CLOSE WINDOW

GT2465: dpal 'byung po 'dul byed kyi sgrub thabs mdor bsdus pa
Wyliee-texts produced with BDRC’s OCR application

ཨི་ཨཱི་ཨུ་ཨཱུ་རོ་རཱི་ལྀ་ལཱྀ་ཨེ་ཨཻ་ཨོ་ཨཽ་ཨཾ་སྭཱ་ཧཱ། ཞེས་སྔགས་བཟླས་པར་བྱའོ།། བདག་མེད་མའི་སྒྲུབ་ཐབས་རྫོགསོ།། །། རྒྱ་གར་སྐད་དུ། ཤྲཱི་བྷཱུ་ཏ་ཌ་མ་ར་སཾ་ཀླིཔྟ་སཱ་དྷ་ནཾ། བོད་སྐད་དུ། དཔལ་འབྱུང ་པོ་འདུལ་བྱེད་ཀྱི་སྒྲུབ་ཐབས་མདོར་བསྡུས་པ། དཔལ་འབྱུང་པོ་འདུལ་བྱེད་ལ་ཕྱག་འཚལོ།། ཚངས་པ་བརྒྱ་བྱིན་ལུས་ངན་སོགས།། མྱོས་རྣམས་འཇོམས་པར་མཁས་པ་ཡི།། དཔལ་ལྡན་འབྱུང་འདུལ་ཕྱག་འཚལ་ནས།། དེ་ཡི་སྒྲུག ་ཐབས་བྲི་བར་བྱ།། མདོར་བསྡུས་མནི་ངག་རྣམ་དག་པས།། མདོར་བསྡུས་འདོད་ཕྱིར་སྦྱར་བར་བྱ།། གནོད་སྦྱིན་གནོད་སྦྱིན་མོ་སོགས་འགྲུབ།། བདག་སྙིང་ཡ་མཚན་སྐྱེས་ནས་བྲིས།། དང་པོར་རེ་ཞིག་སྔགས་པས་ཐུགས་ཀར་ཟླ་བ ་ལ་ཁམས་གསུམ་རྣམ་པར་གསལ་བའི་འོད་ཟེར་ཡང་དག་པར་འཁྲིགས་པ། ལུས་ལྀ་རཾ་ཡིག་དམར་པོའི་སོ་བོན་རྣམ་པར་བསམ་པར་བྱའོ།། དེ་ནས་དག་པའི་ལྕགས་ཀྱུའི་རྣམ་པས་མདུན་དུ་འབྱུང་པོ་འདུལ་བྱེད་གདན ་དྲངས་ནས་བླ་ན་མེད་པའི་མཆོད་པ་རྣམ་པ་བདུན་གྱིས་མངོན་པར་མཆོད་ནས་སྟོང་པ་ཉིད་བསྒོམ་པར་བྱའོ།། དེ་ནས་ཀུན་དུ་དང་མཚུངས་དྲི་མཽང་རྣམ་རྒྱས་མཚན་མོར་བྱེད་པ་ཡི།། སྟེང་དུ་དུང་འདྲ་ཧཱུ~ཾ་ཡིག་བཀོད་པའི་གནས ་དབུས་ཟླ་བའི་དཀྱིལ།། ཤིན་ཏུ་འབར་བྱེད་མ་ལུས་ཡོངས་གྱུར་ཡང་དགུ་ལས།། སྣ་ཚོགས་ཆུ་སྐྱེས་འོདབ་མ་འཇམ་བྷོ་བལྟ་བར་བྱ།། དེ་ནས་དེའི་དབུསུ་ཨཾ་ཡིག་ཡོངས་གྱུར་སྨིན་གྱི་དབང་པོ་སྟེ།། ཧཱུཾ་ཡིག་སྙིང་པོ་ཧཱུཾ་ཡིག ་ཡོངས་གྱུར་ལས།། མཐིང་ནག་འབར་པོའི་རྡོ་རྗེ་རྣམ་པར་བསྒོམ།། དེ་དག་ཡོངས་གྱུར་སྐད་ཅིག་གིསོ་བལྟ་ཞིང་།། མཆེ་གཙོག་སྐུ་མདོག་མཐིང་ནག་འབྱུང་པོ་རྣམས།། སྐྲག་མཛད་རིང་བཞིན་འགྲོ་ལ་ཉེར་ཕན་མཛད།། ཁྱབ་བྱ ་གཅིག་ཆགས་རུང་ཡིད་འཕྲོག་བྱེད་དང་།། དབང་ཕྱུག་གཞོན་སོགས་བདུད་དྲག་ལྔས་གཅིག་པ། ཞལ་ནི་ཅུང་ཟུང་མཆེ་གཙིགས་ཤིང་།། ཁྲོ་བོ་འབར་བཞིན་རྣམ་པར་འཕྲོ།། དའུ་སྐྲ་དམར་སེར་གྱེན་བརྫེས་མཐིང ་ན་བཟའ་སྔོན་པོས་སྐུ་ལ་བརྒྱན།། ཕྱག་ཡས་ན་རྡོ་རྗེ་བསྣམས་པ། གཡོན་ན་ཞགས་པ་དང་བཅས་པའི་སྡིགས་མཛུབ་མཛད་པ། ཐོད་པ་ལྔའི་དབུ་བརྒྱན་ཅན། ཕྱག་ཡོན་ན་རྩེ་གསུམ་དང་ཐོད་པ་བསྣམས་པ། གཡས་ན་ཌཱ་མ་རུ་བསྣམས ་པརལ་པ་དམར་སཱིར་གྱིས་དབུ་བརྒྱན་པ། སྤྱན་གསུམ་པ། སྟག་གི་པགས་པའི་ན་བཟའ་བསྣམས་པ། འབྱུང་པོའི་དབང་པོ་གཞན་ལས་རྒྱལ་བ། ཞབས་གཡོན་བརྐྱང་གིས་བཞུགས་པ། ཕྱག་ཉིས་དཔལ་འབྱུང་པོ་འདུལ། ་བྱེད་ཀྱི་ཕྱག་རྒྱ་བཅིངས་པ་བསྒོམ་པར་བྱའོ།། དེ་ལ་ཕྱག་རྒྱ་འདིའོ།། མིང་མེད་གཉིས་པོ་བཅིང་བྱ་སྟེ། མཛུབ་མོ་གཉིས་པོ་བསྐུམ་པར་བྱ།། མཐེའུ་ཆུང་གུང་མོ་དེ་བཞིན་དུ། མཐེབོ་ཆེན་གྱིས་ནི་གནོན་པར་བྱ།། ཀླུ་བརྒྱད་ཀྱི་རི། ་ཉེ་བར་མཛེས་པ་སྟེ།། དེ་ལ་སྟོབས་ཀྱི་རྒྱུ་སྔོན་པོས་དབུ་སྐྲ་བཅིངས་པ།། འཇོག་པོ་དམར་པོས་མགུལ་བརྒྱན་བྱས་པ། དགའ་བོ་དང་ཉེ་དགའ་བོས་རྣ་རྒྱུན་བྱས་པ། འདི་དག་ནི་སེཾ་ཅཝོ་གཅིག་པའོ།། མཐའ་ཡས་དཀར་པོས་ཚངས ་སྐུད་བྱས་པ། ནོར་རྒྱས་དཀར་པོས་རྐེད་རྐྱེན་བྱས་པ། ཕྱག་རྒྱའི་ཕྱག་དག་ལ་རིགས་ལྡན་དངུལ་ཆུའི་ཁ་དོག་ལྟ་བུའོ།། ཕྱག་གཞན་དག་ལ་དེ་བཞིན་དུ་དུང་སྐྱོང་དཀར་པོའོ།། ཞབས་གདུབ་ལ་པདྨ་དང་པདྨ་ཆེན་པོ་དག་གོ།། ་འདི་དག་ནི་དམར་པོར་གཅིག་པའོ།། དེ་བཞིན་དུ་སྤྱན་གཉིས་དམར་པོར་གྱུར་པའི་དཔལ་འབྱུང་པོ་འདུལ་བྱེད་བསྒོམ་པར་བྱའོ་ཞེསོ།། ཁྲོ་བོ་དང་བཅས་ཤིང་གཅིག་ཏུ་འགྲོ་བའི་དོན་མཛད་པ། སྙིང་ག་དང་། མགྲིན་པ་དང་། མཛོད་སྤུ་དང་། མགོ ་རྣམ་སུ་བསྲུང་བའི་དོན་དུ་ཕྱག་རྒྱས་རེག་པར་བྱའོ།། བསམཱ་གཏན་གྱིས་ངལ་ན་སྔགས་བཟླས་པར་བྱའོ།། རྡོ་རྗེའི་བཟླས་པ་དང་། ཁྲོ་བོའི་བཟླས་པསོ།། སྔགས་ནི། ཧཱུཾ་བཛྲ་ཕཊ་ཅེས་སོ།། སྐྱེས་བུ་དམ་པ་ངེས་པར་སྟོན་དེན་གཉེར ་རྣམས་ཀྱི་ཕྱིར།། གང་ཞིག་གིས་ཀྱང་དེ་བྲིས་ཅིས་ཀྱང་བདག་གིས་གསལ་བྱས་པ།། དགེ་གང་དེས་རྣམ་པར་སྣང་མཛད་ཐོབ་གྱུར་ནས།། འཇིག་རྟེན་གསུམ་པོའོ་སྡིག་པ་མཐོའ་དག་འཇོམས་པར་ཤོག། དཔལ་འབྱུང་པོ་འདུལ་བྱེད་ཀྱི་སྒྲུབ ་ཐབས་མདོར་བསྡུས་པ་རྫོགསོ།། ། རྒྱ་གར་སྐད་དུ། བྷཱུ་ཏཱ་ཌཱ་མཽ་རཱུ་སཱ་དྷ་ནོ་བ་ཡི་ཀ། བོད་སྐད་དུ། འབྱུང་པོ་འདུལ་བྱེད་ཀྱི་སྒྲུབ་ཐབས་ཀྱི་ཆོ་ག། དཔལ་འབྱུང་པོ་འདུལ་བྱེད་ལ་ཕྱག་འཚལོ།། འབྱུང་པོའི་སྙེམས་པ་རྣམས ་