CLOSE WINDOW

GT2486: lha mo 'od zer can gyi sgrub thabs
Wyliee-texts produced with BDRC’s OCR application

འོད་ཟེར་ཅན་གྱི་སྒྲུབ་ཐུབས་རྫོ་གྲོསོ།། །། ཡང་ན་སྒྲིབ་ཐབས་རས་རིས་ཀྱི་ཆོ་ག་ལས་བསྒོམ་པོར་འདོད་ན། སྔར་བཤད་པའི་ཆོ་ག་དང་། དེ་བཞིན་དུ་ར་གཽ་སྙིང་གར་ཟླ་བའི ་དཀྱིལ་འཁོར། དེའི་སྟེང་དུ་ཡི་གེ་མཱཾ་ཞེས་བྱ་བ།། ཡི་གེ་ཨ་དང་ཐིག་ལེ་དང་ལྡན་པའི་སྙིང་པོའི་མཆོག་བསམས་ལ།། དེ་ནས་འོད་ཟེར་སྣ་ཚོགས་པ་སྤྲོས་པ་ལས་བྱུང་བ་དེས། བླ་མ་དང་ཡང་དག་པར ་རྫོགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་བསམས་ལ། མཆོད་པ་ལྔ་ལ་སོགས་པ་བྱས་ནས། ཆོས་བདག་མེ་པ་བསྒོམ་པར་བྱཾ་སྟེ། ཨོཾ་སྱཱ་བྷཱ་བ་ཤུདྡྷཿསརྦྦ་དྷརྨཿསྱཱ་བྷཱུ་བཱ ་ཤུདྡྷོ་ཧཾ། ཞེས་བྱ་བའི་སྔགས་ཀྱིས་དེ་ལྷག་པར་མྱོས་པར་བྱས་པས། ཁམས་གསུམ་པ་འདི་དག་མིག་ཡོར་ཙམ་དུ་ཤེས་པར་བྱས་ལ། དེའི་ས་བོན་ལས་བྱུང་བའི་ཨ་ཤོ་ཀྭའི་ཡལ་ག། དེའི་སྟེང་དུ་ཡི་གེ་མཾ ་དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས་རྗེ་བཙུན་ལྷ་མོ་དེའི་སྐུར་བདག་ཉིད་བསམ་པ་ནི། ཡུམ་ལྷ་མོ་འོད་ཟེར་ཅན་སྐུ་མདོག་འཛམ་བུ་ཆུ་བོའི་གསེར་ལྟར་ཤིན་ཏུ་སེར་བ། སྐུའི་འོད་ཟེར་ཉི་མ་ལྟར་འབར་བ། སྤྱི་བོར་མཆོད ་རྟེན་གྱིས་བརྒྱན་པ། ན་བཟའ་དམར་པོ་དང་། སྐུ་སྟོང་ཚོ་གུ་ཅན་གྱི་ཞིང་ཆུང་ངུ་བསྣམས་པ། གདུབ་བུ་སྣ་ཚོགས་དང་། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སོར་གདུབ་དང་། རྣ་རྒྱན་དང་། འོག་པག་དང་། གཡར ་ག་དང་། ཞབས་གདུབ་ཀྱི་སྒྲ་འཁྲོལ་བ། ཞལ་གསུམ་པ། སྤྱན་གསུམ་པ། ཕྱག་བརྒྱད་པ། འོད་ཟེར་གྱི་ཕྲེང་བི་འབར་བ།། མོ་ཏོག་མན་དྷུ་ཀ་དང་། རྒྱ་སྐྱེགས་ཀྱི་ཁ་དོག་འདྲ་བ་འཕྲོ་བ། སྤྱི་བོར་རྣམ་པར ་སྣང་མཛད་ཀྱིས་མནན་པ། ཨ་ཤོ་ཀའི་ཕྲེང་བས་དབུ་ལ་བརྒྱན་པ། ཕྱག་གཡོས་ན་རྡོ་རྗེ་འོད་འཕྲོ་བ་དང་། ཁ་པྲ་དང་། ལྕགས་ཀྱུ་དང་། མདོའ་གསོར་བ་ལྀ་དོགྱེས་པ། ཕྱག་གཡོན་ན་ཞགས་པ་དང་། གཞུ་དང་། ་ཨ་ཤོ་ཀའི་ཡལ་ག་དང་། སྐུད་པ་བསྣམས་པ། ཞལ་དང་པོ་ཞི་བ། ཞལ་རས་རྒྱས་པ་གསར་སྦྱངས་པ་ལྔར་ཤིན་ཏུ་སང་བ། སྤྱན་ཤིན་ཏུ་རྒྱས་པ། ཞལ་གྱི་སྒྲོས་ལི་ཁྲིའི་རྡུལ་གྱིས་བཙོས་པ་འདྲ་བ། སྒེག་པའི་ཉམ ་གྱིས་གནས་པར་གྱུར་པ། ཞལ་གཡས་པ་པདྨ་ན་ག་ལྔར་ཤིན་དུ་དམར་བ། འོད་ཟེར་བཟང་པོ་འབར་བ་འཕྲོ་བ། ཞལ་གཡོན་པ་ཕག་གོ་གདོང་འཕྲོ་བ་དང་བཅས་ཤིང་མི་སྡུག་པོ། མཆེ་བ་རྣམ་པར་གཙིགས་ཤིང ་འཇིགས་སུ་རུང་བ། ཨིནྡྲ་ནཱི་ལའི་མདོག་འདྲ་བ། ཉི་མ་བཅུ་གཉིས་དང་འོད་མཉམ་པ། སྨིན་མ་བསྡུས་ཤིང་ཁྲོ་གཉེར་དང་ལྡན་པ། མཆེ་བ་གཙིགས་པ་འཇིགས་པ་རྣམས་ཀྱང་འཇིགས་པར་མཛད་པའོ།། དབུ ་བཅོམ་ལྡན་རྣམ་པར་སྱཱང་མཛཱ་ད་སྐུ་མདོག་གསེར་སྦྱངས་པ་ལྟར་ཤིན་ཏུ་དག་པ། བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། རལ་པ་དང་ཐོར་ཚུགས་མངའ་བ་བཞུགས་པ། གྲ་ཞལ་ཡས་ཁང་མཆོད་རྟེན་གྱི་དབྱིས ་ལ་ཤིང་ཨེ་ཤོ་ཀའི་མེ་ཏོག་གིས་ཁྱབ་པའི་ནང་ན་ཕོག་གི་སྟེང་ན་གཡོན་བརྐྱང་པོའི་གནས་པས་བཞུགས་པ། གཞོན་ནུ་མ་དར་ལ་བབས་པའི་ཚུལ་ཅན། ཤིང་རྟའི་འོག་ནཱ་ཧ་ལས་བྱུང་བའི་རླུང ་གི་དཀྱིལ་འཁོར་གྱི་སྟེང་ན། གཟའ་ཆེན་མོ་སྒྲ་གཅན་འཛིན་ཉིན་མོ་ཉི་མོ་འཛིན་པ་མཚན་མོ་ཟླ་བ་འཛིན་གནས་པ། ལྷ་མོ་བཞིས་ཡོངས་སུ་བསྐོར་བར་བདག་ཉིད་བསྒོམ་པར་བྱའོ།། དེའི ་མདུན་དུ་ཨོཾ་མ་རཽ་ཙྱཻ་བཏ་ཏཱ་ལི། བཱ་དཱ་ལི། བཱ་རཱ་ལི། བ་རཱ་ཧ་མུ་ཁི། ཨ་ཀཪྵ་ཡ་ཛ་སྭཱ་ཧཱ།། ཞེས་བྱཱ་བས་ལྷ་མོ་སྐུ་མདྨོག་དམར་བྱ་ཞལ་གཅིག་པ། ཕག་གི་གདོང་པ་ཅན་སྤྱན ་གསུམ་པ། ཕྱག་བཞི་པ། གཡས་ན་ཁྱབཱ་དང་རྡོ་རྗེ་བསྣམས་པ། གཡོན་ན་གཞུ་དང་ཨ་ཤཽ་ཀིའི་ཡལ་ག་བསྣམས་པཾ། ཞིང་ཆུང་ངུ་སྟོད་གཡོགས་དམར་པོ་བསྣམས་པ། རྟོག་པ་ལས ་གསུངས་པའི་ཆོ་ག་ཡིད་ལ་གང་ཞིག་སྒྲུབ་པར་འདོད་པའི་བུད་མེད་འགུགས་པར་མཛད་པའོ།། དེ་བཞིན་དུ་གེ་ཡ་སུ་མཱ་རི་ཙྱཻ་བཏ་ཏཱ་ལི། བཱ་དཱ་ལི། བ་རཱ་ལི། བ་ར་ཧ་མུ་ཁི། སརྦ་དུཥྚཾ་ནཾ། པྲ་དུཥྚ་ནཾ། མུ་ཁ་བནྡྷ་བནྡྷ་ཧཱུཾ། ལྷ་མོ་སྔར་བཤད་པའི་ན་བཟའ་དང་རྒྱན ་དང་གཟུགས་དང་ལྡན་མོད་ཀྱི།། འོན་ཀྱང་འདི་ནི་སྐུ་མདོག་སེར་བ། གཡས་ན་ཨ་ཤོ་ཀའི་ཡལ་ག་དང་ཁབ་བསྣམས་པ། གཡོན་ན་ཞགས་པ་དང་རྡོ་རྗེ་བསྣམས་པ། གདུག་པ་ཅན་རྣམས་ཀྱི་ཁ་དང་མིག ་འཚེམ་པར་མཛད་པའོ།། དེ་བཞིན་དུ་རྒྱབ་ཏུ། ཨོཾ་མཱ་རཱི་ཙྱཻ། བ་ཏཱ་ལི། བཱ་དཱ་ལི། བྷཻ་རཾ་ལི། བ་ར་ཧ་ཨུ་ཁི། སརྦ་དུཥྚ་ནཾ། སྟཾ་བྷ་ཡ་པཾ་སྭཱ་ཧཱ། ཞེས་བྱ་བས་ལྷ་མོ་འདི་ཡང་ན་བཟླའ་དང་རྒྱན་ལསཽ་ཌཱི་པ་སྔར་དང་འདྲ་མེད་ཀྱི། འོན་ཀྱང་ཕྱག་ཡས་ན་རྡོ་དང ་ཁང་གཡོན་ན་གཞུ་དང་ཨ་ཤོ་ཀཾའི་ཡོལ་གཱ་བསྣམས་པ། སྐུ་མདོག་ཨིནྡྲ་ནཱི་ལ་ལྔ་བུ་གདུག་པ་ཅན་ཐུམས་ནཱདཱ་རེངས་པར་མཛོད་པྲ་བསྒོམ་པར་བྱའོ།། གཡོན་དུ་ཨོཾ་མཱ་རྀ་ཙྱཻ། བཏ་ཏཱ་ལཱི། བ་དྭེ་ལི། བ་རཱི་ལ། བ་ར་ཧ་མུ་ཁི། སརྦ་སཱཏྤ་ནཱ་མཻ་བ ་ཤ་མ་ན་ཡ་ཧོ་སྭཱ་ཧཱ། ཞེས་བྱ་བས་ལྷ་མོ་འདི་ཡང་ན་བཟའ་དང་རྒྱན་ལ་སོགས་པ་སྔ་མ་དང་། ཐུན་མོངས་ཀྱི་འོན་ཀྱང་སྐུ་མདོག་ཉི་མ་བཉྫར་ཀ་འདྲ་བ།། ཕྱག་ཡས་ན་མདའ་དང་རྡོ་རྗེ་བསྙེམས་པ། གཡོན་གཞུ་དང་ཨ་ཤོ་ཀའི་ཡལ ་གླ་བསྣམས་པ། སེམས་ཅན་ཐམས་ཅད་ལ་རྗེ་སུ་ཆགས་པར་མཛད་པ་བསྒོམ་པར་བྱའོ།། དེ་ནས་རྡོ་རྗེ་ལྕགས་ཀྱུ་མེ་ལ་སྩོགས་པའི་སྔགས་དང་ཕྱག་རྒྱས་དགུག་པ་ལ་སོགས་པ་བྱས་ལ། ཡེ་ཤེས་སེམས་དཔའ་དང་དམ ་ཚོཚིག་གི་ལྷ་གཅིག་ཏུ་བྱའོ།། དེ་ནས་བཟླས་བརྗོད་བྱ་བའི་སྔགས་ནི་འདིའོ།། ཨ་མཱ་རི་ཙྱཻ། ཨོཾ་མཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ།། ཞེས་ཅི་ནུས་བཟླས་ལ་སྔར་བཤད་པའི་ཆོ་གས་གནས་པར་བྱའོ།། འོད་ཟེར་ཅན་གྱི་སྒྲུབ་ཐབས་བྱས་པ ་ལུས། བདག་གི་དགེ་བའི་རྩ་བ་གང་བསགས་དེས།། སེམས་ཅན་ཐམས་ཅད་འོད་ཟེར་ཅན་གྱི་ནི།། ཡེ་ཤེས་དྲི་མད་གནས་ཐོབ་ཤོག། ལྷ་མོ་འོད་ཟེར་ཅན་གྱི་སྒྲུབ་ཐབས་སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པ་རྫོགསོ།། ། ་ལོཙྪ་བཱ་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏྭ་གཏན་ལ་ཕབ་པའོ།། ། རྒྱ་གར་སྐདདུ། ཨཱརྱཱ་མཱ་རཱི་ཙྱཻ་སཱ་དྷཱ་ནཱ་ནཱ་མུ། བློ་དི་སྐད་དུ། འཕགས་མ་འོད་ཟེར་ཅན་གྱི་སྒྲུབ་པའི་ཐུབས་ཞེས་བྱ་བ། འཕགས་མ་འོད་ཟེར ་