| Wylie | e-texts produced with BDRC’s OCR application |
ལྡན་པ། སློབ་དཔོན་ཙནྡྲ་གོ་མི་ཞེས་བྱ་བས་བསྐྱོད་པ་རྫོགས་སོ།། ། རྒྱ་གཱིར་སྐད་དུ། ཨཱུརྻ་ཏཱ་ར་དྭེ་བི་སྱཱ་བོ་ནཱ་མཿབོད་སྐད་དུ། འཕགས ་མེ་ལྷ་མོ་སྒྲོལ་མ་ལ་བསྟིད་པ་ཞེས་བྱ་བ། རྗེ་བཙུན་མཱ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལོ།། བཟློག་དཀའ་སྲིད་པའི་མུན་པ་ནི།། འཇོམས་བྱིད་ཉི་མའི་འོད་དང་མཚུངས།། ཐུགས་རྗེས ་བཱཪྻན་བྱའི་ཐུགས་མངའ་བ།། སྒྲོལ་མ་ལ་ནི་རྟག་ཏུ་འདུད།། ཤིན་ཏུ་རྣོ་བའི་སེམས་རྣམས་ཀྱིས།། གླང་པོ་ཆེ་རྣམས་གསོལ་བྱེད་པ།། ལྷ་མོ་སེང་གྲེ་ཁྲོས་པ་ཡང་།། ་ཁྱོད་བསྟོང་པ་ལས་འཇིགས་ཤིང་འབྲོས།། མཆེ་བའི་མདུང་རྩི་རྣོན་པོ་ཡིས།། བྲག་འཇོམས་ཤིང་གི་རྩུ་བ་འདོན།། ཁྱོད་ཀྱི་སྔགས་ནི་བཟླས་པ་ལས།། འཇིགས་ཤིང ་གླིང་ཆེན་འབྲོས་པར་འགྱུར།། ཕྱོགས་དང་ནེམ་མཁའ་མ་ལུས་པ།། དུ་བས་ཁྱབ་ཅིང་བཟོད་པར་དཀའ།། འབར་བ་ཡིས་ནི་འགྲོ་ཚིག་པ།། ཁྱོད་བསྟོད་ཚོར་བས་མེ་ཞི་འགྱུར།། མ་རུངས་གདེངས་ཀ་ལས་བྱུང་བའི། ་ཕུང་སྒྲ་སྒྲོག་ཤིང་དུག་མང་ཅན།། སྦྲུལ་ནི་ལྷ་མོ་ཁྱོད་བསྟོད་པས།། ནམཁའ་ལྡིང་ནི་ཤིན་ཏུ་འཇིགས།། རལ་གྲི་གཅོང་ཅིང་འདྲལ་བ་རྣམས།། ཁྲག་གིས་ཡན་ལག་བསྐུས་པ་སྟེ།། ཁྱོད་ཀྱི་མང་ཙམ་དྲན ་བྱ་ཡིས།། ཆོམུ་རྐུན་ནུས་པ་མེད་པར་འགྱུར།། རྒྱལ་པོ་ཁྲོས་པས་བྲ་ནུ་རྣམས་ཀྱིས།། སྐྱ་ནས་བཟུང་ཞིང་ཞགས་པས་བཅིངས།། བཙོན་ར་སྤངས་ཏེ་ལྷ་མེ་ཀྱེ།། ཁྱོད་ལ་བསྟོད་བྱེད་འཇིགས་མེད་འགྱུར།། དབའ་རླབས ་ཚོགས་ཀྱིས་ཕྱོག་སྡེ་བཅུ་དང་། ནམཁའ་ཡང་དག་ཁྱབ་བྱེད་པ།། གྲུབ་ལོག་ན་ཡང་རྒྱ་མཚོ་ལས།། ཁྱོད་ཀྱི་འབངས་ནི་ཕ་རོལ་ཕྱིན།། ཁྲག་དང་གླང་པའི་འདམ་གྱིས་བྱུགས།། དེ་དག་བཟའ་བ་ལ་ཆགས་པ།། ཁྱོད་ལ ་བསྟོད་པ་ཙམ་གྱིས་ནི།། ཤྱོ་ཟ་དེ་ལྟར་འཇིགས་པར་འགྱུརརོ།། ཡན་ལུག་ཆད་ཅིང་དྲི་དྲཱ་བཱ།། ཁྲག་དང་སྣག་ནི་སྣ་ནས་འཛག། ཁྱོད་ལ་བསྟོད་པ་ཙམ་གྱི་སུ་ནི།། མཛེ་ཅན་འདོད་པའི་ལྷ་འདྲར་འགྱུར།། བཀྲེས་སྐོམ་གྱིས ་གདུངས་གཅེར་བུ་དང་།། སློང་བ་ཡི་དགས་དང་འདྲ་བ།། ཁྱོད་ལ་བསྟོར་པ་ཙམ་གྱིས་ནི། འཁོར་ལིས་སྒྱུ་རུ་བའི་རྒྱལ་པོར་འགྱུར།། འཇིགས་པ་ཆེན་པོ་འཇིགས་བྱེད་པ།། དེ་ལྟར་སེམས་ནས་ཁྱོད་བསྟོད་པས།། དགེ ་གང་བསགས་དེ་ཡིས་ནི།། འཇིག་རྟེན་བདེ་བ་ཅན་ཐོབ་ཤོག། འཕགས་མ་སྒྲོལ་མའི་བསྟོད་པ་སློབ་དཔོན་ཆེན་པོ་ཙིནྡྲ་གོ་མིས་མཛད་པ་རྫོགསོ།། ་སངག་ཀླུང་ཆེན་མེ་སྦྲུལ་ཆོམ་རྐུན་དང་།། ལྕགས་སྒྲོག་ཆུ་དང་ཤ་ཟའི་འཇིགས་པ་ནི།། འཇོམསུ་མཛད་ཟླ་འོད་ཕུང་པོ་ལྟར་འཛིན་མ།། སྒྲོལ་མ་བཅོམ་ལྡན་འདས་ལ་ཕྱག་འཚལ་འདུད།། ་