CLOSE WINDOW

GT2421: rdo rje lcags sgrog gi sgrub thabs
Wyliee-texts produced with BDRC’s OCR application

བ་ལྔའི་ཆོ་ག་རྫོག་སོ།། ། རྒྱ་གར་སྐ་རུ། བཛྲ་ཤཱཾ་ཁ་ལ་སཱ་དྷཱ་ནཾ། བོད་སྐད་དུ། རྡོ་རྗེ་ལྗགས་སྒྲོག་གི་སྒྲུབ་ཐབས། རྡོ་རྗེ་ལྕགས་སྒྲོག་མ་ལ་ཕྱག་འཚལོ།། སྔོན་དུ་གསུངས་པའི་ཆོ་གས་སྙིང་གར་ཟླ་བའི་དཀྱིལ ་འཁོར་ལ་ཧཱུཾ་ཡིག་ལྗང་གུའི་ཡི་གེ་ལས་སྐྱེས་པའི་རྡོ་རྗེ་ལྕགས་སྒྲོག་མ་ཞལ་གསུམ་པ་ཕྱག་དྲུག་པ། སྔོན་པོ་དང་དཀར་པོ་ནི་གཡིས་དང་ཅག་ཤེས་ཀྱི་ཞའོ།། ཞལ་རེ་རཱྀ་ལ་སྤྱན་གསུམ་གསུམ་པ་རྡོ་རྗེ་དང་། རྡོ་རྗེ་ལྕགས་སྒྲོག་དང་། མངའ་རྣམས་གཡས་ཀྱི ་ཕྱག་གསུམ་ནའོ།། སྡིགས་མཛུབ་དང་། ཞོགས་པ་དང་། གཞུ་རྣམས་ནི་གཡོན་གྱི་ཕྱག་གསུམ་ནའོ།། སྐུ་མདོག་ལྗང་སེར་ཞལ་ཅུང་ཟད་བཞད་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གདུག་པ་ཅན་གྱི་སེམས་ཅན་རྣམས་གདུལ་བའི་བདག་ཉིད་བསམས་ལ་ཕྱག ་རྒྱ་བཅིང་བར་བྱའོ།། དེ་ལ་ལག་པ་གཉིས་སོ་སོར་ཁུ་ཚུར་བཅིངས་ཏེ་མཐེབ་ཆུང་དང་སྡིགས་མཛུབ་གཉིས་ལྕག་སྒྲོག་གི་རྣམ་པ་ཅན་དུ་བཅིང་བར་བྱ་བ་ན་རྡོ་རྗེ་ལྕགས་སྒྲོག་གི་ཕྱག་རྒྱའོ།། ཨོཾ་བཛྲ་ཤྲཱི་ཁཱ་ལེ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་པ་ནི་བཟླས་པའོ།། རྡོ་རྗེ་ལྕག་སྠོ་ཌ་གི ་སྒྲུབ་ཐབས་རྫོགསོ།། ། རྒྱ་གར་སྐད་དུ། བཛྲ་ཤྲཱི་ཁ་ལ་སཱ་དྷ་ནཾ། བོད་སྐད།། རྡོ་རྗེ་ལྕགས་སྒྲོགི་སྒྲུབ་ཐབས། རྡོ་རྗེ་ལྕགས་སྒྲོག་ལ་ཕྱག་འཚལོ།། སྔོན་དུ་གསུངས་པའི་ཚོགས་སྟོང་པ་ཉིད་བསྒོམས་པའི་རྗེས་ལ། སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལ ་གནས་པའི་ཧཱུཾ་ཡིག་ལྗང་སེར་ལས་སྐྱེས་པའི་སྐུ་མདོག་ལྗང་གུ་ཞལ་གསུམ་པ་ཕྱག་བརྒྱད་པ། ཞལ་དང་པོ་ཅུང་ཟད་བཞདག། གཡས་སེར་སྐྱ་ལ་སྤྱན་སེར་སྐྱ་དང་ལྡན་པ། གཡོན་པ་དམར་ཞིང་ཁྲོ་གཉེར་ཅན་མཆེ་བ་གཙིགས་པ། གཡས་ཀྱི་ཕྱག་བཞི ་རྣམ་སུ་མི་འཇིགས་པ་དང་། རྡོ་རྗེ་དང་། རྡོ་རྗེ་ལྕགས་སྒྲོག་དང་། མངའ་བསྣམས་པ། གཡོན་གྱི་ཕྱག་བཞི་རྣམསུ་ཁྲག་གིས་གང་བའི་ཐོད་པ་དང་སྡིགས་མཛུབ་དང་ཞགས་པ་དང་གཞུ་བསྣམས་པའོ།། རོལ་པའི་སྟབས་ཀྱི་བཞུགས་པའོ།། རོལ་པའི ་སྟབས་ཀྱིས་བཞུགས་པ། བྱི་ལའི་ལྤགས་པས་སྟོང་གཡོགས་བྱས་པ། དོན་ཡོད་གྲུབ་པས་དབུ་བརྒྱན་པ། དབུ་སྐྲ་སེར་སྐྱ་གྱེན་དུ་འཁྱིལ་བར་བསམས་ལ། ཨོཾ་བཛྲ་ཤྲཱི་ཁ་ལེ་ཧཱུཾ་ཕཊ་སྭཱ་ཧཱ་ཞེས་པའི་སྔགས་བཟླས་པར་བྱའོ།། འདི་ནི་མན་ངགི་རིམ་པའི ་ནང་ནས་འབྱུང་བའི་རྡོ་རྗེ་ལྕགས་སྒྲོགི་སྒྲུབ་ཐབས་རྫོགསོ།། ། རྒྱ་གར་སྐདཧཱ། བཛྲ་ཤྲཱི་ཁ་ལཱ་སཱ་དྷ་ནེ་པ་ཡི་ཀ། བོད་སྐད་དུ། རྡོ་རྗེ་ལྕུག་སྒྲོག་གི་སྒྲུབ་ཐབས་ཀྱི་ཆོ་ག། འཕགས་མ་རྡོ་རྗེ་ལྕགས་སྒྲོག་མ་ལ་ཕྱག་འཚལོ།། དང་པོར་རེ་ཞིག་སྔགས་ཕྲ ་སྟན་བདེ་བ་ལ་ཉེ་བར་འདུག་སྟེ། ཆོས་ཐམས་ཅད་སྟོང་པ་ཉིད་ཞེས་དེ་བཞིན་དུ་བརྗོད་ནས། གཞན་གང་ཞིག་རྣམས་ཀྱང་འདིས་ཆོས་རྣམས་སྟོང་པ་ཉིད་ཀྱི་མཐར་བལྟ་ཞིང་ཕུན་སུམ་ཚོགས་པར་བསྐྱེད་ནས་དཀོན་མཆོག་གསུམ་ལ་སྐྱབསུ་འགྲོ་བ་ལ་སོགས།། ་པ་བྱའོ།། དེ་ནས་ཇི་སྲིད་སེམས་ཅན་དང་སེམས་ཅན་གྱིས་བསྡུས་པ་རྣམས་ཡང་དག་པར་བླངས་ནས་བདག་གིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་དགོད་པར་བྱའོ་ཞེསོ།། དེ་ནས་སྙིང་གར་སྣ་ཚོགས་ཆུ་སྐྱེས། དེའི་སྟེང་དུ་ཉི་མའི་དཀྱིལ་འཁོར་ལ། ་དེ་ནས་ཧཱུཾ་ཡིག་ལས་སྐྱེས་པའི་རྡོ་རྗེ་ལྕགས་སྒྲོག་མའི་བདག་ཉིད་འཆི་བ་ཐམས་ཅད་གཅོད་པ། གདུག་པའི་སེམས་ཅན་རྣམས་འདུལ་ག་སྐུ་མདོག་ལྗང་གུ་ཞལ་གསུམ་པ། གཡས་པའི་ཞིལ་སེར་སྐྱ་ལོ་སྤྱན་སེར་སྐྱ། ཞལ་གཡོན་པ་ཁྲོ་གཉེར ་