| Wylie | e-texts produced with BDRC’s OCR application |
ཐབས་མདོར་བསྡུས་པ་རྫོགསོ།། ། རྒྱ་གར་སྐད་དུ། བྷཱུ་ཏཱ་ཌཱ་མཽ་རཱུ་སཱ་དྷ་ནོ་བ་ཡི་ཀ། བོད་སྐད་དུ། འབྱུང་པོ་འདུལ་བྱེད་ཀྱི་སྒྲུབ་ཐབས་ཀྱི་ཆོ་ག། དཔལ་འབྱུང་པོ་འདུལ་བྱེད་ལ་ཕྱག་འཚལོ།། འབྱུང་པོའི་སྙེམས་པ་རྣམས ་འཇོམས་པའི།། ཁྲོ་བོ་འདུལ་བྱེད་ཕྱག་འཚལ་ནས།། ཇི་ལྟར་རྙེད་པའི་མན་ངག་གིས།། དེ་ཡི་སྒྲུབ་ཐབས་བཤད་པར་བྱ།། དང་པོར་རེ་ཞིག་ལག་པ་གཉིས་ལ་ཟླ་བའི་དཀྱིལ་འཁོར་རྣམ་པར་བསྒོམས་ཏེ། དེའི་དབུ་སུ་ཧཱུཾ་ཡིག་འབར་བ་བསམས་ནས། སྔགས ་འདི་བཟླས་པར་བྱའོ།། ཨོཾ་སིདྡྷི་བཛྲ་ཧཱུཾ། དེ་ནས་ཕྱག་རྒྱ་བཅིང་བར་བྱའོ།། སོར་མོ་རྣམས་ཕན་ཚུན་དུ་འཁྱུད་ནས། སྡིགས་མཛུབ་གཉིས་པོ་རྩེ་མོ་བཞིན་དུ་བརྐྱང་བར་བྱའོ།། སྙིང་གར་ཟླ་བའི་དཀྱིལ་འཁོར་རྣམ་པར་བསམ་པར་བྱའོ།། དེ་ལེ་ར ་ཡིག་དམར་པོ་ཐིག་ལེ་དང་བཅས་པ་འབར་ཞིང་འབར་བའི་ཕྲེང་བ་འཁྲིག་པ་བསམ་པར་བྱའོ།། འདིར་སྡིག་པ་ཐམས་ཅད་ཞི་བ་བརྗོད་པར་བྱ་སྟེ། ཨོཾ་ཧ་ན་བིདྡྷཱ་ཤ་ཡ་ནཱ་ཤཱ་ཡ་པྲཱ་པཾ་ཧཱུཾ་ཕཊ། དེའི་རྗེས་ལ་སྟོང་པ་ཉིད་དུ་བསྒོམ་པར་བྱའོ།། ་མདུན་དུ་ཀུན་ང་དང་། ཤེལ་བཞིན་དུ་ལྟ་བར་བྱའོ།། དེའི་དབུསུ་ཧཱུཾ་ཡིག་དང་ཧྲཱིཿཡིག་ཡོངསུ་གྱུར་པ་ལས་པདྨ་འདབ་མ་བརྒྱད་པ་རྣམ་པར་བསམ་པར་བྱའོ།། དེའི་སྟེང་དུ་ཨོཾ་ཡིག་ཡོངསུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར། དེ་ལ་དེ་བཞིན་དུ ་ཧཱུཾ་ཡིག་འབར་ཞིང་འཁྲིགས་པ་རྣམ་པར་བསྒོམས་ནས། ཁྲོ་བོ་འབེབས་པའི་ཕྱག་རྒྱ་དང་སྔགས་ཀྱིས་གདས་པར་བྱའོ།། ཕན་ཚུན་དུ་ཁུ་ཚུར་བཅིངས་ཏེ་སྡིགས་མཛུབ་གཉིས་འཁྱུད་པར་བྱའོ།། ཨོཾ་ཨཱཿཀྲོ་དྷ་བེ་ཤཱ་ཧཱུཾ་ཧཱུཾ་ཧཱུཾ་ཨཿདེའི་འོད་ཀྱིས ་ཡང་དག་པར་བསྐུལ་ཞིང་གཞུག་པར་བྱའོ།། དེ་ལ་དེ་བཞིན་དུ་དཔག་མེད་པའི་ཁྲོ་བོའི་སྐུ་རབ་ཏུ་གཞུག་པ་བསྒོམ་པར་བྱའོ།། དེ་ལ་བསོད་ནམས་དང་ཡེ་ཤེས་ལས་མངོན་པར་གྲུབ་པའི་རྡོ་རྗེ་རྩེ་ལྔ་པ་འབར་བཞིན་པོའི་རྡོ་རྗེ་ནག་པོ ་ལས་འོད་ཟེར་འཕྲོ་ཞིང་འབར་བའི་ཕྲེང་བ་འཁྲིགས་པ་བསྒོམ་པར་བྱ། རྡོ་རྗེ་དེ་ལས་དཔག་ཏུ་མེད་པའི་ཁྲོ་བེ་ལ་སོགས་པ་ཕྱོགས་བཅུར་འཕྲོས་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫུ་འཕྲུལ་ལ་སོགས་པ་མཛད་པར་བལྟ་བར་བྱའོ།། ་དེལ་ཕྱག་རྒྱ་དེ་བཞིན་དུ། མངོན་དུ་ཕྱོགས་པས་དགུག་པར་བྱ།། སྔགས་ནི་བརྗོད་པས་དེ་ཉིད་ལ།། རྡོ་རྗེ་དང་ནི་ཞགས་པ་བསམ།། ཨོཾ་བཛྲ་བེ་ཤ་པ་ཏ་ཡ་ཧཱུཾ། དེ་ནས་ཁྲོ་བོ་ཆེན་པོའི་སྐུར་བདག་ཉིད་བསྒོམ་པར་བྱ་སྟེ། དྲག་པོ ་འབར་བའི་ཕྲེང་བ་འཁྲིག་པའི་འོད་ཅན། ཕྱག་བཞི་པ། ཁྲོ་བོ་ཆེན་པོ་མྱིག་སྨན་ཕྱིས་པའི་འོད་ལྟ་བུ། ཕྱག་ཡས་པས་རྡོ་རྗེ་གསོར་བ། གཡོན་པས་སྡིགས་མཛུབ་མཛད་པ། ཞལ་མཆེ་བ་གཙིགས་པ། ཀླུ་བརྒྱད་ཀྱིས་བརྒྱན་པ། མཐའ ་ཡས་ཀྱིས་ཚངས་སྐུད་བྱས་པ། ནོར་རྒྱས་ཀྱིས་སྐ་རགས་བྱས་པ། དུང་སྐྱོང་གིསཱི་ལོག་གདུབ་བྱས་པ། གཞན་ཡང་འདི་རྣམས་དཀར་བའོ།། ཕྱག་ཡོན་པ་ལ་རིགས་ལྡན་གྱི་ལྕག་གདུབ་བྱས་པ་སྟེ། དངུལ་ཆུའི་ཁ་དོག་ལྟ་བུའོ།། དགའ་བོ་དང་ཉེ ་དགའ་བོས་རྣ་རྒྱན་བྱས་པ། འཇོག་པོས་མགུལ་རྒྱན་བྱས་པ། དཔྱོད་རྒྱུན་ནི་གཞན་ཏེ་འདི་རྣམས་ནི་སེར་པོའོ།། པདྨ་དང་པདྨ་ཆེན་པོ་དམར་པོས་རྐང་གདུབ་བྱས་པ། སྟོབས་ཀྱི་རྒྱུ་ནག་པོས་དབུ་སྐྲ་བཙོངས་པའོ།། ཐོད་པའི་ཕྲེང་བ་དབུ ་རྒྱན་ཅིང་།། འཇིག་རྟེན་གསུམ་ཡང་འཇོམས་བྱེད་པའི།། ཨཊྚཱ་ཌཱ་ཡི་གང་ཆེན་སྒྲོགས།། ཁྱབ་བདག་འཇིག་རྟེན་གསུམྦ་ན་གནས།། གཡོན་བརྐྱང་ཞབས་ཀྱིས་ལེགས་བཞུགས་པ།། ཉི་མ་བྱེ་བའི་འོད་དང་མཚུངས།། ་གཞན་གྱིས་མཱི་ཐུ་ཞབས་ཀྱིས་གནོན།། ཕྱག་རྒྱ་སྔགས་ཀྱིས་རབ་ཏུ་གནས།། མྱིང་མིང་གཱཎྜཱི་སྐྱེ་བོ་འཁྱུད་བྱ་ཞིང་།། མཛུབ་མོ་གཉིས་པོ་བསྐུམ་པར་བྱ།། མཐེའུ་ཆུང་གུང་མོའང་དེ་བཞིན་དུ།། མཐེབ་ཆེན་གྱིས་ནི་མནན་པར་བྱ།། མཆོག ་ཕྱག་རྒྱ་འདི་ཡིས་ནི།། དཔལ་ལྡན་འཇིག་རྟེན་གསུམ་རྒྱལ་སྒྲུབ།། དེ་ནས་ཁྲོ་བོའི་བདག་པོ་ཁྲོ་བོའི་ཕྱག་རྒྱ་དང་། སྔགས་ཀྱི་ཡན་ལག་དྲུག་ལ་དགོད་པར་བྱའོ།། ཕན་ཚུན་དུ་ཁུ་ཚུར་བཅིངས་ནས་གུང་མོ་དག་རབ་ཏུ་བརྐྱང་བར་བྱའོ།། སྤྱི་བོར་ཕྱག ་རྒྱའི་སྔགས་ནི། ཨོཾ་ཧ་ན་བཛྲ་ཧཱུཾ། ཕྱག་རྒྱ་འདིས་དེ་བཞིན་དུ་གུང་མོ་དག་ནང་དུ་བཅུག་སྟེ། མཛུབ་མོ་དག་རྩེ་མོར་བྱས་པ་ནི་ཐོར་ཚུགས་ཀྱི་ཕྱག་རྒྱའོ།། སྔགས་ནི། ཨོཾ་ད་ཧ་བཛྲ་ཧཱུཾ། དེ་བཞིན་དུ་ཕྱག་རྒྱ་འདིས་མཐེབ་ཆེན་དག ་ལོགསུ་བྱས་ཏེ། མཐེབ་ཆེན་གཡས་པ་ནི་མིག་གཡས་ལ་མཐེབ་ཆེན། གཡོན་པ་ནི་མིག་གཡོན་པ་ལ་ཨོཾ་དཱིཔྟ་བཛྲ་ཧཱུཾ། ཕན་ཚུན་ཁུ་ཚུར་བཅིངས་ནས་མཐེའུ་ཆུང་གཉིས་འཁྱུད་པར་བྱའོ།། མཛུད་མོ་དག་རབ་ཏུ་བརྐྱང་བར་བྱའོ།། སྙིང་གའི་ཕྱག་རྒྱའོ།། ་སྔགས་ནི། ཨོཾ་བཛྲ་རོ་ཥ་ཧཱུཾ། དེ་བཞིན་དུ་ཕྱག་རྒྱ་འདིས་མཛུབ་མོ་དག་རྣ་རྒྱན་དུ་བྱའོ།། གོ་ཆའི་ཕྱག་རྒྱའི་སྔགས་ནི། ཨོཾ་ཌི་ཌྷ་བཛྲ་ཧཱུཾ། མཛུང་མོ་གཉིས་རབ་ཏུ་བརྐྱང་བ་ནི་མཚོན་ཆའི་ཕྱག་རྒྱའོ།། སྔགས་ནི་ཨོཾ་ཧ~ཾ་ན་ད་ཧ་པ་ཙ་ཀྲོ་དྷ་བཛྲ་སརྦ་དུཥྚཱན ་མ་རཱ་ཡ་ཧཱུཾ། དེ་ནས་རྡོ་རྗེ་ཁྲི་བོ་དབབ་པར་བྱའོ།། ཕན་ཚུན་བར་དུ་བྱས་ནས་མཛུབ་མོ་གཉིས་བསྐྱམ་པར་བྱའོ།། ཨོཾ་བཛྲ་ཀྲོ་དྷ་ས་མ་ཡཱ་མེ་ནུ་པཱ་ལ་ཡ་ཤྲཱི་གྷ་མ་གཙྪ་ཧྲིཿཛཿཧཱུཾ་ཕཊ་སྭཱཧཱ། དེ་ནས་མཆོད་ཡོན་ཐལ་མོ་གན་བརྒྱལ་དུ་བྱས་ནས་མཐེབ་ཆེན ་གཉིས་འོ་གསུ་སྦྱར་བར་བྱའོ།། ཨོཾ་སརྦ་དེ་བ་ཏིཔྟ་སཱ་ད་བྷ་ག་བཱན་མ་ཧཱ་ཀྵེ་དྷཱ་ཨཱརྒཾ་པྲ་ཏཱིཙྪ་ཧཱུ~ཾ་ཨཿདྷི་ནས་གདན་དབུལ་བར་བྱའོ།། ལྷག་པ་གཡོན་པ་གན་བརྒྱལ་དུ་བྱས་ནས་མཐབ་ཆེན་བསྒྲེང་ཏེ། ལྕག་པ་གཡས་པའི་ཁུ་ཚུར་གྱིས་གཡོན ་པའི་མཐེབ་ཆེན་བཟུང་བར་བྱའོ།། གཡས་པའི་མཐིབ་ཆེན་བསྒྲེང་བར་བྱའོ།། ཨོཾ་ཛ་ཡ་ཛ~ཾ་ཡ་མ་ཧཱ་ཀྲོ་དྷ་ཏི་ཀྲོ་དྷ་རཱ་ཛ་ཨི་དཾ་བྷྲྀ་ཏ་སེ་ནཾ་དང་ཤཱ་ཡ་རཀྵ་རཀྵ་པྲ་ཏི་གྲྀཧྞ་སྭཱ་ཧཱ། ཐལ་མོ་སྦྱར་བར་བྱས་ནས་སོར་མོ་ཐམས་ཅད་མ་འབྱར་བར་བྱས་པ་ནི ་པདྨའི་ཕྱག་རྒྱ་ཞེས་བརྗོད་པར་བྱའོ།། གདན་གྱི་ཕྱག་རྒྱའི་སྔགསྟ་ནི་ཨོཾ་པད་མོད་བྷ་བ་ནི། ཥ་ན་ཎཱ་ཡ་སརྦ་དེ་བདྷ་སྭཱ་ཧཱ། དེ་ནས་འཕང་བར་བྱ་སྟེ། ཕན་ཚུན་དུ་ཁུ་ཚུར་བཅིངས་ནས་མཐེབ་ཆེན་རབ་ཏུ་བཏང་ཏྲེ། དབུ་ཚུར་གཡོན་པ་སྙིང་གར་བཞག་སྟེ། ་ཁུ་ཚུར་གཡས་པ་མཚོན་ཆ་འཕེན་པའི་ཚུལ་དུ་བྱའོ།། ཨོཾ་ནཱ་ཤ་ཡ་སརྦ་དུཥྚཱན་ད་ཧ་པ་ཙ། དུཥྚཱན་བསྨི་ཀུ་རུ་ཧཱུཾ་ཕཊ། དེ་ནས་སྔགས་འདིས་ཕྱོགས་བཅིང་བར་བྱ་སྟེ། ཕན་ཚུན་ཁུ་ཚུར་སོ་སོར་བཅིངས་ཏེ། ལག་པ་གཡོན་པའི ་སྡིགས་མཛུབ་རབ་ཏུ་བརྒྱུད་སྟེ་གཡས་པའི་དཔུང་པའི་རྩ་བར་བཞག་པར་བྱའོ།། གསུས་པའི་མཐེབ་ཆེན་གྱིས་མཐེའུ་ཆུང་གི་སེན་མོ་མནན་ཏཽ་སོར་མོ་ལྕུག་མ་རྣམས་རབ་ཏུ་བརྐྱང་ནས་ཕྱོགས་བཅུར་བསྐོར་བར་བྱའོ།། ཨོཾ་བཛྲ་ཀྲོ་དྷ ་མེ་ཧཱ་ཙཎྜ། བྷཱནྡྷ་བྷནྡྷ། ཤ་བཱི་ཤྲཱི་ཧཱུཾ་ཧཱུཾ་ཕཊ་ཕཊ། དེ་ནིས་འདི་བརྗོད་ནས་རྡོ་རྗེ་གསོར་བར་བྱ་སྟེ། ཁྲོ་བོའི་དངོས་གྲུབ་དངོས་གྲུབ་ཆ།། དངོས་གྲུབ་རྒྱ་ཆེན་དམ་ཚིག་བསྟན།། ལྷ་རྣམས་ཀུན་གྱི་དངོས་གྲུབ་དང་།། བླ་མྱེད་དངོས་གྲུབ་བདག་མྱུར ་མཛོད། རྒྱལ་བློའོ་བིའི་བྱུག་རྒྱ་བཅིངས་ནས་ཧཱུཾ་བཛྲཱ་ཕེཾཊ། བཱལྟ་ཞིང་དོམ་ཚིག་སྦྱིན་པར་བྱའོ།། དེ་ནས་བཅོམ་ལྡན་འདས་ཀྱི་མཆོད་པར་བྱས་ནས་ཁྲོ་བོ་དབབ་པའི་ཕྱག་རྒྱ་བཅངས་ནས་རྡོ་རྗེ་ཁྲོ་བོ་རང་གི་ལུས་ལ་རབ་ཏུ ་གཞུག་པར་བྱའོ།། ཨོཾ་པྲ་བྷི་ཤ་ཀྲོ་དྷ་ཧཱུཾ་ཧཱུ~ཾ་ཧཱུཾ་ཨཱཿཛྭཱ་ལཱ་ལཱི་ལཱ་ཀུ་ལ་བྷི་ཥ་ཎ་བཛྲ་ཨཱཿརང་གི་ལུས་ཀྱི་ནང་དུ་བསྒོམས་ཏི་གོ་ཆ་ལ་སོགས་པ་བྱས་ནས་ཐམས་ཅད་འདིར་རྫོགས་པར་བྱ་བའི་དོན་དུ་སྙིམ་པས་ཐལ་མོ་སྦྱར་ནས ་རྫོགས་པར་བྱ་བའི་སྔགས་བརྗོད་པར་བྱའོ།། ཨོཾ་སིདྡྷ་བཛྲ་ཨཱ་པཱུ་ར་ཡ་ཨཱ་པཱུ་ར་ཡ་ཧཱུཾ་ཕཊ། འདིས་ལྕུག་ཆང་ཐམས་ཅད་ཡོངསུ་བསྐོང་བར་འགྱུརརོ།། དེ་ནས་ཁྲོ་བོཥྚི་ང་རྒྱལ་བསྐྱེད་བྱས་དངོས་གྲུབ་ཐམས་ཅད ་འགུགས་པར་བྱེད་དོ།། སྔགས་འདས་ཕན་ཚུན་དུ་ཁུ་ཚུར་བཅིངས་ཏེ་མཐེའུ་ཆུང་གཉིས་པོ་འཁྱུད་པར་བྱའོ།། མཛུབ་མོ་རབ་ཏུ་བརྐྱང་སྟེ་བཀུག་ནས་ཅུང་ཟད་བསྐྱོད་པར་བྱའོ།། ཨོཾ་བཛྲ་རོ་ཥ་མོ་ཧཱ་ཀྲོ་དྷ་སིདྡྷ་ཀར་ཥ་ཡ་ཧཱུ~ཾཿ ་དེནས་རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་ཡུཾ་གེ་རྣམས་བུང་བ་ནག་པོའི་ཕྱུང་བ་མེ་འབར་བ་བཞིན་དུ་བསྐུམ་པར་བྱའོ།། ཧཱུ~ཾ་བཛྲཱི་ཕཊ། རང་གི་བ་སྤུའི་བུ་ག་ནས་ཁྲོ་བོའི་སྒྲ་སྨྱོ་བ་དང་། བསྡུ་བ་བྱེད་པར་བྱིསམ་པར་བྱའོ།། ་ཡང་ཡི་གེ་དངས་མས་རྩེ་གཙུག་ཏུ་གྱུར་པས་སོ།། བཟླས་པ་སྱཱ་ས་ནྡྷེ་ཟླ་བའི་ར་གི་སྙིང་གའི་ནང་དུ་བསྒོམས་ཏེ། ཐུལ་མཱི་སྦྱར་ནས་དངོས་གྲུབ་ཁྲིམ་ས་རྦྦ་ཞུ་བར་བྱའོ།། ས~ཾདྡྷ་བཛྲཱ་ཨ་བྷཱི་ར་ཡོ་སརྦ་ས་ཏྭ་ནཱ~ཾ། ཨཱ ་མེདྡྷི་མ་པྲ་ཡཙྪ་དྷཿདེ་ནས་པདྨའི་དྷྲྀག་རྒྱུས་མཐབ་ཆེན་གཉིས་པོ་བསྐྱོད་པར་བྷ་ཞི་། བྷྲཱུཾ་ཐམས་ཅད་གཤེགས་གསོལ་བའི་ཕྱག་རྒྱུ་དང་། སྟེགས་ནི། ཨོཾ་སི་ནཱ་ས་ནཱ~ཾ། བི་ས་ར~ཾ་བ~ཾ་སི་ར། གྲཱི་ཙྪ་གཙྪཿསརྦ་ད་བཽདྡྷཱན་བྷཱུ ་དྷཱརིས་མཱཛྙཱ་པ་ཡ་ཏི་སྭཱ་ཧཱ། ངནས་རིང་གི་ལུས་ལ་ཆོ་ག་བྱས་ཏེ། ཁྲོ་བོའི་ང་རྒྱལ་གྱི་ཡིད་ཀྱིས་སྤྱོད་ལམ་མི་བདེ་བར་བྱའོ།། རིམ་པ་འདིས་སྔགས་འབུམ་ཕྲག་གཅིག་བཟླས་པས་མྱུར་དུ་འགྲུབ་བོ།། དེ་ནས་སྔགས་པས་དང ་བསྐུར་བ་རྗེ་སུ་གནང་བར་བྱས་ཏེ། སྔོན་དུ་བསྙེན་པས་རྡོ་རྗེ་འཛིན་པ་བསྒྲུབ་པར་འདོད་པས་ཟླ་བ་གཅིག་ཏུ་ཐུན་མཚམས་གསུམ་དུ་སྟོང་ཕྱུག་རེ་བཟླས་པར་བྱའོ།། དེ་ནས་བཅོ་ལྔ་ལ་ཇི་ལྟར་འབྱོར་པའི་མཆོད་པ་བྱས་ནས། ་ཏཱིང་འཛིན་ལ་སྟེགས་པར་གནས་ཏེ།། བའི་ཕྱག་རྒྱ་བཅིངས་ནས་མཚན་མོ་རིལ་པོ་བཟླས་པར་བྱའོ།། དེ་ནས་ནང་པཱར་སྠཱ་བ་རརཱ་ས་གཡོ་བའི་ཕྱག་རྒྱུ་འབར་ལ་ན་ས་ཀྱི་ས་འི་འི་ཨུ་པ་བཅོམ ་ལྡན་འདས་རྡོ་རྗེ་འཛིན་པས་གསུངསོ།། མདོར་བསྡུས་པ་ཡོངསུ་རྫོགས་ཤིང་རྒྱས་པའི་རིམ་པར་གྱུར་པ་འབྱུང་པོ་འདུལ་བྱེད་ཀྱི་སྒྲུབ་ཐབས་ཀྱི་ཆོ་ག་དམ་པ་ཐམས་ཅད་འདྲེན་པའི་འཇིག་རྟེན་གསུམ་གྱི་རྡོ་རྗེས ་མཛད་པ་རྫོགསོ།། །། རྒྱུ་གར་སྐད་དུ། ཤྲཱི་མ་ཧཱ་ཀ་ལྀ་སཱ་དྷཱ་ནཱཾ། བོད་སྐད་དུ། དཔལ་ལྡན་ནག་པོ་ཆེན་པོའི་སྒྲུབ་ཐབས། དཔལ་ལྡན་མགོན་པོ་ནག་པོ་ཆེན་པོ་ལ་ཕྱུག་འཚལོ།། དེ་བཞིན་དུ་སྔོན་དུ་གསུངས ་