CLOSE WINDOW

GT2479: 'phags pa gshin rje gshed kyi sgrub thabs
Wyliee-texts produced with BDRC’s OCR application

པ་ལ་ཕྱག་འཚལོ།། བཅོམ་ལྡན་འདས་འཇམ་པའི་དབྱངས་ཀྱི་སྒྲུབ་ཐབས་བརྗོད་པར་བྱས་སྟེ། ས་བོན་དྲུག་པའི་ལྔ་པ་ལ་དབྱངས་ཀྱི་ཡི་གེ་ལྔ་པས་བརྒྱན་པ། སྟོང་པའི་ལྷས་མནན་པ། ས་བོན་དེ་ཉིད་ལས ་བྱུང་བའི་མགོན་པོ་འཇམ་པོའི་དབྱངས་གཞོན་ནུའི་ཆ་ལུགས་ཅན། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཟུར་ཕུད་ལྔ་པ། ཕྱག་གཡོན་ན་ཨུད་དཔལ་སྔོན་པོ་བསྣམས་པ། ཕྱག་གཡས་པས་སེངྒེའི་གདན་ལ་བཞུགས་པ། རྒྱན་ཐ ་ཀྱིས་བརྒྱན་པར་བདག་ཉིད་བསམ་ལ། ལག་པ་གཉིས་ཐལ་མོ་ཁོང་སྟོང་དུ་བྱས། འཛུབ་མོ་གཉིས་སྨིན་ལག་གཉིས་ཀྱིས་སེན་མྱོ་མནན་ཏེ་བཞག་པ་ནི་ཨུད་པ་ལ་ཁ་བྱེ་བའི་ཕྱག་རྒྱ་སྟེ། འདིས་སྙིང་ཁ་དང་། དཔྲལ་བ་དང་། ལྐོག་མ་དང་། ་སྤྱི་བོར་བཏུག་པར་བྱའོ།། ཨོཾ་བྱཱ་གྷྲི་ཤྭ་རཱི་མུནྟ། མགོན་པོ་འཇམ་པའི་དབྱངསོ+ོ་ཀྱིས་རྒྱལ་པོ་ཆེན་པོ་སྐྲག་པའི་སྒྲུབ་ཐབས་རྫོགསོ།། །། རྒྱ་གཪྵ་སྐད་དུ། ཨརྱ་ཡ་མཱནཱ་ཏ་ཀཱ་སྲྀ་དྷཱ་ནམ། བོད་སྐད་དུ། འཕགས་པ་གཤིན་རྗེ་གཤད ་ཧཱུ~ཾ་སྒྱུ་ས་ཧཱུ~ཾ། ཤིད་སུ་ཕྱུག་མ་། བཞིན་དུ་ཨོཾ་ཧཱུ~ཾ་ཞེས་ན་ས་ཚན་ས་སྐྱེད་།། འི་ལ་ཅོཾ་བ་ཀྱི་ན་ཆོམི་ཧཱུ~ཾ་ག་ཤིན་རྗེཀླུ་ཤིད་པ་ཧཱུ~ཾ་། ་ཞལ་དྲུག་པ་ཕྱག་དྲུག་ཞབས་དྲུག་དབུ་སྐྲ་གྱེན་དུ་བཛེས་པ་མ་ཧེ་ལ་ཕྱིབས་པ། གཡོན་བརྐྱང་བས་བཞུགས་པ། མིའི་ཐོད་པ་དང་རྒྱུ་མས་བརྒྱན་པ། ཤིན་དུ་འཇིགས་པའི་ཆ་ལུགས་ཅན། སྟག་གི་པགས་པའི་སྨད་གཡོག་ཅན་ཕྱག ་གཡས་ན་རལ་གྲི་དང་རྡོ་རྗེ་བསྣམས་པ། གཡོན་ན་དྲིལ་བུ་དང་རྡོ་རྗེ་གཏུན་ཤིང་བསྣམས་པ། ཅོད་པན་མི་བསྐྱོད་པས་མཚན་པ་བསྒོམས་པར་བྱའོ།། དེ་ནས་དམ་ཚིག་གི་ཕྱག་རྒྱ་བཅིངས་པར་བྱ་སྟེ།། ཐལ་མོ་ཁོང་སྟོང་དུ་སྦྱར་ལ ་མཐེ་བོ་གཉིས་དང་འཛུབ་མོ་གིཉེ་སོ་སོར་ཕྱེ་ལ་གུང་མོ་གཉིས་ཀྱི་ཚོགས་གསུམ་པ་ཅག་པར་བྱའོ།། ཨོཾ་ཧྲཿཧྲཱིཿབི་ཀྲི་ཏཱ་ན་ན་ཧཱུཾ་ཧཱུ~ཾ་ཕཊ་ཕཊ་སྭཱ་ཧཱ།། འཕགས་པ་གཤིན་རྗེ་གཤོད་ཀྱིས་སྒྲུབ་པའི་སྒྲུབ་ཐབས་རྫོགསོ།། །། རྒྱོ་གྲོར་སྐདདུ། ་བ་སུ་དྷ་ར་སཱ་དྷ་ནམ། བོད་སྐད་དུ། ལྷ་མོ་ནོར་གྱིས་རྒྱུན་གྱིས་སྒྲུབ་བྱའི་ཐུབས། ལྷ་མོ་ནོར་གྱི་རྒྱུན་ལ་ཕྱག་འཚལོ།། དེ་ནས་ལྷ་མོ་ནོར་གྱིས་རྒྱུན་བསྒོམས་པར་འདོད་ན་ཐཱད་སྣུ་མ་བཞིན་བྱས་ལ། གཞན་དུ་ན་ས་བོན་དྲུག་པའི་གསུཾ ་པ་ལ་ཟླ་ཕྱེད་པ་དང་། ཐིག་ལས་བརྒྱན་པ་དེ་ཉིད་ལས་བྱུང་ལྷ་མོ་ནོར་གྱིས་རྒྱུན་སྐུ་མདོག་སཱི་རཱི་ག་ཕྱག་གཡས་མཆོག་སྦྱིན་པ། གཡོན་འབྲས་ས་ལུའི་སྐུ་མ་དང་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱར་འབེབས་པའི་བུམ་པ་བསྣམས ་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཏེ།། གྲོགས་ཀྱི་ལྷ་མོའི་བསྐོར་བའི་ལྷ་མོ་ནོར་གྱི་རྒྱུན་གྱི་རྒྱུན་ནི་བདག་ཉིད་ཡིནོ་ཞེས་བསྒོམ་པར་བྱའོ།། ལག་པ་གཉིས་ཁུ་ཚུར་བཙོངས་ལཾ་གུང་མོའི་ཚོགས་གསུམ་པ་བཅག་པ་འདི་ནི་ལྷ ་མོ་ནོར་གྱི་རྒྱན་གྱི་ཕྱག་རྒྱའོ།། དེ་ནས་བཟླས་བརྗོད་བྱས་ཏེ། ཨོཾ་ཤྲི་བ་སུ་ནཻ་དྷ་ན་ཀྵེ་ཏྲེ་སྭཱ་ཧཱ། རས་བྲིས་ལ་སོགས་པར་བཅྡོཾས་ལྷ་མོ་ནོར་གྱི་རྒྱུན་སྤྱན་དྲངས་ལ་མཆོད་པ་ཡང་བྱ་སྟེ། བསྒོམ་པར་བྱའོ།། དེས་ནི་འགྲུབ་པར་འགྱུར ་