| Wylie | e-texts produced with BDRC’s OCR application |
པར་རྒྱལ་མའི་སྒྲུབ་ཐབས་རྫོག་སོ།། ། རྒྱ་གར་སྐད་དུ། དེ་ཝི་བ་སུ་དྷཱ་ར་སཱ་དྷ་ནཾ། བོད་སྐད་དུ། ལྷ་མོ་ནོར་རྒྱུན་མའི་སྒྲུབ་ཐབས། ལྷ་མོ་ནར་རྒྱུན་མ་ལ་ཕྱག་འཚལོ།། སྔོན་མ་བཞིན་དུ་སྟོང་པ་ཉིད་ཀྱི་མཐར་ཐུ ་པར་བསྒོམས་ནས་སྐད་ཅིག་གིས་བདག་ཉིད་ཛཾ་བྷཱ་ལའི་སྐུར་བསམས་ནས། རང་གི་སྙིང་གར་ཟླ་བའི་དབུསུ། བཾ་ཡིག་གིས་ས་བོན་ལས་བྱུང་བའི་བཅོམ་ལྡན་འདས་མནོད་རྒྱུན་མ་བསམ་པར་བྱ་སྟེ། སྐུ་མངག་གསར་ལྟ ་བུ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ལོ་བརྒྱད་གཉིས་ལོན་པ་ལྟ་བུ། ཕྱག་གཡས་པ་མཆོག་སྦྱིན། གཡོན་པ་རིན་པོ་ཆེའི་ཕྲེང་བར་བསྣམས་པ། བཅོམ་ལྡན་འདས་མའི་མདུན་དུ་དཔལ་གྱི་ནོར།། གཡས་ཕྱོགསུ་ནོར་སྟེན་མ། རྒྱབ་ཀྱི་ཕྱོགས ་དཔལ་གྱི་ནོར་ཞལ་མ།། གཡོན་ཕྱོགས་སུ་ནི་ནོར་བུའི་བློ་གྲོས་རྟེན་མའོ།། དེ་རྣམས་ཀྱང་དང་པོའི་ས་བོན་གྱིས་ཡི་གེ་ལས་རང་གི་གཙོ་བོ་དང་མཚུངས་པའི་སྐུར་བསམ་པར་བྱའོ།། དེ་བཞིན་དུ་བསྒོམས་ནས་སྔགས་བཟླས་པར་བྱའོ།། ཨོཾ་བ་སུ་དྷ་རཾ ་ཎི་སྭཱ་ཧཱ། ཨཾ་ཤྲི་བ་སུ་སྭཱ་ཧཱ། ཨོཾ་ཤྲཱི་བ་སུ་མུ་ཁཱི་སྭཱ་ཧཱ། ཨཱཾ་བ་སུ་ཤྲཱི་ཡེ་སྭཱ་ཧཱ། སྔོ་སེའི་བདག་ཉིད་ལ་བའི་ལྕི་བའི་མཎྜལ་གྲུ་བཞི་པ་ཁྲུ་གཉིས་པའི་ཚད་དུ་བྱས་ནས་ཐུན་མཚམས་གསུམ་དུ་མེ་ཏོག་དྲི་བཟང་པོས་སྟོང་བྲག་ཏུ་མཚང་བར་བྱའོ།། ཟླ ་བ་དྲུག་ཏུ་བཟླས་པས་ཡིད་ཀྱི་ཤིང་རྔ་ཡོངསུ་གང་པོར་འགྱུརརོ།། ཇི་ལྟར་སྟེང་པའི་མེ་ཏོག་སྦྱིན་སྲེག་འབུམ་ཕྲག་གསུམ་བྱས་པས་དཔལ་ཆེན་པོར་འགྱུར་རོ།། ཞེས་སོ།། ནོར་རྒྱུན་མའི་སྒྲུབ་ཐོབས་རྟོགས་སོ།། ་