CLOSE WINDOW

GT2492: 'phags ma sgrol ma la bstod pa tshigs su bcad pa bcug gnyis pa
Wyliee-texts produced with BDRC’s OCR application

ལོཙྪ་བ་བློ་གྲོས་རྒྱལ་པོས་བསྒྱུར་བ་ལས་ཅུང་ཟད་དག་པར་བྱསོ།། ། རྒྱ་གར་སྐད་དུ། ཨཱརྱ་ཏཱ་ར་སྟོ་ཏྲ་ད་ཤ་དྷཱི་གཱ་ཐཱ། བོད་སྐད་དུ། འཕཊམ་སྒྲོལ་མཱ་ལ་བསྟོད་པ་ཚི་གསུ་བཅད་པ་བཅུ་གཉིས་པ། རྗེ་བཙུན་མ་འཕགས ་མ་སྒྲོལ་མ་ལ་ཕྱག་འཚལ་ལོ།། བཟློག་དཀའི་སྲིད་པའི་མུན་པ་ནི།། འཇོམས་བྱེད་ཉི་མའི་འོད་དང་མཚུངས།། ཐུགས་རྗེས་བརླན་པའི་ཐུགས་མངའ་བའི།། སྒྲོལ་མ་ལ་ནི་རྟག་ཏུ་འདུད་།། ཤིན་ཏུ་རྨོངས་པའི་སེམས་ཅན ་གྱིས། གླང་པོ་ཆེ་རྣམས་གསོང་བྱེད་མ།། ལྷ་མོ་སེང་གེ་ཁྲོས་པ་ཡང་།། ཁྱོད་འདུད་པཱ་ལས་འཇིགས་ཤིང་བྲོས།། མཆེ་བའི་མདུངས་རྩེ་རྩེ་མོ་ཡིས།། བྲག་འཇོམས་ཤིང་དྲུང་རྩ་བ་འདོན།། ཁྱོད ་ཀྱི་སྔགས་ཀྱི་བཟླས་པ་ལས།། འཇིགས་ཤིང་གླང་པོ་འབྲོས་པར་འགྱུར།། ཕྱོགས་དང་ན་མཁའ་མོ་ལུས་པའི།། དུ་བས་ཁྱབ་ཅིང་བཟོད་པར་དཀའ།། འབར་བ་ཡིས་ནི་ཁྲོ་ཚོག་པ།། ཁྱོད་སྟོང་ཆར་པ་མེ་ཞིར་འགྱུར།། མ་ལུས ་གདེངས་ཀ་ལས་བྱུང་བའི།། ཕཊ་སྒྲ་སྒྲོག་ཅིང་དུག་མིག་ཅན།། སྦྲུལ་ནི་ལྷ་མོ་ཁྱོད་བསྟོད་པས།། ན་མཁའ་ལྡིང་ནི་བཞིན་དུ་འཇོམ་སོ།། རལ་གྲིས་གཅོད་པའི་འགྲོ་བ་རྣམས།། ཁྲག་གིས་ཡན་ལག་བསྐུས་པ་སྟེ།། ཁྱོད་ནི་མིང་ཙམ་དྲན་པ་ཡཱི། ་ཆོམ་རྐུན་ནུས་པ་མེད་པར་འགྱུར།། རྒྱལ་པོ་ཁྲོས་པའི་བྲན་རྣམས་ཀྱིས།། སྐྲ་ནས་བཟུང་ནས་ཞགས་པས་བཅིངས།། བཙོནྡ་ར་སྥ་ནཱ་ལྷ་མོ་ཀྱེ།། ཁྱོད་ལ་བསྟོད་བྱེད་འཇིགས་མེད་འགྱུར།། དཔའ་རླབས་ཚོགས་ནི་ན་མཁའ་དང་།། ཕྱོགས་བཅུར ་ཡང་ནི་ཁྱབ་བྱེད་པ།། གྲུབ་ལག་ན་ཡང་རྒྱ་མཚོ་ལས།། ཁྱོད་ཀྱིས་འཕངས་ནས་ཕ་རོལ་ཕྱིན།། ཁྲག་དང་ཀླད་པའི་འདམ་གྱིས་བྱུགས།། དེ་དག་བཟའ་བ་ལ་ཆགས་པ།། ལྷ་མོ་ཁྱོད་ཀྱི་སྔགས་བཟླས་པས།། ཤ་ཟླ་དེ་དག ་འཇིགས་པར་འགྱུར།། ཡན་ལག་ཆད་ཅིང་དྲི་ངན་པའི།། ཁྲག་དང་ཞག་ནི་སྣ་ལ་འཛག། ཁྱོད་ནི་དྲན་པ་ཙམ་གྱིས་ནི།། མཛེ་ཅན་འདོད་པའི་ལྷར་འདྲར་འགྱུར།། བཀྲེས་སྐོམ་གྱིས་གདུངས་གཅེར་བུ་དང་།། སློང་བའི་ཡི ་དགས་འགྲོ་བ་ལ།། ཁྱོད་ལ་འདུད་པ་ཙམ་གྱིས་ནི།། འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར།། འཇིགས་པ་ཆེན་པོ་འཇིགས་མེད་པ།། དེ་ལྟར་དད་པས་ཁྱོད་བསྟོད་པས།། དགེ་བ་གང་བསགས་དེ་ཡིས་ནི།། འཇིག་རྟེན་པད ་བྱཱད་པ་ཙ་ན་ཐོབ་ཤོག། རྗེ་བཙུན་འཕགས་མཱ་སྒྲོལ་མ་ལ་བསྟོད་པ་སློབ་དཔོན་ཙནྡྲ་གཻ་མིས་མཛད་པ་མཛད་པ། ཚིགསུ་བཅད་པ་བཅུ་གཉིས་པ་རྫོགསོ།། རྒྱ་ཀར་སྐད་དུ། ཨཱརྱ་ཏ་རཱསྟོ་ཏྲཾ་བི་ས་ཀཱརྨྨ་སཱ་དྷ་ནཱ་མ། ་