CLOSE WINDOW

GT2468: nag po chen po'i sgrub thabs
Wyliee-texts produced with BDRC’s OCR application

དེ་ཡི་ལུས་ཀྱི་ཤ་གཅོད་ཅིང་།། དེ་བཞིན་ཁྲག་ནི་འཐུང་བར་བྱེད།། སྤྱི་བོར་ཐིག་ལེ་བྱས་ནས་གུས་པ་རྒྱ་ཆེན་པོ་བྱས་ཏེ་བཟླས་པའོ།། དཔལ་ལྡན་ནག་པོ་ཆེན་པོའི་སྒྲུབ་ཐབས་རྫོགསོ།། །། རྒྱ་གར་སྐད་དུ། མ་ཧཱ་ཀཱ་ལི་སྭཱ ་དྷ་ནཾ། བོད་སྐད་དུ། ནག་པོ་ཆེན་པོའི་སྒྲུབ་ཐབས། དཔལ་ལྡན་ནག་པོ་ཆེན་པོ་ལ་ཕྱག་འཚ་ལོ།། དང་པོར་རེ་ཞིག་སྔགས་པས་རང་གྲི་ཡི་དམ་གྱི་ལྷའི་རྣལ་འབྱོར་གྱིས་བདག་ཉིད་བསྐྱེད་ནས་ཡི་གེས་བྱིན་གྱིས་བརླབ་པར་བྱའོ།། དེ ་ལ་རིམ་པ་འདྲིས།། ནཱ་མཁའི་ཕྱོགསུ་པཽ་ཡིག་ཡོངསུ་གྱུར་པ་ལས་པདྨ་དེའི་སྟེང་དུ་ཨཿཡིག་ཡོངསུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར། དེའི་དབུ་སུ་ཧཱུཾ་ཡིག་གཱི་སྔ་བོན་ཡོངསུ་གྱུར་པ་ལས་རྡོ་རྗེ་རྩེ་ལྔ་པ། དེའི་ལྟེ་བ་ཉི་མ ་ལ་གནས་པའི་ཧཱུཾ་ཡིག་བལྟོས་ནས་དེའི་འོད་ཟེར་གྱིས་སྔོན་མ་བཞིན་དུ་བསྒྲུབ་ཅིང་སྐུ་མདོག་ལ་སོགས་པ་འཆད་པར་འགྱུར་བའི་ནག་པོ་ཆེན་པོ་གད་ནི་དྲིངས་ནས། ཧཱུཾ་ཡིག་ལས་བྱུང་བའི་མཆོད་པའི་ལྷ་མོ་རྣམས་ཀྱིས་ཡང་དག ་པར་མཆོད་ནས། ཨོཾ་ཨཱཿཧཱུཾ་མུཿཞེས་པས་གཤེག་སུ་གསོལ་ལོ།། དེ་ནས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ་པའི་སྔགས་བརྗོད་པར་བྱའོ།། ཨོཾ་ཤཱུ་ནྱ་དཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། ཕྱི་ནས་པདྨ་ལི་ཨཱ་ཡིག་ཡོངསུ་གྱུར་པ ་ལས་ཟླ་བ། དེ་ལ་ཟླ་བ་ལེ་ཧཱུཾ་ཡིག་དཀར་པོ་བལྟས་ནས་དེ་ཡོངསུ་གྱུར་པ་ལས་རལ་གྲི། དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ལ་ཧཱུཾ་ཡིག་གིས་བོན་གྱི་བྱིན་གྱིས་མྦྷ་པ་དེ་ཐམས་ཅད་ཡོངསུ་གྱུར་པ་ལས། ནག་པོ་ཆེན་པོ་སྐུ་མདོག ་ནག་པོ་དབུ་སྐྲ་དམེར་སེར་གྱེན་དུ་བརྫེས་པ། ཀླུ་བརྒྱད་ཀྱིས་བརྒྱན་པ། སྟག་གི་པགས་པའི་ཤེལ་ཐབས་ཅན། ཕྱག་བཞི་པ། ཕྱག་ཡས་ན་རལ་གྲི་དང་། མཆོག་སྦྱིན་མཛད་པ། ཕྱགཡོན་རྩེ་གསུམ་དང་ཐོད་པོ ་བསྣམས་པ། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། དྲག་པོའི་འོད་ཟེར་ཅན། ལྗགས་བསྐྱོད་པ། ཞལ་མཆེ་བ་གཙིགས་པ། རྡོ་རྗེ་སེམས་དཔའི་དབུ་རྒྱན་ཅན། ཉི་མ་ལ་བཞུགས་པ། དེ་ལྟ་བུའི་ནག་པོ ་ཆེན་པོར་བསྐྱེད་ནས། སྙིང་གར་ཉི་མ་ལ་གནས་པོའི་ཧཱུཾ་གི་འོད་ཟེར་གྱིས་སྔོན་བཞིན་དུ་ནཱག་པོ་རྒྱན་པོ་རབ་ཏུ་གཞུགས་པར་བྱའོ།། སླར་ཡང་དེ་བཞིན་གཤེགས་པ་རྣམས་གདུན་དྲངས་ཏེ། དེ་རྣམས་དང་མཱུ་མ་ཀཱི་ལ་སོགས་པ ་རྣམས་ཀྱི་སྒོ་དབང་བསྐུར་བ་བསམ་པར་བྱའོ།། དེ་འི་སུ་ཡེ་ཤེས་སེམས་དཔའི་ས་བོན་གྱི་འོད་ཟེར་ལས་བྱུང་བྱའི་སྤྱན་མོ་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་མཆོད་ཅིང་བསྟོད་པར་ཡང་བྱའོ།། བདུད་རྩི་ལྔ་པས་གྲུབ་པའི་རིམ ་པའི་ཉེར་སྤྱོད་ཀྱིས་དེ་ལ་གཏོར་མ་དབུལ་བར་བྱའོ།། དེ་ལ་དབུལ་བའི་སྔགས་ནི། ན་མཿས་མནྟ་ཀ་ཡ་བཱ་ཀཱ་ཙྪ་ཏཱ་བཛྲ་ནཾ། ན་མོ་བཛྲ་ཀྲོ་དྷ་ཡ་མ་ཧཱ་དཾ་ཥོ་ཊ་ཀ་ཊ་བཻ་ར་བཱ་ཡ། ཨེ་ཤི་མུ་ཥ་ཡཽ་པཱ་ར་ཤུ་བཱཾ་ཤ་ཧེ་སྟ་ཡ། ཨོཾ་ཨ་མྲྀཏ ་ཀུཎྜཱ་ལི་ཁ~ཾ་ཁ་ཁཱ་ཧི་ཁཱ་ཧི། བྷནྟ་བྷརྞྞ། ཧ་ར་ཧ་ར། ད་ཧ་ད་ཧ། གརྫྫ་གཱརྫྫ། བི་སྥོ་ཌ་ཡ་བི་སྥོ་ཊ་ཡ། མ་ཧཱ་ག་ཎ་པ་ཏི་ཛཱི་བི་ཏཱན་ཏ་ཀཱ་རཱ་ཡ་ཧཱུཾ། ན་མྱཱཿས་མནྟ་ཀཱ་ཡ་བཱཀ་ཙི་ཏ་བཛྲཱ་ནཱཾ། ཨོཾ་ཨཱཿཧཱུཾ། ཨོཾ་མཱ་མཾ། ཧཾ་ཏཱཾ། ཀཾ་ཀྲཱྀ། ར་ར། མ་ཧཱ་ཀཱ་ཡ ་བི་གོ་དྷ་ཀེ་ཤ་པནྡྷེ། ཨི་མཾ་པ་ལྱཾ། ཧཱཏྟ། ཀྲྀཧྞ་པ་ཡ་གྲྀཧྞཱ་པ་ཡཾ། ཨོཾ་དཾ་ཀ་ར་མ། ཀུ་རུ་ཀུ་རུ། ཨོཾ་ཨཱཿཧཱུཾ་ཧཱུཾ། སརྦ་བིགྷྣཱན་བི་ནཱ་ཡ་ཀྵེ་ན། ཨོཾ་ཨཀྵ་རོ་མུ་ཁཾ་ཞེས་པ་ལ་སོགས་པ་ནི་ག་ཏོར་མའི་སྔགསོ།། ཨོཾ་ཨཱཿམཾ་ཧཾ་རཾ་ཧཱུཾ་ཕཊ། ་ཏྨ། ཞེས་པ་ནི་བཟླས་པའི་སྔག་སོ།། དཔལ་ལྡན་ནག་པོ་ཆེན་པོའི་སྒྲུབ་ཐབས་རྫོག་སོ།། ། ལྷ་མ་སའི་སྒྲུབ་པའི་ཐབས་རྒྱ་མཚོ་ཞེས་བྱ་བ་འདི་རྣམས་ནི་དཔལ་ལྡན་ས་སྒྲའི་གཙུག་ལག་ཁང་ཆེན ་པོབོཔོར་པཎྜི་ཏ་ཆེན་པོ་གཽ་ཏ་ཤྲཱི་ལས་བརྒྱུད་ཅིང་པེཎྜི་ཏ་ཆེན་པོ་ཀ་ཙན་ཏྲའི་ཞལ་སྔ་ནས་ཞུས་ནས། སློབ་དཔོན་ཆེན་པོ་དྷརྨྨ་པཱ་ལ་རཀྵི་ཏཱའི་སྐུ་སྐྱབས་དང་། དཔོན་ཆེན་པོ་ཀུན་དགུའ་གཞོན་ནུ་དང་། མ་གཅིག་པོས་སྦྱིན་བདག་མཛད་པ་ལ ་བརྟེན་ནས། དེ་ཤཱན་ཏ་རི་ཡོ་གི་གྲགས་པ་རྒྱལ་མཚན་གྱིས། བྱ་ལོ་ཟླ་བ་བཅུ་གཉིས་པའི་ཚེས་གསུམ་ལ་དབེན་གནས་དམ་པ་ཆུ་མོག་ཁོར་ཡོངས་སུ་རྫོགས་པར་བསྒྱུར་རོ།། ་