| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཨ་བྷི་ཥེ་ཀཱ་བི་དྷཾ་ཀྲཱ་མ་ནཱ་མ། བོད་སྐད་དུ། དབང་གི་ཆོ་གའི་རིམ་པ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལོ།། དབང་གི་བྱ་བ་བྲི་བར་བྱའོ།། དང་པོ་སློབ་མས་ལན ་གཉིས་ལན་གསུམ་དུ་གསོལ་བ་གདབ་པ་དང་། རྡོ་རྗེ་སློབ་དཔོན་གྱིས་སློབ་མ་ལ་དབང་གི་ཡོ་བྱད་ཐམས་ཅད་འབྱོར་པ་ཡོད་དམ་ཞེས་དྲིའོ།། བདག་ལ་ཐམས་ཅད་ཡང་དག་པར་ཡོད་དོ་ཞེས་པ་དེ་ལ། ཇི་ལྟར་དེའི་ལས ་ཀྱི་སྒྲིབ་པ་དང་ལྡན་པ་དེ་སློབ་དཔོན་གྱིས་རབ་ཏུ་འཇོམས་པའི་དོན་ནི། དེའི་སྙིང་གར་ཀཾ་གི་ཡི་གེ་ཞུ་བ་ལས། ལས་ཀྱི་སྒྲིབ་པའི་རང་བཞིན་གདུག་པ་ཅན་མ་ལུས་པ་རྣམ་པར་བསམ་མོ།། དེ་བཞིན་དུ་དེའི་ལྟེ་བའི་གནསུ ་རྡོ་རྗེ་རྩེ་ལྔ་པ་ཞུ་བ་ལས་ཡོངསུ་རྫོགས་པའི་རྡོ་རྗེ་གནོད་སྦྱིན་ཕྱག་གཉིས་པ་ཁེ་དོག་ནག་པོ། མཆི་བ་གཙིགས་པ་ཞལ་གཅིག་པ་བསྒོམས་ཏེ། གཡས་དང་གཡོན་ན་རྡོ་རྗེ་དང་ཞགས་པ་བསྣམས་པའི་ཁྲོ་བོ།། དེ་ནས་ཡང ་ན་མཆེ་བ་དང་གཡོན་སྡིགས་མཛུབ་ཅན། བདག་ཉིད་ཀྱིས་རྡོ་རྗེ་གསོར་བ་ལས་སོང་ནས་དེའི་སྙིང་གར་རང་གིས་བྱས་པའི་ལས་ཀྱིས་སྒྲིབ་པ་ཞུ་བ་རྣམ་པར་བསམས་པ་ལ་རྡོ་རྗེ་བསྟན་པ་ལ་རྡོ་རྗེ་གནོད་སྦྱིན་གྱིས་ཀྱང་བསྣུན ་ཏེ། ཨོཾ་བཛྲ་ཡཀྵ་ཀྲོ་དྷི་ཁཱ་ད་ཁཱ་ད་པཱ་པཾ་ཡ་སྱ་ཧཱུཾ་ཕཊ་སྭཱ་ཧཱ། སྔགས་འདིས་ཐལ་བ་ལྟ་བུར་གྱུར་པར་རྣམ་པར་བསམས་པས་སྡིག་པ་འབྱང་ངོ་།། དེ་ལ་བསྲུང་བ་བྱ་སྟེ། གནོད་མཛེས་ཀྱི་སྔགས་སམ་བདུད་རྩི་འཁྱིལ་བའི་སྔགས ་ཀྱིས་ལག་པ་གཡས་པ་ལ་སྐུད་པ་བཅིང་ངོ་།། དེ་བཞིན་དུ་སྤྱི་བོ་མགྲིན་པ་སྙིང་གར་ཡི་གྲཝ་གསུམ་བྲི་བ་འམ་བསྒོམ་པར་བྱའོ།། ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ་པའོ།། ཡོངསུ་འཛིན་པ་རྣམ་པར ་དག་པ་འདིའི་སྔོན་དུ་ཐམས་ཅད་སོང་བ་སྟེ། བུམ་པ་ལྷག་པར་གནས་པ་དང་། ལྷ་ལྷག་པར་གནས་པ་དང་། དཀྱིལ་འཁོར་པ་དེའི་སྒྲུབ་པ་མངོན་དུ་བྱས་པའོ།། དེ་ནས་ཀུ་ཤ་གཉིས་བདུད་རྩི་འཁྱིལ་བའི་སྔགས་ཀྱིས་མངོན་པར ་བསྔགས་པ་བྱིན་ལ། སློབ་མ་སེང་གེའི་ཉལ་ཐབསུ་སྟན་དང་སྔགསུ་བྱའོ།། ནུབ་གཉིས་པ་ལ་རྨི་ལམ་ཡོངསུ་བརྟག་པར་བྱའོ།། བཟང་ངན་མཐོང་བ་དང་། ཞི་བའི་བགེགས་བསྐྲད་པ་དང་། སྦྱིན་སྲེག་དེ་ནས་བྱའོ།། དེའི་སྔོན ་དཀྱིལ་འཁོར་བྲི་བ་དང་བསྒྲུབ་པ་དང་། མཆོད་པ་ཆེན་པོ་དང་གཏོར་མ་བྱིན་ནས་ནམ་ཕྱེད་ལུས་པ་ན་སློབ་མ་དཀྱིལ་འཁོར་གྱི་སྒོའི་ཕྱི་རོལ་ཏུ་བཞག་ལ། མེ་ཏོག་གི་ཕྲེང་བ་འཛིན་པ་སློབ་དཔོན་གྱི་གསུང་གིས་གདོང་གུཡོགས ་བཅིང་ངོ་།། ཁྱོད་གང་ལ་དགའ་བ་ཡིན་ཅེས་པ་དང་། སྐལ་པ་བཟང་པོ་བདག་བདེ་བ་ཆེན་པོ་ལ་དགའ་ལགསོ་ཞེས།། དེ་ནས་སློབ་མའི་ལག་པ་ནས་བཟུང་ལ་དཀྱིལ་འཁོར་གྱི་སྔར་ཁྲིང་ལ་སྔགས་འདི་བརྗོད་དོ།། ཨོཾ་ཤྲི་ཧེ་རུ་ཀ་པདྨ ་ཧེ་བིདྷ་རཱ་ཛ་ཡ་དྷི་མ་ཧེ་ཏནྟྲ་ཝཱི་རི་པྲ་ཙི་ཏ་ཡ་སྭཱ་ཧཱ། འདི་ནི་སློབ་མ་གཞུག་པའོ།། སློབ་མ་དེ་ལྷོ་ཕྱོགས་ཀྱི་སྒོ་རུ་བཞག་ལ་ཕྱག་གསུམ་བཙ་ལོ།། གསང་སྔགས་འདིས་ཨཾ་ན་མ་སྟེ་ཧཱུཾ། ན་མཱ་མི་ཏྲཱཾ། ན་མོ་ན་མ་དྷི་སྭཱཏྭ། དེ་ནས ་ཤར་ཕྱོགས་སྒོར་ཐལ་མོ་སྦྱར་ཏེ་ལུས་ཐམས་ཅད་ཀྱིས་ཕྱག་བྱའོ།། སྔགས་འདིས་དཔའ་བོ་དང་རྣལ་འབྱོར་མ་མཆོད་པའི་བདག་ཉིད་ཅན་དུ་བྱའོ།། ཨོཾ་སརྦ་བཱི་ར་ཡོ་གཱི་ནྱ་ཨཱཏྨ་ཌཱ་ཀཱི་ནི་ཡེ་ཏིཥྛ་མཱཾ་ཨི་དེ། ཐལ་མོ་སྙིང་གར་སྦྱར ་ཏེ་བྱང་གི་སྒོར་ཕྱག་བྱ་བ་གོང་མ་བཞིན་ནོ།། སྔགས་འདིས་རྣལ་འབྱོར་མ་རྣམས་ཐམས་ཅད་མཆོད་པའི་དབང་བསྐུར་བའི་བདག་ཉིད་ཅན་དུ་བྱའོ།། ཨོཾ་སརྦ་ཏཱ་ཐཱ་ག་ཏ་བི་ར་ཡོ་གཱི་ནཱི་ཨཏྨ་ན་ཏཾ་ལཱ་མ་ཨ་བྷི་ཥིཉྩ་ཏུ་མཱཾ། དེ་ནས ་ཐལ་མོ་སྦྱར་ལོ་ཨོཾ་རྣལ་འབྱོར་མ་ཐམས་ཅད་མཆོད་པའི་བདག་ཉིད་ཅན་དུ་བྱའོ།། ཨོཾ་སརྦ་ཏ་ཐཱ་ག་ཏ་བཱི་ར་ཡོ་གཱི་ནཱི་ཨཏྨ་ཁཎྜ་རོ་ཧ་སྱ་ཕྲ་བརྡྷ་ཡ་ཏོ་མཱ་མ་ཨི་ད~ཾ་དེས་ནུབ་ཀྱི་སྒོར་རོ།། དེ་ནས་ལྷོ་ཕྱོགས་ཀྱི་སྦྱོར་ཐལ་མོ་ཡན ་ལག་ཐམས་ཅད་ལ་བསྐོར་ཞིང་ཨོཾ་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ལ་མཆོད་པའི་ལས་བྱ་བའི་དབང་བསྐུར་བའི་བདག་ཉིད་ཅན་དུ་བྱའོ།། ཨཾ་སརྦ་ཏ་ཐཱ་ཏ་ག་ཏ་བཱི་ར་ཡོ་གཱི་ནཱི་ཨཱཏྨ་རཱུ་པི་ཎོ་ཀརྨྨ་ཀ་རོ་ཏྭོ་མྦྷ་ཡི་ཏེ། 8 ་ཏུ་བཏུད་པའི་ཕྱག་བཞི་བྱའོ།། དེ་ནས་སློབ་དཔོན་གྱི་སྣང་བ་བརྟག་པར་བྱ་སྟེ། མིག་ལ་སྣང་བ་དྲང་བར་བྱའོ།། དེ་ནས་སྣང་བ་རྗེས་སུ་འཇུག་པའི་ལས་གང་འགྲུབ་པ་བསྟན་པར་བྱའོ།། དེ་ནས་སོར་བཅུ་གཉིས་པའི་རྩེ་མོ་ལ་མ ་ཏོག་ཅན་རྨ་མེད་པ་མ་གས་པ་དྲང་པོ་མྱ་ངན་མེད་པ་ལ་སོགས་པའི་སོ་ཤིང་སློབ་མས་བཟའ་ཞིང་ཤིར་དུ་བལྟས་ཏེ་མཎྜལ་པགས་པའི་ཚད་ལས་མ་རྟོགས་པ་དོར་བར་བྱའོ།། བྱང་དུ་བལྟས་ན་ཞི་བའོ།། ཤར་དུ་བལྟས་ན ་རྒྱུས་པ།། ལྷུར་བལྟས་ན་མངོན་སྐད་དུ།། ནུབ་ཏུ་བལྟས་ནཱ་དབང་དུ་བྱུ་བའོ།། སྟང་དུ་བལྟས་ན་རིག་པ་འཛིན་པའི་དངོས་གྲུབ་པ།། མཎྜལ་གྱི་ཕྱི་རོལ་ལྟུང་ན་དངོས་གྲུབ་ཆུང་བར།། ་ཤིང་གི་སྦྱིན་པའོ།། དམ་ཚིག་གི་ཆུ་སྦྱིན་པ་བརྗོད་པར་བྱའོ།། ཧེ་རུ་ཀ་དཔལ་བུ་ཁྱོད་ཀྱི།། སྙིང་ལ་དེ་རིང་ཡང་དག་ཞུགས།། གལ་ཏེ་ཚུལ་འདི་སྨྲས་འགྱུར་ན།། དེ་མ་ཐག་ཏུ་དྲལ་ནས་འགྲོ། དེས་ན་འདི་ནི་དམྱལ་བའི ་ཆུ།། དམ་ཚིག་འདས་ན་སྲེག་པར་བྱེད།། དམ་ཚིག་བསྲུངས་ན་དངོས་གྲུབ་ནི།། རྡོ་རྗེ་བདུད་རྩི་ཆུ་འདིས་འགྲུབ་ཅེས་པས་སྦྱིན་ནོ།། དེང་འདིར་གང་ཞིག་ཁ་ཅིག་རྡོ་རྗེའི་ཆུས།། ཐམས་ཅད་བྱེད་པ་རང་ཉིད་མ་བྱེད་ཅིག། མ ་བསྐྱངས་གྱུར་ན་དམྱལ་བར་ལྷུང་འདིའོ།། སྔགས་ནི་ཨཾ་བཛྲ་ཨ་མྲྀ་ཏ་ཨུ་ད་ཀ་ཁ་ཧཱུཾ་ཞེས་པས་ཁྱེར་བར་འཐུང་ངུ་གཞུག། ཇི་ལྟར་ཁྱོད་དམ་ཚིག་དང་སྡོམ་པ་ལ་སོགས་པ་འདི་རྟོགས་ནས་འཛིན་པར་འདོད་པ་དེ་ལྟར ་གཟུང་བ་དེ་ལ་དཔལ་ཧེ་རུ་ཀླུའི་ཡེ་ཤེས་བསྐྱེད་པར་བྱ་ཡིས། ཡེ་ཤེས་དེས་ཁྱེད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་ཀྱུས་ཀྱང་ཐོབ་པར་བྱེད་དོ།། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས་ཅེས་བསྟན་ནས་མི་ཕྱེད་པའི ་དཀྱིལ་འཁོར་དུ་མེ་ཏོག་གི་ཕྲེང་བ་དོར་བསོ་གང་ཞིག་ལ་མེ་ཏོག་ཕོག་པས་དེ་དག་གི་རིགས་ཏེ་མིང་གི་དབང་བསྐུར་བའི་དོན་ནོ།། དེ་ནས་མིག་གཡོགས་དགྲོལ་བའི་སྔགས་འདིས་སོ།། ཤྲཱི་ཧེ་རུ་ཀ་རཾ་ཡཾ་ཏིརྱ་ཙཀྲྀ ་དུཏྟ་ཊ་ན་ཏཏྤ་ར་ཨུདྒྷ་ཊཱ་ཡ་ཏེ་སརྦ་ཨཀྵོ་བཛྲ་ཙཀྵུ་ཨུ་ཏ་རི། དེ་བཞིན་དུ་སྔགས་ནི་ཨོཾ་བཛྲ་ནེ་ཏྲ་ཡ་ཧ་ར་ཧ་ར་པ་ཊ་ལཾ་ཧྲི། འདི་བརྗོད་པར་བྱའོ།། དཀྱིལ་འཁོར་འདི་ཁྱོད་མཐོང་བ་ཡིས།། རིགས་ཀྱིས་སྐྱེ་བའི་རྣལ་འབྱོར་ལ། ་ཤིན་ཏུ་དད་པར་ཁྱོད་ཀྱིས་བྱོས།། སྔགས་དང་ཕྱག་རྒྱས་བྱིན་བརླབས་ནུས།། དེ་ཁོ་ན་ཉིད་དབང་བསྐུར་དོན།། སློབ་མ་རྗེ་བཙུན་བྱེད་རྣམས་ལ།། སློབ་དཔོན་ཁྱེད་ཀྱིས་བདག་བཟུང་བ།། ཁྱེད་ཀྱི་བསྟན་པ་དགའ་བ་ཆེ།། ་མགོན་པོ་ཆེན་པོ་བདག་གི་ནི།། འདོད་པ་བྱང་ཆུབ་ཆེན་པོ་ནི།། ཐེག་པ་མི་ཕྱེད་ངོ་བོ་ཡིས།། དམ་ཚིག་དེ་ཉིད་བདག་ལ་གསོལ།། བྱང་ཆུབ་སེམས་ཀྱང་བདག་ལ་གསོལ།། སངས་རྒྱས་ཆོས་དང་དགེ་འདུན་གྱི།། སྐྱབས ་གསུམ་དག་ཀྱང་བདག་ལ་གསོལ།། བྱང་ཆུབ་ཆེན་པོའི་གྲོང་མཆོག་ཏུ།། མགོན་པོས་བདག་ནི་གཞུག་ཏུ་གསོལ།། དེས་ནི་འདི་དག་གིས་གསོལ་བ་གདབ་པའོ།། དེ་ནས་སློབ་དཔོན་གྱིས་དེ་བཞིན་གཤེགས་པ་རིགས ་ལྔའི་དམ་ཚིག་སྦྱིན་ནོ།། སངས་རྒྱས་ཆོས་དང་དགེ་འདུན་ཏེ།། དཀོན་མཆོག་གསུམ་ལ་སྐྱབསུ་སོང་།། འདི་ནི་སངས་རྒྱས་རིགས་དག་པའི།། སྡོམ་པའི་ངོ་བོ་མི་ཕྱེད་པ།། རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དག། བློ་ཆེན་ཁྱོད་ཀྱིས ་བཟུང་བར་གྱིས།། བྱང་ཆུབ་སེམས་གང་དེ་རྡོ་རྗེ།། ཤེས་རབ་དྲིལ་བུ་རྗེ་སུ་དྲན།། སློབ་དཔོན་དོག་ཀྱང་གཟུང་བར་གྱིས།། བླ་མ་སངས་རྒྱས་ཀུན་དང་མཉམ།། འདི་ནི་རྡོ་རྗེ་རིགས་དག་པའི།། དམ་ཚིག་སྡོམ་པ་ཡིན་པ ་གསུངས།། སྦྱིན་དང་མཚན་མོ་ལན་གསུམ་དུ།། ཟང་ཟུང་མི་འཇིགས་ཆོས་དང་བླམས།། སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན།། རིན་ཆེན་རིགས་མཆོག་ཆེན་པོའོ།། ཕྱི་དང་གསང་བའི་ཐེག་པ་གསུམ། ་དམ་པའི་ཆོས་ནི་མ་ལུས་གཟུང་།། འདི་ནི་པད་མའི་རིགས་དག་པའི།། དམ་ཚིག་སྡོམ་པ་ཡིན་པར་གསུངས།། སྡོམ་པ་ཐམས་ཅད་ལྡན་པར་ནི།། ཡང་དག་ཉིད་དུ་གཟུང་བར་བགྱི།། མཆོད་པའི་ལས་ཀྱང་ཅི་ནུས་ཀྱིས།། ་ལས་ཀྱི་རིགས་མཆོག་ཆེན་པོའོ།། སྲོག་ཆགས་བསད་པར་མི་བྱ་ཞིང་།། མ་བྱིན་པར་ཡང་མི་བླང་ངོ་།། འདོད་ལོག་སྤྱད་པར་མི་བྱ་ཞིང་།། བརྫུན་གྱི་ཚིག་ཀྱང་མི་བྱའོ།། ཉེས་པ་ཀུན་གྱི་རྩ་བ་ཡིས།། མྱོས་པར་འགྱུར་བ་སྤང ་བར་བྱ།། སེམས་ཅན་འདུལ་བ་མ་གཏོགས་པ།། བྱ་བ་ངན་པ་ཐམས་ཅད་སྦྱང་།། དམ་པ་ཉེ་བར་བསྟེན་པར་བྱ།། རྣལ་འབྱོར་ཅན་ལ་བསྟེན་པར་བྱ།། ལུས་ཀྱི་ལས་ནི་རྣམ་པ་གསུམ།། ངག་གི་རྣམ་པ་བཞི་དག་དང་། ཡིད་ཀྱི་བྱེད ་པ་གསུམ་དག་ནི།། ཅི་ནུས་པར་ནི་རྗེསུ་བསྲུང་།། སེམས་ཅན་གནོད་པ་མི་ཕྱོགས་དང་།། ཐེག་པ་དམན་ལྔ་འདོད་མི་བྱ།། འཁོར་བ་དགེ་ཀྱང་མི་སྤང་ཞིང་།། རྟག་ཏུ་མྱ་ངན་འདས་མི་ཆགས།། ལྷ་དང་ལྷ་མིན་གསང་བ་ལ། ་དེ་ལ་བསྙེན་བཀུར་མི་བྱ་ཞིང་།། ཕྱག་རྒྱ་བཞོན་པ་ཕྱག་མཚན་སོགས།། དེ་ལ་འགོམ་པར་མི་བྱའོ།། འདི་ལྟར་དམ་ཚིག་བསྡུས་པ་རྣམས།། ཁྱེད་ཀྱིས་རྟག་ཏུ་བསྲུང་བར་གྱིས།། དེ་ནས་སློབ་མ་ངེས་རང་གི་ངག་གིས ་གཟུང་ངོ་།། དཀོན་མཆོག་གསུམ་ལ་སྐྱབསུ་མཆི།། སྡིག་པ་ཐམས་ཅད་སོ་སོར་བཤགས།། འགྲོ་བའི་དགེ་ལ་རྗེས་ཡི་རང་།། སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་།། བྱང་ཆུབ་སེམས་ནི་བླ་ན་མེད།། དམ་པ་བདག་གིས ་བསྐྱེད་པར་བགྱིས།། ཇི་ལྟར་དུས་གསུམ་མགོན་པོ་རྣམས།། བྱང་ཆུབ་ཏུ་ནི་ངེས་མཛད་པ།། ཚུལ་ཁྲིམས་གསུམ་གྱི་ཆོ་ག་འདི།། སྡོམ་པའི་ཚུལ་ཁྲིམས་བསྲུང་བ་དང་།། དགེ་བའི་ཆོས་ནི་སྡུད་པ་དང་།། སེམས་ཅན་དོན ་བྱེད་ཚུལ་ཁྲིམས་གསུམ།། བདག་གིས་སོ་སོར་བརྟན་པོར་གཟུང་།། སངས་རྒྱས་ཆོས་དང་དགེ་འདུན་ཏེ།། བླ་ན་མེད་པའི་དཀོན་མཆོག་གསུམ།། སངས་རྒྱས་རྣལ་འབྱོར་ལས་སྐྱེས་པའི།། སྡོམ་པ་མཆོག་ཏུ་གཟུ ་བོར་བགྱི།། རྡོ་རྗེ་དྲིལ་བུ་ཕྱག་རྒྱ་འདི།། སོ་སོར་ཡང་དག་ཉིད་དུ་གཟུང་།། སློབ་དཔོན་དག་ཀྱང་བཟུང་བར་བགྱི།། རྡོ་རྗེ་རིགས་མཆོག་ཆེན་པོ་ལ།། ཉིན་དང་མཚན་མོ་དུས་དྲུག་ཏུ།། སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན།། རིན ་ཆེན་རིགས་མཆོག་རྣལ་འབྱོར་གྱི།། དམ་ཚིག་ཡིད་དུ་འོང་བའོ།། ཕྱི་ནང་གསང་བ་ཐེག་པ་གསུམ།། དམ་ཚིག་སོ་སོར་གཟུང་བར་བགྱི།། བྱང་ཆུབ་ཆེན་པོ་ལས་བྱུང་བའི།། པད་མོའི་རིགས་ཆེན་དག་པའོ།། སྡོམ་པ ་ཐམས་ཅད་ལྡན་པར་ནི།། སོ་སོར་ཡང་དག་ཉིད་དུ་བཟུང་།། མཆོད་པའི་ལས་ཀྱང་ཅི་ནུས་བགྱི།། ལས་ཀྱི་རིགས་མཆོག་ཆེན་པོའོ།། བྱང་ཆུབ་སེམས་ནི་བླ་མེད་པའི།། དམ་པ་བདག་གིས་བསྐྱེད་པར་བགྱི།། སེམས ་ཅན་ཀུན་གྱི་དོན་གྱི་ཕྱིར།། བདག་གི་སྡོམ་པ་མ་ལུས་བཟུང་།། མ་བསྒྲལ་བ་རྣམས་བསྒྲལ་བར་བགྱི།། མ་གྲོལ་པ་རྣམས་བསྒྲོལ་བར་བགྱི།། དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང་།། མྱ་ངན་འདས་ལ་འགོད ་པར་བགྱི།། ལུས་དང་ངག་དང་ཡིད་ཀྱི་ལས།། མི་དགེ་བ་ནི་བཅུ་པོ་དང་།། བག་མེད་པ་ཡི་གནས་གྱུར་པའི།། ཆང་ནི་ཡོངསུ་སྤང་བར་བྱ།། ཐེག་པ་དམན་ལ་འདོད་མི་བྱ།། ལྷ་དང་ལྷ་མིན་གསང་བ་ལ།། དེ་རྣམས་བསྙེན ་པར་མི་བྱའོ།། ཕྱག་མཚན་འགོམ་པ་ལ་སོགས་རྣམས།། དུས་འདི་ནས་ནི་བཟུང་ནས་ནི།། ཇི་སྲིད་བྱང་ཆུབ་སྙིང་པོའི་བར།། བདག་གིས་རབ་ཏུ་སྤང་བར་བགྱི།། ཅེས་པའོ།། དེ་ཉིད་གཟུང་ལ་རིག་པའི་དབང་གིས་སྡོམ ་པའི་སློབ་མའི་དབང་སྦྱིན་ཏེ། དེ་ལ་སྒོམ་ཞིང་སློབ་དཔོན་གྱི་ཆུའི་དབང་སྦྱིན་ནོ།། སྔགས་ནི་ཨོཾ་བཛྲ་ཨ་བྷི་ཥིཉྩ་མི་ཡ་ཏེ། དེ་ཐོབ་པའི་སློབ་མ་ལ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་ཞེ་སྡང་རྣམ་པར་དག་པ་མངོན་སྤྱོད་ཀྱི་ལས ་གྲུབ་པ། རྣམ་པར་ཤེས་པའི་ཕུང་པོ་རྣམ་པར་དག་པའོ།། འདིས་ནི་མི་བསྐྱོད་པའི་རང་བཞིན་ངོ་བོ་ཆུའི་དབང་ངོ་།། དེ་ནས་རིན་ཆེན་འབྱུང་ལྡན་གྱི་རང་བཞིན་གྱི་ངོ་བོ་ཅོད་པན་རྣམ་པར་བསམས་ལ་སློབ་མའི་དབང་སྔགས ་འོངས།། ཨོཾ་བཛྲ་བེ་རོ་ཙ་ཙཱི་ཡེ་ཧུ~ཾ་ཧཱུ~ཾ་ཕཊི་སཏྭ། ཙིད་པན་གྱི་དབང་ཐོབ་པས་མཉམ་པ་ཉིད་ཀྱི་ཡེ་ཤེས་ཚང་བོ།། ཚོར་བའི་ཕུང་པོ་རྣམ་པར་རིག་པ་རྒྱས་པ་འགྲུབ་པས་ང་རྒྱལ་རྣམ་པར་དག་པའོ།། དེ་ནས་སྣང་བ་མཐའ་ཡས ་ཀྱི་རང་བཞིན་རྒྱ་ང་རྡོ་རྗེའི་དབང་བསྐུར་སྦྱིན་ཏེ། སྔགས་འདས་ཨཾ་ཨཱདྱ་ཨ་བྷི་ཥེ་ཀ་ཏསྟྭཾ། བས་བཱི་ར་ཡོ་ཤྲཱི་ཧེ་རུ་ཀ་དེ་བྷྱཿི་དཾ་ཏ་ཏ་སརྦ་བཱདྡྷཱ་ཏཾ། གྲྀཧྞ་བཛྲ་སུ་སིདྡྷ་ཡཱཾ། རྡོ་རྗེའི་དབང་བསྐུར་ཐོབ་པས་ས་སོར་ཀུན་ཏུ་རྟོག་པར ་ཡེ་ཤེས་ཀྱི་ངོ་བོ་འདུ་ཤེས་ཀྱི་ཕུང་པོ་རྣམ་པར་དག་པ། འདོད་ཆགས་རྣམ་པར་དག་པ་དབང་དུ་བྱ་བ་འགྲུབ་པའོ།། དེ་ནས་དོན་ཡོད་གྲུབ་པའི་རིང་བཞིན་གྱི་ངོ་བོ་དྲིལ་བུའི་དབང་སྦྱིན་ཏེ། ཨོཾ་ནས་ན་སྲ་པ་པྲཛྙཱ་ནཎྜ་གཽ་ཤ་ན་ཀ་ཏྲི་ཏཿ ་ཡ་བེ་ཧེ་ས་ཏ་དརྱ་བ་དེ་ར་གྲི་ཡ་ཛི་ན་ཡ་ཨ་རཏྣ། རང་བཞིན་གྱི་ངོ་བོ་དག་པའི་བཅོམ་ལྡན་འདས་འདི་དང་དྲིལ་བུའི་དབང་ཐོབ་པས་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ངོ་བོ་འདུ་བྱེད་ཀྱི་ཕུང་པོ་རྣམ་པར་དག་པས་ལས་ཐམས་ཅད་གྲུབ་པ་ཕྲག ་དོག་གི་ཉོན་མོངས་པ་སྤངས་པར་བསམོ།། དེ་ནས་མིང་གི་དབང་བསྐུར་ཏེ་ཤྲཱི་ཧེ་རུ་ཀ་དི་བ་དེ་ཏྲ་ཨ་བྷི་ཥིཉྩ་མེ་ཤྲཱི་ཧེ་རུ་ཀ་ཏྱེ་ཏྲེ་ན་མ་ཏ~ཾ།། ཀྱཻ་ཆེ་གེ་མོ་རྡོ་རྗེ་ཞེས་བྱ་བ་རྣམ་པར་སྣང་མཛད་ཀྱི་རང་བཞིན་གྱི་ངོ་བོ་མིང་གི་དབང་བསྐུར ་ཐོབ་པས། ཆོས་ཀྱི་དབྱིངས་ལེགས་པར་རྣམ་པར་དག་པའི་ཡེ་ཤེས་ཀྱི་ངོ་བོ་ཉོན་མོངས་པ་གཏི་མུག་རྣམ་པར་དག་པ་ཞི་བའི་ལས་འགྲུབ་པ་གཟུགས་ཀྱི་ཕུང་པོ་རྣམ་པར་དག་པའོ།། དེ་ནས་དབང་བསྐུར་བ་སྦྱིན་ཏེ། ཨོཾ་ཤྲཱི ་ཧེ་ཧེ་རུ་རུ་ཀ་བིད་ལ་སོགས་པའོ།། དེ་ནས་བརྟུལ་ཞུགས་འདི་ཉིད་སངས་རྒྱས་ཀྱི།། ཧེ་རུ་ཀ་ཡཾ་ལག་ནི་གནས།། ཁྱོད་ཀྱིས་རྟག་ཏུ་འཛིན་པར་གྱིས།། བརྟུལ་ཤུགས་མི་ཕྱེད་ཧེ་རུ་ཀ། ཅེས་བརྗོད་ལ་སྔགས་ནི།། ཨོཾ་སརྦ་ཏཐཱ། ་གཱ་ཏ་སིདྡྷ་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་ཏཾ་དྷ་ར་ཡཱ་མི་ཧཱུཾ་ཧ་ཧ་ཧོ་ཧོ། དེ་ཉིད་འཛིན་པ་ལ་དཔའ་བོ་ཆེན་པོའི་ལྷག་པའི་བསམ་པས་ཁ་ཊྭཱཾ་ག་དང་ཌཱ་མ་རུ་ཧེ་རུ་ཀཱི་ཡན་ལག་གི་ཡན་ལག་གོ།། རྣལ་འབྱོར་མའི་ཁ་ཊྭཱཾ་ག་དང ་ཌཱ་མ་རུ་སྟེ་ཐམས་ཅད་ཀྱིས་རྡོ་རྗེ་དང་དྲིལ་བུ་དང་ཌ་མ་རུའི་སྒྲ་དབྱངས་དང་། ཚངས་པའི་སྐུད་པ་དང་། རྣལ་འབྱོར་མའི་བདག་ཉིད་ཁ་ཊྭཱཾ་ག་དང་རྣལ་འབྱོར་གྱི་ལྷུང་བཟེད་དོ།། འདིས་ནི་ཁ་ཊྭཱཾ་ག་དང་ཌ་མ་རུའི་བཏུལ་ཤུགས་ཀྱི་དབང་པོར ་ཉིད་ཀྱི་དུས་སུ་སངས་རྒྱས་དང་དཔའ་བོ་དང་རྣལ་འབྱོར་མ་དཔག་ཏུ་མེད་པ་ལ་ཤེས་རབ་དང་བདེ་བའི་འབྱུང་བའི་སྒེག་པའི་གར་གྱིས་མཆོད་པའོ།། སྒེག་པས་ཕྲེང་བ་ཕྱར་བ་འདིས།། སངས་རྒྱས་ཀུན་རྫོགས་རྣལ་འབྱོར་མས།། ལྷག ་པར་མོས་པ་འབྱུང་བ་ཡི།། ཕྲེང་བ་དེ་དག་གིས་བརྒྱན་ཡིན།། ཅེས་པས་ཕྲེང་བའི་ཆོས་ཀྱི་རྣམ་པ་ཐམས་ཅད་ཀྱི།། ལུས་ཅན་ཀུན་གྱིས་ཡང་དག་པའི།། རྣལ་འབྱོར་མ་རྣམས་བདེ་བ་ཡི།། རྗེས་སུ་བྱེད་པའི་གླུ་བློང་ངོ་།། དྲི་དངུལ ་རྒྱལ་བ་རྣམས་ཉིད་ལ།། ཚུལ་ཁྲིམས་བསམ་གཏན་ཤེས་རབ་དང་།། སངས་རྒྱས་ཀུན་ནས་དྲི་མཆོག་གོ།། སྤོས་ཕུལ་ཡང་དག་སངས་རྒྱས་ལ།། བརྟུལ་ཤུགས་བཟང་པོས་དགའ་བ་ཡིད།། ལུས་ཅན་བདེ་གཤེགས་དཔག ་མོད་ཀྱི།། ཡེ་ཤེས་དགའ་བ་འབྱུང་བའོ།། ཆོས་ཀྱི་སྤྱན་ནི་བླ་མེད་འབར།། པད་མོའི་དབང་ཕྱུག་འབྱུང་བ་ཡི།། མ་རིག་མུན་པས་བྱེད་པ་ཀུན།། ཡེ་ཤེས་སྣང་བས་མར་མེའོ།། ཇི་ལྟར་མིག་སྨན་སྐྱེས་བུ་ཡིས།། འཇིག་རྟེན ་ལིང་ཏོག་སེལ་བ་ལྟར།། བུ་ཁྱོད་ཀྱི་ནི་མ་རིག་པའོ།། ལིང་ཏོག་རྒྱལ་བ་རྣམས་ཀྱིས་བསལ།། ཨོཾ་བཛྲ་ནེ་ཏྲ་ཡ་ཧཱ་ར་ཧ་ར་པ་ཊ་ལཾ་ཧྲི་ཕྲེཾ་སྤྱན་དབྱེ་བའོ།། ཆོས་རྣམས་གཟུགས་བརྙན་ལྟ་བུ་ཡི།། གསལ་ཞིང་དག་ལ་རྙོག་པ་མེད ་གཟུང་དུ་མེད་ཅིང་བརྗོད་དུ་མེད།། རྒྱུ་དང་ལས་ལ་འབྱུང་བ་ལྡན།། རང་བཞིན་དག་ཅིང་བདག་མེད་པ།། དེ་ལྟར་ཆོས་རྣམས་ཤེས་པར་གྱིས།། སེམས་ཅན་དོན་ནི་བདག་མེད་ཀྱིས།། འོན་ཀྱང་ནང་དུ་རྣལ་འབྱོར་སྟེ།། སེམ ་ཅན་ཀུན་ལ་ཕན་པའི་དོན།། འཇིག་རྟེན་ཐམས་ཅད་ཡང་དག་འཕགས།། བྱང་སྤྱོད་གསང་བའི་ཐེག་པ་ཡི།། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར།། བསྐོར་ཞིང་ཐེ་ཚོམ་དོགས་མེད་པར།། ཡིད་གཉིས་མེད་པའི་སེམས་ཀྱིས ་ནི། ཆོས་ཀྱི་དུང་ནི་བླ་མེད་པ།། དྲི་མེད་ཀུན་ཏུ་གང་བར་གྱིས།། དེས་མངའ་གཞིའོ་དབང་བསྐུར་སྦྱིན་ནོ།། སློབ་མའི་ལག་ཏུ་མདའ་གཞུ་གཏད་ལ། ཕྱོགས་བཞིར་འགེངསུ་གཞུག་གོ།། བདུད་བཞི་ལས་རྣམ་པར་རྒྱལ་བ ་བསྐོར་རོ།། དེ་བཞིན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་དེ་མདའ་ཡིས་ཐོབ་པའི་གཏམ་བརྗོད་དོ།། དེའི་གསུང་གི་ཞི་བ་རྒྱས་པ། དབང་དགུག་པ། ཞེ་སྡང་བཅིང་བ་ལ་སོགས་པ་བསད་པ་དང་། བསྐྲད་པ་ཐམས་ཅད་དེ་བཞིན་དུ ་བསྒྲུབ་པའོ།། རལ་གྲི་མགོ་སྨན་ས་འོག་རྐང་མགྱོགས་རི་ལུ་རྣལ་འབྱོར་པའི་དངོས་གྲུབ། དེ་རྣམས་འདིས་རབ་ཏུ་བསྒྲུབ་པའོ།། སྔར་ལངས་ཏེ་རྣལ་འབྱོར་བདག་གིས་བྱ་བ་ཐམས་ཅད་བྱ་སྟེ། ལུས་བསྲུངས་བཟའ་བ་དང་། སྡོམ ་པའི་བདག་ཉིད་བསྲུང་བའོ།། ལུས་སྲོག་ངེས་པར་བཏང་སྙོམས་སུ་བསྐྱངས་པའི་དམ་ཚིག་དང་སྡོམ་པ་འདི་དག་གསུངས་པའོ།། དེ་ཉིད་ལུང་བསྟན་པ་ནི་ཆོས་གོས་ཏེ། འདི་ལྟར་བདག་གིས ་ལུང་བསྟན་པར་བྱའོ།། ཧེ་རུ་ཀ་ཚུལ་དེ་བཞིན་གཤེགས།། སྲིད་དང་ངན་འགྲོ་རྣམས་ལས་བཏོན།། ཡང་དག་དངོས་གྲུབ་ཧེ་རུ་ཀ། ཞེས་བྱའི་དེ་བཞིན་གཤེགས་པར་འགྱུར།། བྷུ་ར་བྷཱ་བ་སཱཿདེ་ནས་དབུགས་དབྱུང ་བ་ནི།། ཁམས་གསུམ་ཀུན་གྱི་རྒྱལ་པོ་ཆེ།། རྒྱལ་པོར་གྱུར་ནས་བརྟན་པར་གནས།། དེ་རིང་བདུད་ལས་རྒྱལ་བར་གནས།། རབ་ཏུ་གནས་པས་མཆོག་གི་གནས།། དྲི་རིང་སངས་རྒྱས་ཉིད་ཐོབ་པར།། འགྱུར་བ་ཉིད ་དུ་ཐེ་ཚོམ་མེད།། འདི་ནི་དབུགས་དབྱུང་བའོ།། དེ་ནུས་ཕྱིར་མི་ལྡོག་པའི་འཁོར་ལོའི་དབང་བསྐུར་བའི་དོན་ནི།། སློབ་མས་བླ་མ་ལ་གསོལ་བ་གདབ་པ་དང་། ཕྱིར་མོ་ལྡོག་པ་འཁོར་ལོའི་དབང་།། མགོན་པོ་ཉིད ་གསུང་གིས་བྱིན་པ།། འཁོར་ལོ་ལྷ་ཡི་དེ་ཁོ་ན།། སློབ་དཔོན་མཆོག་གི་ལས་དང་ནི།། སངས་རྒྱས་ཀུན་གྱི་དམ་ཚིག་གི། གསང་བའི་སྡོམ་པ་བླ་ན་མེད།། སློབ་དཔོན་བདག་ནི་དུས་རྟག་ཏུ།། སེམས་ཅན་ཀུན་གྱི་དོན ་བྱེད་པའོ།། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ།། ཇི་ལྟར་སྦྱིན་པ་མཆོད་པའི་བདག། བདག་ཀྱང་རབ་ཏུ་བསྒྲལ་བའི་དོན།། ནམ་མཁའི་རྡོ་རྗེ་བདག་ལ་གསོལ།། འདིས་ནི་གསོལ་བ་གདབ་པ་དང་། ཡང་ཕྱིར་མི་ལྡོག་པའི་དབང ་བསྐུར་བའི་དམ་ཚིག་དང་སྡོམ་པ་སྦྱིན་ནོ།། སློབ་དཔོན་དག་ལ་སྨོད་པ་དང་།། བདེ་གཤེགས་བཀའ་ལས་འདས་པ་དང་།། རྡོ་རྗེ་སྤུན་ལ་བརྙས་པ་དང་།། བྱམས་པ་ཆེན་པོ་སྤོང་བ་དང་།། བྱང་ཆུབ་སེམས་ནི་སྤོང་བ་དང་། ་ཐེག་པ་གསུམ་ལ་སྨོད་པ་དང་།། སྐོལ་མིན་གསང་བ་སྟོན་པ་དང་།། བདག་ཉིད་རྒྱལ་བ་ཕུང་པོ་སློང་།། དམ་པའི་ཆོས་ལ་ཡིད་གཉིས་དང་།། གདུག་ལ་བྱམས་དང་ཆགས་བྲལ་དང་།། ཆོས་ལ་མཐའ་གཉིས་ཚུལ ་བྱེད་པ།། དད་པའི་སེམས་ནི་བཟློག་པ་དང་།། ཇི་ལྟར་དམ་ཚིག་བསྟེན་པ་ཉམས།། རྩ་བའི་ལྟུང་བའོ།། དམ་ཚིག་དང་ནི་མི་ལྡན་པའི།། རིག་མ་བསྟེན་པར་དགའ་བ་དང་།། ཚོགས་ཀྱི་འཁོར་ལོར་རྩོད་པ་དང་།། གསང་བའི། ་བའི་ཆས་ནི་སྟོན་པ་དང་།། སེམས་ཅན་དང་དང་ལྡན་པ་ལ།། དམ་ཆོས་གཞན་དུ་སྟོན་པ་དང་།། སྦྱོར་བ་ངེས་པར་མ་བྱས་པ།། སྐལ་མིན་གསང་བ་སྟོང་པ་དང་།། གང་ཞིག་ཕྱག་རྒྱ་མི་མཁས་ལ།། ལུས་ཀྱི་ཕྱག་རྒྱ་སྟོན ་པ་རྣམས།། ཁ་ན་མ་ཐོ་སྦོམ་པོར་འགྱུར།། དེ་ཉིད་མི་ལྡོག་པའི་འཁོར་ལོའི་དབང་བསྐུར་བའི་སྡོམ་པའོ།། སློབ་མ་ལ་ཕྱིར་མི་ལྡོག་པའི་དབང་བསྐུར་སྦྱིན་པའི་རིམ་པ་འདིའོ།། རྩ་བའི་དཀྱིལ་འཁོར་གྱི་ཕྱི་རོལ་ཏུ་ཁ ་དོག་གཅིག་པའི་དཀྱིལ་འཁོར་ལ་སློབ་མ་བཞག་ལ། ཡེ་ཤེས་སེམས་དཔའི་སྙིང་གོའི་ས་བོན་ལས་འོད་ཟེར་སྤྲོས་པས་ལྷ་དང་དཔེའོ་བཀུག་ལ། མཆོད་པ་དཔག་ཏུ་མེད་པ་ལ་སོགས་པ་བྱ་སྟེ། དེ་བཞིན་དུ་ཡེ་ཤེས ་ཀྱི་ཆུས་གང་བའི་བུམ་པ་ཕྱག་ན་ཐུགས་པའི་དེ་བཞིན་གཤེགས་པ་རྡོ་རྗེ་འཛིན་པས་དབང་བསྐུར་བར་བསམ་མ།། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི།། གསང་གསུམ་གནས་ལས་བྱུང ་བ་ཡི།། ཁམས་གསུམ་ཀུན་གྱིས་ཕྱག་བྱས་པོ།། རྡོ་རྗེའི་དབང་བསྐུར་ཆེན་པོ་སྦྱིན།། དེ་ནས་མི་བསྐྱོད་པས་ཅོད་པོན་བྱས་པའི་དཔའ་བོའི་ལྷ་རྣམས་ཀྱིས་དབང་བསྐུར་བའོ།། ཨཱཾ་པྲཱ་ཏཱིཥྛ་བཛྲ་སྭཱ་ཧཱ། སྔགས་འདི ་བརྗོད་པར་བྱའོ།། དྲིལ་བུའི་སྒྲ་སྔོན་དུ་སོང་བས་མེ་ཏོག་ལ་སོགས་པའི་མཆོད་པ་སྦྱིན་པར་བྱའོ།། དེ་ནས་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་བཅས་པའི་གམ་བྱའོ།། དེ་ནས་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ནི་ས་གཞི་སྤྱན ་མའོ།། ཐིག་ནི་རྣམ་པར་སྣང་མཛད་དྲན་པའོ།། ཁ་དོག་ནི་རིགས་སྣ་ཚོགས་པའི་རྟོགས་པའོ།། མཆོད་པ་སྣ་ཚོགས་པ་བྱེད་པ་གཞན་དུའོ།། ཛ་ལནྡྷ་ར་ནི། ས་ཀྱྀ་འཁོར་ལོའོ།། ཨུ་རྒྱན་ནི་གསུ་གི་འཁོར ་ལོའོ།། ཨནྡྷ་ད་ནི་སྐུའི་འཁོར་ལོའོ།། གོ་དཱ་བཱ་རི་ནི་གྲུ་བཞི་པ།། རཱ་མི་ཤྭ་རི་ནི་མེའི་མཚམསོ།། དེ་བི་ཀོ་ཊ་ནཱི་བྱེད་ན་བྲལ་གྱི་མཚམས།། ཀཱ་མ་རུ་པ་ནི་དབང་རྟེན་གྱི་མཚམས་བཞི་རྣམ་པར་དག་པའོ།། སུ་ར ་ཤ་ནི་ཤར་ཕྱོགས་ཀྱི་སྒོའོ།། ཏྲི་ཤ་ཀུ་ནེ་དེ་བཞིན་ལྷོ།། ཀོ་ས་ལ་ནི་མུབསྒོའོ།། ཀ་ལི་ག་ནི་དེ་བཞིན་བྲང་གིའོ།། ལཾ་པཱ་ཀ་ནི་ཤར་གྱི་རྟ་བབསོ།། ཀཱཉྩི་ནཾ་ལྷོའི་རྟ་བབ་སོ།། ཧི་མཱ་ལ་ཡ་ནི་ནུབ་ཀྱིའོ།། པྲེ་པྲ ་བྱང་གིའོ།། གྲྀ་ཧ་དེ་བ་ནི་ལྷ་སྣམ་མོ།། སཽ་རཱཉྫ་ནི་རིན་པོ་ཆེའི་བྲང་བརྟེན་ནོ།། སུ་བརྟྟ་དཱི་པ་ནི་དྲཱ་བ་དང་དྲ་བ་ཕྱེད་པའི་ས་དེ་བཞིན་ནོ།། ན་ག་ར་ནི་ཊཱ་ཡབ་དྲིལ་བུ་རྒྱལ་མཚན་གདུགས་བ་དཱན་རྣམསོ།། སིནྡྷུ་ནི་རྡོ་རྗེའི ་ཐིག་དང་ཟླུམ་པོའོ།། མཱ་ར་དང་ཀ་ལི་ནི་རྡོ་རྗེ་རིན་ཆེན་གྱི་ཐིག་གི་དཀྱིལ་འཁོར་ཤིན་ཏུ་ཆེན་པོའོ།། འཁོར་ལོ་ལྔ་ནི་དེ་བཞིན་གཤེགས་པ་ལྔའི་རང་བཞིན་ནོ།། རི་མོ་ཉི་ཤུ་ན་རིང་བཞིན་ནི་ས་གཞི་རྣ་མ་པར ་དག་པའོ།། ཉི་ཤུ་རྩ་བཞི་དཔའ་བོའི་ངོ་བོའོ།། འདི་ནི་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དོ།། ལྷའི་དེ་ཁོ་ན་ཉིད་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་ཆོས་ཀྱི་ངོ་བོ་ཉིད་དོ།། དཀྱིལ་འཁོར་གྱི་ལྷ་འདི་དག ་གིས་ཕྱིར་མི་ལྡོག་པའི་འཁོར་ལོའི་དབང་བསྐུར་མདོར་བསྡུས་པ་དེ་སློབ་དཔོན་གྱིས་དབང་བསྐོར་བའི་ངོ་བོ་འདིའོ།། དེ་ནས་སློབ་མས་བླ་མ་ལ་གསང་བའི་དབང་བསྐུར་བླང་བར་བྱའོ།། རྡོ་རྗེ་སེམས་ཁྱོད་བདེ་བ་འགྲུབ ་པ་སྟེ། སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཡང་དག་ལུས།། མ་ཆགས་དགའ་བའི་ཡིད་ཀྱིས་པད་ཆེན་པོ།། སྟོང་ཉིད་བསྒོམས་པས་ཀུན་ནས་ཡུན་རིངས་གདུངས།། ཀྱེ་མ་འདོད་ཆགས་དྲི་མེད ་བྱང་ཆུབ་ཀུན་བཟང་གིས།། སྤྱོད་པ་འདོད་ཆགས་དག་པ་རྡོ་རྗེ་དམ་ཚིག་ལས།། ཕྱེ་མཛད་དགའ་བ་དྲུག་པོས་ཡང་དག་བརྟན།། འདོད་པའི་བདེ་བ་བྱང་སེམས་རིན་ཆེན་འབར།། རྡོ་རྗེའི་ཆུ་ཕྱུང་དྲི་མེད་རིན་ཆེན་ཆ ་རྒྱལ་བ་ཀུན་གྱིས་སྤྱི་བོར་དབང་བསྐུར་མཛོད།། སྣ་ཚོགས་སེམས་ཀྱིས་སེམས་ཅན་བརླག་གྱུར་པ།། རྡོ་རྗེ་ཡེ་ཤེས་ཤེས་རབ་ལྷུང་པང་གནས་སུ།། སྦྱོར་བ་གཞན་མང་མ་ཐགས་གསུང་དུ་གསོལ ་མཉམ་དང་མི་མཉམ་འདོད་ཆགས་རྣམ་དག་པས།། རྡོ་རྗེ་སེམས་ཁྱོད་བདེ་བའི་དབང་ཕྱུག་གནས།། ཡང་ངག་འདོད་ཆགས་རང་གི་བདེ་བའི་གྲོགས།། རྡོ་རྗེ་པདྨ་ལས་བྱུང་བདེ་བསྒྲུབ་པའི།། སྤྲོས་པས་གཟུགས་སྟོན ་རྒྱལ་བའི་དངོས་གྲུབ་ཀུན།། སྦྱིན་པས་ཁ་རུ་སྣ་ཚོགས་འབྲས་བུ་གསོལ།། འདི་ནི་གསང་བའི་གསོལ་བ་གདབ་པའོ།། དེ་ནས་སློབ་དཔོན་གྱིས་སློབ་མ་རྣམ་པར་སྣང་མཛད་ཀྱི་གཟུགསུ་རྫོགས་པ་ལ།། ཡེ་ཤེས་སེམས ་དཔའ་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱ་བ་སྟེ། དེ་ལ་ལས་ཀྱི་ཕྱག་རྒྱ་མ་རིགས་ལྔའི་ཚུལ་དུ་དམིགས་ཏེ། དེ་དང་སྙོམས་པར་འཇུག་པ་བྱས་པས།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སྤྱི་བོའི ་སྒོ་ནས་ཞུགས་ཏེ། དེ་ལ་བསྐྱེད་པ་ཐམས་ཅད་ཀྱིས་སློབ་མ་ལ་དབང་བསྐུར་བར་བྱའོ།། དེ་བཞིན་གཤེགས་པ་ཐམས་ཅད་དང་ལྷན་ཅིག་པའི་ཤེས་རབ་སློབ་མ་བདག་གིས་ཨ་ཧོ་མ་ཧཱ་སུ་ཁ་ཧོ་ཞེས་པ་དག་གི་ལ་མཽ་ཏྲ ་བཏུང་བར་བྱའོ།། ཚིམ་པ་རོའི་དུས་སུ་ཁ་དོག་དང་དབྱིབས་ཀྱི་བསམ་པ་མེད་པར་རྣམ་པར་མི་རྟོག་པའི་སྐུའི་ཚུལ་དུ་བསམ་དུ་མེད་པའི་ཚུལ་བསམ་གཏན་གྱི་སྡོམ་པ་དེ་བསྡམས་པ་དེ་ལ་གསང་བའི་དབང་བསྐུར ་བའི་ཆོ་གའོ།། དེ་ནས་དོན་དམ་པའི་ཚུལ་གྱིས་ཆོས་ཀྱི་སྐུ་རྟོགས་པར་བྱེད་པའི་ཆོས་ཀྱི་དབྱིངས་རྡོ་རྗེ་རང་འབྱུང་བའི་བྱིན་གྱིས་བརླབས་པ་སྦྱིན་པར་བྱའོ།། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་སློབ་མ་ལ་དམ་ཚིག་དང ་སྡོམ་པ་བརྗོད་པར་བྱ་སྟེ། ཅི་ཁྱོད་ཇི་ལྟར་སྤྲོ་བ་སྨོས།། བཤང་གཅི་ལ་སོགས་ཟ་བ་དང་།། ཁྲག་དང་ཁུ་བ་དེ་བཞིན་ཤཾ། བུད་མེད་རྣམས་ལ་རྟག་གུས་སམ།། བྷ་གའི་པདྨ་ར་འོ་བྱེད་དམ།། དབང་བསྐུར་བ་གཉིས་པར ་གསང་བ་དང་།། ཤེས་རབ་ཡེ་ཤེས་ཀྱི་སྡོམ་པ་སྔོན་དུ་སོང་བའི་སློབ་མས་འདི་སྐད་བརྗོད་དེ། ཅི་ཕྱིར་ལྷ་མོ་བདག་མི་སྤྲོ།། བཤང་གི་ཅི་ལ་སོགས་ཟ་བ་དང་།། བུད་མེད་རྣམས་ལ་གུས་པར་བགྱིད།། བྷ་གའི་པདྨ་རའོ། ་བགྱིང་ངོ་།། ལྷ་མོངས་གོས་མེད་པར་ཕྱེ་ལ་བདག་གི་པད་མས་དེ་ཉིད་མཐོང་།། ཨེ་མ་ཧོ་བདག་གི་པདྨ་འདི།། བདེ་བ་ཀུན་དང་ཡང་དག་ལྡན།། ཇི་ལྟར་ཆེ་ག་བཞིན་བསྟེན་ན།། དེ་ལ་བདག་ནི་དང་པོར་གནས།། ཆོས་ཀྱི ་དབྱིངས་ཀྱི་བདག་ཉིད་ཀྱིས།། དག་པས་སེམས་ཅན་ཁམས་གྲོལ་བྱེང་།། རང་འབྱུང་རྒྱལ་པོ་བདེ་བ་ཆེ།། ཐམས་ཅད་ངོ་བོ་ཉིད་ཀྱི་གནས།། དེ་ཉིད་ལྷག་པའི་བདག་ཉིད་ཀྱིས།། རྩཝ་ཡི་འཁོར་ལྷོ་རབ་ཏུ་མཐོང་།། བྷ་གའི་དབུས ་ནརྡོ་ལྟར་མཁའ།། ན་མཁའ་ལྔ་ཡིས་རྣམ་པར་བརྒྱན།། ལྟེ་བའི་གཽ་སར་ལྡན་པ་ཡི།། འདབ་མ་བརྒྱད་པས་བརྒྱན་པ་ཡི།། དེ་ཉིད་བདུད་རྩིའི་རྣམ་པ་དཀར་པོ་རྟག་ཏུ་འབབ།། དེའི་སྦྱོར་བ་བསྒོ་བས་བཛྲ་མོཀྵ་ཧོ།། དེ་ཉིད་སྔགས ་པས་གོང་གི་དབྱིངས་ཀྱི་དབང་ཕྱུག་མའི་རྩ་བྷ་གའི་དབུས་ན་རྣམ་པར་བཞུགས་པའོ།། ཐོབ་པར་དཀའ་བས་ན་བླ་མའི་གསུང་ལས་ཐོབ་པའོ།། སོར་མོ་བྱུང་པས་རྩིའི་རྣམ་པ་ལས་མཆོག་ཏུ་དགའ ་བ་འབབ་པ་ཁ་ཅིག་གི་ལྕེ་ལ་བཞག་པའོ།། ཕ་རོལ་ཕྱིན་པ་བཅུའི་གནས།། སྟོབས་བཅུའི་དབང་དུ་བྱས་པའོ།། ས་བཅུའི་སྟེང་དུ་བྱས་པའོ།། རྟགས་གསོར་བ་ཡི་ངོ་བོའོ།། དེ་ལ་བསྒོ་བས་བསྒྲུབ་པ་དང་།། ཉེ་བར་སྒྲུབ ་པའི་རིམ་པས་རྟོགས་པར་བྱའོ།། རང་འབྱུང་གི་སློབ་དཔོན་གྱིས་ན་མཁའ་རྡོ་རྗེའི་ཏིང་ངེ་འཛིན་གྱི་གནས་ཡང་དག་པའི་རྣལ་འབྱོར་གྱིས་རང་རིག་པའི་བདེ་བ་ཆེན་པོ་བསྐྱེད་པ་གང་ཡིན་པ་དེས་མཆོག་ཏུ་དགའ་བར་བྱས་པ་སྟེ། ་དགའ་བྲལ་གྱི་དགའ་བའི་དབུས་ན་བསམ་གཏན་གྱི་མཚན་མ་མི་བྱེད་པ་བྱའོ།། དེ་ལ་བསྒྲིམས་ཏེ་རྡོ་རྗེ་སྐྱིལ་ཀྲུང་གིས་མཚན་ཉིད་ཀྱི་ནང་དུ་སོང་བའི་བསམ་གཏན་བྱའོ།། གང་གིས་བསྐྱེད་པའི་བསམ་གཏན་ཤེས་རབ་བོ།། ་ཡེ་ཤེས་དེ་ནི་རྣམ་པ་བརྗོད་དུ་མེད་པའོ།། ཆགས་མེང་ཆགས་པ་མེད་པ་མིན།། རྣལ་འབྱོར་ཡེ་ཤེས་བརྟེན་པ་ཐོབ།། འདི་སྐད་དེས་ནི་ཀུན་བྱེད་བརྗོད།། སྐད་ཅིག་ཐུན་གཅིག་ལོ་གཙུག་གམ།། ཟླ་བ་ཕྱེད་དང་ཟླ་བ་གཅིག། ་ལོ་གཅིག་བསྐལ་པ་སྟོང་དུ་ཡང་།། ཡེ་ཤེས་རྣལ་འབྱོར་ཐུ་གྱིའོ།། དེ་ལ་སློབ་དཔོན་གྱིས་གསང་བའི་དབང་བསྐུར།། རང་བྱུང་མཐོང་བ་འདི་དག་ལས།། ཤེས་རབ་ཡེ་ཤེས་ཀྱི་ཚོགས་སློབ་མ་ལ་སློབ་དཔོན་གྱི་ངག ་གིས་སོ།། གང་འདི་ཁྱོད་ལ་རྣལ་འབྱོར་མ་དང་ལྷན་ཅིག་བདེ་བ་ཆེན་པོ་རྗེསུ་འབྱུང་བའོ།། དེ་ནས་བཞི་པའི་རང་བཞིན་གྱི་ངོ་བོ་རྟོག་པ་དང་བྲལ་བར་བྱའོ།། འདི་ནི་བདེ་བའི་ངོ་བོའི་མན་ངག་གོ།། དེ་ཉིད་རིག་པ་མ ་པའི་སློབ་མའི་སྤྱི་བོར་ལག་པ་བྱིན་ལ། རྡོ་རྗེ་སློབ་དཔོན་དེས་ནི་སློབ་མ་ལ།། རིག་པ་གཞན་གྱིས་སངས་རྒྱས་ཉིད་མི་ཐོབ།། དེ་ནས་རིག་པའི་ཆོ་ག་འདི་གཉི་སུ་མེད།། སྣང་བའི་ཆོས་རྣམས་ཀུན་གྱི་ངོ་བོ་ཉིད། ་གཉིས་ཀྱིས་མཚོན་མའི་ངོ་བོ་མེད་པའོ།། དེ་ནས་འདི་དེ་སངས་རྒྱས་ཐམས་ཅད་དང་།། རིག་པའི་བརྟུལ་ཤུགས་ཀྱིས་འཁོར་བ་སྦྱངས་ཏེ། རྗེས་སུ་གྲོལ་བའོ།། ཤིན་ཏུ་རིག་པ་འདིའི་དངོས་གྲུབ་རྨོངས་པ་རྣམས ་ཀྱིས་མི་རྙེད་དོ།། དེའི་སྔགས་ཀྱི་སྤྱོད་པ་སྤྱད་པ་ལ་སོགས་པའི་ཚུལ་ཁྲིམས་དང་། སྡོམ་པ་ཀུན་ཏུ་བཟང་པོའི་སྤྱོད་པ་སྤྱད་པའི་སྡོམ་པ་ཤིན་ཏུ་རྣམ་པར་གྲོལ་བའོ།། ཐབས་ཀྱི་སྤྱོད་པ་སྤྱད་པས་ལྷག་པའི་སེམས ་ཀྱི་སྡོམ་པ་བརྗོད་པར་བྱའོ།། དེ་བཞིན་དུ་མ། རཾ་བཾ། ཤཾ། མུཾ། ཀྲྀ་ཧེ། ཧ། ན་བཟའ་བར་བྱའོ།། ཇི་ལྟ་ཇི་ལྟར་འདུལ་བའི་སེམས་ཅན་གྱི་རང་བཞིན་དེ། དེ་ལྟ་དེ་ལྟར་འདོད་ཆགས་ལ་སོགས་པ་རྣམ་པར་དག་པའི་སེམས ་ཅན་གྱི་དོན་བྱའོ།། དེ་ནས་སེམས་ཅན་ཐམས་ཅད་ལ་ཕན་པའི་དོན་ལ། གང་ཁ་ཅིག་དམན་པ་དེ་སྔགས་དང་ཕྱག་རྒྱའི་ཏིང་ངེ་འཛིན་གྱི་སྒོ་ལས། ལས་རྣམས་བྱའོ།། ཐམས་ཅད་ཀྱི་རྗེས་ལ་གཏོར་མ་བཅུ་སྦྱིན་ནོ།། ་བླ་མ་ལ་ཡོན་དབུལ་བ། ཡུལ། གླང་པོ་ཆེ། རྟ་རིན་པོ་ཆེ། གསེར་ལ་སོགས་པ་དང་། གང་གཅེས་པ་རྣམས་དབུལ་ལོ།། དེ་ནས་གོས་ལ་སོགས་པ་དབུལ་ཏེ། སློབ་མས་སྨོན་ལམ་གདབ་པར ་བྱའོ།། འདི་ནི་དབང་བསྐུར་བའི་ཆོ་ག་ཅུང་ཟད་ཙམ་མོ།། དཔལ་ལྡན་རྣམ་པར་འདྲེན་པ་ཡི།། བླ་མས་གསུང་ལས་པདེ་རྒྱལ་པོས།། བྲིས་པའི་བསོད་ནམས་གང་ཐོབ་པས།། ཐམས་ཅད་མཁྱེན་པ་ཐོབ་པར་ཤོག། དབང ་བསྐུར་གྱི་རིམ་པའི་ཆོ་ག་པ་ཆེའི་པདྨེ་ཏ་རཏྣ་ཤྲིའི་ཞབས་ཀྱི་པདྨོ་ལ་གཏུགས་པ། པདྨེ་ད་ཤྲཱི་པ་ར་ཧེ་ཏ་དང་། བོད་ཀྱི་ལོཙྪ་པ་དགེ་སློང་ཤེས་རབ་རྒྱལ་མཚན་གྱིས་བསྒྱུར་བ་རྫོགསོ།། །། རྒྱ་གར་སྐད་དུ། ཤྲཱི་ཙཀྲ ་