CLOSE WINDOW

GT2449: rdo rje me dang nyi ma 'bar ba'i sgrub thabs
Wyliee-texts produced with BDRC’s OCR application

པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ། བྷ་ག་ཝཱན་བིདྱཱ་རཱ་ཛ་ཧཱུཾ་ཕཊ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་སྒྲུབ་ཐབས་རྫོག་སོ།། ། རྒྱ་གར་སྐད་དུ། བཛྲ་ཛཱ་ལཱན་ལརྦྦ་སཱ་དྷཱ་ནཾ། བོད་སྐད་དུ། རྡོ་རྗེ་མེ་དང་ཉི་མ་འབར་བའི་སྒྲུབས་ཐབས ་རྡོ་རྗེ་མ་དང་ཉི་མ་འབར་བ་ལ་ཕྱག་འཚལོ།། དེ་ཉིད་བཞིན་དུ་སྟོང་པ་ཉིད་ཀྱི་རྗེས་ལ་ཉི་མ་ལ་ཧཱུཾ་ཡིག་མཐིང་ག་ཡོངསུ་གྱུར་པ་ལས། རྡོ་རྗེ་མེ་དང་ཉི་མ་འབར་བ་སྐུ་མདོག་མཐིང་ག་འབར་བའི་ཕྲེང་བ་འཁྲིགས་པའི་འོད་ཅན་ཞལ་བཞི་པ། ཕྱག་བརྒྱད ་པསྒེག་པ་དང་། དཔའ་བ་དང་། འཇིགས་པ་དང་། སྙིང་རྗེའི་ཉམས་དང་ལྡན་པའི་ཞབས་བཞི་པ། གཡས་ཀྱི་ཕྱག་བཞིའི་རྡོ་རྗེ་དང་། རལ་གྲི་དང་། འཁོར་ལོ་དང་། མངའ་བསྣམས་པ། གཡོན་གྱི་ཕྱག་བཞིས་དྲིལ་བུ་དང་། གཞུ་དང་། ཞགས་པ་དང་། ་ཁ་ཊྭཱཾ་ག་བ་དན་སྣ་ཚོགས་པ་དང་བཅས་པ་བསྣམས་པ། དབུ་སྐྲ་སྐྱ་བོའི་ཚོགས་མེ་འབར་བ་ཅན། ཤིན་ཏུ་འཇིགས་པ་སྦྲུལ་ཆེན་པོ་འཁྱིལ་བས་ལུག་གདུབ་དང་། རྐེང་རྒྱན་དང་། རྐང་གདུབ་དང་། མགུལ་རྒྱན་དང་། རྣ་རྒྱན་དང་། ཅོད་པན་དུ ་བརྒྱན་པ། སྒྱུ་མ་ཆེན་མོའི་ཁོར་ལོར་བྱས་པ་བཞི་ལ་ཆུང་མ་དང་བཅས་པའི་ཁྱབ་འཇུག་གཡས་བརྐྱང་བའི་ཞབས་ཀྱིས་མནན་པ་དབང་དུ་བསྒོམ་པར་བྱའོ།། དེ་ནས་ཕྱག་རྒྱ་བཅིང་བར་བྱ་སྟེ། ལག་མཐིལ་རྡོ་རྗེ་བཅིངས་པའི་སོར་མོ་འབར ་བའི་སྙིང་པོའི་དབུ་སུ་མཐེ་འོང་གཉིས་བླང་བར་བྱའོ།། དེ་ནས་སྔགས་བཟླས་པར་བྱ་སྟེ། ཨོཾ་བཛྲ་ཛྭ་ལཱ་ན་ལརྐ་ཧཱུཾ་ཞེ་སོ།། རྡོ་རྗེ་མེ་དང་། ཉི་མ་འབར་བའི་སྒྲུབ་ཐབས་རྫོགསོ།། །། རྒྱ་གར་སྐད་དུ། པ་ར་མཱ་ཤྭ་སཱ་དྷེ་ནཾ། བོད་སྐད་དུ།། རྟ་མཆོག་གི ་སྒྲུབ་ཐབས།། རྟ་མཆོག་ལ་ཕྱག་འཚལོ།། དེ་བཞིན་དུ་ཉི་མ་ལ་ཧཱུཾ་ཡིག་མཐིང་ག་ལས་སྐྱེས་པའི་རྟ་མཆོག་དམར་པོ་ཞལ་བཞི་པ། ཕྱག་བརྒྱད་པ། ཞབས་བཞི་པ། ཞལ་དང་པོ་ཁྲོ་ཞིང་སྒེག་པ། སྤྱན་གསུམ་པ། གཡས་ཞལ་དྲག་པོ། གཡོན་ཞལ ་འཇིག་སུ་རུང་བ། སྟེང་ཞལ་མཆུ་རོལ་ཞིང་རྟའི་ཞལ་ལྗང་གུ། ཕྱག་ཡས་ཀྱི་གཅིག་གིས་སྣ་ཚོགས་རྡོ་རྗེ་དང་བཅས་ཤིང་བཞེངས་པའི་ཚུལ་དུ་བྱས་པ། ཕྱག་ཡོན་གྱི་གཅིགས་རལ་གྲི་དང་བཅས་པའི་སྣ་ཚོགས་པདྨ་བསྣམས་པའོ།། སླར་གཡས ་ཀྱི་བ་དན་གསུམ་ཕྱགས་བླངས་པའི་ཚུལ་མཛད་པ། སླར་ཡང་ཕྱག་ཡོན་གྱིས་མདུང་བསྣམས་པ། སླར་ཡང་གཡས་ཀྱི་ཕྱག་གིས་རལ་གྲི་དང་། མངའ་བསྣམས་པ།། གཡོན་གྱི་ཕྱག་ལྷག་ལས་དབྱུག་པ་དང་གཞུ་བསྣམས་པ། ཞབས་གཡོན ་བརྐྱང་དང་། གཡས་ཀྱི་གཅིག་གིས་དབང་མོ་དང་། དཔལ་མོ་མནན་པ། གཡས་ཀྱི་ཞབས་གཉིས་པས་འདོད་ལྷ་དང་། འདོད་ལྷའི་ཆུང་མ་མནན་པ། གཡོན་པའི་ཞབས་གཙོག་གིས་དབང་པོ་དང་། སྦྲ་རྩིར་བྱེད་པ་མནན་པྲ། གཡོན་གྱི ་ཞབས་གཉིས་པས་རྒྱལ་བར་བྱེད་པ་དང་། དཔྱིད་ཀྱི་ལྷ་མནན་པ། བདག་ཉིད་དེ་ལྟ་བུར་བསྒོམ་པར་བྱའོ།། སྣ་ཚོགས་རྡོ་རྗེ་དང་བུ་དྲན་གསུམ་པ་བསྒྲེང་བ་ནི། རྟ་མཆོག་གི་ཕྱག་རྒྱའོ།། སྔགས་ནི། ཨོཾ་སུཾ་བྷ་ནི་སུཾ་བྷ་ཧཱུཾ་ཞེསོ།། རྟ་མཆོག ་གི་སྒྲུབ་ཐབས་རྫོག་སོ།། །། རྒྱ་གར་སྐད་དུ། ཨཱརྱ་རཱཀྟ་ཡ་མཱ་རི་སཱ་དྷ་ནཾ། བོད་སྐད་དུ། འཕགས་པོ་གཤིན་རྗེ་གཤེད་དམར་པོའི་སྒྲུབ་ཐབས། བཅྡོཾས་གཤིན་རྗེ་གཤེད་ལ་ཕྱག་འཚོལོ།། དང་པོར་རེ་ཞིག་སྒྲུབ་པ་པོས་སྟན་བདེ་བ་ལ་ཉེ་བར ་