CLOSE WINDOW

GT2469: klu'i dbang phyug rgyal po'i sgrub thabs
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ནཱ་གེ་ཤྭ་ར་རཱ་ཛ་སཱུ་དྷ་ནཾ། བོད་སྐད་དུ། ཀླུའི་དབང་ཕྱུག་རྒྱལ་པོའི་སྒྲུབ་ཐབས། རྗེ་བཙུན་སྒྲོལ་མ་ལཱ་ཕྱག་འཚལོ།། ཐོག་མར་གནས་ཁང་ཉམས་དགའ་བཨཱརྱ་ཁ ་གདོང་གདོང་དག་པར་བྱས་ནས་སྟེན་བདེ་བ་ལ་འདུག་སྟེ། འབྱུང་པོ་ཐམས་ཅད་ཚིམ་པར་བྱེད་པའི་སྔགས། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱཾདྱ་ནུཏྤནྣ་ཏཱད་ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ་ཞེས་བརྗོད་ལ། ཨོཾ་ཨཱཿབིགྷྣཱན ་ཏཀྲྀད་ཧཱུཾ་ཕཊ་ཅེས་བཛྲོད་ཕྱོགས་བཅུའི་བགེགས་ཐམས་ཅད་བསལ་བར་བྱའོ།། དེས་ན་བྱམོས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་སྔོན་དུ་སོང་བས་ན་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད ་ཀྱི་དོན་དུ་སངས་རྒྱས་ཐོབ་པར་འདོད་པའི་བློས་རང་གི་སྙིང་གར་ཧཱུཾ་བཻ་ཌཱུརྱའི་མདོག་ལྟ་བུ་ལས་འཕྲོས་པའི་འོད་ཀྱིས་ལུས་ཁྱབ་ནས། རང་ཉིད་དེ་བཞིན་གཤེགས་པ་ཀླུ་དབང་རྒྱལ་པོར་གྱུར་པར་བསམ། དེ་ནས་སྙིང ་གའི་ཧཱུ~ཾ་ལས་འོད་འཕྲོས་པས། མདུན་གྱི་ན་མཁའ་ལ་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་དང་། དེ་བཞིན་གཤེགས་པ་ཀླུ་དབང་རྒྱལ་པོ་གཙོ་འཁོར་ལྔ་པ་མདུན་གྱི་ན་མཁའ་ལ་སྤྱན་དྲངས ་ལ། ཕྱག་འཚལ་བ་སྔོན་དུ་སོང་བས་དངོས་སུ་བཤམས་པའི་མཆོད་པ་རྣམས་ཀྱིས་མཆོད་ལ། ཡིད་ལས་བྱུང་བ་འམ། མཆོད་པའི་རིམ་པ་ནི་འདི་ཡིན་ཏེ། ཨོཾ་བཛྲ་པུཥྤ་ཨཱཿཧཱུཾ་ཞེས་བརྗོད་པས་མེ་ཏོག་ཐོགས་པའི ་ལྷ་མོ་སྔོན་མོས་ན་མཁའ་ཁེངས་པ་དང་། ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུཾ་ཞེས་བརྗོད་པས་བདུག་སྤོས་ཐོགས་པའི་ལྷ་མོ་སར་མོ་དཔག་ཏུ་མེད་པ་དང་། ཨོཾ་བཛྲ་དཱི་པཱཾ་ཨཱ་ཧཱུཾ་ཞེས་བརྗོད་པས་མར་མེ་ཐོགས་པའི་ལྷ་མོ་དམར་མོ ་ན་མཁའ་ཁེངས་པ་དང་། ཨོཾ་བཛྲ་གནྡྷེ་ཨཱ་ཧཱུ~ཾ་ཞེས་བརྗོད་པས་དྲི་མཆོག་ཐོགས་པའི་ལྷ་མོ་སེར་པོ་དཔག་ཏུ་མེད་པ་དང་། ཨོཾ་བཛྲ་ནཻ་པ་ཏྱ་ཨཱ་ཧཱུཾ་ཞེས་བརྗོད་པས་ཞལ་ཟས་ཐོགས་པའི་ལྷ་མོ་སར་སྐྱ་མ་དཔག་ཏུ་མེད་པས་མཆོད་ལ། ་སརྦ་བི་ཤྭ་དྷ་པཱུ་ཛ་མ་བྷ་བཱ་སྥ་རོ་ནས་མུ་ཏྲེ་ཧཱུ~ཾ་ཞེས་པའི་སྔགས་བརྗོད་ལ། དེ་ཉིད་ལ་རིན་པོ་ཆེ་སཱ་ཚོགས་དང་། གདུགས་དང་། རྒྱལ་མཚན་དང་། དྲིལ་བུ་དང་། བ་དན་དང་། བླ་རེ་ལ་སོགས་པ་དང་། འཁོར་ལོས་སྒྱུར་བའི་རིན་པོ་མུ་སྣ་བདུན ་གྱིས་མཆོད་པར་བྱའོ།། དེ་ནས་སྡིག་པ་བཤགས་པ་དང་། རྗེ་སུ་ཡི་རང་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང་། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་དང་། དགེ་བ་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ་དང་། བྱང་ཆུབ་མཆོག་ཏུ་སེམས ་བསྐྱེད་པ་དང་། ལམོ་བརྟན་པ་རྣམས་བྱའོ།། དེ་ནས་ཡེ་ཤེས་ཀྱི་ཆགས་བསྐྱེད་པར་བྱ་བའི་ཕྱིར་སྔགས་འདི་བརྗོད་པར་བྱའོ།། ཨོཾ་ས་བྷཱ་བ་ཤུདྡྷ་སརྦ་དྷརྨས་བྷ་བ་ཤུདྡྷོ་ཧཾ་ཞེས་བརྗོད་པས། ཆོས་ཐམས་ཅད་སྤྲོས་པ་མེད་པ་དང་བྲལ་བར་བསམ།། དེ་ནས་སུ ་པོ་ཉིད་ལ་གནས་པས་སེམས་ཅན་གྱི་དོན་མི་འགྲུབ་པས་སྙིང་རྗེ་ཆེན་པོའི་རང་བཞིན་གྱིས་པི་ལས་པདྨ་འདབ་མ་སྟོང་དང་ལྡན་པ་ཡངས་ཤིང་རྒྱ་ཆེ་བར་བསམ། དེའི་སྟེང་དུ་ཆོས་ཐམས་ཅད་མཐའ་དང་དབུས་མེད་པར་སྟོན་པར་བྱེད་པའི་ཡི་གེ་ཨ་པ ་པོ་འོད་དུ་ཞུ་བ་ལས་ཟླ་བའི་དཀྱིལ་འཁོར་ཡངས་ཤིང་རྒྱ་ཆེ་བར་གྱུར་པར་བསམས། དེའི་སྟེང་དུ་ཡི་གེ་ཧཱུ~ཾ་མིང་དཔོགས་རིན་པོ་ཆེའི་མདོག་ལྟ་བུ་ལས་འོད་ཟེར་འཕྲོས་པས་ཀླུ་རྣམས་དང་སེམས་ཅན་གྱི་ལས་དང་ཉོན་མོངས་པའི་སྡིག་པ ་སྒྲིབ་པ་ཐམས་ཅད་ངག་ནས་ཧཱུཾ་སྐད་ཅིག་མ་གཅིག་ལྔ་ཀླུའི་དབང་ཕྱུག་རྒྱལ་པོའི་སྐུར་གྱུར་པར་བསམ། དེ་ཡང་སྐུ་མདོག་མི་དཔོགས་རིན་པོ་ཆེའི་མདོག་ལྟ་བུ་སྦྲུལ་མགོ་བདུན་གདེངས་པའི་རྒྱབ་ཡོལ་ཅན། ཆོས་གོས་ངུར་སྨྲིག་ཅེན་གསོ ་བབདབུ་གཙུག་ཏོར་དང་ལྡན་པ། ཀླུ་ཐམས་ཅད་ཀླུའི་སྐྱེ་གནས་ལས་ཐར་བར་བྱེད་པ་དང་། སེམས་ཅན་ཐམས་ཅད་ངན་འགྲོའི་སྐྱེ་གནས་ལས་ཐར་བར་བྱེད་པའི་ཕྱག་རྒྱ་དང་ལྡན་པ། བཞིན་འཛུམ་པ་དང་ལྡན་པར་བསམ། དེའི་མདུན་དུ་བྱང་ཆུབ ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་སྐུ་མདོག་དཀར་པོ། རིན་པོ་ཆེའི་མྱུ་གུ་ཕྱག་གཡས་ན་བསྣམས་པ། གཡོན་ན་བུམ་པ་བསྣམས་པ། པདྨ་དང་ཟླ་བའི་གདན་ལ་བཞུགས་པ། བཅོམ་ལྡན་འདས་ལ་བལྟ་བའོ།། གཡས་སུ་བྱང་ཆུབ་སེམས། ་དཔའ་བྱམས་པ་སྐུ་མདོག་དམར་པོ་ཀླུ་ཤིང་གི་མགོ་ལྕོགས་མེ་ཏོག་དང་བཅས་པ་དང་། རིལ་བ་སྤྱི་བླུགས་བསྣམས་པའོ།། རྒྱབ་ཏུ་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་སྐུ་མདོག་གསེར་བཙོ་མའི་མདོག་ལྟ་བུ་ཨུཏྤ་ལ་གཡོན་ན། ་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་དཀར་པོ་པདྨ་བསྣམས་པ་བཅྡོཾས་ལ་ལྟ་བའོ།། གཡས་ཕྱོགསུ་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་དང་། གཡོན་ཕྱོགསུ་དགྲ་བཅོམ་པ་དཔག་ཏུ་མེད་པ་བསམ་མོ།། འོག་གི་ཕྱོགསུ་ཀླུའི་ཚོགས་དཔག ་ཏུ་མེད་པ་རིན་པོ་ཆེ་ཐོགས་པ་ཐལ་མོ་སྦྱར་བ་གྱེན་དུ་ལྟ་བ་བསམ་མོ།། དེ་ནས་ཡེ་ཤེས་སེམས་དཔའ་མདུན་གྱི་ན་མཁར་སྤྱན་དྲངས་ལ་མཆོད་པ་དང་། གསོལ་བ་ལེགས་པར་བཏབ་ལ། ཛཿཧཱུཾ་བ~ཾ་ཧོཿཞེས་པའི་ཡི་གེ ་བཞིས་སྤྱན་དྲངས་ལ། དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དགྱེས་པར་བྱས་ལ་སྙིང་པོ་འདི་བརྗོད་པར་བྱའོ།། ཏདྱ་ཐཱ།། ཨོཾ་ཏ་ཐཱ་ག་ཏོ་བྷ་གཾ་བཱན་ནཱ་ག་རཱ་ཛེ་ཤྭ་ར་ཨ་དྷིཉྫན་ཨ་དྷིཥྛི་ཏེ་སྭཱ་ཧཱ། འབུམ་ཕྲག་བཅུ་གཅིག་བཟླས་པས་མཛེ་ནཱད ་ཐམས་ཅད་དང་། མྱོང་བར་ངེས་པའི་ལས་ཐ~ཾང་ཟད་པར་འགྱུ་རོ།། བུམ་པ་གཉིས་ལས་གཅིག་ཏུ་བཅྡོཾས་འཁོར་དང་བཅས་པའི་སྐུ་གཟུགས་དང་། རིན་པོ་ཆེ་དང་། འབྲུ་སྣ་ཚོགས་ཀྱིས་དགང་བར་བྱའོ།། གཅིག་ཏུ་ཀླུ་ནོར་རྒྱས་ཀྱི་བུ་ལ་ཀླུ་ཆེན ་བརྒྱད་ཀྱིས་བསྐོར་བའི་གཟུགས་བཅུག་ལ་རིན་པོ་ཆེ་སྣ་ཚོགས་དང་། ཀླུ་སྨན་སྣ་ཚོགས་དང་། འབྲུ་སྣ་ཚོགས་ཀྱིས་ལེགས་པར་བཀང་ལ། པདྨ་འདབ་མ་བརྒྱད་པའི་དཀྱིལ་འཁོར་གཉིས་ཀྱི་ཁོར་བུམ་པ་གཉིས་པོ་བཞག་ལ། བ་དམར་མོ ་གཉིས་ཀྱི་འོ་མ་མགོད་པ་དང་། གདུགས་བརྒྱ་རྩ་བརྒྱད་དང་། ཚོན་སྣ་ལྔ་པོའི་བ་དན་བརྒྱ་རྩ་བརྒྱད་དང་། ཨ་ཀ་རུ་ནག་པོའི་བདུག་སྤོས་དང་། སྤོས་དཀར་པོ་དང་། བདུག་པ་སྣ་ཚོགས་དང་། མེ་ཏོག་དང་། མར་མ་དང་། ལྷ་བཤོས་དང་། རོལ་མོ་སྣ ་ཚོགས་པས་མཆོད་པར་བྱའོ།། ཐུན་མོང་གི་ནོར་རྫས་ལོ་ལོང་སྤྲོད་པར་འགྱུར་རོ།། ཞག་བདུན་དུ་སྙིང་པོ་རྒྱུན་མ་ཆད་པར་བཟླས་ན་དབུལ་བ་ཐམས་ཅདང་བྲལ་བར་འགྱུར་རོ།། སེད་དང་། སར་བ་དང་། ལྕེ་འབབ་པའི་འཇིགས་པ་འབྱུང་བར་མི་འགྱུར་རོ།། བུམ ་པ་གཉིས་པོ་ཡང་འོག་ཏུ་ཀླུའི་བུམ་པ་བཞག། སྟང་དུ་བཅོམ་ལྡན་འདས་ཀྱི་བུམ་པ་བཞག་ནས། གནས་ཁང་གི་ཤར་ཕྱོགསུ་གཏར་དུ་སྦས་ན་ཕོངས་པའི་སྡུག་བསྔལ་དང་བྲལ་བར་འགྱུ་རོ།། ཀླུའི་གནོད་པ་ཐ~ཾད་དང་བྲལ་བར་འགྱུ་རོ།། ་ཁྱིམ་དེའི་སྐྱེས་པ་དང་། བུད་མེད་ཐཱད་དར་བར་འགྱུར་རོ།། ཆ་རེ་དབབ་པ་ནི། བླ་ག་བཱ་མེད་པཥྚི་ས་ཕྱོགསུ་བྱའོ།། ཆར་བཅད་པ་ནཱི་བཅོམ་ལྡན་འདས་ལ་ཕུལ་བའི་མེ་ཏོག་ལ་སྦྱིན་སྲེག་བྱའོ།། སྡེའི་གཏེར་འབྱིན་པར་འདོད་ན་བཅོམ་ལྡན ་འདས་ཀྱི་སྐུ་གཟུགས་ཀྱི་སྤྱན་སྔར་རྨི་ལམ་ཞུ་བར་བྱའོ།། གཏོར་མ་གསུམ་བྱས་ལ་གཅིག་ནི་བཅྡོཾས་ལྀ་དབུལ་བར་བྱའོ།། གཉིས་པ་ནི་འཇིག་རྟེན་སྐྱོང་བ་རྣམས་ལའོ།། གསུམ་པ་ནི་ཀླུ་རྣམས་ལ་སྦྱིན་པར་བྱའོ།། དེ་ནས་རྫོགས་པའི་རིམ་པ ་ནི་བླ་མའི་ཞལ་ལས་ཤེས་པར་བྱའོ།། དེ་ནས་གཤེགསུ་གསོལ་ལ། ཐུན་མཚམ་སུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀླུའི་དབང་ཕྱུག་རྒྱལ་པོའི་མཚན་ཉི་ཤུ་རྩ་རྀ་རེ་བརྗོད་པར་བྱའོ།། དེ་བཞིན་གཤྱེ ་པ་ཀླུའི་དབང་ཕྱུག་རྒྱལ་པོའི་སྒྲུབ་ཐབས། སློབ་དཔོན་བདག་ཉིད་ཆེན་པོ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོག་སོ།། ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀཱ་ར་ཤྲཱི་ཛྙཱ་ན་དང་། བོད་ཀྱི་ལོཙྪ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལྔ། ་ཕའི་པའོ།། དགེ་ལེགས་འཕེལ་གྱུར་ཅིག།། ཨོཾ་བཛྲ་སཏྭ་སཾ་མི་ཡ། མ་ནུ་པཱ་ལ་ཡ་བཛྲ་སཏྭ་ཏྲེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷཱ་ག་སུ་ཏོ་ཥྱོ་མེ་བྷ་བེ། ཨུ་ནུ་རཀྟོ་མེ་བྷ་ག། སུ་པ་ཥྱོ་མེ་བྷཱ་བ། སརྦ་སིདྡྷི་མེ་པྲ་ཡཽཙྪ། སརྦཾ་ཀརྨ་སུ་ཙི་མ? ་