CLOSE WINDOW

GT2489: seng ldeng nags kyi sgrol ma'i sgrub thabs
Wyliee-texts produced with BDRC’s OCR application

གིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ། རྒྱ་གར་སྐད་དུ། ཁ་དྷི་ར་བ་ནཱ་ཏཱ་ར་སཱ་དྷ་ནཾ། བོད་སྐད་དུ། སྤང་ལྡེ་དུ་ནགས་ཀྱི་སྒྲོལ་མའི་སྒྲུབ་ཐབས། སང་ལྡེང་ནགས་ཀྱི་སྒྲོལ་མཱ་ལ་ཕྱག་འཚལོ།། དང་པོར ་རེ་ཞིག་སྡིགས་པས་གཞི་ལེགས་ཤིང་མཉམ་ལ་གཙང་ཞིང་ཡིད་དགའ་བའི་མེ་ཏོག་སྣ་ཚོགས་པས་རྒྱས་པ། དབེན་པའི་ས་ཕྱོགསུ་སྟན་བདེ་བ་ལ་འདུག་སྟེ། རང་གི་སྙིང་གར་ཟླ་བ་ལ་ཏཾ་ཡིག་དུར་བའི་མདོག་ལྟ་བུར ་འོད་ཟེར་རྣམ་པ་ལྔ་འཕྲོ་བར་བསམོ།། དེ་ལས་འོད་ཟེར་རྣམ་པ་ལྔ་འཕྲོས་པས་འགྲོ་བ་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས་ཏེ་སླར་དེ་ཉིད་ལ་བསྡུའོ།། དེ་ནས་ཡང་རང་གི་སྙིང་གའི་ཏཾ་ལས་འོད་སྤྲོས་པས། འོག་མིན་གྱི་གནས ་ནས་ཇོ་མོ་སྒྲོལ་མེ་མདུན་གྱི་ན་མཁའ་ལ་སྤྱན་དྲངས་ལ་གསལ་བར་བལྟས་ཏེ། བླ་ན་མེད་པའི་མཆོད་པ་བདུན་གྱིས་མཆོད་པར་བྱའོ།། དེ་ནས་སྡིག་པ་བཤགས་པ་ལ་སོགས་པ་དང་། བསོད་ནམས་ལ་ཎཱཾ་སུ་ཡི་རང་བ ་དང་། བསོད་ནམས་ལ་རྗེ་སུ་སྔོ་བ་དང་། གསུམ་ལ་སྐྱབསུ་འགྲོ་བ་དང་། བྱང་ཆུབ་ཏུ་སེམས་སྐྱེད་པ་དང་། ལམ་བརྟེན་པ་དང་། བདག་ཉིད་ཀྱི་ལུས་དབུལ་བྱ་ལ་སོགས་པ་བྱས་ལ། བྱམས་པ་དང་། སྙིང་རྗེ་དང་། ་དགའ་བ་དང་། བཏང་སྙོམས་རིམ་པ་བཞིན་དུ་བསྒོམ་པར་བྱའོ།། དེ་ནས་རངོ་བཞིན་གྱིས་དག་པོའི་ཚིགསུ་བཅད་པ་འདི་ལན་གསུམ་བརྗོད་པར་བྱ་སྟེ། ཨོཾ་སྭ་བྷ་བ་ཤུདྡྷཿསརྦ་དྷརྨཿསྭ་བྷ་བ་ཤུདྡྷོ་ཧཾ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱན ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། ཞེས་བརྗོད་པས། བདག་དང་གཞན་གྱི་དངོས་པོ་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ་པར་བྱའོ།། དེ་ནས་སྔོན་གྱི་སྨོན་ལམ་རྗེ་སུ་དྲན་པས་ན་མཁའི་ཁམ་སུ་པཾ་ཡོངསུ ་གྱུར་པ་ལས་སྣ་ཚོགས་པདྨའི་ལྟེ་བར་ཨོཾ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། དུར་བའི་མདོག་ལྟ་བུའི་ཏཾ་ཡིག་འོད་ཟེར་སྣ་ཚོགས་པ་ཅན་བསྒོམས་ལ། དེ་ལ་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས ་རྣམས་བཀུག་ནིས་དེ་ཉིད་ལོ་ཞུགས་པར་བསྒོམ་སྟེ། དེ་རྣམས་ཡོངསུ་གྱུར་པ་ལས་ལྷ་མོ་སྒྲོལ་མར་བསྒོམ་པར་བྱ་སྟེ། སྐུ་མཱངག་ལྗང་གུ་ཞལ་གཅིག་ཕྱག་གཉིས་མ། ཡིད་དགའ་བའི་རྒྱན་ཐམས་ཅད་ཀྱིས་བརྒྱན ་པ། ཕྱག་གཡོན་པས་ཨུཏྤལ་བསྣམས་པ། གཡས་པས་བདུད་རྩི་འཛག་པའི་མཆོག་སྦྱིན་པ། སྣ་ཚོགས་པདྨའི་སྟེང་གོ་ཟླ་བ་ལ་ཞབས་གཡས་བརྐྱང་བའི་སྐྱིལ་ཀྲུང་ཕྱེད་པས་བཞུགས་པའོ།། དེའི་གྲ་ཡ་སྭ ་ཕྱོགསུཾ་མྱ་ངན་མེད་པའི་འོད་ཟེར་སྐུ་མདོག་སེར་མོ་རིན་པོ་ཆེ་སྣ་ཚོགས་པའི་དབུ་རྒྱན་ཅན། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཡས་རྡོ་རྗེ་བསྣམས་པ། གཡོན་པས་མྱ་ངན་མེད་པའི་ཤིང་གི ་ཡོལ་གོ་བསྣམས་པ། ཉེ་བར་བཞུགས་པའོ།། གཡོན་ཕྱོགསུ་རལ་གཅིག་མ་མིའུ་ཐུང་གི་གཟུགས་ཅན་སྐུ་མདོག་ནག་མོ།། སྟག་གི་པགས་པའི་ན་བཟའ་བསྣམས་པ། སྤྱན་གསུམ་པ་མཆེ་བ་གཙིགས ་པའི་ཞལ། སྐྲ་སེར་པོ་འབྱར་ཞིང་གྱེན་དུ་བརྫེས་པ། ཕྱག་གཉིས་རྡོ་རྗེ་གྲི་གུག་དང་ཐོད་པ་བསྣམས་པ། ཉེ་བར་བཞུགས་པའོ།། ཡང་གཡས་ཕྱོགསུ་རྨ་བྱ་ཆེན་མོ།། སྐུ་མདོག་སེར་མོ་རྒྱན་ཐ~ཾད་ཀྱིས་བརྒྱན་པ། ཕྱག་གཡས་པ་རྔ ་ཡབ་བསྣམས་པཱ། གཡོན་པས་རྨ་བྱའི་མེདོངས་བསྣམས་པ་ཉེ་བར་བཞུགས་པའོ།། ཡང་གཡོན་ཕྱོགསུ་དུག་སེལ་མ་སྐུ་མདོག་ལྗང་གུ། ཕྱག་གཡས་པས་མཆོག་སྤྲིན་མཇེད་པ། གཡོན་པས་སྦྲུལ་བསྣམས་པ། ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཉེ་བོར་བཞུགས་པའོ།། གཞན་ཡང་ལྷ་དང་ལྷ་མ་ཡིན་གྱིས་བསྐོར་བར་བསྒོམ་པར་བྱའོ།། དོན་ཡོད་གྲུབ་པས་དབུ་ལ་རྒྱས་གདབ་པོ།། དེ་ནས་རང་གི་སྙིང་ག་ལས་སངས་རྒྱས་ཀྱི་ཚེ ་ཀྱི་སྤྲིན་སྤྲོ་བར་བས་མོ།། དེ་ལྟར་བསྒོམ་པས་རྣལ་འབྱོར་པ་སྐྱོ་ན། རང་གི་སྙིང་གར་ཨུཏྤ་ལའི་སྟེདཱ་དུ་ཟླ་བཱའི་དཀྱིལ་འཁོར་ལ་སྔགུས་མུ་ཏཱིགྲི་ཕྲེང་བ་ལྟར་དཀར་བ་བལྟས་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། ཞེསོ།། ་དེ་ནས་ལྡང་བར་འདོད་ན་སྔོན་བཞིན་དུ་མཆོད་པ་དང་བསྟོད་པ་བྱས་ཏེ། དགེ་བྱའི་རྩ་བ་བསྔོས་ལ། ཨོཾ་ཨཻ་མྲྀ་ཏ་བྷ་ཞེས་བརྗོད་པས་སེ་ནཾ་ཐཾད་ཀྱི་དོན་དང་དངོས་གྲུབ་ཐོབ་པར་བསམས་ལ། མུཿཞེས་བརྗོད་པས་སངས ་རྒྱས་ཀྱི་ཞིང་དུ་གཤེགས་པར་བསམ་ཞིང་སླར་ཡང་སེམས་ཅན་གྱི་དོན་དུ་བྱོན་པར་གསོལ་བ་བཏབ་ལ། དེ་ནས་ཇོ་མོ་སྒྲོལ་མའི་གཟུགས་ཀྱིས་ཅི་བདེ་བར་སྤྱོད་ལམ་བྱའོ།། མཆོད་པའི་སཱ་ཊ་ནི། ཨོཾ་ཨཱ་ཧཱུཾ་ཏཾ་ཏ་རེ་ཡེ། ཨོཾ ་ཨཿབཛྲ་པུཥྤེ་ཧཱུཾ་སྭཱཧཱ། དེ་བཞིན་དུ་བདུག་སྤོས་དང་། མར་མེ་དང་། དྲི་དང་། བྱུག་པ་དང་། ཞལ་ཟས་དབུལ་བར་བྱའོ།། སེང་ལྡེང་ནགས་ཀྱི་སྒྲོལ་མའི་སྒྲུབ་ཐབས། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས ་མཛད་པ་རྫོགསོ།། ། རྒྱ་གར་གྱི་མཁན་པོ་དཔལ་རྣམ་པཪྵ་སྣང་མཛད་རྡོ་རྗེས་བསྒྱུར་ཅིང་ཞུས་ཏྭེ་གཏཱན་ལ་ཕབ་པའོ།། ། ཎྜ་གཱར་སྐད་དུ། ཤཱ་ཏཾ་ཨཥྚ་སྭེ་དྷཱ་ནཾ། བོད་སྐ་དུ། སྒྲུབ་ཐོབས་བརྠ ་