| Wylie | e-texts produced with BDRC’s OCR application |
ཆེན་པོ་བུདྡྷ་ཤྲཱི་དང་། གནུབས་ལོཙྪ་བས་དག་པར་བཅོསོ།། ། ཨོཾ་མུ་ནི་མུ་ནཽ་སྨ་ར་སྭཱ་ཧཱ། ཉཾ་སྙིང་ངོ་།། ། རྒྱ་གར་སྐད་དུ། སིདྷ་ནཱ་དཱ་སཱ་དྷ་ནཾ། བོད་སྐད་དུ། སེང་གེའི་སྒྲའི་སྒྲུབ་ཐབས། འཇིག་རྟེན་མགོན་པོ་ལ་ཕྱག་འཚལོ།། ་གང་ཞིག་སྔགས་ཤེས་པའི་སྔགས་པ་དེས། བརྫུན་རྣམ་པ་ཐམས་ཅད་སྤང་བར་བྱའོ།། དང་པོར་དུས་བཞིན་ཁ་དག་པར་བཀྲུས་ཏེ། ཤིན་ཏུ་གནས་དབེན་པར་བྲིས་སྐུ་ལ་སོགས་པའི་ཐད་དུ་དཀྱིལ་འཁོར ་བྱས་ཏེ། མཆོད་པ་མང་པོ་ཕུལ་ལ་སྟན་བདེ་བ་ལ་འདུག་སྟེ། ཚད་མེད་པ་བཞི་བསྒོམ་མོ།། དེ་ནས་བདག་གཽ་སྙིང་གར་ཙམ་ལས་ཟླ་བར་གྱུར་པའི་ཧྲི་ཡིག་དཀར་པོར་བསམས་པའི་འོད་ཀྱིས་ན་མཁའ་ལ་བླ་མ་དང་སངས་རྒྱས་དང་བྱང་ཆུབ ་སེམས་དཔའ་གསལ་བར་སྣང་བར་བྱས་ལ། ཡང་དེའི་འོད་འཕྲོས་པ་ལས་བྱུང་བའི་མཆོད་པའི་སྤྲིན་གྱིས་མཆོད་ལ་ཕྱག་བྱས་ཏེ། སྡིག་པ་བཤགས་ཤིང་རྡྷ་སུ་ཡི་རང་ནས། དཀོན་མཆོག་གསུམ་ལ་སྐྱབསུ་གསོལ་ཏེ། རྒྱལ་བའི་ལམ ་ལ་གནས་པས་བྱང་ཆུབ་ཏུ་སེམས་བསྐྱེད་དེ། འོད་སླར་འདུས་པ་ཐམས་ཅད་སྟོང་པ་ཉིད་དུ་བསྒོམས་ཏེ། ཨོཾ་སྭ་བྷོ་བ་ཤུདྡྷ་སརྦ་དྷརྨ་སཱ་བྷ་བ་ཤུདྡྷ་ཧཾ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ནཱ་བཛྲ་ས་བྷ་བ་ཨཱཏྨ་ཀོ་ཧཾ་ཞེས་བརྗོད་དོ།། དེ་ནས་མྱུར་དུ་པཾ་ལས་པདྨ ་དམར་པོར་ཨ་ལས་གྱུར་པའི་སེངྒེའི་གདན་གྱི་སྟེང་དུ་ཙཾ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་དུ་ཧྲི་ལས་སངྒེའི་སྒྲ་ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར་པོ་དབུསྐྲའི་ཅོད་ཕྲན་ཅན། སྣང་བ་མཐའ་ཡས་ཀྱིས་དབུ་རྒྱན་ཅན་སྤྱན་གསུཾ ་པ། ཕྱེད་སྐྱིལ་དུ་རྒྱལ་པོ་ཆེན་པོའི་བཞུགས་སྟབསུ་བཞུགས་པ། ཕྱག་གཡོན་གྱི་ཕྱག་མཐིལ་ས་ལོ་སྦྱར་བའི་མཐེབ་མཛུབ་ཀྱིས་རལ་གྲིས་མཚན་པའི་པདྨ་བཟང་པོའི་ཡུ་བ་འཛིན་པ། དེའི་ངོས་སུ་གཞན་ཡང་བྷན་དྷ་དཀར་པོ་དྲི་ཞིམ་པ ་མེ་ཏོག་སྣ་ཚོགས་ཀྱིས་བཀང་བའི་པདྨའི་ཡུ་བ་ཅན་ཡོད་པ་དང་། ཕྱག་གཡས་པ་པུས་མོ་ལ་བརྟེན་ཏེ་བརྐྱང་བ་ལ་རྟེན་པར་ཏྲི་ཤུལ་སྦྲུལ་དཀར་པོས་དཀྲིས་པ་ཡོད་ཅིང་། བསམ་གཏན་མཛད་པའི་ཚུལ་ཅན་དབུའི་ཐད་ཀ་ནས་རིགས ་ལྔའི་སངས་རྒྱས་འཕྲོ་བ་བསྒོམས་ལ། སྙིང་གའི་ཟླ་བར་ཧྲི་བསམས་པ་ཛཿའོད་སྤྲོས་ལ། ཧཱུཾ་གིས་ཡེ་ཤེས་སེམས་དཔའ་བཀུག་སྟེ། བཾ་གི་དབང་དུ་བྱས་ནས་ཧོས་དགྱེས་པ་བསྐྱེད་པར་བསམ་མོ།། དེ་ནས་འཛབ་ནི་ཨོཾ་ཨཱཿཧྲཱིཿསི་ཧཱ་ན ་ད་ཧཱུཾ་ཕཊ། སེང་གེ་སྒྲའི་སྒྲུབ་ཐབས་རྫོག་སོ།། །། རྒྱ་གར་སྐད་དུ། ཨཱརྱཱ་ཁ་སརྦྦ་ཎཱི་ལོ་ཀ་ནཱ་ཐ་སཱ་དྷ་ནཱཾ། བོད་སྐད་དུ། འཕགས་པ་ཁ་ར་སྭ་པ་ཎི་འཇིག་རྟེན་མགོན་པོའི་སྒྲུབ་ཐབས། འཇིག་རྟེན་མགོན་པོ་ལ་ཕྱག་འཚལོ།། གནས་དཔ ་