེ་དག་གི་དབུ་སུ་སེང་གེའི་ཁྲི་པད་མའི་སྙིང་པོ་ཟླ་བ་རབ་ཏུ་རྒྱས་པའི་གངན་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མགོན ་པོ་ཆེ་དཔག་ཏུ་མེད་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། བདེ་བར་གཤེགས་པ་རྣམས་དང་བྱང་ཆུབ་སྙེམས་དཔའ ་ཐམས་ཅད་ཀྱི་ཡུམ་དུ་གྱུར་པོ་དང་། དེ་དག་གི་ཕྲིན་ལས་མ་ལུས་པ་གྲུབ་པར་བྱེད་པའི་རིག་པའི་རྒྱལ་མོ་འཕགས་མ་སྒྲོལ་མ་ལ་སོགས་པ་རྣམས་ཀྱང་སོ་སོའི་ཞིང་ཁམས་དང་། གནས་ནས་རང་གི་གདན་འཇོམས་པ་ལ ་དེ་རིང་མགོན་སྐབས་དང་དཔུང་གཉེན་དུ་སྤྱན་འདྲེན་ཅིང་མཆིས་ན། ཆེ་གེ་མོ་ལ་སོགས་པ་མཐའ་ཡས་པའི་འགྲོ་བ་མ་ལུས་པ་བླ་ན་མེད་པའི་གོ་འཕང་ལ་དགོད་པའི་ཕྱིར། ཐུགས་ཀྱིས་དགོངས། སྙན་གྱིས་གསན། སྤྱན་གྱི ་གཟིགས་ནས་སྔོན་གྱི་ཐུགས་དམ་ཁྱད་པར་ཅན་ལེ་གཞེས་ཏེ། དང་གནས་འདིར་བྱོན་པར་ཅི་གནང་། ཞེས་ལན་གསུམ་དུ་བྱའོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས ་པའི་སངས་རྒྱས་མི་བ་སྤྱོད་པ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་འབྱུང་ལྡན་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དོན་ཡོད་གྲུབ་པ་དང་། དེ་བཞིན་གཤེགས་པ་རྣམས ་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡུམ་དུ་གྱུར་པ་རྡོ་རྗེ་སྒྲོལ་མ་དང་། རན་ཆེན་སྒྲོལ་མ་དང་། པདྨའི་སྒྲོལ་མེ་དང་། ལས་ཀྱི་སྒྲོལ་མ་དང་། བདུག་སྤོས་སྒྲོལ་མ་དང་། མེ་ཏིག་སྒྲོལ་མ་དང་། མར་མེ་སྒྲོལ་མ་དང་། དྲི ་མཆོག་སྒྲོལ་མ་ལ་སོགས་པ་རྣམས་ཀྱང་། ཆེ་གེ་མེ་ལ་སོགས་པ་མཐའ་ཡས་པའི་འགྲོ་བ་མ་ལུས་པ་བླ་ནི་མེད་པའི་གོ་འཕང་ལ་དགོད་པའི་ཕྱིར། དེ་རིང་མགོན་དང་སྐྱབས་དང་དཔུང་གཉེན་དུ་སྤྱན་འདྲེན་ཞིང་མཆིས་ན།། ་ཐུགས་ཀྱིས་དགོངས། སྙན་གྱིས་གསན། སྤྱན་གྱིས་གཟིགས་ནས་སོ་སོའི་ཞིང་ཁམས་དང་གནས་ནས་སྔོན་གྱི་ཐུགས་དམ་ཁྱབ་པར་ཅན་ལས་བཞེངས་ནས་ཡིད་དུ་འོང་བའི་ཕོ་བྲང་དམ ་བར་གདན་འཛོམ་པ་ལ་བྱོན་པར་གནང་བར་མཛོད་ཅིག་ཅེས་ལན་གསུམོ།། དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡུམ་དུ་གྱུར་པ་རིག་པའི་རྒྱལ་མོ་ཆོས་ཀྱི་སྤྲིན་གསེར་དུ་སྣང་བའི་སྒྲོལ་མ་དང་། ཡང་དག ་པའི་རབ་ཏུ་མི་གཡོ་བའི་སྒྲོལ་མ་དང་། ཆོས་ཀྱི་དོན་ཡང་དག་པར་སྔོན་དུ་གྱུར་པའི་སྒྲོལ་མ་དང་། དྲི་བཞིན་གཤེགས་པ་ཐམས་ཅད་ཀྱི་བློ་གྲོས་སྒྲོལ་མ་དང་། ཀུན་ནས་འོད་ཟེར་རབ་ཏུ་འཕྲོ་བའི་སྒྲོལ་མ་དང་། ཉོན་མོངས་པ་ཐམས ་ཅད་རིང་དུ་གྱུར་པའི་སྒྲོལ་མ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡོན་ཏན་གྱི་འོད་བྱེད་པཱ་སྒྲོཡང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རབ་ཏུ་སྦྱངས་པར་གྱུར་པའི་སྒྲོལ་མ་དང་། དྲི་མ་མེད་པར་རབ་ཏུ་སྣང་བའི་སྒྲོལ་མ་དང་། ་ཡོན་ཏན་གྱི་ཚོགས་མེ་ལུས་པ་རབ་ཏུ་དགའ་བའི་སྒྲོལ་མ་དང་། རྣམ་པར་གྲོལ་བར་གྱུར་པ་ཤེས་རབ་སྒྲོལ་མ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྒྲོལ་མ་དང་། སངས་རྒྱས་ཐམས་ཅད་ཀྱི ་ཐུགས་མཉམ་པར་མཉམ་པའི་སྒྲོལ་མ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྗེའི་སྟོབས་ཀྱིས་སྒྲོལ་མ་དང་། སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་ལ་བརྩོན་པའི་སྒྲོལ་མ་དང་། སྨོན་ལམོམ་གྱི་རྒྱ་མཚོའི་ཕ་རོལ ་ཏུ་ཕྱིན་པའི་སྒྲོལ་མ་དང་། བརྟུལ་ཞུགས་མཆོག་ཏུ་གྱུར་པའི་རབ་ཏུ་བཟོད་པའི་སྒྲོལ་མ་དང་། རྣམ་པ་ཐམས་ཅད་ཀྱི་ཐབས་དང་ལྡན་པའི་སྒྲོལ་མ་དང་། སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་མ་ལུས་པར་འགྱེད་པའི་སྒྲོལ་མ་དང་། ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲོལ་མ་དང་། ཆོས་ཐམས་ཅད་ཀྱི་སྲོག་རྣམ་པར་འཇིག་པའི་སྒྲོལ་མ་དང་། སེམས་དང་ལས་རབ་ཏུ་མཁྱེན་པའི་སྒྲོལ་མ་དང་། ཡོ་བྱད་ཀྱི་དབང་ཕྱུག་ཟ་མ་ཏོག་གི་སྒྲོལ་མ་དང་། ལུས་དང་སྐྱེ ་བ་ཡང་དག་པར་མཁྱེན་ཅིང་གྲུབ་པའི་སྒྲོལ་མ་དང་། ཐབས་ངེས་པར་རྣམ་པར་སྒྲོལ་བྱའི་སྒྲོལ་མ་དང་། ཆོས་ཡང་དག་པར་གྲུབ་པ་རྒྱ་མཚོའི་སྒྲོལ་མ་དང་། སྨོན་ལམ་གྱི་མཆོག་ལེགས་པའི་དབྱིངས་ཀྱི་སྒྲོལ་མ་དང་། མོས་པའི ་རྩ་བ་རབ་ཏུ་བརྟན་པོ་ཆོས་ཀྱི་སྒྲོལ་མ་དང་། རྫུ་འཕྲུལ་ཀུན་ནས་ངེས་པར་འགྲོ་བའི་སྒྲོལ་མེ་དང་། མཁྱེན་པས་རྣམ་པར་མཛེས་པའི་དཔལ་གྱི་སྒྲོལ་མ་དང་། རིན་པོ་ཆེའི་བློ་ཡིད་བཞིན་གྱི་ནོར་བུའི་སྒྲོལ་མ་དང་། གཙུག་ཏོར་རྣམ ་པར་རྒྱལ་བའི་སྒྲོལ་མ་དང་། ཀུན་ནས་འོད་ཟེར་རྣམ་པར་འགྱེད་པའི་སྒྲོལ་མ་དང་། དེ་བཞིན་གཤེགས་པའི་གསང་འཛིན་རི་ཁྲོད་ལོ་མྲའི་སྒྲོལ་མ་དང་། ཤེས་རབ་ཀྱི་སྒོ་ཡང་དག་པར་འཕེལ་བའི་སྒྲོལ་མ་དང་། སངས་རྒྱས་ཐོད་མི་ཟད་པཱ། ་ཡེ་ཤེས་ཟ་མ་ཏོག་གི་སྒྲོལ་མ་དང་། ལས་ཐམས་ཅད་ཡང་དག་པར་སྦྱོར་ཞིང་འདྲེན་པའི་སྒྲོལ་མ་དང་། སྤོབས་པ་མ་ལུས་པར་སྐྱེད་ཅིང་དུག་སེལ་བའི་སྒྲོལ་མ་དང་། རྣམ་པར་བཀོད་པ་ཀུན་ནས་མཛེས་པ་ཙུན་དའི་སྒྲོལ་མ་དང་། སངས ་རྒྱས་ཐམས་ཅད་ཀྱི་ཞལ་རྣམ་པར་མཐའ་ཡས་པའི་སྒྲོལ་མ་ལ་སོགས་པ་ཡང་། ཚ་གེ་མོ་ལ་སོགས་མཐའ་ཡས་པའི་འགྲོ་བ་མ་ལུས་པ་བླ་ན་མེད་པའི་བྱང་ཆུབ་ལ་འགོད་པའི་ཕྱིར་དི་རིང་དཔུང་གཉེན་དང ་བཀོན་སྟབསུ་སྤྱན་འདྲེན་ཅིང་མཆིས་ན། སོ་སོའི་ཞིང་ཁམས་རྣམ་པར་དག་པ་ནས་སྔོན་གྱི་ཐུགས་ངམ་ཁྱད་པར་ཅན་གཞེས་ཏེ་ཐུགས་ཀྱིས་དགོངས། སྙན་གྱིས་གསན། སྤྱན་གྱིས་གཟིགས་ནས་ཡིད་དུ་འོང་བའི་ཕོ་བྲང་དམ་པར ་མཆོད་པའི་ཚོགས་འབྱོར་པའི་དབུས་ན་གང་ན་འཇོམས་པ་ཆེན་པོ་ལ་བྱོན་པར་མཛོད་ཅིག། ཅེས་ལན་གསུམ་དུ་བྱའོ།། དོང་འདིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་དང་། བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་བྱམས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་མི་ཟད་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སའི་སྙིང་པོ ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤོས་ཀྱི་གླང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ན་མཁའི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་ཏོག་དང་། བྱང་ཆུབ ་སེམདཔའ་སེམས་དཔའ་ཆེན་པོ་ནམ་མཁའ་མཛོད་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་དང་། བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་དཔའ་བར་འགྲོ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་སྙིང་པོ་དང་། བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོ་འཇིག་རྟེན་དབང་ཕྱུག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཟླ་འོད་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་ཆེན་ཐོབ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ ་ཆེན་པོ་ངན་སོང་ཀུན་སྦྱོང་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དྲ་བའི་འོད་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤོབས་པ་བརྩེགས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོད ་མཐའ་ཡས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱ་ངན་ཀུན་སེལ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་། བྱང་ཆུབ་སེམས་དཔའ་སོང་བ་ཆེན་པོ་མྱ་ངན་དང་མུན་པ ་ཐད་སེལ་བ་ལ་སོགས་པ་རྣམས་ཀྱང་། ཆེ་གེ་མོ་ལ་སོགས་པ་མཐའ་ཡས་པའི་འགྲོ་བ་མ་ལུས་པ་བླ་ན་མེད་པའི་གོ་འཕང་ལ་དགོད་པར་བྱ་བའི་ཕྱིར་དེ་རིང་མགོན་སྐྱབས་དང་དཔུང་གཉེན་དུ་སྐྱོན་འདྲེན་ཞིང་མཆིས་ན། སོ་སོའི་ཞིང་ཁུམས་རྣམ ་པར་དག་པ་ནས་སྔོན་གྱི་ཐུགས་དམ་ཁྱད་པར་ཅན་ལས་པ་ཞེངས་ཏེ། ཐུགས་ཀྱིས་དགོངས། སྙེན་གྱིས་གསན་པ། སྤྱན་གྱིས་གཟིགས་ནོས་ཡིད་དུ་འོང་བའི་ཕོ་བྲང་དམ་པར་མཆོད་པའི་ཚོགས་འབྱོར་པའི་དབུས་གདན་འཇོམས་པ ་ཆེན་པོ་ལ་བྱོན་པར་མཛོད་ཅིག་དང་ཞེས་ལན་གསུམ་དུའོ།། དེང་དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་གྱིས་བརླབས་ཀྱིས་ངེས་པའི་ཚིག་ཡང་དག་པུར་རིག་པ་ལྕགས་ཀྱུ་སྒྲོལ་མ་དང་། ཆོས་ཡང་དག་པར་རིག་པ་ཞག ་པཔ་སྒྲོལ་མ་དང་། སྤོབས་པ་ཡང་དྲག་པར་རིག་པ་ལྕགས་སྒྱོག་སྒྲོལ་མ་དང་། དོན་ཡང་དག་པར་རིག་པ་དྲིལ་བུ་སྒྲོལ་མཱུ་ལ་སྔོགས་བུ་དཀྱིལ་འཁོར་ཆེན་པོའི་སྒོ་སྐྱོང་བ་རྣམས་ཀྱང་ཆེ་གེ་མོ་ལ་སོགས་པ་མཐའ་ཡས་པའི ་འགྲོ་བ་མཱ་ལུས་པ་བླ་ན་མེད་པའི་བྱང་ཆུབ་ལ་དགོད་པའི་ཕྱིར། དེ་རྙིང་མགོན་སྐྱབས་དང་དཔུང་གཉེན་དུ་སྤྱན་འདྲེན་ཞིང་མཆིས་ནཱ། སོ་སོའི་ཞིང་ཁ་མྱས་རྣམ་པར་དག་པ་ནས་སྔོན་གྱི་ཐུགས་དམ་ཁྱད་པཱར་ཅན་ལས་གླེངས་ནས ་ཐུགས་ཀྱིས་དགོངས། སྙན་གྱིས་གས་ན། སྤྱན་གྱིས་གཟིགས་ཏེ། ཡིད་དུ་འོང་བའི་ཕོ་བྲང་དུམ་པར་མཆོད་པའི་ཚོགས་འབྱོར་པའི་དབུས་གདན་འཛོམ་པ་ཆེན་པོ་ལ་བྱོན་པར་མཛོད་ཅིག་དང་། ཆོས་ཀྱི་དབྱིངས་ཀྱིས་བྱིན་གྱིས ་རླབ་དང། ཚོགས་གཉིས་ཡོངསུ་རྫོགས་པའི་མཐུ་དང་། རིག་སྔགས་ཀྱི་རྒྱལ་མོ་འདིའི་སྟོབས་ཀྱིས་དེ་བཞིན་དུ་གྲུབ་པར་གྱུར་ཅིག། ན་མོ་རཏྣ་ཏྲ་ཡཱ་ཡ། ཨ་མི་ཏཱ་བྷཱ་ཡ་ཏ་ཐཱ་གཱ་དྷཱ་ཡ། ཨནྟ་ཏེ་སམྱཀྶཾ་བུདྡྷཱ་ཡ། ན་མོ་ཨཱམྲ ་བ་ལོ་ཀི་ཏེ་ཤྭ་རཱ་ཡ་བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ་མ་ཧཱ་ཀཱ་རུ་ཎཾ་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཏཱ་རཾ་ཏཱ་རེ་ཏུཏྟཱ་རེ་ཏུཏྟཱ་རེ་ཏུ་ར་ཏུ་རེ་ཀུ་མ་རི་པདྨ་གརྦྷེ་སིདྡྷ་བྷི་ག་བན། ཨཀྵོ་བྷྱ་ར་ཏ་ནེ་སཾ་བྷ་བི་བཻ་རཾ་ཙ་ན་ཨ་མོ་གྷ་སིདྡྷི་བཛྲི་ཏཱ་ར་རཏྣ་ཏཱ་རཱ ་པདྨ་ཏྭཱ་རུ་དྷཱུ་པ་ཏཱ་རཱ་པུཥྚ་ཏཱ་ར་དཱི་པ་ཏྭཱ་ར་གནྡྷ་ཏཱ་ར་སརྦ་བུདྡྷ་བོ་དྷྲྀ་སཱཏྶཱ་ད་ཤ་དིཀ་བྱཱ་བ་ལོ་ཀིཾསྟྲྀ་ཏ་ཨཱ་གནྡྷ་ཨཱ་གཙྪ་སྭཱ་ཧཱ། ཞེས་ལན་གསུམ་དུའོ།། དང་རྒྱལ་བ་སྲས་དང་བཅས་པ་ཐམས་ཅུད་ཀྱི་སྤྱན་སྔར་དབང་པཽ་དང་མེ་ལྷ་དང ་ཤིན་ཛྷཻཾ་དང་། སྲིན་པོ་དང་། ཆུ་བདག་དང་། རླུང་ཝཱ་དང་། ནོར་འཛིན་དང་། དབང་ལྡན་དང་། ཚངས་པ་དྲུང་། ཐིགས་བཟངས་རིས་དང་། སྔོའི་ལྷ་མོ་དང་། དབང་ཕྱུག་ཆེན་པོ་དང་། ཀླུའི་རྒྱུ་ལ་པོ་རྣམས་དང་། ནག་པོ་ཆེན་པོ་དང་། ་དགའ་བའི་དཔུང་ཕྱུག་དང་། ཚོགས་ཀྱི་བདག་པོ་དང་། གཟའ་དང་། རྒྱུ་སྐུར་ལ་སོགས་པ་ཆོས་སྐྱོང་བའི་སྲུང་མ་མཐུ་དང་གཟི་བརྗིད་ཕུན་སུམ་ཚེགས་པ་མ་ལུས་པ་རྣམས་ཀྱང་སོ་སོའི་ཞིང་ཁམས་རྣམ་པར་དག་པ ་ནས་ཆེ་གེ་མོ་ལ་སོགས་པ་མཐའ་ཡས་པའི་འགྲོ་བ་མ་ལུས་པའི་ཚེ་དང་བསོད་ནམས་ལ་སོགས་སྤེལ་བ་དང་། སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པའི་སླད་དུ་དི་རིང་མགོན་སྐྱབས་དང་དཔུང་གཉེན་དུ་སྤྱན ་འདྲེན་ཞིང་མཆིས་ན། སྔོན་གྱི་ཐུགས་དམ་ཁྱད་པར་ཅན་ལས་གླེངས་ཏེ། ཐུག་སྡེ་དྲམ་གྱིས་དགོངས། སྙན་གྱིས་གས་ན། སྤྱན་གྱི་སྣ་གཟིགས་ནས་ཡིད་དུ་འོང་བྲེའི་ཕོ་བྲང་དམ་པར་གང་ན་འཛེམ་པ་ཆེན ་པོ་ལ་བྱོན་པར་ཅི་གནང་ཞེས་ལན་གསུམ་དུའོ།། དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་གྱིས་བརླབས་དང་། ཆེ་གེ་མོ་ལ་སོགས་པའི་བསམ་པ་རྣམ་པར་དག་པའི་སྟོབས་ཀྱིས་དེང་རྒྱལ་སྲས་དང་བཅས་བམ ་ལུས་པར་མྱངོན་སུམ་དུ་བྱོན་པར་གྱུར་པ་རྣམས་ལ། སྨན་གྱི་རྒྱལ་པོ་རྣམས་དང་མཆོག་ཏུ་གྱུར་པའི་དྲི་ཕུན་སུམ་ཚོགས་པ་ལྡེག་སྨྲ་པུར་སྦྱར་བ་རྣམས་ཀྱིས་རྨྱ་ཤེལ་གྱི་བུམ་པ་ལ་རིན་པོ་ཆུ་དུ་མའི་ཕྲི་ནྡན་ན ་པའི་ཚུལ་ལ་ངེས་པར་འཐོན་པའི་རྒྱུན་གྱིས་རྒྱལ་བ་སྲས་དང་བཅས་པའི་ཞབས་ལ་བཀྲུ་བར་བྱའོ།། དེ་ཡང་ཕྱོགས་མཚམས་རྣམསུ་དྲི་ཞིམ་པོའི་ངད་དང་ལྡན་པའི་ཙན་དན་དང་ཨ་ཀ་རུ་དང་དུ་རུ་ཀ་ལ་སོགས་པ་མི་ལུ ་ཁྱད་པར་འཕགས་པ་དཔལ་དང་གཟི་བརྗིད་འབར་བར་བྱེད་པའི་ལྷ་རྫས་མཆོག་ཏུ་གྱུར་པས་བླ་མ་དང་དེ་བཞིན་གཤེགས་པ་སྱ་སཱ་དང་བཅས་པ་དཀྱིལ་འཁོར་དུ་ངེས་པར་གྲུབ་པ་རྣམས་ཀྱི་སྐུ་ལྔ་བྱུགས་པར་བྱའོ།། ་དེ་ཡང་དྲི་མ་མེད་ཅིང་ཡན་ལག་བརྒྱད་དང་ལྡན་པའི་བདུད་རྩི་འོ་མའི་རྒྱན་ལྟ་བུ་དཀར་ཞིང་བསིལ་བ་ལེགས་འཛིན་གྱི་དབང་པོ་ཚིམ་པར་བྱེད་པ་ཕྱི་དང་ནང་རྣམས་ཀྱང་རྣམ་པར་དག་པར་སྦྱར་བའི་ཆུས་བླ་མ་དམ་པ ་རྣམས་དང་རྒྱལྔ་བ་སྲས་དང་བཅས་ཀྱི་ཞལ་བསིལ་ཞིང་མཉེས་པར་བྱའོ།། ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿབོ་དྷི་སཏྭ་བྷྱཿསཱ་ཏ་ཙ་ར་ནཾ་ལི་བྱ་པྲ་བཱ་ར་སད་ཀ་རཱ་ཨརྒྷཾ་པྲ་ཏིཙྪ་ཨཉྩ་མ་ཡེ་སྭཱ་ཧཱ།། དེ ་ལྷུར་ཆུ་གསུམ་གྱི་མཉེས་པར་བྱས་པ་ལས་དཀོན་མཆོག་གསུམ་གྱི་བདྲེན་པའི་བྱིན་གྱིས་བརླབས་དང་། ཚོགས་གཉིས་ཡོངསུ་རྫོགས་པའི་མངའ་ཐང་དང་། རིག་སྔགས་ཀྱི་མཐུས་དེ་བཞིན་དུ་གྱུར་ཅིག། དེ་ལྟར ་དེའི་བྱིན་གྱིས་བརླབས་ཀྱིས་སངས་རྒྱས་གྷུདྷཱ་གྷྲའི་ཀླུང་གི་བྷྱོམྦྷ་སྐྱེད་དང་མཉམ་པའི་ཞབས་འབྲིང་དུ། འཇིག་རྟེན་གྱི་ཁམས་ཀྱི་རྟུལ་ཕྲ་རབ་ཐམས་ཅད་དང་མཉམ་པའོ། གླ་ས་གྷྲྀ་བྱུང་ཆུབ་སྙོམས་དཔྱའི་རྣམས་ཅན ་མཉེས་པར་བྱེད་པར་གྱུར་ཅིག། སངས་རྒྱས་ཀྱི་ཞིང་མཱ་ལུས་པར་སྦྱོར་བ་དང་། རྒྱལ་བ་སྲས་དང་བཅས་པའི་ཕྲིན་ལས་མ་ལུས་པ་ལ་འཇུག་པར་གྱུར་ཅིག། སྐབས་ཐམས་ཅད་དུ་ལྷའི་སྡེ་སུམ་ཅུ་རྩེ་གཉིས་ལ་སོགས་པས ་སྲུང་བར་གྱུར་ཅིག། ཀླུའི་རྒྱལ་པོ་འཇོག་པོ་དང་། ཀླུའི་རྒྱལ་པོ་རྒྱ་མཚོའི་མཆིང་ལ་སྩོགས་པ་རྣམས་ཀྱིས་བསྲུང་བ་དང་། དུས་དང་ལྡན་པཱ་ར་ཆར་འབེབ་པར་གྱུར་ཅིག། རྒྱལ་པོ་ཆེན་པོ་བཞི་ལ་སོགས་པས་ཀྲུང་བསྲུང་བ་དང ་བསྐྱབ་པ་དང་སྦེད་པར་གྱུར་ཅིག། མཐའ་ཡས་པའི་འགྲོ་བ་མ་ལུས་པ་རྣམས་ཀྱང་མི་ཁོན་པ་བརྒྱུད་ལྔས་ཐར་པ་དང་རལ་བ་དང་འབྱོར་བའི་ལུསུ་གྱུར་ཅིག། སེམས་ཅན་ཐམས་ཅད་བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་བསྐྱེད་པ ་དང་། བསྐྱེད་པ་རྣམས་འཕེལ་བ་དང་རྒྱལྔ་པར་གྱུར་ཅིག། སངས་རྒྱུས་ཐམས་ཅད་ཀྱིས་བསྟོད་ཅིག་དགོངས་པ་དང་། དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་རབ་ཏུ་རངས་པར་ཡང་གྱུར་ཅིག། སངས་རྒྱས ་ཐམས་ཅད་ཀྱི་གསང་བ་འཛིན་པ་དང་། མི་འཕྲོགས་པའི་ཡེ་ཤེས་ཆེན་པོ་ལ་གནས་པར་གྱུར་ཅིག། དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་གདུང་རྣམས་ཀྱང་རྒྱས་ཤིང་འཕེལ་ནས་སེམས་ཅན་ཐམས་ཅད་ཀྱི ་གནོད་པ་ཞི་བར་གྱུར་ཅིག། དེ་ནས་སྔར་སྤྱན་དྲངས་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མཚན་ནས་བརྗོད་ཅིང་ཞབས་ལུ་གཏུགས་པའི་ཕྱག་གསུམ་གསུམ་བྱའོ།། གླངན ་འཛོམ་པ་ཆེན་པོ་ལ་བཞུགས་པའི་རྒྱལ་བུ་སྲསཱ་དང་བཙོས་པའི་ཚོགས་རྣམས་ལ། ཕྱོགས་བཅུའི་འུཇིག་རྟེན་གྱི་ཁམས་ཐམས་ཅད་ན་ལྷ་དང་མིའི་མེ་ཏོག་གི་བྱེ་བྲགུ་རང་རང་གི་བསོད་ནམས་ཀྱི་སྟོབས་ཀྱིས་ཡིད ་ལྔས་བྱུང་བ་དང་། ཆུ་དང་ཐང་དང་སྤངའི་དང་ལྗོན་ཤིང་ལས་འཁྲུངས་པའི་ཁ་དོག་དང་དབྱིབསུ་ཕུན་སུམ་ཚོགས་པ་དྲི་བསུང་ཆེན་པོ་དང་ལྡན་པ་རྣམས་ཀྱང་ཕྲེང་བ་དང་མི་ཏོག་སིལ་མ་སྤེལ་ལེགས་གི་མེ་ཏོག་གི ་གྱིཀྱིགྱི་རྒྱུན་ལྟ་བུར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དབུ་ལུ་དབུལྔ་བོར་གྱིའོ།། ན་མཿསརྦ་བུདྡྷ་བོ་དྷི་སཏྭཱཾ་ནཾ་ཨཻ་ཨཱཿཔུཥྚ་པུ་ཙི་མེ་གྷ་ས་མ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཕྱོགསུ་བནའ་འཇིག་རྟེན་གྱི ་ཁམས་ཐམས་ཅད་ན་ལྷ་དང་མི་རྣམས་ཀྱི་བདུག་པའི་བྱེ་བྲག་རང་བཞིན་ནི་ཏིང་འཛིནི་ལས་བྱུང་བ་དང་། ལྷན་ཅིག་སྐྱེས་པ་དང་། རབ་ཏུ་སྦྱར་བ་ལ་སོགས་པའི་ཕྱོགས་ཐམས་ཅད་དུ་དྲྀ་དང་ཆེན་པོ་དྲུང་ལྡན་པ་སྤྲིན་གྱི ་ཕུང་པོ་འཁྲིགས་པར་གྱུར་པ་ལྟ་བུ་ཡང་གངན་འཛེམ་པ་ཆེན་པོ་ལ་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་ཤངས་ལ་དབུལ་བར་བགྱིའོ།། ། ན་མཿས་རྦ་བུདྡྷ་བོ་དྷི་སཏྭེ་ནཾ་ཨོཾ་ཨཱཿ ་དྷཱདྷཱུ་པཱ་པཱུ་ཛཱ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ལྷ་དང་མི་རྣམས་ཀྱི་སྣང་བའི་བྱེ་བྲག་ཡིད་ལས་བྷུརྱཱ་པ་འམ་རིན་པོ་ཆེ་ལས་སྐྱེས་པ་འམ་འབྲུ་མཱུཪྵ་ལ་སོགས་པ་ལ་སྦྱོར ་བ་དང་། ཉི་མ་དང་ཟླ་བ་དང་རབ་ཏུ་སྣང་བར་གྱུར་པས་ཕྱོགས་མཚམས་གོ་འབྱེད་པ་ལེགས་པར་འཁྲུངས་ཤིང་འབར་བས་ལུས་ཅན་རྣམས་ཀྱི་མིག་གི་དབང་པོ་གསལ་བོར་བྱེད་པའི་མུར་མེའི་ཕྲེང་བ་ལ་སོགས ་པི་ཡང་གདན་འཛོམ་པཱ་ཆེནྟ་པི་ལ་བཞུགས་པའི་རྒྱལྟ་བ་སྲས་དང་བཅས་པ་རྣམས་ཀྱི་སྤྱནྣ་ལཱྀ་དབུལ་བཱར་བྱའོ།། ། ན་མཿསརྦ་བྷུདྦྷ་བོ་དྷི་སཏྭ་ནཱཾ་ཨཽ་ཨཱཿལོ་ཀ་པཱུ་ཛ་མེ་གྷ ་ས་མུ་ཏྭཱ་སྥཱ་ར་ཎཱ་ས་མ་ཡེ་ཧཱུཾ། ཕྱོགས་བཅུའི་འཇིག་རྟེན་གྷུ་ཁམས་ཐམས་ཅད་ན་ལྷ་དང་མི་རྣམས་ཀྱི་དྲི་བྱུག་པའི་ཁྱོད་པར་ཁུམས་ལས་སྐྱེས་པཱ་དང་། འབྲུ་དང་སྨན་ལས་བྱུང་བ་དང་། མེ་ཏོགྨ་དང་འབྲས་བུ་ལཾས ་སྦྱར་བའི་དྷི་མཆོག་དཀར་ཞིང་བསིལ་བ་དང་། རེག་ན་བདེ་བའི་རྐྱེན་རྩིར་གྱུར་པཱ་དྲི་ཆབ་བཱི་དུདྱཱ་དྷི་རྒྱུན་ལྟ་བུས་གདན་འཛེམ་པ་ཆེན་པོ་ལ་བཞུགས་པའི་རྒྱལ་བཱ་སྲྀས་དང་བཅས་པ་ཐམས་ཅད་ཀྱི་ཐུགས་ཀར་དབུལ ་བོར་བགྱིའོ།། །། ན་མཿསརྦ་བུདྡྷ་བོ་དྷཾ་སཏྭཱ་ནཱཾ་ཨཻ་ཨཱཿགནྡྷེ་བྷུ་ཛ་མཾ་གྷཱ་ས་མུ་ཏྲ་སྭ་ར། ཎས་མ་ཡེ་ཧཱུཾ། གང་ཡང་ཕྱོགས་བཅུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ལྷ་དང་མི་རྣམས་ཀྱི་ཞལ ་ཟས་ཀྱི་བྱེ་བྲག་རྣམ་པར་དག་པའི་ཁ་དོག་དང་དྲི་ཕུན་སུམ་ཚོགས་པ་དགའ་བནི་སྟོབས་འཕེལ་ཞིང་དོན་ཡོད་པའི་རོ་བརྒྱ་དང་ལྡན་པ་ལ་བཟའ་བ་དཀུ་བཅའ་བ་དང་། བསྔག་པ་དང་། མྱང་བ་དང ་འཇིབ་པ་དང་། ཁྱད་པར་འཕགས་པའི་གཏུང་བའི་རྣམ་པ་རྣམས་ཀྱང་གདན་འཛོམ་པ་ཆེན་པོ་ལ་བཞུགས་པའི་རྒྱལ་བ་སྲས་དང་བཅས་པའི་ཞལ་དང་ཕྱག་ཏུ་དབུལ་བར་བགྱིའོ།། ་ནམཿསརྦ་བུདྡྷ་བོ་དྷི་སཱཏྭཱ་ནཱཾ་ཨོཾ་ཨཱཿནཻ་བཻ་ཏྱ་པཱ་ཛཱ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ལྷ་དང་མི་རྣམས་ཀྱི་རོལ་མོའི་བྱེ་བྲག་མངོན་པརུ་འདུས་མ་བྱས་པའི་སྒྲ ་དབྱངས་དང་། ཛ་དང་། རྗེ་ཆེནི་དང་། པི་ཝང་དང་། གླིང་བུ་དང་། འཁར་ཎཱ་དང་། དུང་དང་། དུང་དཀར་དང་། ཕེག་རྫོབ་པ་ལ་སོགས་པ་ཚངས་པའི་དབྱངས་ལྟར་སྙན་ཅིང་ཡིད་འཕྲོག་པའི་རོལ་མོའི་རྣམ་པ་གདན་འཇམ ་པོ་ཆེན་པོ་ལ་བཞུགས་པའི་རྒྱུལ་བ་སྲསྫ་དང་བཟླས་པ་ཐམས་ཅད་ཀྱི་སྙན་གྱི་དབང་པོ་ལ་དབུལ་བར་བགྱིའོ།། ། ན་མེཿསརྦྦ་བུདྡྷ་པོ་དྷི་སཏྭཱ་ནཾ་ཨོཾ་ཨཱཿཤབྷ་པཱུ་ཛ་མེ་གྷ་ས་མུ་ཏྱཱ ་སྥ་ར་ཎ་ས་མ་ཡེ་སྭཱ་ཧཱ། ཕྱོགས་བཅུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ནི་རབ་ཏུ་མཁོ་བའི་རྐྱེན་དུ་གྱུར་པ་ལ་དབུ་རྒྱན་དང་རྐེང་རྒྱན་ལ་སོགས་པ་རབ་ཏུ་མཛེས་པའི་རྒྱན་དུ་གྱུར་པ་དང་། སོང་གེ་དང་། གླང་གི ་ཆེ་དང་། ཉི་ཟླ་དང་། གསེར་དངུལ་དང་། མུ་ཏིག་ལ་སོགས་པས་སྤྲས་པའི་གཟི་བརྗིད་འབར་བ་དང་མཐོ་ཞིང་མཛེས་པའི་ཁྲི་ལ་སོགས་པ་དང་། གདུགས་དང་། རྒྱལྔ་མཚན་དང་། བ་དུན་དང་། བླ་རེ་དང་། རྔ་ཡབ་དང་ལྔ་ལྕི ་དང་། ཕྲེང་རྒྱུད་དང་། ནོར་བུ་ལ་སོགས་པ་དགོས་པའི་ཡོ་བྱད་དང་། བློ་རྟེན་དང་། སྐུ་ཡོལ་དང་། ན་བཟའ་དང་། མཐོ་བའི་སྟན་དང་། མལ་ཆེ་དང་། ངོ་མཚར་བའི་རག་ཏུ་བདེ་བའི་རྐྱེན་རྩི་ལ་སོགས་པ་ཡང་གདོན ་འཛེམ་པ་ཆེན་པོ་ལ་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་སྐུ་ལ་དབུལ་བར་བགྱིའོ།། ན་མཿསརྦ་བུདྡྷ་པྲོ་དྷི་སཏྭཱ་ནཱཾ་ཨོཾ་ཨཱཿུ་པ་ཀ་ར་པཱུ་ཛ་མེ་གྷ་སྱ་མུ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ་གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁྱམས་ན་ལྷ་དང་མི་རྣམས་ཀྱི་ཕུན་སུམ་ཚུགས་པའི་རྐྱེན་དུ་གྱུར་པ་ལ་ཁྲུས་གྱི་རྫིང་བུ་དང་། བདུད་རྩིའི་སྨན་དང་། མོ་རྨོས་ལོ་ཏོག་དང་། དཔག་བྱ་ས་མ་ཤིང་ཆེན ་དང་བུམྦྷ་པ་བཟུང་བ་དང་། གཏེརྱ་ཆེན་པོ་དང་། རུལི་གྲྀ་དང་། མཱིག་ཙི་དང་། འདོད་འཇོའི་པཱ་དང་། རིན་པོ་ཆེ་དང་། རྐང་བྱུག་ལ་སྩོགས་པ་གྲུབ་པའི་རྫས་དང་། སྐྱེས་བུ་ཆེན་པོའི་སྔོན་དུ་འགྲོ་བའི་རྩིབས་སྟོང་དང་། ་ལྡན་པའི་འཁོར་ལོ་དང་། དགོས་འདོད་འབྱུང་བའི་ནོར་བུ་རིན་པོ་ཆེ་དང་། ཡིད་འཕྲོག་པའི་བཙུན་མོ་དང་། མཛོད་ཁེངས་བློན་པོ་དང་། ཤུ་གས་འགྲོའི་རྟ་དང་། དཔའ་བརྟན་གླང་པོ་དང་། བརྟུལ་ཕོད་དམག་མི་ལ ་སོགས་པའི་རིན་པོ་ཆེ་རྣམ་པ་བདུན་དང་། གདུགས་བཟངས་གསེར་ཡུ་ཅན་དང་། དུང་དཀར་དང་། ཆུ་སྐྱེས་དང་། གསེར་ཉ་དང་། བུམ་མཆོག་དང་། རྒྱལ་མཚན་དང་། དཔལ་བེ་དང་། རབ་ཏུ་འབར་བའི ་འཁོར་ལོ་ལ་སོགས་པ་སྐྱེས་བུ་མཆོག་རྣམས་ལྔ་བཀྲ་ཤིས་པའི་རྫ་སུ་འགྱུར་པ་རྣམས་ཀྱང་གདུན་འཛོམ་པ་ཆེན་པོ་ལ་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མ་ལུས་པ་ལ་ཉེར་སྤྱོད་དུ་དབུལ ་བར་བགྱིའོ།། ། ནཱ་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ་སིདྡྷ་ས་པ་ཏཱ་རཏྣཱ་ཨཥྚ་མི་ག་ལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། གང་ཡུང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅུང་ན་ལྱཱ་དང་མི ་རྣམས་ཀྱི་ཁྱད་པར་འཕགས་པའི་བྱེ་བྲག་ལ་མད་པཱའི་རྫས་ལ་རིམ་པར་བཤམས་པ་འམ་བདུག་པོས་གཟུང་བ་འམ། བདག་པོས་ཡོངསུ་མ་བཟུང་བའི་ཁྱད་པར་དང་བློས་སྤྲུལ་པཱའི་ཏིང་འཛིན་གྱི་མཆོད ་པ་ཀུན་དུ་བཟང་པོའི་མཆོད་སྤྲིན་གྱི་རྒྱུ་མཚོ་བྲསམྦུ་གྱིས་མི་ཁྱབ་པ་དུས་དང་དུས་མིན་དུ་བྷུ་བ་དང་། མདོར་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྒྱལ་བུ་སྲས་དང་བཅས་པའི་སྐྱོ་སོའི་མངའ་ཐང་ལས ་གྲུབ་པ་མ་ལུས་པ་རྣམས་ཀྱང་དད་པའི་བློ་ཡིས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་དབུལ་བར་བྱའོ།། དེ་ཡང་དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་གྱིས་བརླབ་དང་། ཚོགས་གཉིས་ཡོངསུ་རྫོགས་པའི་མཐུ་དང་རིག་པའི ་རྒྱལ་མོ་འདི་ལན་བརྒྱ་རྩ་བརྒྱད་བརྗོད་པའི་སྟོབས་ཀྱིས་དེ་བཞིན་དུ་གྱུར་ཅིག། ན་མཿསརྦྦ་བུད་དྷ་བོ་དྷི་སཏྭཱ་ནཱཾ། སརྦ་ཏ་ཐཱ་ག་ཏེ་སྨཱ་རཱ་ཧི་མཾ་ག་ག་ན་ཁཾ་ས་མནྟ་ཏེ་སྭཱ་ཧཱ།། འདིས་མཆོད་པ་བྱི་སྤྲིན་ཆེན་པོས་བཏིབས་ལྔར་འགྱུར་བའོ།། ་དེ་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཚན་ཡོད་ལ་བྱས་ནས་མཆོད་པ་ཕུལ་བཾ་ས་སངས་རྒྱས་ཀྱི་ཞིང་ཁུམས་མ་ལུས་པ་རྣམསུ་མཆོད་སྤྲིན་གྱི་ཕུང་པོ་རྒྱུན་མི་འཆད་པར་གྱུར་ཅིག། སངས་རྒྱས ་ཐམས་ཅད་ཀྱི་ཕྲིན་ལས་མ་ལུས་པ་རྣམས་ལྷུན་གྱིས་གྲུབ་པར་གྱུར་ཅིག། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཀྱི་སྤྱོད་པ་རླབས་པོ་ཆེ་ཐམས་ཅད་མཐར་ཕྱིན་པར་གྱུར་ཅིག། ཏིང་འཛིན་གྱི་སྒོ་དུ་མ་རྣམས ་གཟུངས་དང་རླིག་པའི་སྒོ་ནས་འཇུག་པར་གྱུར་ཅིག། དེ་ལྟར་མཆོད་པའི་གུས་པས་བདུག་དང་མཐའ་ཡས་པའི་སེམས་ཅན་མོ་ལུས་རྣམས་མ་འོངས་པའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག ་པར་རྫོགས་པའི་སངས་རྒྱ་སུ་གྱུར་ཅིག། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ནས་ཡང་ཆོས་གུང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་སངས་རྒྱས་ལྔ་ཐོས་པའི་ཆོས་དེ་དག་མ་ལུས་པ་ཡང་ཐོག ་པར་གྱུར་ཅིག། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཆོས་ལ་བཀུར་སྟི་བྱེད་པ་ལྟར་ཆེ་གེ་མོ་ལ་སོགས་པའི་འགྲོ་བ་མ་ལུས་པ་ཡང་ཆོས་རྣམས་ལ་བཀུར་སྟི་བྱེད་པར་གྱུར་ཅིག། ཇི་ལྟར་སངས་རྒྱས་དང་བྱང་ཆུབ་སེམས ་དཔའ་རྣམས་ཀྱི་འགྲོ་བ་མ་ལུས་པ་ལ་ཆོས་སྟོན་པ་ལྟར་བདག་ཅག་འགྲོ་བ་ལ་ཆོས་སྟོན་པར་གྱུར་ཅིག། སངས་རྒྱས་ཀྱི་ཆོས་མ་ལུས་པ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཁས་ཤིང ་རྫོགས་པ་ལྟར་བདག་ཅག་ཀྱང་དེ་བཞིན་དུ་གྱུར་ཅིག། དེ་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་མཆོད་པ་བྱེས་པས་སེམས་ཅན་ཐམས་ཅད་ལ་ཕན་པ་དྲོང་བདེ་བ་རྒྱ་ཆེན་པོ་དང་ལྡན་པར་གྱུར་ཅིག ་ཐོ་ནད་ཐམས་ཅད་རབ་ཏུ་ཞི་བ་དང་སྡིག་པ་ཐམས་ཅད་ཉམས་པ་དང་། བཀྲ་མི་ཤེས་པ་ཐམས་ཅད་མི་འབྱུང་བ་དང་། རྨི་ལམ་ངན་པ་ཐམས་ཅད་ཟློག་པ་དང་། དུས་མ་ཡིན་པར་འགུམ་པ་ཐམས་ཅད་རབ་ཏུ་ཞི ་བར་གྱུར་ཅིག། སངས་རྒྱས་ཀྱི་བསྟན་པ་ལ་མ་ཞུགས་པ་དང་། ཞུགས་པ་རྣམས་ཀྱི་དགེ་བའི་རྩ་བ་རྒྱ་ཆེན་པོ་དཕེལ་བ་དང་། དགེ་བའི་རྩ་བ་བསྒྲུབ་པ་ལ་བགེགས་དང་ལོག་འདྲེན་ལ་སོགས་པ་ཐམས་ཅད་ཞི ་ནས་མི་འབྱུང་བར་གྱུར་ཅིག། འཇིག་རྟེན་སྐྱོང་བ་རྣམས་ཀྱི་ཆེ་གེ་མོ་ལ་སོགས་པའི་འགྲོ་བ་མ་ལུས་པ་རྣམས་ལ་བསྲུང་བ་དང་། བསྒྲུབ་པ་དང་། སྡོད་པ་དང་། ཡོངསུ་གཟུང་བ་དང་། ཞི་པ་དང་། བདེ་ལེ་གསུ་འགྱུར་བ་དང་། ་ཆད་པ་སྤང་བ་དང་། མཚོན་ཆ་སྤང་བ་དང་། དུག་ཞི་བ་ལ་སོགས་པ་བྱེད་པར་གྱུར་ཅིག། དགེ་བའི་རྩ་བ་འདིས་ཕྱོགས་ཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་མངོན་སུམ་དུ་གྱུར་ནས་དེ་དག་གི་མཐུས་མི་སྐྱེ་བའི ་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཅིག། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་དད་པ་དང་ལྡན་བྱས་གུས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བལྟ་བར་འདོད་པ་དང་དེ་དུག་ལ་ཆོས་ཉན་པར་འདོད ་བཔས་ཀྱང་དེ་བཞིན་དུ་གྲུབ་པར་གྱུར་ཅིག། གཞན་ཡང་ལེགས་པར་སྦྱར་ཞིང་བཤམས་ནས་ཕུལ་པོའི་མཆོད་པ་འདས་ཆེ་གེ་མོ་ལ་སོགས་པ་འགྲོ་བ་མ་ལུས་པ་རྣམས་དང་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས ་ཡོངསུ་གཟུང་བར་གྱུར་ཅིག། དེང་ནས་ངལ་བ་དང་དུབ་བ་མེད་པར་ནོར་དང་འབྲུ་དང་དབྱིག་ལ་སོགས་པ་རྣམས་ཚེགས་མེད་པར་རྙེད་པར་གྱུར་ཅིག། དགྲ་བོ་ཐམས་ཅད་ལས་རབ་ཏུ་རྒྱལ་བར་གྱུར་ཅིག། རྒྱལ་པོ་ཐམས་ཅད ་ཞི་བ་དང་། གསོང་པོར་སྨྲ་བ་དང་ཡུལ་ལ་ཕྱིན་པར་གྱུར་ཅིག། ལུས་ལ་དུག་གིས་མོ་ཚུ་གྲོས་པ་དང་། དབྱིག་དུག་གིས་མི་ཚུགས་པ་དང་། རིམས་ཀྱི་ས་མི་ཚུགས་པ་དང་། མཚོན་གྱིས་མི་ཚུགས་པ་དང་། ཆུས་མི་ཚུགས་པ་དང་། ་མེས་མི་ཚུགས་པ་དང་། མཁའ་འགྲོ་མོའི་གནོད་པས་མོ་རྨུགས་པར་གྱུར་ཅིག། ནམ་འཚོ་བའི་ཚེ་དེ་བཞིན་གཤེགས་པ་རྣམས་མཐོང་བར་གྱུར་ཅིག། ཤི་འཕྲོས་ནསྣ་བྷེང་བརྒྱན་གྱི་ཞིང་ཁམས་པདྨ་སྡོང་པོ་ལྔ་བརྫུས་ནས་སྐྱེ་ཧཱ ་གྱུར་ཅིག། མཆོད་ཅིང་བསྙེན་བཀུར་བའི་དགེ་བའི་རྩ་བ་འདིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྣམ་པར་ཐར་པ་རྒྱལ་བ་ཐ~ཾད་ཀྱི་འཇུག་པ་ཡེ་ཤེས་ཀྱི་སྙིང་པོ་ཞེས་བྱ་བ་ཐོབ་པའི་གྱུར་ཅིག ་སེམས་ཅན་གང་དག་འཆིང་བས་བཅིངས་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། ནད་དང་གནོད་པ་དང་། སྡུག་བསྔལ་སྣ་ཚོགས་པས་གཙེས་པ་རྣམས་ཀྱིས་ནི་གན་ད་སྟན་དང་དཔུང་གཉེན་དུ་ཡང་གྱུར་ཅིག། ་གནོད་སྦྱིན་དང་སྲིན་པོ་ལ་སོགས་པ་མ་རུངས་པའི་སེམས་དང་ལྡན་པ་རྣམས་ཀྱང་བྱམས་པའི་སེམས་དང་། སྙིང་རྗེའི་སེམས་དང་། དགའ་བའི་སེམས་དང་། བག་ཡོད་བུའི་སེམས་དང་ལྡན་པར་གྱུར་ཅིག། བྱང་ཆུབ་པའི་སེམས ་དང་ལྡན་པར་གྱུར་ཅིག། སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པཱར་རྫོགས་པའི་བྱང་ཆུབ་ལ་མ་བཀོད་པར་ཆེ་གེ་མོ་ལ་སོགས་པའི་བདག་ཅག་རྣམས་ལེ་ལོ་དང་། སྙོམས་ལས་དང་བྱེ་བ་མཱ་ཡིན་པར་དུས་འདས་པར ་མ་གྱུར་ཅིག། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་འབུམ་ཕྲག་དུ་མའི་ཕྲིན་ལས་མ་ལུས་པ་སྒྲུབ་པར་གྱུར་ཅིག། སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡིད་བཞིན་དུ་ཡོངས་རྫོགསུ་པ་གྱུར་ཅིག། ངན་སོང་རྣམ་པ་གསུཾ ་ཡང་རྒྱུན་ཆུད་པ་དང་། མ་ཁོམ་པ་གཞན་ཡང་སྤང་བར་གྱུར་ཅིག། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱི་མཚན་འཛིན་ཅིང་མཆོད་པ་དེའི་སྒྲིབ་པ་ཐམས་ཅད་ལུས་དང་ངག་དང་ཡིད་ཀྱི་ཉེས་པར་སྤྱོད་པ་ཐམས ་ཅད་ལས་ཡོངསུ་གྲོལ་བར་གྱུར་ཅིག། གང་ལ་ལ་ཞིག་ཆོ་ག་བཞིན་དུ་སྦྱོར་བ་བྱེད་པ་དེ་ཕྱིར་མི་ལྡོག་པའི་ས་ལ་གནས་པར་གྱུར་ཅིག། དེ་དག་གི་ལག་ཏུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡེ་ཤེས ་ཀྱི་སྙིང་པོ་ལ་གནས་པར་གྱུར་ཅིག། སྙིང་རྗེ་ཆེན་པོ་དང་ལྡན་པ་གཉིས་ལ་ཀྱི་བུ་མོའི་ཐབས་འདིས་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་དགོད་པར་གྱུར་ཅིག། དཀོན ་མཆོག་གསུམ་གྱི་བདེན་པའི་བྱིན་གྱིས་བརླབ་ཀྱིས་དེ་བཞིན་དུ་གྱུར་ཅིག། དེ་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མཚན་ཡིད་ལ་དྲན་ནས་ཕྱག་རྒྱས་མཆོད་པ་ཕུལ་ནས། སྔར ་བྱས་པའི་ཉེས་པ་ལས་དུག་འཐུངས་པ་ལྟ་བུའི་བསམ་པ་དང་། ཕྱིས་ལུས་དང་སྲོག་ལ་བབ་ཀྱང་མི་བྱེད་པས་སྡིག་པ་ཐམས་ཅད་མཐོལ་འོ་བཤགས་སོ།། ་ཆེ་གེ་མོ་ལ་སོགས་པའི་འགྲོ་བཱི་མ་ལུས་པ་རྣམས་ཀྱིས་སྟོན་འཁོར་བ་ཐོག་མ་མེད་པ་ནས་ད་ལྟ་ལ་ཐུག་པའི་བར་དུ་ཡང་འདོད་ཆགས་དང་། ཞེ་སྡང་དང་། གཱཏི་མུག་གིས་ཀུན་ནས་བླངས་ནས་ལུས་དང ་ཤ་དང་། ཡིད་ཀྱི་སྒོ་ནས་སྡིག་པ་མི་དགེ་བའི་ལས་བྱས་པ་དང་། བྱེད་དུ་བཅུག་པ་དང་། བྱེད་པ་ལ་རྗེ་སྱེ་སུ་ཡི་རང་བ་དང་། མ་དང་ཕྲ་ལྔ་མ་གུས་པཱ་དང་། གྲོགས་ཚངས་པར་མཚུངས་པ་ལ་མ་གུས་པ ་དང་མཁན་པོ་དང་སློབ་དཔོན་ལ་མ་གུས་པ་དང་། རྒྱུད་སྡོམ་པ་གསུམ་དང་འགལ་བ་དང་། དམ་པའི་ཆོས་སྤངས་པ་ལ་སོགས་པའི་སྡིག་པ་དང་སྒྲིབ་པ་ཅི་མཆིས་པ་དེ་དག་ཐམས་ཅད་ཤིན་ཏུ་གནོང་ཞིང ་འགྱོད་པའི་སེམས་ཀྱིས་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་སྤྱན་སྔར་མཐོལ་ལྟོ་བཤག་སྷོ།། མི་འཆབ་བོ།། མི་སྤང་ངོ་།། སླ་ནུ་ཆུད་ཀྱང་ལེགས་པར་སྡོམ་མོ་ཞེས་ལན་གསུམ་དུ ་བྱའོ།། །། དེང་རྒྱལ་བ་སྲས་དང་བཅས་པའི་སྤྱན་སྔར་བདག་ཅག་གིས་མི་འཚལ་བའི་ཉེས་པའི་ཚོགས་ཅི་མཆིས་པ་རྣམས་སྟོབས་བཞིའི་སྒོ་ནས་ཡང་དག་པརེ་བཤགས་པ། སྡིག་པ་དང ་སྐྱོབ་པ་མ་ལུས་པ་ཐམས་ཅད་བྱིང་བྱར་གྱུར་ཅིག། ལུས་ངག་ཡོད་གསུམ་གྱི་ཉེས་པ་མ་ལུས་པ་དག་པར་གྱུར་ཅིག། ཉོན་མོངས་པའི་སྒྲིབ་པ་དང་། བག་ཆགས་ཀྱི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་དང་། ་སྙོམས་པར་འཇུག་པའི་སྒྲིབ་པ་ལ་སོགས་པ་སྒྲིབ་པའི་ཚོགས་པ་མ་ལུས་པ་རྣམ་པར་དག་པ་དང་བྱང་བར་གྱུར་ཅིག། མཐའ་ཡས་པའི་འགྲོ་བ་མ་ལུས་པ་རྣམས་ཀྱི་ཉེས་སྐྱོན་དུ་གྱུར་པ་ཐམས་ཅད་དདུག་ནས ་བླ་ན་མེད་པའི་བྱང་ཆུབ་ཀྱི་ས་ལ་ཕྱིན་པར་གྱུར་ཅིག། འཁོར་བའི་མཐའ་ཇི་སྲིང་ཡོད་པ་དེ་སྲིད་དུ་ཕ་དང་མ་ལ་སོགས་པ་དག་མ་དག་པའི་སེམས་ཅན་ཐམས་ཅད་ལ་རང་དང་གཞན་གྱི་སྨོན་ལམ་གྱི་མཐུ་ཆེན་པོ་དང ་བསོད་ནམས་ཀྱོ་ལས་ཀྱི་མ་ལུས་པ་རྗེསུ་འཛིན་པར་གྱུར་ཅིག། ཚ་བ་དང་གྲང་བའི་སེམས་ཅ་ན་དམྱལ་བ་རྣམས་ཀྱི་སྡུག་བསྔལ་མ་ལུས་པ་སྐེམས་པར་གྱུར་ཅིག། ཕྱི་དང་ནང་གི་སྒྲིབ་པ་ཐམས་ཅད་དང་ལྡན་པའི ་ཡཱི་དགས་ཀྱི་ཚོགས་མ་ལུས་པ་རྣམས་ཀྱི་སྡུག་བསྔལ་འདྲེན་པར་གྱུར་ཅིག། དབྱིངས་དང་ཁ་འཐོར་ལ་གནས་པའི་དུད་འགྲོ་གླེན་ཞིང་གཏི་མུག་པ་རྣམས་ཀྱང་རང་རང་གི་སྡུག་བསྔལ་དང་བྲལ་ནས་ལྷ་ལ་སོགས ་བའི་ལུས་སུ་གྱུར་ཅིག། ལྟུང་བྱ་ལ་སོགས་ལུས་དང་སེམས་གཟིར་བྱའི་སྡུག་བསྔལ་དང་། འཐབ་པ་དང་། རྩོད་པ་དང་འགྱེད་པ་ལ་སོགས་པའི་ལྷ་མ་ཡིན་གྱི་སྡུག་བསྔལ་མ་ལུས་པ་ཡང་བྱང་ནས། འདོད ་པའི་ཡོན་ཏན་ལྔ་ལ་ལོངྒེ་སྤྱོད་པར་གྱུར་ཅིག། སྐྱེ་རྒྱུས་ན་འཆི་ལ་སོགས་པ་སྡུག་བསྔལ་བཅུ་གཅིག་གིས་རབ་ཏུ་མནར་བའི་འགྲོ་བ་མི་རྣམས་ཀྱང་རྟག་ཏུ་བ་དེ་ལེགས་ཀྱི་སྤྱོད་པར་གྱུར་ཙོག། དཀོན་མཆོག ་གསུམ་གྱི་བདེན་པའི་བྱིན་གྱིས་བརླབས་ཀྱིས་དེ་བཞིན་དུ་གྱུར་ཅིག། དེང་རྒྱལ་བ་སྲས་དང་བཅས་བཅས་པ་རྣམས་ལ་ཕྱག་བྱས་རྒྱས་མཆོད་དེ་ཆེ་གེ་མོ་ལ་སྔོགས་པའི་མཐའ་ཡས་པའི་སེམས་ཅནས ་ལུས་པ་རྣམས་ཀྱིས་ཆོས་ཀྱི་དབྱིངས་མཐའ་ཀླས་པ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་། ཉན་ཐོས་དང་། རང་སངས་རྒྱ་སྡེ་ལྔ་སོགས་པ་འཕགས་པ་རྣམས་ཀྱི་དྲགེ་བ་དང་། སྐྱེ་བོ་ལ་སོགས་པ་གཞན་དྲག ་གིས་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་རྒྱུར་གྱུར་པའི་དགེ་བའི་རྩ་བ་མཐའ་དག་ལ་དགའ་ཞིང་སྤྲོ་བ་ཆེན་པོ་དང་ལྡན་པས་སྙིང་གི་དཀྱིལ་ནས་ཡི་རང་ངོ་།། གཞན་དག་གི་དགེ་བ་ཐམས་ཅད་འཕེལ་ཞིང་རྒྱུ་བ་གྱུར་ཅིག། ་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་མཐར་ཕྱིན་པར་གྱུར་ཅིག། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཛད་པ་ཡོངས་སུ་རྫོགས་པར་གྱུར་ཅིག། ཉན་ཐོས་དང་རང་རྒྱལ་བ་རྣམས་ཀྱིས་ཐུགས་ཞི་བ་ལས་བཞེད ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བསླབ་པ་ལ་སློབ་པར་གྱུར་ཅིག། སྐྱེ་བོ་རྣམས་ཀྱང་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་ལམ་མངོན་དུ་གྱུར་ནས་སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་བྱེད་པར ་གྱུར་ཅིག། ནམ་འཆི་བྱའི་དུས་ན་ཡང་སེམས་ལ་གདུང་བ་མེད་པར་དགའ་བ་དང་བཅས་པས་མཽ་ལུས་དོན་ཡོད་པར་རང་དྲགར་འགྲོ་བར་གྱུར་ཅིག། དེ་ལྟར་ཆོས་སྒོ་ཀུ་ནེ་ལཱ་ཡི་རང་བ་ཚེ་རབས་རྣམས་སུ་ཐུབ་པའི་གསུང ་རབ་འབྱམས་ལ་མ་རྨོངས་པ་དང་། སྤོབས་པ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག། སྟོང་པ་དང་སྙིང་རྗེ་གཉིས་སུ་མེད་པས་རྙེད་པ་དང་། གྲགས་པ་ལ་མ་ལྟོས་པར་ལུས་ཅན་མ་ལུས་པ་རྣམས་ཀྱི ་འཁོར་བའི་བར་དུ་དོན་བྱེད་པར་གྱུར་ཅིག། ཇི་སྲིད་སེམས་ཅན་ཐམས་ཅད་བླ་ན་མེད་པའི་གོ་འཕང་ལམ་བཀོད་པ་དེ་སྲིད་དུ་ལུས་དྲག་ཡོད་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱུན་མ་ཆད་པར་མཉམ་པ་མེད ་པའི་ཕུན་སུམ་ཚོགསོ་བ་དུ་མས་བརྒྱན་པར་གྱུར་ཅིག། དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་གྱིས་བརླབ་ཀྱིས་དེ་བཞིན་དུ་གྱུར་ཅིག། དེང་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་སྤྱན་སྔར་ཆེ་གེ་མོ་ལ་སོགས ་པའི་འགྲོ་བ་མ་ལུས་པ་ཡང་ངེས་པར་འབྱུང་བ་དྲི་མ་མེད་པའི་ཚུལ་ཁྲིམས་རྒྱ་ཆེན་པོ་ཞི་བྱ་གྱ་ནོམ་པ་ལུས་ལ་སོགས་པ་ལེགས་པར་བསྡམས་པའི་སྤྱོད་པ་སངས་རྒྱས་ཀྱི་བསྟན་པའི་ཁང་བཟངས་དམ་པར་གྱུར་པ་སྤོང ་བའི་སེམས་འདུན་པ་དང་བཅས་བྱ་སོ་སོར་ཐར་པའི་སྡོམ་པ་ལ་གནས་པར་བགྱིའོ།། ཕན་པ་རྒྱ་ཆེན་པོ་ལ་རབ་ཏུ་འཇུག་པ་རང་བས་གཞན་མཆོག་ཏུ་གཅེས་པར་མཛད་པའི་རྒྱལ་བ་སྲས་དང་བཅས་པའི ་ངོ་མཚར་བའི་སྤྱོད་པ་ལ་ཆེ་གེ་མོ་ལ་སོགས་པ་མཐའ་ཡས་པའི་འགྲོ་བ་མ་ལུས་པས་ཀྱང་བསློབ་པར་བྱའོ།། རྒྱུ་དབུལ་མ་དང་འབྲས་བུའི་དུས་སུ་བདེ་བས་བརྒྱན་ཅིང་དྲི་མ་མེད་པར་དག་པའི་ཐེག་པ་ལམ་མྱུར ་ཞིང་ཐབས་མང་པོ་དང་དཀའ་བ་མེད་པས་འཇུག་པ་རབ་ཏུ་བདེ་བ་བླ་ན་མེད་པའི་མཆོག་འབྱུང་བའི་འབྲས་བུ་རྡོ་རྗེའི་དམ་ཚིག་ལ་ཆེ་གེ་མོ་ལྔ་སོགས་པའི་འགྲོ་བ་མ་ལུས་པ་ཡང་དག་པར་གནས་པར་བགྱིའོ།། ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མ་ལུས་པ་རྣམས་ལ་རབ་ཏུ་གཅེས་པའི་ལུས། སྡོམ་པ་གསུམ་གྱིས་བརྒྱན་ཅིང་མཛེས་པ་འདི་དང་། མཁོ་ཞི་ཉེ་བར་ལོངས་སྤྱོད་པའི་ནོར་རྫ་ས་དང་། དུས་གསུམ་དུ ་བསགས་པའི་རྩ་བ་རྣམས་ཀྱང་ཡོངས་སུ་དབུལ་བས་དུས་ཐམས་ཅད་དུ། ཐུགས་རྗེ་ཆེན་པོ་དང་ལྡན་པ་ཁྱེད་རྣམས་ཀྱིས་བཞེས་སུ་གསོལ་ལོ།། དེང་ལྟར་མཆོད་པ་བཞེས་པའི་རྒྱལ་བ་སྲས་དང་བཅས ་ཡེ་ཤེས་ཀྱི་སྐུ་ཅན་གྱི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱུང་བརྒྱད་ཅུས་སྤྲས་ཞི་བ་ཆེན་པོ་རྣམས་དང་། ཐུགས་ཞི་བ་ཆེན་པོ་རྣམས་དང་། ཐུགས་ཞི་བ་ཆེན་པོ་ལས་མ་གཡོས ་ཀྱ་སྐུ་རབ་ཏུ་ཁྲོས་པས་རྔམ་ཞིང་འཇིགས་པའི་ཚུལ་གྱི་ཉམས་དགུ་དང་ལྡན་པའི་ཁྲོ་བོ་ཆེན་པོའི་ཚོགས་རྣམས་ལ་རབ་ཏུ་དང་བའི་དང་བ་རྩེ་གཅིག་དང་ལྡན་པ་མུག་མི་འཛུམས་པས་ལྟ་བར་བགྱིའོ་ཞེས་ལན་གསུམ ་ཕྱོགས་བཅུ་ས་གསུམ་བྷྱ་ས་སརྦ་སཾ་དང་བྱང་ཆུབ་སེམས་དཔེ་རྣམ་ས་མྱ་མཚན་ཡང་ལ་དྷིན་ནས་བྱུག་ཏུ་སྟེ་མཆོད་པ་ཕུལ་བས་ཙྪིན་མཾ་ལ་སོགས་བྲ་མཐར་ཡས་པའི་འཧཱུ~ཾ་བམྦྷ་ཝས ་ཀྱི་འབངས་སུ་མཆིས་པ་རྣམས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོན་ཏན་གྱི་ཕུང་པོ་དང་། ཡེ་ཤེས་ཀྱི་ཕུང་པོ་དཔག་ཏུ་མ་མཆིས་པ་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་བར་དུ་ཡང་བརྗོད་ཀྱི ་མུ~ཾ་ལང་བ་བསེམས་བཅོམ་གྱིས་ཐོབ་པར་གྱུར་ཅིག། དེ་ལྟར་མཆོད་ཅིང་གུས་པའི་མཐུས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བླ་ན་མེད་པའི་ཚུལ་ཁྲིམས་བསྲུང་ཞིང་དེའི་དྲི་བ་སང་གིས་ཕྱོགས་བཅུ ་ཡོངས་སུ་དག་པར་གྱུར་ཅིག། སེམས་ཅན་ཐམས་ཅད་ལ་ཤིན་ཏུ་བརྟན་པའི་ཚུལ་ཁྲིམས་དང་། འགྱོད་པ་མེད་པའི་ཚུལ་ཁྲིམས་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཚུལ་ཁྲིམས་དང་། ཚུལ་ཁྲིམས་ངན ་ཡོངསུ་སྤོང་བའི་ཚུལ་ཁྲིམས་དང་། ཐམས་ཅད་དུ་ཡང་དག་པར་མེད་པའི་ཚུལ་ཁྲིམས་དང་། སྔོན་མ་བྱུང་བའི་ཚུལ་ཁྲིམས་དང་། མཁན་པོ་མེད་པའི་ཚུལ་ཁྲིམས་དང་། བྱ་བ་མེད་པའི་ཚུལ་ཁྲིམས་དང་། གདུང་བ་མེད་བྲི། ་ཚུལ་ཁྲིམས་དང་། ཉོན་མོངས་པ་མེད་པའི་ཚུལ་ཁྲིམས་དང་། མཐར་ཕྱིན་སྤྱི་ཚུལ་ཁྲིམས་དང་ལྡན་པར་གྱུར་ཅིག། སེམས་ཅན་ཐད་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་ཏེ་སངས་རྒྱས་བཅྡོཾས་ཀྱི་ལྷུན་གྱིས་གྲུབ་པའི་ཚུལ ་ཁྲིམས་དང་ལྡན་པར་གྱུར་ཅིག། སེམས་ཅན་ཐམས་ཅད་སྦྱིན་པ་དང་ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏེན་དང་། ཤེས་རབ་ལལཱ་གོ་མྲྀ་པར་གྱུར་ཅིག། སེམས་ཅན་ཐམས་ཅད་ཀྱང་འཕགས་མ་སྒྲོལ་མའི ་ཞུཞབས་ཀྱི་པདྨོ་དང་ལྡན་ཞིང་པདྨ་དེའི་དྲི་གསུང་གི་ཕྱོགས་བཅུར་ཡོངསུ་ཁྱབ་པར་གྱུར་ཅིག། སེམས་ཅན་ཐམས་ཅད་ཀྱང་ཐེགས་པ་ཆེན་པོའི་ཏིང་ངེ་འཛིན་གྱིས་ཟས་ཀྱིས་འཚོ་ཞིང་། བླ་ན་མེད་པའི་ཟས་ཀྱི་དད་པས ་ཕྱོགས་བཅུར་ཁྱབ་ཅིང་ཇི་ལྟར་བུད་བ་ནགས་ཀྱི་མྨེ་ཏི་ག་ལ་མྱི་གནོད་པ་ལྟར་སེམས་ཅན་ཐམས་ཅད་ལ་གཅིག་ལ་གཅིག་མི་གནོད་པས་འཚོ་བར་གྱུར་ཅིག། སེམས་ཅན་ཐད་ཚད་མེད་པ་ལས་གྲུབ་བཱི་ལུས་དང་ལྡན་པར་གྱུར་ཅིག། ་སེ་ནི་ཐད་རྟག་ཏུ་བྱམོས་པཱི་སེམས་ཀྱི་ཡིད་ལ་དམིགས་པ་མེད་པ་སྦྱིན་པ་ལ་སོ་ཌ་པཱཾ་ཕ་རོལ་ཏུ་ཕྱིན་པ་ལ་ཞུཊ་ནས་དེ་དག་གི་དགེ་བ་ཡང་སེ་ནཾ་ཐད་དང་ཐུན་མོང་དུ་གྱུར་ཅིག། སེམས་ཅན་ཐམས་ཅད་བྱང་ཆུབ་སེམྦ་དཔཱ་སམྦ་ད་པཱ་ཆེན་པོ་རྣམས་ཀྱི་རཱ་དཔེང་ཅན་གྱི ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལ་ཞུགས་ནས་དབང་དུ་གྱུར་པའི་ས་ལ་གནས་པར་གྱུར་ཅིག། ཏིང་འཛིན་དེའི་མཐུས་གང་དང་གང་དུ་སྐྱེ་བར་འདོད་པ་དེར་ཡིད་བདེ་བཞིན་དུ་སྐྱེ་བར་གྱུར་ཅིག། རིགས་ཀྱི་བུ་དེ་བྱང་ཆུབ་སེམས་ཀྱི ་སྤྱད་པ་སྤྱོད་པ་ན། སེམས་ཅན་དམྱལ་བའི་འཇིག་རྟེན་རྣམས་དགེ་བའི་རྩ་བ་ལ་འཇོག་པར་གྱུར་ནས། དམྱལ་བར་རང་དབང་ཅན་དུ་སྐྱེས་ནས་དམྱལ་བའི་སེམས་ཅན་འགྲོ་བ་རྣམས་ཐར་པ་ལ་འགོད་པར་གྱུར་ཅིག། དམྱལ་བའི་སེཾན ་རྣམས་ཆོས་རྣམ་པ་སྣ་ཚོགས་པ་རྣམས་བཤད་ནས་དམྱལ་བ་རྣམས་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཅིག། ཡི་དྭགས་རྣམསུ་རང་དབང་དུ་སྐྱེས་ནས་བཀྲེས་པ་དང་སྐོམ་པ་རྣམས་རྒྱུན་ཆད་པར་གྱུར་ཅིག། བཟའ་བ ་དང་། བགོ་བ་དང་། ནོར་གྱི་ཆར་ཆེན་པོས་ཡི་དྭགས་རྣམས་བདེ་བ་ལ་བཀོད་ནས་སེམས་ཅན་དེ་རྣམས་ཀྱང་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཅིག། དུད་འགྲོའི་འགྲོ་བ་རྣམསུ་རང་དབང་དུ་སྐྱེས་ནས་གཅིག་ལ་གཅིག་ཟབ ་རྣམས་རྒྱུན་ཆ་དེ་ཕན་ཚུན་བྱམས་པ་ལ་འགོད་པར་གྱུར་ཅིག། སེམས་ཅན་ཐམས་ཅད་དགེ་བའི་བཤེས་གཉེན་ཚོལ་བ་དང་། ཆོས་ཉན་པ་དང་། དོན་སེམས་པ་དང་། སྨྲས་པ་ལྟར་སྤྱོད་པར་གྱུར་ཅིང་། དཀོན་མཆོག་གསུམ་གྱི་བདེན་པའི ་བྱིན་གྱིས་བརླབས་ཀྱིས་དེ་བཞིན་དུ་གྱུར་ཅིག། དེ་ནས་རྒྱལ་བའི་ཡུམ་འཕགས་མ་སྒྲོལ་མ་ལ་སོགས་པ་ལ་མདོག་དང་། ཡོན་ཏན་དང་སྟོབས་དང་གཟི་བརྗིད་དང་མཛད་པ་ལ་སོགས་པ་སྣ་ཚོགས་པའི་བསྟོད་པ་བྱའོ།། གཟུངས་སྦ། ་མཐུ་ཆེན་པོ་དང་ལྡན་པ་འདི་ཡང་བརྗོད་པར་བྱའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཨཱརྱཱ་བ་ལོ་ཀི་ཏེ་ཤྭ་ར་ཡ་བོ་དྷི་སཏྭཱ་ཡ་མ་ཧཱ་སཏྭཱ་ཡ། མཱ་ཧཱ་ཀ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་ཀྲྀ་ཏེ་སརྦ་དུཥྚཾ་ཛམ་བྷ་ཡ་སྟཾ་བྷུ་ཡ་མོ་ཧ་ཡ། ་བནྡྷ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སརྦ་དུཉྩཾ་སྟཾ་བྷ་ནི་ཏཱ་རེ་སྭཱ་ཧཱ།། དྲི་ལྟར་བསྟོད་པ་རྣམས་དང་། རིག་སྔགས་འདི་བཟླས་པ་ལས་འདི་འདྲ་བའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཚ་ལ་ལོངས་སྤྱོད་པར་གྱུར་ཅིག། སེམས་ཅན་ཐ~ཾང་ལ་ཆོས་ཀྱི་དོན་ཡང ་དག་པ་རེའི་བྱེར་ཞིང་ཕུན་སུམ་ཚོགས་པ་ཐམས་ཅད་རང་གི་ཡིད་ལ་འདོད་པ་ཙམ་གྱི་མོད་ལ་གཞན་ལ་རག་མ་ལུས་པར་ཐེབ་པར་གྱུར་ཅིག། སེམས་ཅན་ཐམས་ཅད་མི་དགེ་བའི་ལུས་དང་། ངག་དང་ཡིད་ཀྱི་མཐའ་ཐམས་ཅད་དང ་བྲལ་ནས། དུས་ཐམས་ཅད་དགེ་བའི་ལུས་དང་། ངག་དང་ཡིད་ཀྱི་ལས་ཐམས་ཅད་དང་ལྡན་པར་གྱུར་ཅིག། སེམས་ཅན་ཐམས་ཅད་རང་རང་གི་ལུས་ལ་མཚན་དང་། དཔེ་བྱད་ཀྱིས་ཡོངསུ་བརྒྱན་པ་དང་། རྟག་ཏུ་ཕན་ཚུན་གཅིག་ལ ་གཅིག་འཇིགས་པ་མེད་པ་དང་། ཞེ་འགྲས་པ་མེད་པ་དང་། དགའ་བའི་ཡིད་དང་། བྱམས་པའི་མིག་གིས་མངོན་པར་ལྟ་ཞིང་ཟབ་མོའི་ཆོས་ལ་མངོན་པར་བཟོད་པ་དང་ལྡན་པར་གྱུར་ཅིག། སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་ད ་སྤྱོད་པ་ལ་མངོན་པར་བརྩོན་པ་དང་། འཁོར་བ་ཡོང་སུ་སྤོང་བའི་བརྩོན་འགྲུས་ཆེན་པོ་དང་ལྡན་པ་དང་། སངས་རྒྱས་ཀྱི་ས་ལ་ཡང་དག་པར་གཞོལ་བར་གྱུར་ཅིག། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་རིང་དུ་སྤངས་ནས ་བསམ་གཏན་དང་། རྣམ་པར་ཐར་པ་དང་། སྙོམས་པར་འཇུག་པ་དང་། ཏིང་འཛིན་དང་། མངོན་པར་ཤེས་པ་རྣམས་དང་། རིག་པ་རྣམས་ཀྱང་ཕུན་སུམ་ཚོགས་པར་གྱུར་ཅིག། སེམས་ཅན་ཐམས་ཅད་འཇིག་རྟེན ་དང་འཇིག་རྟེན་ལས་འདས་པའི་ཤེས་རབ་དང་། ཡེ་ཤེས་ཕུན་སུམ་ཚོགས་པ་དང་། ཡང་དག་པར་ལྡན་པར་གྱུར་ཅིག། སོ་སོར་ཡང་དག་པར་རིག་པའི་ཡེ་ཤེས་བཞི་ཐོབ་ནས་བཟོ་དང་། བསྟན་བཅོས་དང་། སྒྱུ་རྩལ་དང་། སྤོབས་པ་དང་། ་མཐུ་དང་། གསང་བའི་ཆོ་ག་ཤེས་པ་དང་། དེ་ཁོ་ན་ཉིད་མཐོང་སྟེ། ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་མ་ལུས་པར་སྤངས་པའི་ཡེ་ཤེས་ཆེན་པོ་ཐོབ་པར་གྱུར་ཅིག། ཆེ་གེ་མོ་ལ་སོགས་པའི་མཐའ་ཡས་པའི་འགྲོ་བ་མ་ལུས་པ་རྣཾས ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མ་ལུས་པའི་སངས་རྒྱས་ཐམས་ཅད་ཀྱི་ཞིང་ཁམསུ་བསྐྱོད་པ་དང་། དེ་དག་གི་ཕྲིན་ལས་མ་ལུས་པ་ལ་འཇུག་པར་གྱུར་ཅིག། སྐྱོབ་པ་ཤཱཀྱ་སེང་གེའི་བསྟན་པ་ལ་རབ་ཏུ་གསལ་བ་དང་། བདུད་སྡེ ་བཅོམ་པ་དང་། བདེ་ལེགས་ཐམས་ཅད་ཀྱི་གཞིར་གྱུར་པ་ཡང་ཤོག་ཅིག། སྙིགས་མའི་དུསུ་ཉོན་མོངས་པ་ལ་བབ་པ་ན། བདགུ་གྱི་ལྷག་པའི་བསམ་པ་རྣམ་པར་དག་པས། འཇིག་རྟེན་དུ་འདུལ་བའི་མཐུ་ཐོབ་སྟེ། འགྲོ་བ་མྱ་ལུས་པ ་བདེ་བ་ལ་འགོད་པར་གྱུར་ཅི་།། གདུལ་བྱའི་དབང་གིས་གང་ནས་གང་དུ་སྐྱེ་བར་བྱེད་ན་ཡང་། སྙིང་གི་པདྨོ་ལ་རྗེས་བཙུན་མ་སྒྲོལ་མ་བཞུགས་ནས་ཐོས་པ་དང་། བསམ་པ་དང་། སྒོམ་པ་ལྷུར་བྱས་ཏེ། གཞན་དོན་རྒྱ་ཆེན་པོ་ལ་འཇུག ་པར་གྱུར་ཅིག། བདེ་བ་དང་ལེགས་པ་ཐམས་ཅད་ཀྱི་བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་ཆེན་པོ་བསྐྱེད་པའི་གཞིར་གྱུར་པའི་བདག་གི་ལུས་དང་ངག་དང་། ཡིད་ཀྱི་བྱ་བ་མ་ལུས་པ་ཀུན་ཡང་ཆོས་བཞིན་དུ་དགེ་བ་དང་། ཞི་བ་དང ་ངེས་པར་གྱུར་ཅིག། ནམ་དུ་ཡང་ཆགས་སྡང་དང་། འཁྲུག་པ་དང་ཡིད་མི་བདེ་བ་མི་འབྱུང་ཞིང་དཀར་པོའི་སྟོན་ཐམས་ཅད་ཀྱང་འཕེལ་ཞིང་རྒྱས་པར་གྱུར་ཅིག། རྟག་ཏུ་ཡང་དག་པའི་ཡེ་ཤེས་ལ་གནས་ཏྭ་རྩོན་པ་དང་། བཤད ་པ་དང་། རྩོད་པ་དང་། མཐུ་རྩལ་དང་། སྤོབས་པ་དང་། རིས་དང་། སྟོན་དང་། ལོང་སྤྱོད་དང་། དོན་དང་། ཚིག་དང་། ཤེས་རབ་ལ་སོགས་པ་གཞན་དོན་ལ་འཇུག་ཅིང་ཞུགས་པའི་ཕྲིན་ལས་རྒྱ་ཆེན་པོ་ཐོབ་པར་གྱུར་ཅིག། དེང་ནས་བརྩམས ་ཏེ་དུས་ཐམས་ཅད་དུ་ནོར་བདུན་གྱི་སྟོན་ལྡན་པའི་མིའི་ལུསུ་སྟོབས་ཆེན་པོས་འགྲོ་བ་མ་ལུས་པ་དགེ་བ་ལ་དགོད་པར་བྱས་ནས་སེམས་ཅན་ཐམས་ཅད་ཕྱིར་མི་ལྡོག་པའི་ས་ལ་འགོད་པར་གྱུར་ཅིག། མདོར་ན་དེ་བཞིན་གཤེགས ་པ་སྲས་དང་བཅས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་གྱི་རྒྱ་མཚོ་ཟབ་ཅིང་རྒྱ་ཚོ་བ་དང་། ཚད་མེད་པའི་ཕྲིན་ལས་ངོ་མཚར་དུ་གྱུར་པ་དང་། སྐུ་གསུམ་གྱི་རྣམ་པར་འཕྲུལ་བ་ལ་སེམས་དགའ་ཞིང་སྤྲོ་བས་ཉིན་མཚན་དུ ་ལུས་ཀྱི་བ་སྤུ་ལངས་ཏེ་དབུགས་ཕྱུང་ནས་བསྟོད་དབྱངས་དུ་མས་བསྟོད་པར་གྱུར་ཅིག། མཆོག་གི་རིག་སྐྱེས་ནས་བྱམས་པ་དང་ལྡན་པ་དང་། ལུས་བཟང་བ་དང་། ཤེས་རབ་རྣོ་བ་དང་། བྱང་ཆུབ་སེམས་དཔའི་གྲོགས་དང་འགྲོ་བ་དང་། ་སྦྱིན་པ་ལ་སོགས་པ་གོམས་ཤིང་དེ་ལ་འབྲས་བུ་མི་འདོད་པ་དང་། གསོང་པོར་བྱེད་ཅིང་སངས་རྒྱས་ལ་གུས་པས་སྙན་པའི་དབྱངས་ཀྱིས་བསྟོད་པར་ཤོག། རིག་སྔགས་འདི་ལན་བརྒྱད་བཟླས་པས་དེ་བཞིན་གཤེགས་པ་ལ་སྙན་པའི ་དབྱངས་ཀྱིས་མ་ལུས་པ་ལ་བསྟོད་པར་འགྱུརོ།། །། ན་མཿསརྦ་བུད་དྷ་བོ་དྷི་སཏྭཱ་ནཱཾ། སརྦ་ཏྲ་ཀུ་སུ་མི་ཏཱ་བྷི་ཛྙཱ་ར་ཤཱི་ནཱི་ན་མོ་སྟུ་ཏེ་སྭཱ་ཧཱ། དེ་ལྟརོ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐ~ཾད་བསྟོད་ཅིང་གུས་པས་དབང་དུ་གསོལ་ནས་དཔུང་གཉེན་ཐོ ་བྱ་བའི་ཕྱིར་སྐབས་གསུམ་སྐྱོབ་པ་དང་། བཅས་པ་ལ་རབ་ཏུ་གུས་པས་སྐྱབསུ་མཆིའོ།། དེ་ཡང་རྣམ་པར་དག་པའི་ཡེ་ཤེས་ཟུང་དུ་འཇུག་པའི་ཏིང་འཛིན་སྐུ་གསུམ་ལྷུན་གྱིས་གྲུབ་པའི་ཕྱག་རྒྱ་མཚོན་པའི་ལྷ་ཚོགས་གྲགས་པ་འཇིག་རྟེན་གསུཾ ་གྱི་མགོན་པོ་སངས་ཐམས་ཅད་ལ་ཕྱག་འཚལ་ཞིང་སྐྱབསུ་མཆིའོ།། སྨྲ་བས་མོ་བརྗོད་མེད་པ་གསུང་གི་རང་བཞིན་དུས་གསུམ་གྱི་རྒྱལ་བ་ཐང་སྐྱེད་པར་བྱེད་པའི་ཡུམ་མཚན་ཉིད་སོ་སོའི་ཡེ་ཤེས་མ་ལུས་པར་སྟོན་པ་དམ་ཆོས་མདོ་སྡེ་རྣམས་ལ ་ཕྱག་འཚལ་ཞིང་སྐྱབསུ་མཆིའོ།། འཁོར་བའི་རྒྱལ་མཚོར་མིག་ཟུམ་ནས་སྟོར་བའི་འགྲོ་བའི་སྐྱབས་དང་གཉེན་མཛད་ཅིང་ཕྲིན་ལས་བཞི་ཡིས་ཐུགས་རྩེ་གཅིག་པར་དོན་མཛད་པའི་གཙོ་བོ་ཐེག་པ་ཆེན་པོའི་དགེ་འདུན་ལ་ཕྱག་འཚལ་ཞིང་སྐྱབསུ་མཆིའོ། ་ཞེས་ལན་གསུམ་དུའོ།། དེ་ལྟར་སྐྱབས་གསུམ་བླ་མ་དང་བཅས་པ་ལ་དབང་པོར་གཞག། རྟེན་དུ་གཟུང་སྐྱབསུ་གསོལ་ནས་སྟོབས་དང་གྲོགས་ཞུས་པས། དེ་བཞིན་དུ་གཟིགས་ཏེ་ཆེ་གེ་མོ་ལ་སོགས་པ་མཐའ་ཡས་པའི་འགྲོ་བ་མ་ལུས་པ་རྣམས་སྲོང་པའི་རྒྱ ་འཚོའི་རྦ་རླབས་དྲག་པོས་རང་དབང་མེད་པར་གཡེངས་ཏེ། མགོན་མེད་པར་བྱིང་བ་རྣམས་ལ་དེང་ནས་གཟུང་ནས་བྱང་ཆུབ་ལ་ཐུག་གི་བར་དུ་ཐ་ན་མེད་པ་གསུམ་ལ་སྐྱབསུ་མཆིས་པས། སེམས་ཅན་གླིང་མེད་རྣམས་ཀྱི་གླིང་དུ་གྱུར་ཅིག། གནས་མེད་པ ་རྣམས་ཀྱི་གནསུ་གྱུར་ཅིང་། སྐྱབས་མེད་རྣམས་ཀྱི་སྐྱབསུ་གྱུར་ཅི་ལ། སྐྱོབ་པ་མེད་པ་རྣམས་ཀྱི་སྐྱོབ་པར་གྱུར་ཅིགོ། མགོན་མེད་པ་རྣམས་ཀྱི་མགོན་དུ་གྱུར་ཅིག། དཔུང་གཉེན་མེད་པ་རྣམས་ཀྱི་དཔུང་གཉེན་དུ་གྱུར་ཅིག། ཇི་སྲིད་སེན་ཐམས་ཅད་ཡོངསུ་མྱ ་ངན་ལས་མ་འདས་ཀྱི་བར་ངོ་ཇི་སྲིད་དུ་བདག་ཀྱང་ཡོང་སུ་མྱ་ངན་ལས་མི་འདའ་ཞིང་སེམས་ཅན་ཐམས་ཅད་ལ་ལམ་བདེ་བ་དང་། འཇུག་པ་རབ་ཏུ་བདེ་བའི་སྒོ་ནས་ཕན་པ་དང་། བདེ་བ་རྒྱ་ཆེན་པོ་ནམ་མཁའི་མཐའ་ཀླས་པ་ཙམ་གྱིས་གང་ཞིང་ཡོངསུ ་རྒྱས་པར་གྱུར་ཅིག། སྐྱབ་སུ་འགྲོ་བའི་དགེ་བའི་རྩ་བ་འོདི་ལ་བརྟེན་ནས་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་གྱུར་ཅིག། གཞན་ཡང་སེམས་ཅན་ཐ~ཾང་བླ་ན་མེད་པ་ཡང་དག་པར ་རྗོརྫོརྗོན་པའི་སངས་རྒྱས་ཀྱི་གོ་འཕང་ལ་མ་བཀོད་བར་དུ་ཡང་ལྷ་དང་མིའི་རྟེན་ཕུན་སུམ་ཚོགས་པ་ལ་བརྟེནས་རང་རང་གི་དགེ་བའི་བཤེས་གཉེན་དེ་ཉིད་ཀུན་ཏུ་སྤྱོད་པ་ཚོགས་པའི་སྒོ་ནས། བྱང་ཆུབ་སེ་དེའི་སྤྱོད་པ་ངོ་མཚར་བས་ཡང་དག་པར ་མཉེས་པར་བྱེད་པར་གྱུར་ཅིག། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་ཡང་མི་འབྲལ་བར་གྱུར་ཅིག། ཐེག་པ་ཆེན་པོའི་ཆོས་མཐའ་དག་ལ་དགའ་བ་དེ་ཁ་ན་མ་ཐོ་བ་མེད་པས་ལོང་སྤྱོད་པར་གྱུར་ཅིག། བསོད་ནམས་དང་ཡིས་ཀྱི་ཚོད་ཀྱི་བདག་ཉིད་ཕ ་རོལ་ཏུ་ཕྱིན་པ་དྲུག་གི་སྒྲུབ་པ་ལ་ཡང་དག་པར་གནས་པར་གྱུར་ཅིག། དེ་ལྟར་ལུས་ཤིང་སྐྱབསུ་མཆི་བས་བདག་ཉིད་བསླབ་པ་གསུམ་གྱིས་ལུས་ཡོངསུ་རྫོགས་པར་བྱས་ནས། གཟུངས་དང་ཏི་ངེ་འཛིན་ལྔ་སོཊཔ་སངས་ཀྱི ་ཆོས་གྲངས་མེད་པ་རྣམས་ལ་ལོང་སྤྱོད་ཅིང་སྤྱན་དང་། མངོན་པར་ཤེས་པ་ལ་སོགས་པ་སྟོན་ཐ~ཾང་ལ་དབང་ཐོབ་ཅིང་རང་རྒྱུད་ཕྱུག་ཅིང་རྒྱས་པར་གྱུར་ཅིག། བདུད་ཀྱི་གནོད་པ་དང་། བར་དུ་གཅོད་པ་ཐ~ཾད་ཀྱིས་མི་བརྫི་བར་གྱུར་ཅིག། དགེ་བའི་རྩ་བ ་བསམ་གྱིས་མི་ཁྱབ་པའི་མཐུས་ཡོངསུ་རྫོཊ་ཤོང་། སྤྲིནས་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་ཙང་ཐབས་མཁས་པས་སངས་རྒྱས་ཀྱི་ཞིང་སྦྱོང་བ་དང་། སེཾན་ཡོངསུ་སྨིན་པར་བྱེད་པར་གྱུར་ཅིག། མཐར་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་ནས ་སེམས་ཅན་ཐ~ཾང་འཁོར་བའི་རྒྱ་མཚོ་ལས་ཡོངསུ་སྒྲོལ་བ.