CLOSE WINDOW

GT2476: lha mo sgrol ma'i sgrub thabs
Wyliee-texts produced with BDRC’s OCR application

གཅིག་ཕྱག་གཉིས་པ་སྐུ་མདོག་དཀར་པོ་ཕྱེད་སྐྱིལ་གྱིས་བཞུགས་པ། དབུ་སྐྲའི་ཅོད་པན་ཅན་དང་། སྣང་བ་མཐའ་ཡས་ཀྱི་དབུ་རྒྱན་ཅན། རྒྱུན་ཐམས་ཅད་ཀྱིས་བརྒྱན་པ། མཛེས་པའི་ན་བཟའ་གསོལ་བ། ཕྱག ་གཡས་པུས་མོ་ལ་བརྟེན་ཏོ་བརྐྱང་བ། གཡོན་པ་པདྨ་བསྣམས་པར་བསྒོམས་ལ། དཔྲལ་བར་ཟླ་བ། མགྲིན་པར་ཨོཾ། སྙིང་གར་ཨཱཿཧཱུཾ་རྣམས་གསལ་བར་བྱའོ།། དེའི་གྲཝཡས་ངོསུ་ལྷ་མོ་སྒྲོལ་མ་གཞོ་ནུའི་ཚུལ་ཅན་དང་། གཡོན་ཁྲོ ་གཉེར་ཅན་དང་ཁྲོ་བོ་བདུད་རྩི་འཁྱིལ་པར་བསམ་མོ།། དེ་ལྟར་བསམ་གཏན་བྱས་པའི་འོག་ཏུ་བཟླས་པ་ནི་ཨོཾ་ཧཱི་སྭཱ་ཧཱ། འཕགས་པ་ཁ་སརྦ་ཎི་འཇིག་རྟེན་མགོན་པོའི་སྒྲུབ་ཐབས་རྫོག་སོ།། །། རྒྱ་གར་སྐད་དུ། ཏཱ་ར་དེ་བྱེ་སཱ་དྷ་ནཾ། ་བོད་སྐད་དུ། ལྷ་མོ་སྒྲོལ་མའི་སྒྲུབ་ཐབས། ལྷ་མོ་སྒྲོལ་མ་ལ་ཕྱག་འཚལོ།། སྔར་བཤད་པའི་ཆོ་གས་བདུད་རྩིའི་དཀྱིལ་འཁོར་དེའི་དབུས་སུ་ཡི་གེའི་སྡེ་མཚན་ལྔ་པོའི་དང་པོའི་ས་བོན་ལ། དང་པོའི་གཉིས་པས་རྫོགས་པར་བྱས་པ ་ལ་ཟླ་བ་ཕྱེད་པ་དང་། ཐིག་ལས་བརྒྱན་པ། དེ་ཉིད་ལས་བྱུང་བའི་ལྷ་མོ་སྒྲོལ་མ་བསྒོམ་པར་བྱའོ།། སྐུ་མདོག་ལྗང་གུ་ཕྱག་གཉིས་པ། གཡས་ཀྱིས་མཆོག་སྦྱིན་པ། གཡོན་ན་ཨུཏྤ་ལ་བསྣམས་པ། པདྨ་དང་ཟླ་བ་ལ་བཞུགས་པ། རྒྱན་ཐམས ་ཅད་ཀྱིས་བརྒྱན་པར་བསམ་པར་བྱའོ།། དེ་ནས་ཕྱག་རྒྱ་བཅིང་བར་བྱ་སྟེ། ལག་པ་གཉིས་ཐལ་མོ་སྦྱར་ལ། མཛུབ་མོ་གཉིས་གུང་མོ་བཅིངས་ལ་བཅར་བ་ནི་ལྷ་མོ་སྒྲོལ་མའི་སྒྲུབ་ཐབས། ཨུད་པ་ལ་ཁ་བྱེ་བའི་ཕྱག་རྒྱའོ།། དེའི་འོག་ཏུ ་སྔགས་བཟླས་པར་བྱ་སྟེ། ཨོཾ་ཏཱ་རེ་ཏུད་ཏཱ་རེ་ཏུ་རེ་སྭཱཧཱ། ལྷ་མོ་སྒྲོལ་མའི་སྒྲུབ་ཐབས་རྫོག་སོ།། །། རྒྱ་གར་སྐད་དུ། བྷ་ག་པ་ཏི་པྲཛྙཱ་པ་ར་མི་ཏཱ་དྷ་ནམ?། བོད་སྐད་དུ། བཅོམ་ལྡན་འདས་ཡུམ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི ་སྒྲུབ་ཐབས། བཅོམ་ལྡན་འདས་ཡུམ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ཕྱག་འཚལོ།། སྔར་བཤད་པ་ལྟར་གདོང་བཀྲུ་བ་ལ་སོགས་པ་བྱས་ནས་དེའི་རྗེས་ལ་བདག་ཉིད་ཀྱིས་སྙིང་ཁུར་པད་མ་འདབ་མ་བརྒྱད་པའི་དབུ་སུ་ཨཱ ་བྱུང་བའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་དྷི། དེ་ལས་བྱུང་བའི་པདྨ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གློག་བམ་གྱིས་མཚན་པ།། འདི་དག་ཡོངསུ་གྱུར་པ་ལས། ཤེས་རབ་ཀྱི་ཏུ་ཕྱིན་པ་དང་། ཟླ་བའི་གདན་ལ་རྡོ་རྗེ་དཀྱིལ ་མོ་དཀྲུངས་གིས་བཞུགས་པ། སྐུ་མདོག་དཀར་བ་གཡས་ཀྱི་མཆོག་སྦྱིན་པ། གཡོན་པ་ན་པདྨ་བསྣམས་པ།། རྒྱན་ཐམས་ཅད་ཀྱི་བརྒྱན་པ། བསམ་གཏན་ལ་གཅིག་ཏུ་གཞོལ་བ།། མེ་ཏོག་དྲི་ཞིམ་པས་བརྒྱན་པའི་རལ་པ་དང་། ཅོད ་པན་སྟེ། རེ་ཤིག་དེ་ལྟ་བུར་བསམ་ལ།། མཆོད་པའི་དུས་ཀྱིས་ཚེ་དཀྱིལ་འཁོར་གྱི་གནསུ། ལྷ་བརྒྱད་པོ་བདག་ཉིད་དང་འདྲ་བ་དང་ལྷན་ཅིག་ཏུ་སྔགས་འདིས་མཆོད་པར་བྱའོ།། ཨོཾ་པྲད་ཛྙེ་མ་ཧཱ་དཾ་པྲད་ཛྙཱ་ཧཱུ~ཾ། ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པའི་སྒྲུབ་ཐབས་རྫོག་སོ།། །། རྒྱ་གར་སྐད་དུ། མཉྫུ་གྷོ་ཁ་མ་ཧཱ་ར་ཛ་ཛ་ལི་ལ་སཱ་དྷ་ནཾ། བོད་སྐད་དུ། འཇམ་པའི་དབྱངས་ཀྱི་རྒྱལ་པོ་ཆེན་པོ་སྒེག་པའི་སྒྲུབ་ཐོབས། བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར ་