| Wylie | e-texts produced with BDRC’s OCR application |
ཨོཾ་མོ་མཻ་ཏྲི་མཻ་ཏྲི་ཡེ་སྭཱ་ཧཱ། འཕགས་པ་བྱམས་པའི་སྒྲུབ་ཐབས་རྫོག་སོ།། ། ཁ་ཆེའི་པཎྜི་ཏ་ཆེན་པོ་ཤཱཀྱ་ཤྲཱི་བཟང་པོས་མཛད་པའོ།། ལོཙྪ་བ་བྱཱམས་པ་དཔལ་གྱིས་བསྒྱུར་བའོ།། །། རྒྱ་གར་སྐད་དུ། ཨཱརྱ་མཻ་ཏྲཾ་ཡ་སཱ་དྷ ་ནཾ། བོད་སྐད་དུ། འཕགས་པ་བྱམས་པའི་སྒྲུབ་ཐབས། རྒྱལ་བ་བྱམས་པ་ལ་ཕྱག་འཚལོ།། ཐོག་མར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡོ་གཽ་མཽ་གསར་གྱི་མདོག་ཅེན་ལས་འོད་ཟེར་འཕྲོས་པས། བླ་མ་དང་། སངས་རྒྱས་དང ་བྱང་ཆུབ་སེམས་དཔའི་ཚོགས་དང་། རྒྱལ་བ་བྱིམས་པ་ཉིད་གཙོ་བྱས་པ་ཡང་དག་པོར་བཀུག་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཡ་ཀཱ་ཡ་བཱཀྵིརྦྷ་པྲ་ན་མེ་ན་བཛྲེ་བན་ཏ་ན་ཀ་རོ་མི་ཞེས་བྱ་བས་ཕྱག་འཚལ་བ་སྔོན་དུ་སོང་བས། ཨོཾ་བཛྲ་པུཥྤ་ཨཱཿཧཱུ~ཾ ་སྭཱ་ཧཱ། ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུ~ཾ་སྭཱ་ཧཱ། དཱི་པཾ། གྷནྡྷཾ། ཨོཾ་བཛྲ་ནཱཾ་པ་ཏྱ་ཨཱཿཧཱུ~ཾ་སྭཱ་ཧཱ། ཞེས་པས་བྱིན་གྱིས་བརླབས་པས་མཆོད་པའི་ཚོགས་ཕུལ་ལ། དེ་དག་གི་སྤྱན་སྔར་སྡིག་པ་བཤགས་པ་དང་། བསྐུལ་བ་དང་། གསོལ ་པབ་གགདབ་པ་དང་། བསྔོ་བ་དང་། སེམས་ནི་བསྐྱེད་པ་བྱས་ནས། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ལས་ཚངས་པའི་གནས་པ་ལགས་པར་ཡིད་ལ་བྱའོ།། དེ་ནས་ཨོཾ་ཤཱུ་ནྱེ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་སྨཱ་ཏ་ཀོ་ཧཾ་ཞེས་བྱ་བའི ་སྔགས་ལན་གསུམ་གྱི་བར་དུ་བརྗོད་དེ། བརྫུན་པའི་རྣམ་པར་རྟོག་པ་གོམས་པར་བྱས་པའི་བག་ཆགས་ཀྱི་དབང་དུ་གྱུར་པ། རང་གི་སེམས་མིག་འཕྲུལ་མཁན་གྱི་ཉེ་བར་སྤྲུལ་པའི་སེཾན་དང་། སྣོད་ཀྱི་འཇིག་རྟེན་གྱིས་རྣམ་པར་འཁྲུལ ་པིའི་དྲི་མ་སྦྱང་བའི་ཕྱིར། རྡུལ་དང་། ཁུག་སྣ་དང་། དུ་བ་དང་། ཁ་བ་དང་། སྤྲིན་དང་། སྤྲིན་གྱི་གྲིབ་མ་དང་བྲལ་བ། སྟོན་ཀའི་ཉི་མ་ཕྱེད་ཀྱི་ནམ་མཁའ་ལྟ་བུར་ཆོས་ཀྱི་དབྱིངས་མཐའི་དང་དབུས་མེད་པའི་རང་བཞིན་དུ། ཕྱི་ནང་དང་བཅས་པའི ་འཇིག་རྟེན་གསུམ་པོ་མ་ལུས་པ་རྣམ་པར་བལྟ་བར་བྱའོ།། དེ་ལྟར་ཡུད་ཙམ་ཞིག་རྣམ་པར་དག་པའི་རང་བཞིན་རབ་ཏུ་རྟོག་པོ་མེད་པ་ན་མཁའ་རྡོ་རྗེའི་ཏིང་འཛིན་ཏེ། དེ་ལ་གནས་པ་པཾ་ལས་པདྨ་དང་། ཨ་ལས་ཟླ་བའི་དཀྱིལ་འཁོར ་གྱི་སྟེང་དུ། ཡི་གེ་མེ་ཞེས་བྱ་བའི་འོད་ཀྱིས། ཕྱི་ནང་དང་སྣོད་བཅུད་མཐའ་དག་སྦྱངས་ཏེ། ཐུབ་པ་སྐྱེས་མཆོག་བྱམས་པ་ནི།། ཞལ་གསུམ་སྤྱན་གསུམ་གྱིས་རྣམ་བརྒྱན།། དེ་ཡི་གདན་ནི་པདྨ་སྟེ།། སེམས་དཔའི་སྐྱིལ་ཀྲུང་གིས ་བཞུགས་པ།། ཕྱག་བཞི་ཡིས་ནི་རྣམ་པར་མཛེས།། བླ་མང་ཆོས་སྟོན་ཕྱག་རྒྱ་ཡིས།། ཕྱག་གཉིས་དང་པོ་རྣམ་པར་བརྒྱན།། ཕྱག་གཡས་གཉིས་པ་ཉེར་བསྐྱོད་པས།། མཆོག་ཏུ་སེམས་ཅན་སྐྱོང་བ་པོ།། གཡོན་ཕྱག་ལྷ་རྫས་ཡ ་ག་འདུད།། ཀླུ་ཤིང་མེ་ཏོག་བཅས་པའོ།། སངས་རྒྱས་སྤྲིན་ནི་རབ་འཕྲོ་ཞིང་།། བྱང་ཆུབ་སེམས་ཀྱི་རང་བཞིན་འབར།། དངོས་གྲུབ་ཆེན་པོ་མཆོག་བསྒོམ་བྱ།། དེ་ནས་སྔ་མ་བཞིན་དུ་མཆོད་དེ།། ཛཿཧཱུཾ་བཾ་ཧོཿཞེས་པའི་ཡི་གཾ་བཞེ ་དྲངས་ནས། དམ་ཚིག་སེམས་དཔའ་རང་ཉིད་ལྀ་དགུག་པ་དང་། གཞུག་པ་དོང་། བཅིང་བ་དང་། དགེས་པར་བྱས་ལ། དབང་བསྐུར་བར་གསོལ་བ་གདབ་པོར་བྱའོ།། དེའི་རྗེས་ལ་སྐུ་གསུང་ཐུགས་ཀྱིས་བྱོན་གྱིས་བརླབས་ནས། རང ་བཞིན་གྱིས་འོད་གསལ་བ་ཉིད་ཀྱིས་རྫོགས་པའི་རིམ་པ་བསྒོམ་པར་བྱའོ།། དེ་འོག་ཕྱག་རྒྱ་བཅིང་བྱས་ལ།། མཉམ་པར་གཞག་པར་གསང་སྔགས་བཟླས།། ལག་གཉིསོ་སོར་དག་ཏུ་བྱ།། ཁུ་ཚུར་བཅིངས་ཏེ་སྔགས་མཛུབ་གཉིས།། མཐེ་བོའི་དབུས་སུ ་གཞུག་བྱ་སྟེ།། མེ་ཏོག་རྣམ་པའི་མཆོད་པསོ།། ཨོཾ་མཻ་མ་ཏཱི་མཻ་ཏྲི་ཡ་སྭཱ་ཧཱུ~ཾ། འཕགས་པ་བྱམས་པའི་སྒྲུབ་ཐབས་སློབ་དཔོན་ཐོགས་མེད་ཀྱི་མཛད་པ་རྫོགསོ།། །། ཇོ་བོ་ཆེན་པོ་དང་། དགེ་བཤེས་སྟོན་པས་བསྒྱུར་བ་ལས་དུས་ཕྱིས་པཎྜི་ཏ ་ཆེན་པོ་བུདྡྷ་ཤྲཱི་དང་། གནུབས་ལོཙྪ་བས་དག་པར་བཅོསོ།། ། ཨོཾ་མུ་ནི་མུ་ནཽ་སྨ་ར་སྭཱ་ཧཱ། ཉཾ་སྙིང་ངོ་།། ། རྒྱ་གར་སྐད་དུ། སིདྷ་ནཱ་དཱ་སཱ་དྷ་ནཾ། བོད་སྐད་དུ། སེང་གེའི་སྒྲའི་སྒྲུབ་ཐབས། འཇིག་རྟེན་མགོན་པོ་ལ་ཕྱག་འཚལོ།། ་