CLOSE WINDOW

GT2481: ku ru kul+le'i sgrub thabs
Wyliee-texts produced with BDRC’s OCR application

བར་ཐེ་ཚོམ་མེདདོ།། ལྷ་མོ་ནོར་གྱི་རྒྱུན་སྒྲུབ་པའི་སྒྲུབ་ཐབ་བོ།། །། རྒྱ་གར་སྐད་དུ། ཀུ་རུ་ཀུལླེ་སཱ་དྷཱ་ནཱ་མ། བོད་སྐད་དུ། ཀུ་རུ་ཀུ་ལླེའི་སྒྲུབ་ཐབས། ལྷ་མོ་ཀུ་རུ་ཀུ་ལཱ་ལ་ཕྱག་འཚལོ།། ཆོ་ག ་སྔར་བཤད་པ་དང་མཐུན་པ་ལས་གཞན་དུ་ན་ས་བོན་ཏམ་དམར་པོ་ལས་བྱུང་། སྐུ་མདོག་དམར་པོ་དང་། པདྨ་དམར་པོ་དང་། ཟླ་བའི་གདན་ལ་བཞུགས་པ། རྒྱན་ཐམས་ཅད་ཀྱི་བརྒྱན་པ། ཕྱག་བཞི་པ་གཡས་མི་འཇིགས་པ། ་གེ་ཡོན་ཨུད་པ་ལ་དམར་པོ་བསྣམས་པ། ཡང་ཕྱག་གཉིས་ཀྱིས་ཨུད་པ་ལ་དམར་པོ་ཁ་བྱ་བ་ལྟ་བུའི་མདའ་དང་། གཞུ་རྣ་པའི་མཐར་ཐུག་པར་བཀང་སྟེ། སྒྲུབ་པར་བྱ་བ་མདུན་དུ་བསམས་ལ་སྙིང་ཁུར་བསྣུན་ཏེ། སྔར་བཤད ་པའི་ཨུད་པ་ལའི་ཕྱག་རྒྱས་སྙིང་ཁ་དང་། དཔྲལ་བ་དང་། ལྐོག་མ་དང་། སྤྱི་བོར་གཏུག་པར་བྱའོ།། དེ་ནས་བཟླས་བརྗོད་བྱ་སྟེ། ཨོཾ་ཀུ་རུ་ཀུ་ལླ་ཆི་གེ་བ་ཤ་མ་ན་ཡ་སྭཱ་ཧཱ། དབང་དུ་བྱ་བའི་ཆོ་ག་རྫོགསོ།། བཟླས་པའི་དུ་སུ་ཁྱད་པར་དུ་འོད་ར ་གྱིས་སྡིག་སྒྲིབ་སྦྱངས་ཤིང་གཞན་དབང་དུ་བྱས་པར་ཀྱང་མོས་པསོ།། དོན་ཡོད་གྲུབ་པས་རྒྱུས་གདབ་པོ།། །། རྒྱུ་གར་སྐད་དུ། ཛམ?་བྷ་ལ་སཱ་དྷ་ན་མ། བོད་སྐད་དུ། གནོད་གནས་ཀྱིས་སྒྲུབ་པའི་ཐབས། བཅྡོཾས་འཕགས་པ་སྤྱན ་རས་གཟིགས་དབོང་ཕྱུག་ལ་འཚལོ།། བྱང་ཆུབ་སེམས་དཔའ་གནོད་གནས་ལ་ཕྱག་འཚལོ།། ནོར་འདོད་པ་དག་གིས་བསྒོམ་པར་འདོད་ན་ཆོ་ག་སྔར་བཤད་པ་བཞིན་དུ་བྱས་ལ་གཞན་དུ་ནི་ས་བོན་གསུམ་པའི་གསུམ་པ་མདོག་སེར ་པོ། ཐིག་ལེས་མནན་པ་ཟླ་བ་ཕྱེད་པས་བརྒྱན་པ། དེ་ཉིད་ལས་བྱུང་བའི་མགོན་པོ་གནོད་གནས་ཞལ་གཅིག་པ་ཕྱག་གཉིས་པ། གཡས་ནུ་བི་ཛ་སྥུ་རི་བསྣམས་པ། གཡོནྡ་ན་ནེའུ་རྒྱལ་པ་རིན་པོ་ཆེའི་ཆར་འབེབས་པ ་བསྣམས་པ། སངས་རྒྱས་ལྔའི་ཅོད་པན་ཅན། ཞབས་གཉིས་ཀྱིས་དུང་གི་མགོ་ཅན་དང་པདྨའི་མགོ་ཅན་གྱི་གཏེར་ཆེན་པོ་མནན་པ། རིན་པོ་ཆེ་ལ་སོགས་པོའི་ཆ་རི་འབེབས་པ་རང་གི་ཁྱིམ་གྱི་ཕྱོགས་ཅིག་ཏུ་བསམ་པར་བྱའོ།། ། ་ཨུད་པ་ལ་སྔོན་པོའི་ཕྲེང་བ་ཁ་ཐུར་དུ་བལྟས་པ་རྒྱུན་ཐམས་ཅད་ཀྱིས་བརྒྱན་པའི་གནོད་གན་སུ་བདག་ཉིད་བསྒོམ་པར་བྱའོ།། དེ་ནས་ཕྱག་ནི་ལག་པ་ཐལ་མོ་ཁོང་དུ་བྱས་ལ། གུང་མོ་གཉིས་ཀྱི་ཚོགས་གསུམ་པོ ་བཅག་པའི་ཕྱག་རྒྱུས་སྙིང་ཁའི་དང་། དཔྲལ་བ་དང་། ལྐོག་མ་དང་། སྤྱི་བོར་གཏུགས་ཏེ་བཟླས་བརྗོད་བྱའོ།། ཨོཾ་ཛམ་བྷ་ལ་ཛ་ལེན་ཏྲ་ཡཽ་སྭཱ་ཧཱ། འདི་ཉིད་ཀྱི་ཆུ་སྦྱིན་བླུགས་བརྒྱ་རྩ་བརྒྱད་དབུལ་ལ།། མཆོད་པ་ཡང་བྱས་ལ་བཟླས་པ་བརྩམ ་པར་བྱའོ།། དེ་ནས་ནོར་གྱི་བདག་པོ་ཆེན་པོར་གྱུར་པར་ཐེ་ཚོམ་མེ་དོ།། མགྲོན་པོ་གནོད་གནས་ཀྱི་སྒྲུབ་པའི་ཐབས་རྫོག་སོ།། །། རྒྱ་གར་སྐད་དུ། བྷཱ་ཀུ་ཊཾ་ལྀ་སཱ་དྷ་ནམ?། བོད་སྐད་དུ། ཁྲོ་གཉེར་ཅན་གྱི་སྒྲུབ་ཐབས། བཅྡོཾས་ཡུ~ཾ ་ཁྲོ་གཉེར་ཅན་ལ་ཕྱག་འཚལོ།། སྔར་བཤད་པའི་ཆོ་ག་ལས་ས་བོན་ལྔ་པའི་གསུམ་པ་ལ། དང་པོའི་བརྒྱད་པས་རྫོགས་པར་བྱས་པ་སྟོང་པས་མནན་པར་བསམས་ལ།། དེ་ཉིད་ལས་བྱུང་བའི་ལྷ་མོ་ཁྲོ་གཉེར་མ་རལ་པ་དང་ཐོར ་