CLOSE WINDOW

GT243: dpal 'khor lo sdom pa la bstod pa
Wyliee-texts produced with BDRC’s OCR application

བསྟོད་པ་ཞེས་བྱ་བ་ཁ་ཆེའི་མཁས་པ་ཆེན་པོ་བྲམ་ཟེ་རིན་ཆེན་རྡོ་རྗེ་མཛད་པ་རྫོག་སོ།། །། མ་ཧཱ་ཛྙཱ་ན་དང་། མྱུར་པ་ཆོས་ཀྱི་དབང་ཕྱུག་གི་བསྒྱུར།། རྒྱ་གར་སྐད་དུ། ཤྲཱི་ཙཀྲ་སམྦྷ་ར་སྟོ་ཛྫ། བོང ་སྐད་དུ། དཔལ་འཁོར་ལོ་སྡོམ་པ་ལ་བསྟོད་པ། བཅོམ་ལྡན་འདས་འཁོར་ལོ་སྡོམ་པ་ལ་ཕྱག་འཚལོ།། ཀུན་རྟོག་སྤྲོས་བྲལ་དྲི་མ་རྣམ་དག་ཅིང་།། མཚོ་ལྷར་བདེ་བ་ཆེན་པོར་རོ་གཅིག་པ།། ན་མཁའི་ངང་དུ་སྤྲིན་དཀར ་དག་པ་བཞིན།། རང་བཞིན་རྣམ་དག་ཆོས་རྣམས་མངོན་གྱུར་ཏེ།། ཇི་ལྟར་མཁའ་ལ་འཇའ་ཚོན་ཤར་བ་བཞིན།། གཉིས་མེད་བདེ་ཆེན་ལོངས་སྤྱོད་རྫོགས་པའི་སྐུ།། ཡིད་བཞིན་ནོར་བུ་རྟོག་མེད་ཇི་བཞིན་དུ།། གདུལ་བྱ། ་མཆོག་ལ་སྤྲུལ་སྐུ་ཁྲོ་བོའི་ཚུལ།། དཔའ་བོ་འཇིགས་བྱེད་གར་དགུའི་ཉམས་དང་ལྡན།། སྐུ་ཡི་རང་བཞིན་མཚན་དང་དཔེ་བྱད་ནི།། སྒེག་དང་དཔའ་དང་འཇིགསུ་རུང་བའི་ཚུལ།། གསུང་གི་རང་བཞིན་ཡན་ལག་དྲུག་ཅུ་ནི།། ་བཞད་དང་གཤེ་དང་རྔམ་པའི་ཚུལ་དུ་བསྟན།། ཐུགས་ཀྱི་རང་བཞིན་གཟུགས་དང་ཏིང་ངེ་འཛིན།། ཞི་བ་སེམས་དཔའ་རྨད་དུ་བྱུང་བའི་ཚུལ།། དབང་ཕྱུག་ཆེན་པོའི་སྒེག་པའི་ཉམས་བཅོམ་ནས།། གཉིས་མེད་ཡུམ་ལ་འགྱུད ་ནས་འགྱིང་བག་བཞུགས།། གཞོན་ནུ་གདོང་དྲུག་དཔའ་བའི་ཉམས་བཅོམ་ནས།། འཇིགས་བྱེད་དུས་མཚན་གཡས་བརྐྱང་ཞ་ཐོས་ཀྱིས་མནན།། ཁྱབ་འཇུག་ཞལ་གསུམ་འཇིགས་པའི་ཉམས་བཅོམ་ནས།། ཞལ་བཞི་མངའ ་ཞིང་བཅུ་གཉིས་ཕྱག་དང་ལྡན།། ལྷ་ཆེན་ཚངས་པ་རྒོད་པའི་ཉམས་བཅོམ་ནས།། གཡས་པ་སེར་པོ་བཞད་པའི་ཚུལ་དུ་བསྟན།། ཚོགས་ཀྱི་བདག་པོའི་གཤེ་བའི་ཉམས་བཅོམ་ནས། ་གླང་ཆེན་པགས་པས་བརྒྱན་བྱས་མཆེ་བ་གཙིགས།། སྒྲ་གཅན་ལྷ་མིན་ཉི་ཟླ་ཁར་བཅུག་ནས།། རྔམ་པའི་ཉམས་བཅོམ་ཚངས་པའི་མགོ་བོ་བསྣམས།། བརྒྱ་བྱིན་སྤྱན་མང་ཞི་བའི་ཉམས་བཅོམ་ནུས།། སྐུ་ལ་སྤྱན ་གསུམ་གཟི་བརྗིད་ལྡན་པ་པོ།། མེ་ལྷ་ཚངས་པ་ཞི་བའི་ཉམས་བཅོམ་ནས།། ཐལ་བའི་ཚེམ་བུས་སྐུ་ལ་བརྒྱན་པ་པོ།། ཀླུ་ཆེན་སེ་ཤ་རྨད་བྱུང་ཉམས་བཅོམ་ནས།། མི་མགོ་ལྔ་བཅུ་གཅིག་གི་ངོ་ཤེལ་བྱས།། ་སྐུ་གསུང་ཐུགས་ལེ་སྡུག་བསྔལ་གསུམ་ནུབ་པས།། ཐམས་ཅད་བདེ་བ་ཆེན་པོར་ཐུགསུ་ཆུད།། ཡང་དག་ཏིང་འཛིན་རང་བཞིན་བཅོམ་ལྡན་འདས།། འཁོར་ལོའི་དབུས་ན་གཡས་བརྐྱང་སྦྱོར་བས་བཞུགས།། ཆོས ་ཉིད་མི་འགྱུར་སྐུ་མདོག་མཐིང་ཀར་བསྟན།། ཐབས་ཀྱི་ཚུལ་གྱིས་འགྲོ་བའི་དོན་མཛད་པ།། ཐུགས་རྗེ་མཆོག་གྱུར་དེ་ལ་ཕྱག་འཚལ་ལོ།། དེ་ཡི་ཡུམ་གྱུར་རྡོ་རྗེ་ཕག་མོ་ནི།། སྐུ་མངག་དམར་མོ་ཞལ་གཅིག་ཕྱག ་གཉིས་མ།། བདུང་བཞི་བཅོམ་ནས་བདེ་ཆེན་ཐུགས་ཆུང་མོ།། གཉིས་མེད་ཡུམ་གྱུར་དེ་ལ་ཕྱག་འཚལོ།། ཞི་སོགས་ལས་མཛད་ཡེ་ཤེས་བཞི་ཡི་སྒོ།། ཚད་མེད་བཞི་དང་ཕྱག་རྒྱ་བཞི་ལྡན་མ།། ཕྱོགས་བཞི་པ ་དབུས་ན་བཞུགས་པ་ཡི།། མཁའ་འགྲོ་ཡུམ་བཞི་མོ་ལ་ཕྱག་འཚལོ།། རྟག་པ་ལ་སོགས་དེ་བཞིན་གཤེགས་པ་བཞི།། བུམ་པ་བཞི་དང་བདུད་རྩིས་གང་བའི་སྣོད།། མཚམས་བཞིར་མཆོད་པའི་གཟུགས ་ཀྱིས་གནས་པ་ཡི།། ཐབས་ཤེས་དབྱེར་མེད་དེ་ལ་ཕྱག་འཚལ་ལོ།། སེམས་ནི་སྐྱེ་བ་མེད་པར་ཐུགས་ཆུད་ཅིང་།། མི་བསྐྱོང་རིགས་སྐུ་མདོག་མཐིང་གར་བསྟན།། རྣམ་ཐར་བརྒྱད་རྩིབས་ཐུགས་རྟག་རྡོ་རྗེས ་བརྒྱན།། མཁའ་སྤྱོད་ཡབ་ཡུམ་རྣམས་ལ་ཕྱག་འཚལ་ལོ།། གསུང་གི་སྒྲ་སྙུན་ལྟོ་བུ་ཐུགས་ཆུང་ཅིང་།། འོད་དཔག་མེད་རིགས་སྐུ་མདོག་དམར་པོར་བསྟན།། རྣམ་ཐར་བརྒྱད་རྩིབས་གསུང་རྟགས་པདྨས ་བརྒྱན།། ས་སྤྱོད་ཡབ་ཡུམཾ་རྣམས་ལ་ཕྱག་འཚལོ།། སྐུ་ནི་སྒྱུ་མོ་ལྟ་གུ་ཐུགས་ཆུང་ཙོང་།། རྣམ་ངག་རི་གསུ་སྐུ་མདོག་དཀར་པོར་བསྟན།། རྣམ་ཐར་བརྒྱད་རྩིབས་སྐུ་རྟགས་འཁོར་ལོས་བརྒྱན།། ས་འོག ་ཡབ་ཡུམ་རྣམས་ལ་ཕྱག་འཚལ་ལོ།། གཤིན་རྗེ་བརྟན་སོགས་ཁྲོ་མོ་ཆེན་མོ་བརྒྱུད།། མི་འམ་ཅི་སོགས་གདུལ་ཕྱིར་ཐ་དད་བཞུགས།། ཁ་གདང་ལ་སོགས་ལྷ་མོ་བརྒྱད་པོ་རྣམས།། དམ་ཚིག་འཁོར་ལོར་བཞུག ་ལ་ཕྱག་འཚལོ།། རིན་ཆེན་ལས་གྲུབ་དཔག་མེད་གཞལ་ཡས་ཁང་།། བྱང་ཆུབ་མཆོག་གི་ཆོས་རྣམས་ཡོངས་རྫོགས་པ།། གཙོ་བོ་བདེ་ཆེན་ཐུགས་ཀྱི་སྣང་བ་ནི།། སྣ་ཚོགས་བརྒྱན་དང་ལྷ་མོའི་ཚིགས་ཀྱིས་མཛེས།། ་ཆོས་རྣམས་ཚད་མང་དུར་ཁྲོད་བརྒྱད་ཀྱིས་བསྐོར།། རྣམ་པར་གཟིགས་ཤིང་ཐ་དད་གདོང་དུ་བསྟན།། ཉན་ཐོས་རང་རྒྱལ་འཁོར་ལོ་སྒྱུར་སོགས་བརྒྱུད།། ཕྱོགས་རྣམས་སྐྱོང་ཞིང་ཀླུ་དང ་སྲིན་པོའི་གཟུགས།། ཐུགས་རྗེས་ཉོན་མོངས་བསྲེགས་མཛད་འབར་བའི་ཕྲེང་།། རྣམ་སྣང་རང་བཞིན་ཐར་པའི་གྲོང་ཁྱེར་མཆོག། བདེ་ཆེན་བཞུགས་གནས་དེ་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་དཔལ་འཁོར ་ལོ་སྡོམ་པ་ལ་བསྟོད་པ། ཁ་ཆེའི་པཎྜི་ཏ་ཆེན་པོ་བྲམ་ཟེ་རིན་ཆེན་རྡོ་རྗེས་མཛད་པ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་པཎྜི་ཏ་མ་ཧཱ་ཛྙཱ་ན་དང་། བོད་ཀྱི་ལྀ་ཙྪ་བ་མར་པ་ཆོས་ཀྱི་དབང་ཕྱུག་གིས་བསྒྱུར་བའོ།། ་