རོ་གྱུར་ཅིག། དཀོན་མཆོ་གསུམ་གྱི་བདེན་པའི་བྱིན་གྱིས་བརླབ་ཀྱིས་དེ་བཞིན་དུ་གྱུར་ཅིག། དེང་དེ་བཞིན་གཤྭན་པ་སྲས་དང་བཅས་པ་རྣམས་ཀྱི་མཚནས་བརྗོད་ཕྱག་འཚལ་སྐྱབསུ་གསོལ ་ནས་ཆེ་གེ་མོ་ལ་སོགས་པ་མཐའ་ཡས་པའི་འགྲོ་བ་མི་ལུས་པའི་མུན་པ་བསལ་ནས། ལམ་མཆོག་ཏུ་གྱུར་པ་བསྐྱེད་པའི་ཕྱིར་དང་། གློ་བུར་གྱི་ཉོན་མོངས་པས་གདུངས་པའི་སྐྱེ་བོ་མཐའ་ངག་བསྒྲལ་བར་བྱ་བའི་དོན་དུ་གསོལ་བ་ནི། མགོན་པོ་གང་ཞིག ་གིས་གང་ཟག་པ་མེད་པའི་བདུད་རྩིའི་མཆོག་བརྙེས་ཀྱང་སེན་གྱི་ལས་དང་སྐལ་བའི་དབང་གིས་ཐུ་ཅུང་ཟད་སྟོར་ཞུགས་པ་རྣམས་ལ་དམ་པ་ཆོས་ཀྱི་བདུད་རྩི་དྲི་མ་མེད་ཅིང་འོད་གསལ་བ་གསུང་བར་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུ་ལོ་ཞྭ་ལན་གསུམ།། ་གང་ཡང་འཇིག་རྟེན་གྱི་སྒྲོན་མ་དམ་པ་དེ་དག་རིང་དུ་མི་གནས་པར་ཞི་བར་གཤེགས་པར་བཞེད་པ་དེ་དག་ལ་ཡང་ཇི་སྲིད་སེམས་ཅན་གྱི་ཁམས་ཡོད་པ་དེ་སྲིད་དུ་ཉི་མ་དང་། ཟླ་བ་ལྟ་བུའི་ཚུལ་གྱིས་སེམས་ཅན་གྱི་ཁམས་ལ་རབ་ཏུ་གསལ་བར་བཞུགསུ ་གསོལ་བ་སྟེ། བདུད་བཞི་བཅོམ་པའི་སྨན་པའི་མཆོག་ཆེན་པོ་ཁྱོད་ལ་གུས་པས་རབ་ཏུ་བཞུགས་པ་གསོལ་བ་འདེབསོ་ལན་གསུམ་དུ་བྱའོ།། འཇིག་རྟེན་མ་རིག་པ་ལ་སོགས་པས་རབ་ཏུ་ལྡོངས་པ་རྣམས་ལ་དྲི་མ་མེད་ཅིང་འོད་གསལ་བའི་རང་བཞིན ་ཡོངསུ་གསལ་བར་གྱུར་ཅིག། རྒྱལ་བ་སྲས་དང་བཅས་པ་རྣམས་ལ་མཆོད་ཅིང་། གུས་པས་ཆོས་ཀྱི་སྒྲོན་མ་སྦར་བ་ཞུས་པ་ལས་ཆེ་གེ་མོ་ལ་སོགས་པ་མངའ་རིས་ཀྱི་འབངསུ་མཆིས་པ་རྣམས་དང་། གཞན་ཡང་འགྲོ་བ་མ་ལུས་པ་རྣཾས་ཀྱི ་ཐེག་པ་གསུམ་གྱི་ཆོས་མ་ལུས་པ་ལ་རང་དབང་ཐོབ་པར་གྱུར་ཅིག། འཇིག་རྟེན་གྱི་ཁམས་གཞན་དང་གཞན་དག་ཏུ་ཆོས་ཀྱི་འཁོར་ལོ་དྲི་མ་མེད་པས་གཞན་ཡོངསུ་སྨིན་པར་བྱང་བར་གྱུར་ཅིག། ཁམས་གསུམ་གྱི་འགྲོ་བ་མ་ལུས་པ་རྣམ ་ལྷ་རང་རང་དང་འཚམ་པའི་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་དམ་པས་བསམ་པ་དང་མཐུན་པའི་ཆོས་མཐུན་པའི་ཆོས་སྟོན་པར་གྱུར་ཅིག། སེམས་ཅན་ཐམས་ཅད་ཀྱང་ཐོས་པ་དྲང་བསྙམ་པ་ལྷུར་བྱས་ནས། ཏིང་འཛིན་གྱི་སྒོ་རྣམས་ལ ་སྙོམས་པར་འཇུག་པར་གྱུར་ཅིག། སེམས་ཅན་ཐམས་ཅད་ལ་དགེ་བ་བཅུའི་ལས་ཀྱི་ལམ་རབ་ཏུ་སྟོན་པ་དང་། བྱང་ཆུབ་ཀྱི་ཕྱོ། ཀྱི་དགེ་བ་ཇི་སྙེད་པ་ཚུལ་ཁྲིམས་ཀྱི་ཕུང་པོ་དང་ལྡན་པ་འམ། ཏིང་འཛིན་གྱི་ཕུང་པོ་དང་ལྡན་པ་འམ། ཤེས་རབ་ཀྱི ་ཕུང་པོ་དང་ལྡན་པ་འམ། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དང་ལྡན་པ་འམ། འཕགས་པའི་བདེ་བ་དང་ལྡན་པ་དེ་དག་ཀྱང་ངེས་པར་འབྱུང་བའི་དོན་དུ་སྟོན་པར་གྱུར་ཅིག། གང་ཡང་དག་པར་བསྒྲུབ་པ་ལ་ཆོས་གང་དུ་བྲི་བའོ།། ་བླང་བ་འམ། དོར་བ་དང་། གཟུང་བ་དང་། སྤང་བ་མེད་པར་གཞན་ལ་འཆད་པར་གྱུར་ཅིག། ཡང་དག་པར་སྒྲུབ་པ་ལ་ཞུགས་པ་ནི་གཉིས་ལ་བློ་མི་འཇུག་སྟེ། ཆོས་ཐ~ཾད་གཉི་སུ་མེད་པར་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་མཐོང་ནས། དེ་བཞིན་གཤེ། ་པ་ཐམས་ཅད་སེམས་ཅན་ཐ~ཾད་ལ་ངེས་པར་འབྱུང་བའི་ལས་ཡང་དག་པར་སྟོན་པར་གྱུར་ཅིག། རྒྱལ་པོ་སྲས་དང་བཅས་པ་ལ་བསྐུལ་ཞིང་གསོལ་བས་ཆེ་གེ་མོ་ལ་སོགས་པ་བཀའི་འབྱངས་ཐམས་ཅད་ཀྱིས་འཁོར་ཐ~ཾད་ཀྱི་བསམ་པ་ཡོངསུ་ཤེས ་པས་འཁོར་ཐམས་ཅད་མགུ་བར་བྱེད་པ་དང་། འཁོར་ཐམས་ཅད་ཀྱིས་ལུས་སེམས་ཚིམ་པར་བྱེད་པ་དང་། འཁོར་ཐམས་ཅད་དགའ་བ་དང་། རབ་ཏུ་དགའ་བ་དང་། དད་པ་བསྐྱེད་པ་དང་། སྙིང་རྗེ་ཆེན་པོ་ལ་སྦྱོར་བ་དང་། དེ་ཁོ་ན་ཉིད་མཉམ་པ་ཉིད་དུ་རྟོགས་པ་དང་། གཞན ་མ་ཡིན་པ་ཉི་དང་། མི་འགྱུར་བ་ཉིད་ང། མི་འཁྲུགས་པ་ཉི་དང་། འབྱུང་བ་མེད་པ་ཉི་དང་། འཇིགས་པ་མེད་པ་ཉི་དང་། རྩོད་པ་མེད་པ་ཉིད་སྟོན་པར་གྱུར་ཅིག། རྒྱལ་བ་སྲས་དང་བཅས་པའི་ཆོས་ཀྱི་གསུང་དྲི་མ་མེད་པ་དེ་བཞིན་ཉི་དང་མཉམ་ཞིང་། ཆོས་ཀྱི ་དབྱིངས་ཀྱི་ངོས་མཉམ་པ་དེས་འཇིག་རྟེན་གྱི་ཁམས་རབ་འབྱམས་མ་ལུས་པ་རྣམས་ལ་ཐོགས་པ་མེད་ཅིང་ཁྱབ་པར་གྱུར་ཅིག། དེ་བཞིན་གཤེགས་པ་ཚད་མེད་གྲངས་མེད་བསམ་གྱིས་མི་ཁྱབ་གཞལ་དུ་མེད་བརྗོད་མེད་པའི་ཆོས་དང་ལྡན་ཞིང་། ་སྙིང་རྗེ་ཆེན་པོས་ཟིན་པའི་སེམས་ཅན་རྣམས་ལ་ངེས་པར་འབྱུང་བའི་ལམ་ཡང་དག་པར་སྟོན་པར་གྱུར་ཅིག། ན་མཁའ་མཐའ་ཡས་མུ་མེད་པ་བཞིན་དུ་རྒྱལ་སྲས་དང་བཅས་པའི་མཁྱེན་པ་དང་། བརྩེ་བྱ་མུ་མེད་པས་ཆེ་གེ་མོ་ལ་སོགས་པ་འགྲོ་བ ་མཐའ་ཡས་མུ་མེད་ལ་བརྩེ་བས་བུ་ལྟ་བུར་དགོངས་ནས། འགྲོ་བ་མ་ལུས་པ་རྣམས་ཀྱང་དེ་བཞིན་གཤེགས་པའི་གསུང་དྲི་མ་མེད་པ་ཐོས་ནས། མངོན་པར་ཡིད་ཆེས། རབ་ཏུ་རྟོག་པ་དྲི་མ་མེད་པ་ཐོས་ནས། མངོན་པར་ཡིད་ཆེས། རབ་ཏུ་རྟོག ་དྲི་མ་མེད་པ་ཐེ་ཚོམ་མི་ཟ་བ་དང་། རྒྱ་ཆེར་དགའི་མགུ་སྟེ་རངས་པ་རྙེད་ནས། ན་མཁའ་ལྟ་བུར་བསམ་གྱིས་མི་ཁྱབ་པའི་དོན་ལ་ངོ་མཚར་བ་དང་། རྨད་དུ་བྱུང་བའི་དུ་ཤེས་སྐྱེ་བར་གྱུར་ཅིག། རྒྱལ་བ་སྲས་དང་བཅས་པས་ཆེ་གེ་མོ་ལ་སོགས་པའི་སེཾན ་ཐིད་སྙིང་རྗེས་མི་གཏོང་ཞིང་ཐམས་ཅད་ཀྱང་ངོ་མཚར་བའི་འཇུག་པ་ལ་གནས་པར་གྱུར་ཅིག། དཀོན་མཆོ་གསུམ་གྱི་བདེན་པའི་བྱིན་གྱིས་བརླབ་ཀྱིས་དེ་བཞིན་དུ་གྲུབ་པར་གྱུར་ཅིག། དང་ཕྱོགས་བཅུ་དུས་གསུམ་དུ་བཞུགས་པའི་དེ་བཞིན་གཤེགས་པ ་སྲས་དང་བཅས་པ་རྣམས་ཀྱི་སྤྱན་སྔར་མཐའ་ཡས་པའི་འགྲོ་བ་མ་ལུས་པའི་ཆེ་དུ་དུས་འདི་ནས་བཟུང་ནས། བླ་ན་མེད་པའི་བྱང་ཆུབ་ལ་མཆིས་ཀྱི་བར་དུ་འགྲོ་བའི་རྒྱ་མཚོར་བྱིང་བའི་མཐའ་ཡས་པའི་འགྲོ་བ་མ་ལུས་པ་གདོན་པར་བྱ་བའི་ཕྱིར། ཇི་ལྟར ་འདས་པ་དང་། མ་འོངས་པ་དང་། ཇི་ལྟར་བྱུང་བའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབས་པ་དང་། སློབ་པོ་དང་། སློབ་པར་གྱུར་པའི་སངས་རྒྱས་ཐམས་ཅད་ཀྱི་སྒྲིབ་པ་མེད་པར་རང་བཞིན་ཐམས་ཅད་མཁྱེན་པ་ཉི ་ཉིད་ཡེ་ཤེས་ཀྱི་ཆོས་ཀྱི་ཆོས་ཉིད་རྗེ་སུ་གཟིགས་ནས་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་ལྟར། ཆེ་གེ་མོ་ལ་སོགས་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཆེན་པོར་སེམས་བསྐྱེད་པར་བགྱིས་ཏེ། འཁོར་བའི་རྒྱ་མཚོ་ལས་སེམས་ཅན་མ ་བསྒྲལ་བ་རྣམས་བསྒྲལ་བ་དང་། མ་གྲོལ་བ་རྣམས་གྲོལ་བར་བྱ་བ་དང་། དབུགས་མ་ཕྱིན་པོ་རྣམས་དབུགས་དབྱུང་བར་བྱ་བ་དང་། ཡོངསུ་མྱ་ངན་ལསོ་མ་འདས་པ་རྣམས་ཆོས་ཀྱི་དབྱངསུ་ཡོངསུ་མྱ་ངན་ལས་འདའོ་བར་བགྱིའོ།། སྡོམ་པའི་ཚུལ ་ཁྲིམས་དང་། དགེ་བ་ཆོས་སྤྱད་ཀྱི་ཚུལ་ཁྲིམས་དང་།། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམོས་ལ་ཡང་དག་པར་བསླབ་པར་བགྱིའོ་ཞེས་ལན་གསུམ་དུའོ།། དེ་ལྟར་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་སྤྱན་སྔར་སེམས་བསྐྱེད་པ་མེ་ལུས་པའི ་འགྲོ་བ་རྣམས་བླ་ན་མེད་པའི་བྱང་ཆུབ་ལ་དགོད་པར་གྱུར་ཅིག། ཉོན་མོངས་པའི་རྒྱ་མཚོ་ལས་སེམས་ཅན་མ་སྒྲོལ་བ་རྣམས་བདག་གིས་ཡོངསུ་སྒྲོལ་བར་གྱུར་ཅིག། སེམས་ཅན་ཐམས་ཅད་ཀྱི་ལུ་གུ་རྒྱོད་ལས་མ་སྒྲོལ་པོ་རྣམས་བདག་གིས ་སྒྲོལ་བར་བྱེད་པར་གྱུར་ཅིག། འཁོར་བའི་རྒྱ་མཚོའི་ཟླ་བ་ཀློང་རབ་ཏུ་འཁྲུགས་པ་ལསྔ་སེམས་ཅན་ཐམས་ཅད་དབུགས་དབྱུང་བའི་སྐབས་མེད་པ་ལ་བདག་གིས་ཡོངསུ་དབུགས་འབྱིན་པར་གྱུར་ཅིག། སེམས་ཅན་ཐམས་ཅད་སྟུག ་བསྔལ་རྒྱུ་དང་བཅས་པ་ལས་ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་བདག་གིས་ཡོང་སུ་མྱ་ངན་འདའ་བར་གྱུར་ཅིག། གཞན་ཡང་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་གྱུར་ཅིག། ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཡང་ལྷ་དང་མིའི་རྟེན་ཕུན་སུམ་ཚོགས་པ་ཐོབ་པར་གྱུར་ཅིག། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་མི་འབྲལ་བར་གྱུར་ཅིག། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་ཡོངས་སུ་འཕེལ་བའི་ཕ་རོལ་ཏུ་ཕྱིན ་པ་དྲུག་སྒྲུབ་པ་ལ་ཡང་དག་པར་གནས་པར་གྱུར་ཅིག། དགེ་བའི་བཤེས་གཉེན་དམ་པ་དང་འགྲོགས་པ་དང་མི་འབྲལ་བར་གྱུར་ཅིག། དེའི་གདམས་པ་དང་། རྗེ་སུ་གནང་པ་དང་བཅས་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང ་བའི་སེམས་བསྐྱེད་ཉི་ཤུ་རྩ་གཉིས་ལམ་རྣམ་པ་ལྔའི་བདག་ཉིད་རིམ་གྱིས་བགྲོད་པར་གྱུར་ཅིག། དེ་ལ་དང་པོ་ཚོགས་ཀྱི་ལམ་ལ་གནས་ཏེ་འདུན་པ་དང་བཅས་པའི་སེམས་བསྐྱེད་པས་ལྟ་བུ་དང་། བསམ་པ་དང་ལྡན་པའི ་སེམས་བསྐྱེད་པོ་གསེར་བཟང་པོ་ལྟ་བུ་དང་། ལྷག་པའི་བསམ་པ་དང་ལྡན་པའི་སེམས་བསྐྱེད་པ་ཟླ་བ་ཚེས་པ་ལྟ་བུ་ལ་སྤྱོད་ཅིང་གནས་པར་གྱུར་ཅིག།། དེས་ཞི་གནས་དང་ལྐོག་མཐོང་དང་། བསོད་ནམས་ཡེ་ཤེས་ཀྱི ་ཚོགས་འཕོལ་བས་འཇིག་རྟེན་ཕལ་བློ་ཆེ་ལས་ཁྱད་པར་དུ་འཕགས་པར་གྱུར་ཅིག། སྦྱོར་བ་དང་ལྡན་པའི་སེམས་བསྐྱེད་པ་མི་ལྟ་བུས་ཉོན་མོངས་པའི་བུད་ཤིང་ཐམས་ཅད་བསྲེགས་ནས་ཐམས་ཅད་མྱ་ངན་ལས་འདས་པ ་རྒྱུར་གྱུར་ནས། སྤོས་ཀྱི་གླང་པོ་ཆེ་ལ་དྲིལ་བུ་གཡོར་ཀས་བརྒྱན་པ་ལྟར་རྣལ་འབྱོར་པའི་སེམས་ལ་རྒྱན་ཅིང་ཕྱུག་པར་གྱུར་ཅིག། མཐོང་ལམ་དུ་ས་དང་པོ་རབ་ཏུ་དགའ་བ་ལ་གནས་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན ་པའི་སེམས་བསྐྱེད་པ་གཏེར་ལྟ་བུ་ལ་སྤྱོད་ཅིང་གནས་པར་གྱུར་ཅིག། ཚོགས་གཉིས་ཡོངསསུ་རྫོགས་པའི་མཐུས་དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་པར་བྱས་ཏེ་ཡང་དག་པར་ལྟ་བ་ལ་སོགས་པ་རྣལ་འབྱོར་པའི ་སེམས་ཡོངས་སུ་ཕྱུང་བར་ཡང་གྱུར་ཅིག། དེ་ནས་སྒོམ་པའི་ལོམ་ལ་གནས་ཏེ། ས་གཉིས་པ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་སེམས་བསྐྱེད་པ་རིན་པོ་ཆེའི་འབྱུང་ཁུངས་ལྟ་བུ་ལ་གནས་པར་གྱུར་ཅིག། ས་གསུཾ ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་རྫུན་པའི་སེམས་བསྐྱེད་པ་རྒྱ་མཚོ་ལྟ་བུ་ལ་སྤྱོད་ཅིང་གནས་པར་གྱུར་ཅིག། ས་བཞི་པ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་སེམས་བསྐྱེད་པ་རྡོ་རྗེ་ལྟ་བུ་ལ་གནས་པར་གྱུར ་ས་ལྔ་ལྔ་བས་མ་གྱི་རོལ་ཏུ་ཕྱིན་པ་དང་ལྡན་པའི་སེམས་བསྐྱེད་པ་རིའི་རྒྱལ་པོ་རི་རབ་ལྟ་བུ་ལ་གནས་གྱུར་ཅིག། ས་དྲུག་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་སེམས་བསྐྱེད་པ་སྨན་པ་ལྟ་བུ་ལ ་ག་པར་གྱུར་ཅིག། སྦྲུལ་སྣ་ཐ་བཙཱ་མ་ཁསྟྲ་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་སེམས་བསྐྱེད་པའི་དགེ་བའི་བ་ཤེས་གཉེན་ལྟ་བུ་ལ་གནས་པར་གྱུར་ཅིག། ས་བཱརྒྱད་པ་ལ་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ ་དང་ལྡན་པའི་སེམས་བསྐྱེད་པ་ཡིད་པ་ཡིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུ་ལི་གནས་པར་གྱུར་ཅིག། ས་དགུ་པ་ལ་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་སེམས་བསྐྱེད་པ་ཉི་མའི་དཀྱིལ་འཁོར་ལྟ་བུ་ལ་གནས་པར་གྱུར ་ཅིག་ནས་བཅུ་པ་ལ་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་སེམས་བསྐྱེད་པ་ཀླུ་དབྱངས་སྙན་པ་དགེ་བའི་བཤེས་གཉེན་ལྟ་བུ་ལ་གནས་པར་གྱུར་ཅིག། དེ་ནས་ཁྱད་པར་གྱི་ལམ་ལ་གནས་ཏེ། མངོན་པར་ཤེས ་པའི་མཐུ་ཐོགས་པ་མེད་པ་དང་ལྡན་པའི་སེམས་བསྐྱེད་པ་རྒྱལ་པོ་ལྟ་བུ་ལ་གནས་པར་གྱུར་ཅིག། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངསསུ་རྫོགས་པ་དང་ལྡན་པའི་སེམས་བསྐྱེད་པ་བང་མཛོད་ལྟ་བུ་ལ་གནས་པར ་གྱུར་ཅིག། བྱང་ཆུབ་ཀྱི་ཕྱོགས་དང་འཐུན་པའི་སེམས་བསྐྱེད་པ་ལམ་པོ་ཆེ་ལྟ་བུ་ལ་གནས་པར་གྱུར་ཅིག། སྙིང་རྗེ་དང་ལྷག་མཐོང་གི་སེམས་བསྐྱེད་པ་གཞོན་པ་བརྟན་པོ་ལྟ་བུ་ལ་གནོས་པར་གྱུར་ཅིག། གཟུངས་དང་། ་སྤོབས་པ་ཕུན་སུམ་ཚོགས་པ་དང་ལྡན་པའི་སེམས་བསྐྱེད་པ་བཀོད་མའི་ཆུ་མིག་ལྟ་བུ་ལྔ་སྤྱོད་ཅིང་གནས་པར་གྱུར་ཅིག། དེ་ནས་མཐར་ཕྱིན་པའི་ལམ་ལ་གནས་ཏེ། ཆོས་ཀྱི་སྐྱེད་མོས་ཚ་ལྔ་དང་ལྡན་པའི་སམ ་བསྐྱེད་པ་སྒྲ་དབྱངས་སྙན་པ་ལྟ་བུ་ལ་སྤྱོད་ཅིང་གནས་པར་གྱུར་ཅིག། བགྲོད་པ་གཅིག་པའི་ལོམ་དང་ལྡན་པའི་སོམ་སྣ་བསྐྱེད་པ་ཆུ་བོའི་རྒྱུ་ནི་ལྟ་བུ་ལ་སྤྱོད་པར་གྱུར་ཅིག། ཆོས་ཀྱི་སྐུ་དང་ལྡན་པའི་སེམས་བསྐྱེད་པ ་སྤྲིན་ལྕི་བུ་ལ་སྤྱོད་ཅིང་། གནས་པར་གྱུར་ཅིག། གཞན་ཡང་བདག་གི་སེམས་བསྐྱེད་པའི་དགེ་བའི་རྩ་བ་འདི་ལ་བརྟན་ནས། འཇོག་རྟེན་གྱི་ཁམས་ཐམས་ཅད་ན་སེམས་ཅན་དམྱལ་བ་ཐམས་ཅད་རྒྱུན་ཆང ་པར་གྱུར་ཅིག། ཡི་དྭགས་ཀྱི་འགྲོ་བ་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག། དུད་འགྲོའི་སྐྱེ་གནས་ཐམས་ཅད་ཀྱང་རྒྱུན་ཆད་པར་གྱུར་ཅིང་།། མི་ཁོམ་པ་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག། ལྷ་དབུལ་པོ ་དང་མི་དབུལ་པོ་ལ་སོགས་པ་མཐོ་རིས་ཀྱི་གནོད་པ་ཐམས་ཅད་རྒྱན་ཆད་པར་གྱུར་ཅིག། སེར་སྣ་དང་འཆལ་པོའི་ཚུལ་ཁྲིམས་དང་། གནོད་སེམས་དང་། ལེ་ལོ་དང་། རྣམ་པར་གཡེང་བ་དང་། འཚལ་པའི་ཤེས་རབ་རྒྱན ་ཆད་པར་གྱུར་ཅིག། འདོད་པ་ལ་འདུམ་པ་ལ་སོགས་པའི་སྒྲི་བ་པ་ལྔ་དང་བྲལ་བར་གྱུར་ཅིག། ཉོན་མོངས་པ་དང་། ལས་དང་། རྣམ་པར་སྨིན་པའི་སྒྲིབ་པ་གསུམ་དང་བྲལ་བར་གྱུར་ཅིག། ཉོན་མོངས་པ་དང་།། ་ཤེས་བྱའི་སྒྲིབ་པ་དང་བྲལ་བར་གྱུར་ཅིག། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ཐོབ་ནས་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཞེས་བྱ་བའི་སྒྲ་ཡི་གྲགས་པར་ཐམས་ཅད་ཀྱང་སངས་རྒྱས་འབའ་ཞིག་གི ་རང་བཞིན་དུ་གྱུར་ཅིག། འཇིག་རྟེན་འདིར་ཡང་ལོ་ཕྱུགས་རྟག་ཏུ་ལེགས་པ་དང་། མི་ནང་དང་། ཕྱུགས་ནད་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག། འཐོབ་པ་དང་། རྩོད་པ་ལྔ་སོགས་པ་ཐམས་ཅད་ཉེ་བར་ཞི་བར ་གྱུར་ཅིག། ནིད་དང་། གནད་པ་དང་། དགྲ་དང་། བགོག་དང་། སྡིག་པ་དང་། གནོད་པ་ལ་སོགས་པ་ཐམས་ཅད་མི་འབྱུང་ཞིང་རྒྱུན་ཆད་པར་གྱུར་ཅིག། དཔལ་དང་། བཀྲ་ཤིས་དང་། བསོད་ནམས་དང་། དབང་ཐང ་དང་། ཚེ་དང་། དངོས་གྲུབ་དང་། བྲད་ལེགས་ལ་སོགས་པ་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་འཕེལ་ཞིང་རྒྱས་པར་གྱུར་ཅིག། ནམ་འཆི་བའི་དུས་སུ་རང་གི་ལེགས་པར་སྤྱད་པའི་ལས་ལ་གོམས་པ་ལྷུར་བྱས་ནས ་རྣམ་པར་དཀར་བའི་ཆོས་དགའ་བདེ་ཐུན་མོང་མཱ་ཡིན་པ་ཐོབ་པར་གྱུར་ཅིག། དགའ་བདེ་དེས་རླུང་རྒྱུད་རྙོག་པ་དང་བྲལ་ནས། རང་གི་ཡི་དམ་གྱི་ལྷ་རྗེ་བཙུན་མ་སྒྲོལ་མ་མངོན་སུམ་དུ་མཐོང་བར་གྱུར་ཅིག། མཐོང ་ནས་ཀྱང་དེའི་གདམས་པ་དྲི་མ་མེད་པ་བདུད་རྩིའི་མཆོག་ལ་སྤྱོད་པ་དང་། ལུས་སེམས་ཆེ་མ་པར་གྱུར་ཅིག། ཤི་མ་ཐག་ཏུ་སྐྱེ་བ་གཞན་གྱོས་པར་མཆོད་པར་གཡུལོ་བརྒྱན་པའི་ཞིང་ཁམས་སུ་པདྨའི ་སྡོང་པོ་ལ་རྫུས་ཏེ་སྐྱེས་ནས་སེམས་ཅན་གྱི་ཁམས་དཔག་ཏུ་མེད་པ་སྒྲོལ་ནས་དཔལ་མགོན་དུ་གྱུར་ཅིག། དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་གྱིས་རླབས་ཀྱིས་དེ་བཞིན་དུ་གྱུར་ཅིག། དེ་ནས་རིན་པོ་ཆེ་ལ་སོགས ་བཱའི་སྣོད་ཤིན་ཏུ་མཛེས་པའི་ནང་འབྲས་ལ་སོགས་པའི་ཁ་ཟས་སྣ་ཚོགས་པ་ལ་མེ་ཏོག་དང་འབྲས་བུ་ལཱ་སྩོགས་པས་བརྒྱན་པ་ལ་ན་གཉིས་པར་བྱས། སྐུ་གསུང་ཐུགས་ཀྱི་སྙིང་པོ་ལན་བདུན་བསྔགས་ནས། ་བྱིན་གྱིས་བརླབ་པ་ལ་པདྨ་ཁ་ཕྱེ་བའི་ཕྱག་རྒྱ་བྱས་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་མ་ལུས་པ་ལ་དབུལ་བའི་སྔགས་འདི་ལན་བདུན་བཟླས་ཏེ། ཁ་དོག་དང་། དྲི་རི་ཕུན་སུམ ་ཚོགས་བྱ་ལ་དམིགས་པར་བྱའོ།། ཨོཾ་ན་མོ་བུདྡྷ་བྷོ་དྷི་སཏྭཱ་ནཱཾ་ཨ་པྲ་ཏི་ཧཱ་ཏ་ཤཱ་སནྟཾ་ཧེ་ཧེ་བྷ་གཱ་བ་ཏི་མ་ཧཱ་སཏྭ་བུདྡྷ་ཨཱ་བ་ལོ་ཀི་ཏེ་ཨི་དཾ་བ་ལཾ་གྲྀཧྞ་གྲྀཧྞ་ཨ་མྲྀ་ཏ་ཁ་ཁ་ཁཱ་ཧི། ཁཱ་ཧི་ཏིཥྛ་ཏཥྚ་ཧཱུཾ་ཧཱུཾ་ཕཊ ་ཕཊ་སཱཧཱ། དེ་ནས་འབྱུང་པོ་ཐམསྟྲ་ཅད་ལྟ་དབུལ་བ་ནི། ཨཱཾ་ཀྵཱི་ར~ཾ་མུ་ཁྱཱ་སྱཱཿདྷརྨྨ་ཏཱཾ་ཨཱདྷྱེ་ནྱཱ་ནཱཾ་བནྡྷ་ཏཱཏི་ཨོཾ་ཨཱཿདྷྭཾ་སྭཱ་ཧཱ། ཨོཾ་ཨ་མྲྀ་ཏ་ཁ་ཁ་ཁཱ་ཧི་ཥཱནྟི། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། གིཛྲ་ཡ ་xxx ་དདང་པོ་ནི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་རྣམས་ལ་དབུལ་བར་བྱ། གཉིས་པ་ནི་ཕྱོགས་སྐྱོང་བ་ལ་སོགས་པ་རྣམས་ལ་ཕུལ་ལ་ཕྲིན་ལས་གསོལ་བ་ནི། དེང་རྒྱལ་བ་སྲས་དང་བཅས་པ་རྣམས་ལ་སྨྲ ་གསུང་ཐུགས་ཀྱི་འཁྲུལ་པ་མི་མངའ་བ་ལྟར་ཆེ་གེ་མོ་ལ་སོགས་པ་མངའ་རིས་ཀྱི་འབངས་སུ་མཆིས་པོ་རྣམས་ལ་ལུས་དྲུག་ཡིད་གསུམ་གྱི་འཁྲུལ་པ་སྤང་བའི་ཕྱིར་བརྩེ་བྱས་གཟིགས་པར་མཛོད། རྒྱལ་བ་སྲས་དང་བཙོ ་པ་ལ་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་མེད་པ་ལྟར་ཆེ་གེ་མོ་ལ་སོགས་པའི་འགྲོ་བ་མ་ལུས་པ་ལ་ཅ་ཅོ་མེད་པའི་ཆོས་སྟོན་པར་གྱུར་ཅིག། རྒྱལ་བ་སྲས་དང་བཅས་པ་ལ་རྨོངས་པ་དང་བསྙེལ་བ་མེད་པོས། བསམ་གཏན ་དང་། རྣམ་པར་ཐར་པ་དང་། ཏིང་འཛིན་དང་། སྙོམས་པར་འཇུག་པ་ལ་ཐོགས་པ་མེད་པ་ལྟར་ཆེ་གེ་མོ་ལ་སོགས་པའི་འགྲོ་བ་མ་ལུས་པ་ལ་བརྗེད་ངས་པར་མི་འགྱུར་བར་བྱ་བའི་ཕྱིར། རྗེསུ་གཟུང་དུ་གསོལོ།། རྒྱལ་བ ་སྲས་དང་བཅས་པ་རྣམས་ལ་འཆག་པ་འམ། བཞེངས་པ་འམ། བཞུགས་པ་འམ། ཆོས་གསུངས་པ་ལ་སོགས་པ་གང་ལ་ཡང་བས་སུ་གཏན་དང་ལྡན་པ་ལྟར། ཚིག་མོ་ལ་སོགས་པའི་སེམས་ཅན་ཐམས་ཅད ་ལ་ཏིང་འཛིན་གྱི་སྐྱེ་དུ་མ་ལ་འཇུག་པའི་བྱིན་གྱིས་བརླབསུ་གཟིགས་པར་མཛོད་ཅིག། དེ་བཞིན་གཤེགས་པ་སྲས་དང་བཅས་པ་ལ་ཐ་དད་པ་མེད་པའི་ཐུགས་ཆོས་ཀྱི་དབྱིངས་དབྱེར་མེད་ཅིང་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས ་འདོད་ཆགས་ལ་སོགས་པ་དང་བྲལ་བའི་ཕྱིར། ཆེ་གེ་མོ་ལ་སོགས་པའི་འགྲོ་བ་རྣམས་ལྔ་ཁོང་ཁྲོ་བ་མེད་པ་དང་། ལོག་པར་ངེས་པའོ་སེམས་མེད་པ་དང་། ཐ་དོད་པའི་འདུ་ཤེས་སྤངས་པའི་ཕྱིར་རྗེ་སུ་འདུལ་བར ་མཛོད་ཅིག། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་གཏི་མུག་མེད་པའི་ཕྱིར་ཡེ་ཤེས་དང་ལྡན་པ་དང་། རྣམ་པར་ལྟུང་བ་མེད་པའི་ཕྱིར། འཇིག་རྟེན་ལུས་འདས་པ་དོང་།། འཕགས ་པ་མ་ཡིན་པས་ངེས་པར་མི་འབྱུང་བ་ཆེ་ཕྱིར། དེ་བཞིན་གཤེགས་པའི་བཏང་སྙོམས་འཕགས་པའི་ངེས་པར་འབྱུང་བ་དང་། རང་གི་ངང་གོས་གྲུབ་པས་གཉེན་པོའི་རྗེས་སུ་མ་སོང་བ་དང་། མ ་བརྟགས་པ་དང་། མུ་བསྒོམས་པ་མེད་པའི་ཕྱིར། ཆེ་གེ་མོ་ལ་སོགས་པ་འགྲོ་བ་མ་ལུས་པ་རྣམས་ལ་མཐོན་དམན་མེད་པ་དང་། བཟང་བ་དང་། ངན་པ་མེད་པའི་བཏང་སྙོམས་ཕུན་སུམ ་ཚོགས་པ་ཡོངས་སུ་རྫོགས་པར་ཡང་མཛོད་ཅིག། རྒྱལ་བ་སྲས་དང་བཅས་པ་རྣམས་དགེ་བའི་ཆོས་ལ་འདུན་པ་སྟེ། དེ་ཡང་བྱམས་པ་ལ་འདུན་པ་དང་། སྙིང་རྗེ་དང་། ཆོས་དང་། སེམས ་ཅན་འདུལ་བ་དང་། བྱང་ཆུབ་སེམས་དཔའ་ཡང་དག་པར་འཛུད་པ་ལ་ཉམས་པ་མེད་པ་དང་། བརྩོན་འགྲུས་ཆེན་པོ་དང་ལྡན་པ་ལྟར་ཆེ་གེ་མོ་ལ་སོགས་པའི་མཐའ་ཡས་པའི་སེམས་ཅན་འགྲོ་བ་མ ་ལྷས་པ་རྣམས་ཀྱང་དཀོན་མཆོག་གསུམ་གྱི་གདུད་འཛིན་པ་དང་། དེ་བཞིན་གཤེགས་བྱའི་ཡེ་ཤེས་སྔོན་དུ་འགྲོ་བའི་རང་བཞིན་གྱི་སེམས་ཅན་ཐམས་ཅད་བླ་ན་མེད་པའི་ཡེ་ཤེས་ཐམས་ཅད ་མཁྱེན་པར་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་སུ་གསོལ་ལོ།། དེ་བཞིན་གིཤེགས་པ་སྲས་དང་། བཅས་པ་རྣམས་ནི། སེམས་ཅན་ཐམས་ཅད་ཡལ་བ.