CLOSE WINDOW

GT246: dpal 'khor lo bde mchog gi rgyun bshags rgyas pa
Wyliee-texts produced with BDRC’s OCR application

པོ་ཁྱོད་ཀྱིས་གདུལ་བྱར་གཟུང་དུ་གསོལ།། དཔལ་འཁོར་ལོ་སྡོམ་པའི་བསྟོད་པ་སློབ་དཔོན་མཾ་ཏཱི་པས་མཛད་པ་རྫོགསོ།། །། དཔལ་ཧེ་རུ་ཀ་ལ་ཕྱག་འཚལོ།། ཆོས་དབྱིངས་རྣམ་དག་དབྱིངས་ལས་མ་གཡོས་ཀྱང ་ཐབས་ཀྱི་ཁྲོ་བོའི་སྐུར་སྟོན་གདུག་པ་འདུལ།། ཆེ་བའི་ཆེ་མཆོག་ལྷ་ཡི་ལྷར་གྱུར་པ།། ཀུན་བཟང་ཧེ་རུ་ཀ་ལ་ཕྱག་འཚལོ།། བདག་མེད་དབང་ཕྱུག་སྐུ་དང་གཉིས་མེད་ཅིང་།། བདེ་མཆོག་འོད་གསལ་དག་པའི་དཀྱིལ་འཁོར ་ནས།། རྒྱལ་བ་སྐྱེས་བཅས་ལ་སོགས་སྤྲིན་འཕྲོ་བ།། རྡོ་རྗེ་ཕག་མོའི་སྐུ་ལ་ཕྱག་འཚལོ།། དུས་གསུམ་བདེ་བར་གཤེགས་པའི་ཡེ་ཤེས་སྐུ།། འཁོར་འདས་སྟོང་པར་མཛད་པའི་ཐུགས་རྗེ་ཡིས།། གདུལ་བྱ་ཀུན ་མཁྱེན་ས་ལ་འགོང་མཛད་པའི།། རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལོ།། ནམ་མཁའ་ལྟ་བུ་ཐམས་ཅད་ཐོགས་མེད་ཅིང་།། འདོད་དགུར་བསྒྱུར་བའི་རྫུ་འཕྲུལ་ལུས་དང་ལྡན།། ཐུགས་དམ་དབང་གིས་བསྒྲུབ་ལ ་བརྩོར་དགོངས་པ།། གནས་གསུམ་མཁའ་འགྲོའི་ཚོགས་ལ་ཕྱག་འཚ་ལོ།། ཉོན་མོངས་རྣམ་དག་ཡེ་ཤེས་སྐུ་བརྙེས་པ།། སྲིད་པའི་འཁོར་ལོ་མ་ལུས་གཅོད་པའི་ཕྱིར།། ཐབས་མཁས་ཐུགས་རྗེས་འགྲོ་བ་འདྲེན་མཛད ་པ།། རྒྱལ་གཉིས་རྡོ་རྗེའི་ཞབས་ལ་དད་པས་འདུང་།། ལྷ་མེའི་ལོངས་སྤྱོད་ཕྲན་ཚོགས་ཐམས་ཅད་དང་།། ཀུན་ཏུ་བཟང་པོའི་མཆོད་སྤྲིན་ཆེན་པོ་དང་། གསང་དང་གསང་རབ་གསང་ཆེན་བླ་མེད་ཀྱི། ་མཆོད་པའི་སྤྲིན་ཆེན་རྒྱ་མཚོ་དག་གིས་མཆོད།། བདག་གིས་ལུས་དང་ངག་དང་ཡིད་ཀྱིས་ཀྱང་།། ཆགས་དང་ཞེ་སྡང་རྣམ་པར་རྨོངས་སེམས་ཀྱིས།། སྲིད་པ་ཉམ་པར་སྡིག་པ་ཅི་བགྱིས་པ།། དེས་ན་སྡིག་པ་ཐམས་ཅད་རབ ་ཏུ་བཤགས།། རྫོགས་སྣང་ས་རྒྱས་མགོན་བྱང་ཆུབ་སེམས་དཔའ་མཆོག། འཕགས་པ་རྣམས་ཀྱིས་དགེ་བ་གང་བགྱིས་པ།། དེ་དག་བླ་མེད་བྱང་ཆུབ་འབྲས་ཐོབ་པར།། མ་ལུས་པ་ལ་རྟག་ཏུ་རྗེས་ཡི་རངས།། རྫོགས ་སངས་རྒྱས་རིན་ཆེན་རང་གི་སེམས་གནས་དང་། རྟོག་པའི་དྲ་བ་རབ་དྲལ་དམ་པའི་ཆོས།། ས་དབང་ཚོགས་དང་བརྟུལ་ཞུགས་དགེ་འདུན་ལ།། རབ་ཏུ་དད་པས་བདག་ནི་སྐྱབསུ་མཆི།། རྒྱལ་དང་རྒྱལ་ཉིད་ལེགས་སྐྱེས་དེ་དག་ལ ་ཀུན་ནས་ཀུན་ཏུ་བདག་ཉིད་བདག་གིས་དབུལ།། སེམས་དཔའ་མཆོག་གིས་བདག་ནི་ཡོངས་བཞེས་ཤིག། དད་པས་བདག་ཉིད་ཁྱེད་ཀྱི་འབངསུ་མཆི།། བློ་བུར་ཉོན་མོངས་ཚིགས་ཀྱིས་གདུངས་པ་ཡིས།། བསྐྱོད་པའི་སྐྱེ་བོ ་མཐའ་དག་བསྒྲལ་བྱའི་ཕྱིར།། དམ་ཆོས་བདུད་རྩིའི་སྔགས་རྣམས་བཤད་པ་རུ།། སྨན་མཆོག་མགོན་པོ་ལ་ནི་བདག་གསོལོ།། མཆོག་ཏུ་མི་དགེ་བ་ནི་རབ་བཅོམ་པས།། བདུད་ཀྱི་སྐྱེ་རྒན་དང་འཆི་ལས་གྲོལ།། མྱ་ངན ་འདའ་བཞེད་གྱུར་པ་སྤང་བ་ནི།། སྤྱན་མཆོག་མགོན་པོ་ལྔ་ནི་བདག་གསོལ་ལོ།། སངས་རྒྱས་འཇིག་རྟེན་གང་བྱུང་ལ།། སྐལ་ལྡན་བྱང་ཆུབ་སེམས་དཔའ་ཡིས།། བྱང་ཆུབ་ཏུ་ནི་སྙེམས་བསྐྱེད་ལྟར།། དེ་རིང་ཉིད་དུ་སེམས ་བསྐྱེད་དོ།། ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་།། དགེ་བའི་ཆོས་ནི་སྡུད་པ་དང་།། སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ།། དེ་བཞིན་བརྟན་པོར་གཟུང་བར་གྱིས།། ཇི་ལྟར་ཕྱོགས་བཅུའི་རྒྱལ་བ་ཡིས།། སྔོན་གྱི་བདེ ་གཤེགས་གྲངས་མེད་ལ།། ཐུགས་བསྒྲེང་དམ་ཚིག་དཔག་མེད་དག། འཚང་རྒྱ་བར་དུ་མ་བཏང་ལྟར།། བདག་ནི་དེང་ནས་བྱང་ཆུབ་པར།། ལུས་སྲོག་ལྟོས་པ་མེད་པར་ཡང་།། བསླབ་འདི་མགོན་བཞིན་བསྲུང་ལ་གནས། ་ཡེ་ཤེས་ཐུགས་ཀྱིས་དགོངསུ་གསོལ།། རྣམ་རྟོག་ཡེ་ཤེས་ལྔར་གྱུར་པ།། རྟག་ཏུ་བསྟེན་ཅིང་སྤྱད་པར་བྱ།། རྒྱལ་བ་རིགས་ལྔའི་བརྟུལ་ཞུགས་དག། སྲོག་གི་ཕྱིར་ཡང་མི་གཏོང་ངོ་།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དག། རྟག ་ཏུ་མི་ཕྱེད་བརྟུལ་ཞུགས་གཟུང་།། རྒྱལ་བས་དགོངས་ཏེ་གསུངས་པ་ཡི།། དམ་ཚིག་བཞི་པོ་བསྲུང་བར་བགྱི།། རྩ་བའི་ལྟུང་བ་བཅུ་བཞི་སོགས།། རིག་སྔགས་འཆང་ཀུནྡ་མི་འདའ་ལྷུར།། དེང་ནས་ཐ་མེད་བྱང་ཆུབ་པར།། ་བདག་གིས་ཚུལ་བཞིན་བསྲུང་བར་བགྱི།། ཉིན་དང་མཚན་མོ་ལན་གསུམ་དུ།། ཟླ་རེར་བཅུ་ཕྲག་གཉིས་པོ་དང་།། བཅོ་ལྔ་ལ་ནི་རབ་ཏུ་མཆོད།། ཐེག་པ་དམན་ལ་འདོད་མི་བགྱི།། སེམས་ཅན་ལ་ཡང་རྒྱབ་མི་ཕྱོགས།། ་འཁོར་བ་དག་ཀྱང་མི་སྤང་ཞིང་།། མྱ་ངན་འདས་ལ་དགར་མི་འགྲོ། དཔའ་བོ་རྣལ་འབྱོར་མ་ཀུན་ལ།། གུས་པས་བསྙེན་བཀུར་མཆོད་པར་བགྱི།། བདག་གིས་སེམས་ཅན་ཐམས་ཅད་ལ།། བརྙས་པ ་ཉིད་དུ་མི་བགྱིའོ།། ཕྱག་རྒྱ་བཞོན་པ་མཚོན་ཆ་དང་།། མཚན་མ་འགོམ་པར་མི་བགྱིའོ།། བདག་གིས་དུས་གསུམ་དགེ་བ་ཅི་སྤྱད་པས།། ན་མཁའི་མཐས་ཀླས་གྱུར་པའི་སེམས་ཅན་རྣམས།། བླ་མེད་ཐེག་པ་ཆེན་པོའི་སྣོད་གྱུར ་ནནུནས། ཀུན་ཀྱང་རྡོ་རྗེ་འཛིན་པའི་བདག་ཉིད་ཤོག། སྐྱེ་ཞིང་སྐྱེ་བ་དག་ནི་ཐམས་ཅད་དུ།། བློ་ལྡན་རིགས་བཟང་ང་རྒྱལ་མེད་པ་དང་།། སྙིང་རྗེ་ཆེ་ལྡན་བླ་མ་ལ་དད་ཅིང་།། འཁོར་ལོ་བདེ་མཆོག་དམ་ཚིག་ལ་གནས་ཤོག། ་རྡོ་རྗེ་དྲིལ་བུ་ལ་སོགས་རྟག་ཏུ་འཆང་།། ཟབ་ཅིང་རྒྱ་ཆེའི་ཆོས་ནི་རྟོགས་པ་དང་།། ཀཀྐོ་ཤུཀྲ་ལེ་སོགས་རྟག་ཟ་ཞིང་།། མཐར་ཐུག་ཐེག་ཆེན་སྒྲུབ་པའི་སྐལ་ལྡན་ཤོག། དེང་ནས་བྱང་ཆུབ་སྙིང་པོར་མཆིས་བར་དུ།། བཅོམ ་ལྡན་བདེ་གཤེགས་ཀུན་ཏུ་བཟང་པོ་དང་།། གསང་བའི་ཐེག་པ་དབྱེར་མེད་རྨད་བྱུང་དང་།། མི་འབྲལ་ཚུལ་བཞིན་རྟག་ཏུ་བསྒྲུབ་པར་ཤོག། སྒྲུབ་མཆོག་འདི་ལ་བར་ཆད་མི་འབྱུང་ཞིང་།། ཚེ་འདི་ལ་སོགས་སྐྱེ་བ་བདུན་པར ་དུ།། དཔལ་ལྡན་བདེ་མཆོག་འཁོར་ལོ་ཆེན་པོ་ཡི།། ཞབས་རྡུལ་ཟེ་འབྲུ་སྤྱི་གཙུག་གནས་པར་ཤོག། གང་ཚེ་འགྲོ་བའི་མིགོན་ལ་བལྟ་བ་དང་།། ཕྱིར་ཞིང་ཅུང་ཟད་འདྲི་བར་འདོད་ན་ཡང་།། བཅོམ་ལྡན་བདེ་གཤེགས ་ཐུགས་ཀྱི་བདག་པོ་ནི།། ཐམས་ཅད་སྒྲིབ་མེད་ས་ལེར་མཐོང་བར་ཤོག། ཕྱོགས་བཅུ་ན་མཁའི་ཁམས་དང་མཉམ་པ་ཡི།། སེམས་ཅན་མ་ལུས་བྱང་ཆུབ་དགོད་པའི་ཕྱིར།། ཐུབ་པའི་དབང་པོའི་སྤྱོད་པ་ཇི་ལྟ་བར།། བདག་གི ་སྤྱོད་པའང་དེ་དང་འདྲ་བར་ཤོག། སེམས་ཅན་ཀུན་གྱི་སྡུག་བསྔལ་བདག་ལ་སྦྱིན།། བདག་བདེ་དགེ་བས་དེ་ཀུན་པདེ་ཐོབ་ཤོག། ཚེ་རབ་ཀུན་ཏུ་སྐྱོ་གསུམ་རིན་ཆེན་དང་།། བུམ་བཟང་དཔག་བསམ་སོ་སོགས་ལྟ་བུར་ཤོག། ་མགོན་པོ་ཀུན་མཁྱེན་ཐུགས་རྗེའི་བྱིན་བརླབས་དང་།། སྒྲུབ་པ་མཆོག་ལ་རྩེ་གཅིག་སྦྱངས་པ་ཡིས།། བདེ་མཆོག་མཁའ་འགྲོའི་དངོས་གྲུབ་མཆོག་ཐོབ་ནས།། སེམས་ཅན་ཐམས་ཅད་སྨིན་པའི་མཐུ་ལྡན་ཤོག། དབང ་དང་མངོན་ཤེས་སོ་སོར་རིག་པ་དང་།། གཟུངས་དང་རྣམ་པར་ཐར་པའི་སྒོ་རྟོགས་ནུས།། ནམ་མཁའི་མཐས་ཀླས་གྱུར་པའི་སེམས་ཅན་རྣམས།། གནས་དང་ཉེ་བའི་གནས་སོགས་བགྲོད་པར་ཤོག། ཏིང་འཛིན་མང་པོས་གདུལ ་བྱའི་རྒྱུད་མཁྱེན་ནས།། ཐམས་ཅད་མདུན་ན་སྔགས་ཀྱི་གཟུགས་ཀྱིས་ནི།། སྣ་ཚོགས་ན་མཁའ་ཁྱབ་པའི་ཆོས་བསྟན་པས།། ཞིང་དང་ཉེ་བའི་ཞིང་སོགས་བགྲོད་པར་ཤོག། བདེ་གཤེགས་སྤྱན་སྔར་གནས་གསུམ་མཁའ ་འགྲོ་ཡིས།། དམ་བཅས་བསྲུང་ཞིང་དངོས་གྲུབ་མཆོག་རྩོལ་བའི།། ཐུགས་ངམ་བཞིན་དུ་རྟག་བསྲུང་དངོས་གྲུབ་ནི།། རྣམ་གསུམ་ཚེ་འདི་ཉིད་ལ་སྩོལ་བར་ཤོག། འཆི་ཚེ་མགོན་དང་དཔའ་བོ་མ་ཚོགས་ཀྱིས།། མེ་ཏོག ་རྒྱལ་མཚན་གདུགས་སོགས་ཐོགས་ནས་ཀྱང་།། རོལ་མོ་གླུ་དང་སྒྲ་སྙན་ཚོགས་མཆོད་ནས།། མཁའ་ལ་སྤྱོད་པའི་གན་སུ་ཁྲིད་པར་ཤོག། སྐད་ཅིག་དེ་ལ་སྣང་བ་གསུམ་ཐོབ་ནས།། གསལ་དང་རྟགས་སྣང ་རང་གི་རིགས་རྟོགས་ཏེ།། དུར་ཁྲོད་ལ་སོགས་རྒྱལ་ཉིད་ས་ཐོབ་ནས།། ཚན་དོ་ལ་སོགས་ལ་བགྲོད་པར་ཤོག། ཤིན་ཏུ་རྣམ་པར་དག་པ་ཀུན་གྱི་མཆོག། གདོང་ནས་རྣམ་པར་གྲོལ་བ་དེ་བཞིན་གཤེགས།། ཀུན་ཏུ་བཟང་པོ་ཀུན ་གྱི་བདག་པོ་ཡི།། སྲས་ཀྱི་དབང་པོ་ཉིད་དུ་བདག་གྱུར་ཅིག། ས་གསུམ་མཐར་ཕྱིན་གསུམ་ཕྲག་གསུམ་གནས་གྱུར།། ཤེས་བརྒྱད་གྱུར་པས་ཡེ་ཤེས་ལྷུར་གྱུར་ཏེ།། ཡེ་ཤེས་ཆོས་ཀྱི་དབྱིངས་དང་དབྱེར་མེད་པའོ།། ཆོས་སྐུ ་བྱང་ཆུབ་སྙིང་པོ་ཐོབ་པར་ཤོག། ཆོས་དབྱིངས་ལས་བྱུང་ན་མཁའི་མཚན་ཉིད་འདྲ།། ཐོག་མ་དང་ནི་ཐ་མ་མེད་པའི་བདག། སེམས་དཔའ་རྡོ་རྗེ་ཐུགས་ཀྱི་བདག་པོ་རུ།། རྡོ་རྗེ་སེམས་དཔའོ་ཉིད་དུ་བདག་གྱུར་ཅིག། དངོས་གྲུབ ་མཽ་ལུས་པ་ནི་ཀུན་གྱི་བདག། དབང་ཕྱུག་ཆེན་པོ་ལྷ་ཡི་ལྷར་གྱུར་པ།། སྟུག་པོའི་རྒྱན་གྱུར་མ་ལུས་ཀུན་གྱི་རྒྱལ།། མི་འགྱུར་དམ་པ་ཉིད་དུ་བདག་གྱུར་ཅིག། ཉོན་མོངས་རྣམ་ངག་ཡེ་ཤེས་སྐུ་བརྙེས་པས།། འདོད་ཆགས་ཀུན ་གྱི་རྗེསུ་རབ་ཆགས་ལ།། འདོད་ཆགས་མེ་ཀུན་རང་བཞིན་རྣམ་དག་ནས།། གསུང་གི་དབང་ཕྱུག་ཉིད་དུ་བདག་གྱུར་ཅིག། ང་རྒྱལ་རྣམ་དག་མཉམ་ཉིད་ལྷུན་གྱིས་གྲུབ།། ཡོན་ཏན་ཡིད་བཞིན་རྒྱ་ཆེན་མཁའ་འདྲ་བས།། གདུལ ་བྱ་རྫོགས་སངས་ཉིད་དུ་རེ་སྐོང་བ།། ཁྱབ་བདག་རྡོ་རྗེ་ཉི་མར་བདག་གྱུར་ཅིག། ཕྲག་དོག་དག་པས་བྱ་བ་གྲུབ་བརྙེས་ཤིང་།། ཕྲིན་ལས་རྒྱ་མཚོས་གདུལ་བྱ་དཔག་མེད་རྣམས།། གྲུབ་མཆོག་ཕྱག་རྒྱ་ཆེ་ལ་འགོང་མཛད་པའི།། བདེ ་གཤེགས་གདོན་མི་ཟ་བར་བདག་གྱུར་ཅིག། དུས་གསུམ་བདེ་བར་གཤེགས་པ་ཀུན་གྱི་བདགོ། དཔལ་ལྡན་པདེ་མཆོག་འཁོར་ལོའི་སྐུར་གྲུབ་ནས།། ནམ་མཁའ་དག་དང་མཉམ་པའི་མཐུ་སྟོབས་ཀྱིས།། འཁོར་བངས་མ ་ལུས་འདྲེན་པའི་དཔལ་དུ་ཤོག། དཔལ་འཁོར་ལོ་བདེ་མཆོག་གི་རྒྱུན་བཤགས་རྒྱས་པ་སློབ་དཔོན་བྷཱ་རི་བསེ་མཛད་པ་རྫོགས།། ། ཇོ་བོ་རྗེ་དང་ལོ་ཙྪ་བ་རིན་ཆེན་བཟང་པོས་བསྒྱུར་བའོ།། དཔལ ་