རཱ་མི ་འདོར་བ་དང་། ཆོས་ཉེན་པ་ཉིད་དུ་གཟིགས་པས། གང་ལ་ཡང་བརྙས་པ་མེད་པ་དང་། ལུས་དང་སེམས་ཡང་དག་པར་སྦྱངས་པ་དང་། བརྩོན་འགྲུས་བརྩམས་པ་སྟེ། དེ་ལྟར་མངའ་རིས་ཀྱི ་གདུལ་བྱ་རྣམས་ཀྱང་བརྩོན་འགྲུས་ཡང་དག་པར་རབ་ཏུ་སྦྱོར་བས་སེམས་ཅན་ཐམས་ཅད་འཕགས་པའི་རྣམ་པར་གྲོལ་བ་ཐོབ་པར་འགྱུར་བའི་ཕྱིར། སྣ་ཚོགས་པས། བརྩོན་འགྲུས་ཉམས་པ་མེད་པར ་འབྱུང་བ་ཙོ་གནང་། ཐུབ་པ་ཆེན་པོ་རྣམས་ལ་མངོན་པོར་རྫོགས་པར་སངས་རྒྱས་མ་ཐག་ཏུ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སེམས་ཅན་གྱི་རྒྱུད་ལ་རྣམ་པར་བལྟས་ཀྱང་ཕྱིས་བརྗེད་པ་དང་། སེམས ་ཅན་གྱི་དབང་པོ་ལ་འཇུག་པ་དང་། ཕུང་པོ་གསུམ་དུ་རྣམ་པར་གཞག་པ་དང་། སེམས་ཅན་གྱི་བསམ་པ་ལ་འཇུག་པ་དང་སྤྱོད་པ་ལ་རྣམ་པར་ལྟ་བས། དྲན་པ་ཉམས་པ ་མེད་པ་དང་ཆེ་གེ་མོ་ལ་སོགས་པའི་འགྲོ་བ་རྣམས་ལ་ཡང་དྲན་པར་བྱ་བ་དང་། བསམ་པར་བྱ་བ་དང་། བརྟག་པར་བྱ་བ་དང་མི་བརྗེད་པའི། གཟུངས་ཀྱི་མཐུ ་བྷྱོབ་པཱའི་ཕྲིན་ལས་གྲུབ་པར་མཛོད་ཅིག། དེང་རྒྱལ་བ་སྐྱེས་དང་། བཅས་པོ་དེ་བཞིན་ཉིད་གངྒཱ་དང་། མཉམ་པ་ཉིད་ད་ཏིང་ངེ་འཛིན་ལ་ཞུགས་པས་མཐའ་དང་། དབུས ་མི་དམིགས་པ་ལྟ་སེམས་ཅན་ཐམས་ཅད་དེ་ལྟ་བུའི་ཏིང་ངེ་འཛིན་རྙེད་པར་མཁྱེན་པས་གཟིགས་ཤིག། གནན་གྱི་དྲིང་མི་འཇོག་པ་དང་སེམས་ཅན་གཞན་དང་། ་ཟག་གཞན་ལ་རྨོངས་ཆོས་གོ་བར་བྱེད་པ་དང་། སོ་སོ་ཡང་དག་པར་རིག་པ་མི་ཟད་པ་ལ་མཁས་པ་དང་། ཚིག་ཐམས་ཅད་རབ་ཏུ་དབྱེ་བ་དང་། རེག་གཅིག་བསྐུལ་པ ་བརྒྱ་སྟོང་གི་བརླ་དུ་སྟོནྡ་པཱར་ཤེས་པ་དང་། དྲི་བ་ཇི་ལྟ་བ་བཞིན་དུ་ཐེ་ཚོམ་གཅོད་པ་དང་། ཐམས་ཅད་དུ་ཐོགས་པ་མེད་པ་དང་། སེམས་ཅན་ཐམས་ཅད་ཀྱི་ཁམས་དང་སྤྱོད་པ་ཤེས་པ་དང་། ཆོས་ཀྱི་ཕུ ་པོ་བརྒྱད་ཁྲི་བཞི་སྟོབ་ཅི་རིགས་པར་སྟོན་པར་གྱུར་ཅིག། དེ་བཞིན་གཤེགས་པ་སྲས་དང་བཅས་པ་རྣམས་ཀྱི་ཐུགས་ཀྱིས་དགོངས་ནས་ཆེ་གེ་མོ་ལ་སོགས་པའི་འགྲོ་བ་མ་ལུས་པ་རྣམས་ལ་ཆགས་པ་དང་། ་གཉིས་སུ་འཛིན་པ་ཐམས་ཅད་དང་བྲལ་བའི་རྣམ་པར་གྲོལ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་མཙྪེད་ཅིག། གཞན་ཡང་བདག་ཅག་ལ་སོགས་བྱའི་མངའ་རིས་རྣམས་ཀྱང་མིང་དང་གཟུ ་དང་ལོངས་སྤྱོད་དང་། སྤྱོད་ལམ་དང་རིགས་ལ་སོགས་པ་གང་གིས་སེམས་ཅན་མ་ལུས་པ་འདུལ་པོར་བྱེད་པའི་ཡེ་ཤེས་ཀྱི་རང་བཞིན་དུ་བརྩེ་བས་ཡོངས་སུ་ཁྱབ་པར་མཛོད་ཅིག། ཆེ་གེ་མོ་ལ་སོགས་པའི་འགྲོ ་བ་མ་ལུས་པོ་རྣམས་ཀྱང་ཤིན་ཏུ་ངེས་པའི་ཚིག་དང་ལྡན་ཏེ།། འབྲས་བུ་རྒྱ་ཆེན་པོ་སྟེན་པའི་ཆོས་འཆང་པོ་དང་ལྡན་པར་གྱུར་ཅིག། ངག་རྣམ་པར་དག་པས་ཀུན་ནོས་ཤེས་པར་བྱེད་པ། གྱ་གྱུ་མེད་པ། མི་རྩུབ་པ། ་མཉེན་ཤིང་ཡིད་དུ་འོང་པ། མི་འཆབ་པ། མི་འཚེ་བ། ཤིན་ཏུ་སྙན་པའི་དབྱངས་རབ་ཏུ་གསལྔ་བ། དེས་པཱ། འཇམ་པ། ཕན་པ། དགའ་བ་བསྐྱེད་པ། མཛེས་པ། ཐོགས་པ་མེད་པ། ལུས་ཚིམ་པར་བྱེད་པ། འདོད ་ཆགས་ལ་སོགས་པ་ཞི་བར་བྱེད་པའི་རང་བཞིན་དུ་གྱུར་ཅིག། རྒྱལ་བ་སྲས་དང་བཅས་པའི་བྱིན་གྱིས་བརླབས་ཀྱིས་ཆེ་གེ་མོ་ལ་སོགས་པའི་འགྲོ་བ་མོ་ལུས་པ་རྣམས་ཀྱི་སེམས་ཀྱི་རྒྱུད་ཡོངས་སུ་དག་པས་དམིགས་པ་ལས ་འདས་པ་ནམྦ་ཁའ་དང་མཽ་ཚུངས་ཤིང་ཆོསྣ་ཀྱི་དབྱིངས་དང་དབྱེར་མེད་པ་སྟེ། ཡེ་ཤཽས་ཀྱི་རང་བཞིན་དུ་གྱུར་པར་མཛོད་ཅིག། དབང་པོ་ལ་སོགས་པའི་ཕྱོགས་སྐྱོང་བ་རྣམས་ཀྱི་ཆེ་གེ་མོ་ལྔ་སོགས་པའི་འགྲོ་བ་མ ་ལུས་པ་རྣམས་ཀྱི་བར་དུ་གཅོད་པ་ཐམས་ཅད་ཞི་བར་བྱ་བའི་ཕྱིར་རོ། བསམ་པ་ཐམས་ཅད་ཡོངས་སུ་འགྲུབ་པ་དང་། སངས་རྒྱས་ཀྱི་བསྟན་པ་དྲར་ཞིང་རྒྱ་སྔོ་པར་གྱུརརོ་ཅིག། དམ་པའི་ཆོས་མི་ནུབ་པའི་རྒྱལ་མ་ཆེན ་ཕྱོགས་བཅུར་ཚུགས་ཤིག། དཀྱིལ་འཁོར་ཆེན་པོ་ལ་འཇུག་པ་རྣམས་ཀྱི་ཕྱི་དང་ནང་གི་བར་དུ་གཅོད་པ་ཐམས་ཅད་སོལ་ཞིག། ལོམྦ་དང་སྒྲུབ་པའི་མཱི་མ་ཙུན་པའི་རྐྱེན་ཐོང་ཕྱིར་ཕྱོགས་པར་མཛོད་ཅིག། འཇིག་རྟེན་པ་ལ ་བིདེ་བ་དང་། ལོ་ལེགས་པ་དང་། ནོར་དང་ཕྱུགས་དང་། བང་མཛོད་འཕེལ་བར་མཛོད་ཅིག། གནས་དང་བདག་དང་རྣ་ལྷོར་བསྲུང་བ་ལ་བརྩོན་པར་མཛོད་ཅིག། སོངྱས་རྣཾས་ཀྱི་བཀའ་དྲིན་དྲན་པ་དང་། བྱང་ཆུབ་སངའ་རྣཾས་ཀྱི་གསུང་ཉན་པ་དང་། སྒྲུབ་པ་པོའི་ད ་ལ་གནས་པར་མཛད་ཅིག། དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་གྱིས་བརླབ་ཀྱི་དེ་བཞིན་དུ་ཕྲིན་ལས་རྒྱས་པར་མཛོད་ཅིག། དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་གྱིས་བརླབས་ཀྱིས་དེ་བཞིན་དུ་གྱུར་ཅི། ་དེ་ནས་དེ་བཞིན་གཤེགས་པ་རྣམས་དང་། འཇིག་རྟེན་སྐྱོང་བ་ལ་སོགས་པ་རྣམས་ལ་རྫས་མ་ཚོགས་པ་དང་། ཆོ་ག་ལྷག་པ་ལ་སོགས་པའི་ཉེས་པ་ཐམས་ཅད་བཤགས་པར་བྱའོ།། ཅི་འདོད་པའི་དངོས་གྲུབ་ཞུས་ལ་འཁོར་ལོའི་དབང་ཕྱུག་ལ་མི ་ཏོག་གི་ཕྲེང་བ་དབུལ།། ཆོ་ག་འདི་ནི་རབ་གནས་དང་། སྦྱིན་སྲེག་དང་། དབང་བསྐུར་བ་ལ་སོགས་པའི་བྱ་བ་ལ་སློབ་དཔོན་དང་། སློབ་མར་བཅས་པའི་རྒྱུད་ཡོངསུ་དག་པར་བྱེད་པའོ།། དགོད་པའི་དབང་གིས་མཆོད་པ་དང་། དཀྱིལ་འཁོར་མངོན་པར ་འབྱུང་བ་འམ། བྱ་བ་ནི་སྔོན་དུ་མཚན་གྱིས་བསྟོད་པའི་དངོས་གཞི་སྟོང་ཕྲག་བརྒྱད་སྒྲོག་པར་བྱའོ།། ཆོ་ག་དངོས་ལ་ཞུགས་པ་ན་ཡན་ལག་གི་ཁྱད་པར་རོ་རེ་ལ་ཡང་ཙེ་ནུས་པའི་ཕྱག་བྱའོ།། ཤིན་ཏུ་རྒྱས་པར་བཤད་ཟིན་ཏོ།། །། མདོར་བསྡུས ་པ་ལ་ཡང་དག་པ་རྣམས་དང་། ཕྱག་ལ་སོགས་པ་བྱ་བ་དང་། སྡོམ་གྱི་ཚིག་ལེའུར་བྱས་པ། ཕྱོགས་རྣམས་གཙང་ཞིང་མཉེན་པ་དང་།། ཀུན་དུ་དྲི་དང་ལྡན་གྱུར་པ།། བདེ་བ་ཅན་གྱི་ཞིང་ཁམས་ལྟར།། གཞི་བྱིན་གྱི་བརླབ་པར་བགྱིའོ།། ཕྱི་ནང་མ་བསྒྲིབས ་གསལ་བ་དང་།། རིན་ཆེན་རྣམས་ལས་གྲུབ་པ་ཡི།། ཐུབ་པ་དབང་པོ་སྲས་བཅས་ཀྱི།། གཞལ་ཡས་ཁང་དུ་བྱིན་བརླབ་པོ།། བླ་མ་དཀྱིལ་འཁོར་ལྷ་ཚོགས་དང་།། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་སྲས།། བཀའ་སྡོང་ཕྱོགས་སློང་མ་ལུས་པ།། ་དེ་རིང་སྤྱན་འདྲེན་གཤེགསུ་གསོལ། གཙང་ཞིང་དྲི་ཞིམ་བསིལ་བ་ཡི།། དྲི་ཆབ་བདུད་རྩིའི་རྒྱུན་ལྟ་བུས། རྒྱལ་བ་སྲས་བཅས་མ་ལུས་པ།། ཆུ་གསུམ་གྱིས་ནི་མཉེས་པར་བགྱིའོ།། དུས་གསུམ་བཞུགས་པའི་བླ་མ་ལྷ།། རིན་ཆེན་གསུམ་གྱི་ན་མཁའ། ་ལ། ཏིལ་གྱིས་གང་བུ་ལྟར་དམིགས་ནས།། སྒོ་གསུམ་གུས་པས་ཕྱག་འཚལོ།། མེ་ཏོག་ལ་སོགས་ཉེར་སྤྱོད་དང་།། རྒྱལ་སྲིད་བདུན་དང་གྲུབ་པའི་རྫས།། མཆོད་སྤྲིན་ནམ་མཁའ་གང་དམིགས་ཏེ།། འགྲོ་བ་བསྒྲལ་ཕྱིར་དབུལ་བར་བགྱིའོ།། བདག་དང་སེམས་ཅན ་མཁའ་མཉམ་གྱིས།། ཐོག་མེད་དུས་ནས་ད་ལྟའི་བར།། མ་ལུས་སྡིག་པ་ཅི་བགྱིས་པ།། ཤིན་ཏུ་འགྱོད་པས་བཤགས་པར་བགྱིའོ།། མངོན་ཐོས་ངེས་ལེགས་རྒྱུར་གྱུར་པའི།། སྐྱེ་བོའི་དགེ་བ་གང་བགྱིས་པ།། ལྷག་པར་སྤྲོ་བར་ཡི་ར་ངོ་།། སྒོ་གསུམ་བསྡམ ་ཤིང་མི་དགེ་བཅོམ།། ཆེ་དུ་བྱ་བས་གཞན་དོན་བརྩོན།། ལམ་བདེ་ཚིགས་ཆུང་འཇུག་པ་ཟག། སྡོམ་པ་གསུམ་ལ་གནས་པར་བགྱི།། བཏང་བ་དཀའ་བའི་ལུས་འདི་ནི།། མགོན་དང་བདེ་བཤགས་སྒྲས་བཅས་ལ།། བྲན་གཡོག་ཉིད་དུ་དབུལ་ལགས་ཀྱིས།། དེ ་ནས་ཁྱེད་ཀྱི་འབར་སུ་མཆིས།། རྒྱལ་སྲིད་བུ་དང་ཆུང་མ་དང་།། འབྲུ་དང་རྟ་གླང་བྲན་དུ་བཅས།། ས་གཞི་གསེར་སོགས་རིན་པོ་ཆེ། གུས་པས་ཐུགས་མཆོག་རྣམས་ལ་མཆོད།། སྦྱིན་དང་ཚུལ་ཁྲིམས་སྒོམ་པ་དང་།། ཐོས་པས་ཚོགས་གཉིས་ཅི་བསགས ་པ། དུས་གསུམ་བསྡུས་པའི་དག་པ་གང་།། ཐུབ་པ་ཆོས་ཀྱི་སྤྱན་ལ་དབུལ།། སྒེག་འཛུམ་ལྡེམ་ཞིང་བརྗིད་པ་དང་།། རྔམ་ཞིང་ཁྲོས་པས་ཁྲོ་བོའི་གཟུགས།། སྲས་བཅས་སྐུ་ཡི་དཀྱིལ་འཁོར་ལ།། དད་པས་མིག་མི་འཛུམ་པར་བལྟའོ།། སངས་རྒྱས་བྱང་ཆུབ ་མ་ལུས་པའི།། ཚེ་དང་ཡོན་ཏན་མཐུ་སྟོབས་དང་།། སྐུ་གསུམ་མཛད་པ་མ་ལུས་ལ།། དབྱངས་སྙན་ངག་གི་བསྟོད་པར་བགྱིའོ།། བླ་མ་རྡོ་རྗེ་སློབ་དཔོན་དང་།། ཡོཾ་དམ་དཀྱིལ་འཁོར་ལྷ་ཚོགས་ཏེ།། སངས་རྒྱས་ཆོས་དང་དགེ་འདུན ་ལ།། རྟག་ཏུ་གུས་པས་སྐྱབསུ་མཆི།། རྒྱལ་བས་བྱང་ཆུབ་མཆོག་བརྙེས་ནས།། ཅུང་ཟད་སྙོམས་པར་ཞུགས་པ་ལ།། ཚངས་པ་ལྟ་བུ་གུས་པ་ཡིས།། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ།། བྱང་ཆུབ་མཛད་པ་མཐར་ཕྱིན་ནས།། བདེ་གཤེགས་མྱ་ངན་འདས ་བཞེས་པ།། ཇི་སྲིད་འཁོར་བ་མཐའ་ཁོ་བ་ཡོད་པ།། སེམས་ཅན་དོན་དུ་བཞུགས་པར་གསོལ།། ཇི་ལྟར་སྔོན་གྱི་སྐྱོབ་པ་ཡིས།། བྱང་ཆུབ་སེམས་ནི་བསྐྱེད་པ་ལྟར།། དེ་བཞིན་བདག་ཀྱང་སེམས་ཅན་ཕྱིར།། བྱང་ཆུབ་ཆེན་པོ་སེམས་བསྐྱེདདོ།། རྒྱལ་སྲས་འཇིག ་རྟེན་སྐྱོང་རྣམ་ལ།། སྐུ་གསུམ་གྲུབ་དང་རིགས་པ་འཛིན།། ལས་ཚོགས་འཕྲིན་ལས་རྣམ་དབྱེ་སོགས།། ལས་བཙལ་དེ་ཡཾ་ནི་གྲུབ་པར་མཛོད།། འདིར་ནོ་ཉེས་པ་གང་བྱས་པ།། གང་ཡང་ལུས་ཅན་སྐྱབས་གྱུར་པ།། མཚལ་བུ་རྣམས་བཤིགས་བམ་བགྱི།། གཙོ་བོ ་ཙ་ནས་བཀའ་གནང་བཙལ།། འབྲས་བུ་མཆོག་དང་ཐུན་མོང་སྟེ།། མ་ནོར་ཚིག་དོན་ཤེས་རབ་དང་།། སྤོབས་པ་མཐུ་རྩལ་ཕུན་ཚོགས་པའི།། དངོས་གྲུབ་དེ་དག་གནང་བར་རིགས།། དུས་གསུམ་བསགས་པའི་དགེ་པ་ནི།། ཚོགས་གཉིས་བདུད་རྩི་ལྟ་བུ་འདིས།། ་སྐུ་གསུམ་འབྲས་བུ་གྲུབ་གྱུར་ནས།། གཞན་དོན་འབད་མེད་འབྱུང་བར་ཤོག། དེ་ལྟར་བྱ་བ་མ་ལུས་པ་མཐར་བྱིན་ནས་དཀྱིལ་འཁོར་ལ་འཇུག་པ་འམ།། དཀྱིལ་འཁོར་གཤེག་སུ་གསོལ་བར་བྱའོ།། ཡི་གེ་བརྒྱ་པ་ཅི་ནུས་ལ་བཟླས་པར་བྱའོ།། ཕོངས་པ ་རྣམས་མགུ་བ་དང་། གཞི་བདག་ལ་གཽཏོར་མ་སྦྱིན་པར་བྱའོ།། ལྷ་ཐམས་ཅད་ལ་མཆོད་པ་ལྷ་གྲངས་དང་མཉམ་པར་བྱས་པས་མཆོད་པའོ།། དཀྱིལ་འཁོར་ལ་འཇུག་དྲི་མེད་ཆོ་ག་འདིས།། འགྲོ་རྣམས་མུ་སལ་ནས་དཀྱིལ་འཁོར་དུ།། མ ་ལུས་ཞུགས་ནསྭཱ་བདེ་བ་ཆེན་རྟགས་ཏེ།། བདེ་བ་ཙན་གྱི་ཞིང་དུ་མྱུར་བགྲོ་ཤོག། རྗེ་བཙུན་མ་འཕགས་མ་སྒྲོལ་མའི་དཀྱིལ་འཁོར་ལ་འཇུག་པའི་ཆོ་ག་ཞེས་བྱ་བ། དངོས་གྲུབ་བརྙས་པའི་སློབ་དཔོན་ཆེན་པོ་བྷ་བ་བྷ་དྲས་མཛད་པ་རྫོགསོ།། ་མ་ཧཱ་པདྨ་ཏ་ཤྲཱི་བི་མ་ལ་ཀཱིརྟིའི་ཞལ་སྔ་ནས་དང་། ལོཙྪ་བ་ཤཱཀྱའི་དགེ་སློང་རྡོ་རྗེ་འཛིན་པ་ཞང་གྲུབ་པ་དཔལ་བཟང་པོས་བལ་པོའི་གྲོ་ཁྱེར་ནས་ཡམ་བུའི་ནུབ་ཕྱོགས་ཉི་མའི་གཙུག་ལག་ཁང་དུ་བསྒྱུར་བ་ཅིང་ཞུས་ནས་གཏན་ལ་ཕབ་པའོ།། ། ་